Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་གེ་སར་ཚང་གི་དྲ་རྒྱའི་གསལ་བསྒྲགས།

Posted on 2011-09-29 By ཁ་བརྡ་ 12 Comments on གངས་ལྗོངས་གེ་སར་ཚང་གི་དྲ་རྒྱའི་གསལ་བསྒྲགས།

དྲ་རྒྱའི་ཁ་བྱང།
www.Gangjonggesartsang.com
དྲ་ཐོག་གི་ཀློག་པ་པོ་ཡོངས་ཀྱི་སྙན་ལམ་དུ།
དེ་སྔོན་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་རྩེ་ཕུད་བཅུ་ལས་ཨང་རིམ་དང་གཉིས་སོགས་ཀྱི་བརྒྱ་ཆ་ལྔ་བཅུ་བོད་གཞིས་བྱེས་གཉིས་སུ་གནས་པའི་དྲ་ཐོག་གི་ཀློག་པ་པོ་རྣམས་ཀྱི་དགོངས་འཆར་ལ་ཚད་འཛིན་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ནའང་།དེང་འགྲན་ཞུགས་པ་རྣམས་ཀྱི་དགོངས་འཆར་དང་སྤྱི་ཚོགས་ཀྱི་གནས་སྟངས།དེ་བཞིན་དྲ་རྒྱ་ཡང་དྲང་ཐིག་ཚད་འཛིན་ཐུབ་པ་ཞིག་བཟོ་པར་ལག་རྩལ་སོགས་ཀྱིས་འདང་ངེས་བྱུང་མེད་སྟབས།དེ་སྔོན་བརྒྱ་ཆ་ལྔ་བཅུ་ཞེས་པ་འདི་བཞིན་དེང་བརྒྱ་ཆ་ཉི་ཤུར་གཏན་འབེབས་མི་བྱེད་ཐབས་མེད་བྱུང་སྟེ། ད་ཐེངས་བརྒྱ་ཆ་ཉི་ཤུ་བསྡུ་རུབ་ཀྱི་སླད་དུ་རྩོམ་ཡིག་རྩེ་ཕུད་བཅུ་གངས་ལྗོངས་གེ་སར་ཚང་གི་དྲ་ཐོག་ཏུ་བཀོད་ཡོད་པས།ཀློག་པ་པོ་ཡོངས་ཀྱིས་གལ་ཆེ་དོན་ཆེར་བརྩིས་ཏེ་དངོས་མིང་དངོས་སུ་སྤྱད་ནས་རྩོམ་ཡིག་རྩེ་ཕུད་བཅུ་ལ་ཨང་རིམ་དང་པོ་ནས་ཨང་རིམ་བཅུ་བར་གང་འོས་ཀྱི།དཔེར་ན། རྩོམ་ཡིག་འདི་དང་པོར་འོས།འདི་གཉིས་པར་འོས་ལྟ་བུ་མཆན་དང་འོས་ལྡུག་རོགས། དེ་ཡང་མིང་གསལ་ཁ་མེད་པ་དང་ཨང་རིམ་དང་པོ་ནས་བཅུ་བར་གང་དུ་ཡང་མི་གཏོགས་པའི་ལེགས་ཉེས་བསམ་ཚུལ་སོགས་ཀྱི་མཆན་རྣམས་གྲངས་འདྲེན་དུ་གཏང་རྒྱུ་མིན་ན།རྒྱ་ཆེ་ཀློག་པ་པོ་ཡོངས་ཀྱིས་ཐུགས་སུ་མངའ་སྟེ་དགོངས་པ་ཆེས་བཞེས་ཀྱིས་ཕྱོགས་སུ་མི་ལྷུང་བར་འོས་དང་མཆན་གང་མང་འཇོག་གནང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།དེ་ཡང་བསམ་ཚུལ་བསྡུ་རུབ་ཀྱི་དུས་ཡུན་ནི་ཕྱི་ཟླ་༩ཚེས་༢༩་ནས་ཕྱི་ཟླ་༡༠་ཚེས་༡༥་བར་ཡིན།།
གོ་སྒྲིག་པ་བྱ་ཁྲ་བསོད་ནམས་ནས།

གསལ་བསྒྲགས།

Post navigation

Previous Post: ལྡི་ལིར་བོད་ཀྱི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
Next Post: ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་བོད་ཀྱི་འདུ་འཛོམས།

Comments (12) on “གངས་ལྗོངས་གེ་སར་ཚང་གི་དྲ་རྒྱའི་གསལ་བསྒྲགས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-09-29 at 9:02 pm

    ལག་རྩལ་སོགས་ཀྱིས་འདང་ངེས་བྱུང་མེད་སྟབས། ཞེས་པའི་རྗོད་ཚིག་འདི་ནང་། འདང་། ཞེས་པ་བོད་སྤྱི་སྐད་ལ་དག་པར་འདོན་པའམ་འབྲི་ན། ལྡང་། ཞེས་འདོན་པའམ། འབྲི་དགོས་ཏེ། བཀའ་བསྟན་སོགས་གངས་ཅན་པའི་རིག་གཞུང་དཔེ་ཆ་དག་ན་གསལ་བ་ལྟ་ཅི། དེ་དག་གི་དག་ཆ་ལྟ་བདེ་ཆེད་དུ་བྲིས་པ། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་དག་ན། རིམ་བཞིན། ཉལ་ལས་ལྡང་དང་འཁོབས་པའི་ལྡང་། ཞེས་དང་། ལྡང་ཚད། ཅེས་གསུངས་པ་མ་མཐོང་བའམ། ཡང་ན་རིག་གཞུང་སྐད་དང་དག་ཡིག་དེ་དག་ལ་སྣང་ཆུང་བྱས། བརྩི་མི་དགོས་པ་བྱས་ཏེ། བོད་རྒྱ་ཚིག་མཛོད་དང་། དག་ཡིག་གསར་བསྒྲིགས་ན། ལྡང་ལ་འདང་ཞེས་བྲིས་སོ། བོད་རིག་གཞུང་སྐད་སྲུང་འདོད་པ་པོ་རྣམས་ཀྱིས་འདི་འདྲའི་དག་ཆ་ནོར་པ་རྣམས་ལ་ཞུས་དག་བྱས་ཏེ། རང་རེའི་ཕྱི་རབས་གངས་ཅན་པའི་བློ་གསལ་གཞོན་ནུ་ཀུན་ལ་ཡི་གེ་དག་ཆ་ཚད་དང་ལྡན་པའི་བོད་སྐད་ཅིག་རྩིས་སྤྲོད་དགོས་པ་ཡིན། ཡང་རྩེར་སོན་པའི་སྐད་ཡོད་ཡོད་པ་དེ་བཀོལ་ནས། རང་རེས་དུས་བརྒྱ་རབས་ཉེར་གཅིག་པ་འདིར་འཇིག་རྟེན་གྱིས་ཡར་རྒྱས་བྱེད་པ་བོད་ཀྱིས་ཀྱང་ཡར་རྒྱས་བྱེད་དགོས་པ་ཡིན། ཡང་རྩེར་སོན་པའི་བོད་སྤྱི་སྐད་དེ་མེད་པར་བཟོས། འཆལ་འཆོལ་གྱི་སྐད་ཀྱིས་བོད་ཡར་རྒྱས་ཀྱི་གྲལ་དུ་མི་སླེབས་པ་ཐག་ཆོད། འདི་ལྟར་ཚད་མ་ཡིན་ཀྱང་། འགའ་ཞིག་གིས་ལོག་པར་སེམས་པ་ཡོད་དེ། ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས།
    ཆོ་ག་ཉམས་པར་བྱེད་པ་རྣམས།
    ཆོ་ག་ཚང་བར་བྱེད་ལ་བརྙས།
    ཙུ་ཏའི་ཡུལ་དུ་ཕྱིན་པ་ན
    རྐང་གཉིས་པ་མིར་མི་བརྩི།། ལེ་ ༣། ཚིགས་ ༢༠
    འདང་བ་ནི། དྭངས་པ་དང་། དང་བ། དྭངས། ཞེས་ད་ལྟ་འདས་མའོངས་སྨོན་ཚིག་གི་ད་ལྟ་བ་ཡིན་ཏེ། ཇི་སྐད་དུ་མདོ་ལས།
    དཔེར་ན་ནོར་བུ་ཆུ་འདང་བ།
    ཤིན་ཏུ་རྣམ་དག་ཆུ་དང་བགྱིད།
    དེ་བཞིན་དྲང་སྲོང་ཐུགས་དག་པ།
    སྐྱེ་བོའི་རྙོག་པ་དང་བར་མཛད།། སྡེ་དགེ་བཀའ་འགྱུར་མདོ། པ། ཤོག་༡༢༢ རྒྱབ་དང་། ལྷ་ས་མདོ། ད། ཤོག་ ༢༡ རྒྱབ། བྱ་ཚིག་འདིའི་དྲི་ཙམ་ཡང་བོད་རྒྱ་ཚིག་མཛོད་དང་། དག་ཡིག་གསར་བསྒྲིགས་སོགས་སྔོན་གྱི་དག་ཡིག་ཕྱོགས་སྒྲིག་མཛད་པ་པོ་རྣམས་ལ་བྲོ་མེད་པར་ལུས་པ་གངས་ཅན་བློ་གསལ་གཟུར་གནས་རྣམས་ལ་སྐྱེས་སུ་ཕུལ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-09-29 at 9:10 pm

    ལྷ་ས་བཀའ་འགྱུར། མདོ། ད། ཤོག་ ༡༢༡ རྒྱབ། ཅེས་ཀློག་པར་མཛོད།

  3. བན་དེ་བ། says:
    2011-09-29 at 10:07 pm

    སྐུ་ཞབས་ལ་དྭགས་པ་ལགས་ནས་དག་ཆར་དཔྱད་ཞིབ་གནང་བར་ཐུགས་རྗེ་ཆེ།
    འོན་ཀྱང་སྐབས་རེར་ཁྱེད་རང་གིས་བྲིས་པ་དག་ལའང་དག་ནོར་སོགས་ཅུང་མཐོང་བཞིན་འདུག
    ལྡང་ཞེས་པ་ནི་ཡར་ལང་པ་ནམ་སངས་པ་ནམ་ལང་པ་སོགས་ལ་གོ་ཞིང། འདང་ཞེས་པ་ནི་འགྲིག་དང་མི་འགྲིག
    འཐུས་དང་མི་འཐུས། དཔེར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ལ་དྭགས་ལ་འགྲོ་བར་དངུལ་སྒོར་འབུམ་གཅིག་གི་འདང་གི་རེད། ཧིན་སྒོར་ལྔ་བརྒྱ་ཡིས་འདང་གི་མ་རེད་དེ་ཡིན་དུས་ཁྱེད་རང་དངུལ་མང་ཙམ་སྔོན་ཚུད་ནས་གྲྭ་སྒྲིག་བྱེད་ན་ལེགས།
    འདང་དང།་་་ལྡང་གཉིས་ཤིན་ཏུ་ནས་ཐ་དད་དོ། སྒྲ་ལ་མཐུན་ཀྱང་དོན་ལ་ཁྱད་པར་ཆེ།

  4. yeshe says:
    2011-09-30 at 2:29 am

    རྒན་ལ་དྭགས་པ་ལགས། འདུལ་བ་ལ་སྟོད་འདུལ་དང་སྨད་འདུལ་གཉིས་ཡོད་པ་བཞིན། དག་ཡིག་ལ་ཡང་སྔོན་གྱི་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་སོགས་བོད་སྟོད་ཕྱོགས་པའི་ལུགས་དེར་སྟོད་དག་དང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་སོགས་བོད་སྨད་ཕྱོགས་སུ་བསྒྲིགས་པའི་ལུགས་དེར་སྨད་དག་གི་ལུགས་ཞེས་བཏགས་ནས་ཕྱོགས་གཉིས་ཀ་ཡུལ་གཉིས་ནས་བེད་སྤྱོད་བྱས་ན་ལེགས་པར་མཐོང་། ཀླུ་སྨྱོན་ནས་གུས་ཞབས་དང་བཅས།

  5. བཙན་བྱོལ་བ་ says:
    2011-09-30 at 3:47 pm

    སྟོད་དག་ཟེར་བ་དང་སྨད་དག་ཟེར་བའི་ཐ་སྙད་འདི་གོ་བ་ཐེངས་མ་དང་པོ་ཡིན། རང་གི་ལུང་ཚན་གྱི་ཤན་དེ་སྤྱི་སྐད་ཐོག་ཏུ་མ་གཡུག་ན་ཡག་གི་རེད་སྙམ། འདི་ནི་སྟོད་འདུལ་དང་སྨད་འདུལ་ཟེར་བ་ནང་བཞིན་མ་ཡིན། རེད། ལྡང་ཟེར་བ་དང་འདང་ཟེར་བ་གཉིས་ལ་གོ་དོན་མི་འདྲ། མལ་ལས་ལྡང་བ་དང་འཚོ་བས་ཌྷའདང་བ་ཟེར་བ་གཉིས་མི་འདྲ། ལ་དགས་པ་བློ་འཇམ་ཁྱེད་རང་ནོར་འདུག

  6. བན་དེ་བ། says:
    2011-09-30 at 4:54 pm

    ཡེ་ཤེས་ལགས་དེ་ལྟར་ཕྱེས་ན་མགྲིག་པའང་མེད།
    འོན་ཀྱང་ཉིན་གཅིག་ད་ལྟ་བོད་ཁམས་ཡོངས་ལ་གཅིག་གྱུར་དུ་བཀོལ་སྤྱོད་བྱེད་པའི་ཡི་གེའི་བརྡ་དག་འདི་དང། བོད་ཁམས་ཙམ་དུ་མ་ཟད་ཧི་མ་ལ་ཡའི་ཡུལ་ཁམས་ཡོངས་སུ་བོད་ཡིག་གཅིག་གྱུར་བཀོལ་སྤྱོད་བྱེད་ཅིང་སྐད་བརྡ་ཡང་ཡིག་གེའི་ལམ་ནས་བདེ་བླགས་ངང་ནས་འཕྲོད་པའི་འདི་ཡོངས་སུ་ནུབས་ཏེ་བོད་ཡིག་ཅེས་པ་ནི་རྒྱལ་ཁམས་གཅིག་གྱུར་ལ་བཀོལ་སྤྱོད་བྱེད་རྒྱུ་མེད་པར་ཆགས་པ་མ་ཟད། བོད་ཡིག་གི་བེད་སྤྱོད་དེ་ཡང་རིམ་གྱིས་སྣུམ་ཟད་ཀྱི་མར་མེ་བཞིན་དུ་འགྱུར་ངེས་རེད།

    མ་གཞི་ནས་ཕྱིས་བྱུང་བརྡ་སྤྲོད་རྩོམ་པ་པོ་མང་དག་ཅིག་མདོ་སྨད་ཕྱོགས་ནས་ཡིན་པར་བརྟེན་བརྡ་སྤྲོད་སོགས་ཀྱི་ནང་དུ་བསྒྱུར་བཅོས་མང་པོ་ཞིག་བྱས་འདུག བོད་སྐད་བརྡ་རྙིང་པ་ཡོད་བཞིན་དུ། བཀོལ་སྤྱོད་མི་བྱེད་པར་མིང་ཞིག་གསར་པ་གཞན་ཞིག་བཏགས་ཡོང་གི་འདུག དཔེར་ན། འོ་མ་ལས་ཞོ། ཞོ་ལས་དར་བ། དར་བ་ལས་ཆུར་ཁུ་སོགས་ཡོད་ཀྱང། དར་བ་ལ་འོ་མ་སྐྱུར་མོ་ཞེས་བྲིས་འདུག་གཱ་་་དེ་རིགས་ཀྱིས་བོད་ཀྱི་སྐད་ཡིག་འདི་ཆལ་ལ་ཆོལ་ལེ་མངར་མིན་སྐྱུར་མིན་ཞིག་ཏུ་བཟོ་གྲབས་བྱེད་ཀྱིན་འདུག
    ཡིད་མ་ཆེས་ན། དག་ཡིག་གསར་བསྒྲིགས་སོགས་སུ་གཟིགས་དང།
    ལྷག་པར་དུ་ཉེན་ཁ་ཆེ་ཤོས་ཤིག་ནི་དེང་སང་དྲ་རྒྱ་སོགས་ཀྱི་ནང་དུ་ཡིག་གེ་ཕན་ཚུན་དབར་ལ་སྟོང་ཆ་ཆེན་པོ་བྱེད་པ་དང། མཆན་རྩོམ་སོགས་ཀྱི་ནང་དུ་སྤྱི་སྐད་མིན་པར་ཡུལ་སྐད་ཀྱི་གླེང་མོལ་གནང་སྟངས་འདི་ནི་ཤིན་ཏུ་ནས་ཉེན་འཚབ་ཆེན་པོ་ཞིག་ཡིན་པར་སེམས་བཞིན་ཡོད།
    དེ་ཚོའང་ཕལ་ཆེར་མདོ་སྟོད་སྨད་ཀྱི་རྩོམ་པ་པོ་བ་དག་རེད་འདུག

  7. རྫ་ཕྲུག says:
    2011-09-30 at 7:23 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཙི་ཏའི་ཡུལ་ད་ལྟ་ག་བ་ལ་ངོས་འཛིན་དགོས་རེད། ཡུལ་དེ་ན་མི་ཁྱད་མཚར་ཡོད་ས་རེད། ཅིག་ཐོན་ཐུབ་ན་ཨི་ཤི་རེ་གོ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-09-30 at 10:07 pm

    བན་དེ་བ་ལེགས་དང་། བཙན་བྱོལ་བ་ལེགས།
    ངས་ཡིག་སྐྱོན་མང་པོ་བྱེད་པ་དེ་དག་ང་རང་གིས་ཀྱང་མཇུག་གཏུ་མཐོང་བ་ཡོད། ཅུང་མ་ཡིན་པར་ཆེན་པོ་རེ་ཡང་ནོར་འདུག
    འཁོབས་པའི་ལྡང་། ཞེས་དང་། ལྡང་ཚད། འདི་དག་གི་ནང་གི་ལྡང་་གིས། འདང་། ཞེས་བྲིས་པ་ནོར་བ་ཡིན། གོ་འོང་བསམས་ཏེ། བྲིས་ཀྱང་གོ་བ་ཆགས་མི་འདུག་པ། དགོངས་དག ངས་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་དག་ན། ལྡང་ལ་གོ་དོན་གཉིས་རེ་བསྟན་པ། ཆ་ཚང་མ་བྲིས་པས། ཁྱེད་གཉིས་ལ། ལྡང་ཟེར་བ་དང་འདང་ཟེར་བ་གཉིས་ལ་གོ་དོན་མི་འདྲ། མལ་ལས་ལྡང་བ་དང་འཚོ་བས་ཌྷའདང་བ་ཟེར་བ་གཉིས་མི་འདྲ། ལ་དགས་པ་བློ་འཇམ་ཁྱེད་རང་ནོར་འདུག ཅེས་དང་། འདང་དང།་་་ལྡང་གཉིས་ཤིན་ཏུ་ནས་ཐ་དད་དོ། སྒྲ་ལ་མཐུན་ཀྱང་དོན་ལ་ཁྱད་པར་ཆེ། ཞེས་པའི་གླགས་འཚོལ་བའི་སྐབས་རྙེད་པས། ད་ཆ་ཚང་འབྲི་དགོས་པ་དང་། སྔོན་བོད་ཡུལ་གཙང་དུ་བྲིས་པའི་ལྡངས་པ་ཞེས་པ་དག་འབྲི་བར་བྱ་སྟེ། ཟ་མ་ཏོག་ན། ཉལ་ལས་ལྡང་དང་འཁོབས་པའི་ལྡང་། ངག་སྒྲོན་ན། སྟན་ལས་ལྡང་། ལྡང་ཚད། ཅེས་པ་དག་གིས་ལྡང་ལ་གོ་དོན་གཉིས་རེ་བསྟན་ཡོད་པ་དང་། རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་ནོར་བུའི་འཕྲེང་བ། པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པ། བཀྲ་ཤིས་ལྷུན་པའི་སྤར་རྙིང་། རྒྱབ་ཤོག་ ༣༩ ན། འདི་ལྟར་བྲིས་ཏེ། “དེར་དེ་ནས་སང་ཉིན་བཟོ་བོ་རྣམས་ལ་ཟངས་ལེབ་རྣམས་བསྟན་པས་ཁོང་རྣམས་ན་རེ། ད་ནི་རྒྱུ་ཡང་ལྡངས་ཤིང་། ཟངས་ལེབ་རྣམས་ཀྱང་ལེགས་པོ་འོང་ཟེར་ནས། དབུའི་ཚུགས་དྲངས་ཏེ་བཟོ་ཚུགས་སོ། ཞེས་བྲིས་པ་ན་ལྡངས་ཞེས་པ་ལྡང་བའི་འདས་ཚིག་གོ། འདི་དག་གིས་ཁྱེད་གཉིས་དང་། གཞན་དག་ལྡང་ལ་ཞེས་པར། འདང་། འབྲི་བ་པོ་དག་གིས་བོད་སྤྱི་སྐད་ཀྱི་ཡི་གེ་ལ་བསམས་ཏེ། ཁོ་བོས་༡༩༩༣ ལ་ཡང་། ཨ་བླ་ཀླུ་སྨྱོན་ཚང་ལ་རང་རེས་དག་ཆ་གཅིག་ལ་འགྲོ་དགོས་པ་ཡིན། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ན་ནོར་བ་འོང་སྲིད་པ་ཡིན། དེ་དག་མཛད་པ་པོ་བོད་ཡིག་དག་ལ་ཐམས་ཅད་མཁྱེན་པ་ཡིན་སྨྲ་མི་ཐུབ། དེ་དག་ལ་ནོར་བ་ཚད་མས་གྲུབ་ན་ཞུས་དག་བྱེད་པ་ཡིན་ན། བོད་རྒྱ་ཚིག་མཛོད་དང་། དག་ཡིག་གསར་བསྒྲིགས་སོགས་ན་ནོར་བ་ཞུས་དག་བྱེད་དགོས་པ་ལྟ་ཅི་སྨོས། བདག་གི་ཡིག་ནོར་ཡོད་པ་དག་བསྟན་པར་མཛད་ན། བདག་རང་གི་རྨོངས་མུན་སེལ་བ་ལ་ཕན་པས། འདི་དང་འདི་ནོར་འདུག་ཅེས་བསྟན་ན། རང་རེ་བོད་སྐད་ཀྱི་དག་ལ་ཕན་པས། ཅིས་ཀྱང་མཛོད་ཅེས་ཞུ་བ་ལགས། འཛིན་གྲྭ་གསུམ་ཚར་བའི་རྗེས་ལ་ཁྱེད་རྣམས་ལན་འབྲི་བའི་གོ་སྐབས་བྱུང་། ད་དུང་ལས་དང་སློབ་སྦྱོང་སོགས་མང་དུ་བྱ་དགོས་ཡོད།

  9. བན་དེ་བ། says:
    2011-09-30 at 11:08 pm

    དྲ་གྲོགས་བློ་འཇམ་ལགས་ཐུགས་རྗེ་ཆེ་སླར་ཡང་གསལ་འགྲེལ་གནང་བར།
    ང་ཡི་དྭོགས་པ་ད་དུང་སེལ་ཐུབ་མ་སོང།
    ངས་ལྡང་ཞེས་པ་ནི་སྟན་ལས་ལང་པ་དང་གནས་ནས་བཞེངས་པ། དཔེར་ན། ཉ་ཆུ་ལས་ལྡང་བའི་ཚུལ་དུ་སྒོམ་ཞེས་པ་ལྟ་བུ་ནི། སྐྱེད་རིམས་ཀྱི་སྐབས་སུ་གཅིག་ཆརདུ་བསྒོམ་པ་དང། རིམ་གྱིས་བསྒོམ་པ་གཉིས་སུ་ཡོད་པས། ཆུ་ལས་ཉ་ལྡང་བའི་ཚུལ་དུ་བསྒོམ་པ་ནི་གཅིག་ཆར་དུ་བསྒོམ་པའི་དཔེ་རུ་བཞག་ཡོད། དེས་ན་ཆུ་ལས་ཉ་ལྡང་ཞེས་པ་ནི་ཆུ་ཡི་ནང་ནས་ཉ་ཆུ་ཡི་ཁར་མངོན་པར་ལྡིང་བ་སོགས་ལ་བཤད།

    འདང་ཞེས་པ་ནི་ལ་སྟོད་པ་སོགས་མངའ་རིས་ཀྱི་ཁ་སྐད་དུའང་དེ་ལྟར་བརྗོད་ཅིང། དངུ་འདི་ཡིས་ལམ་གྲོན་འདང་གི་རེད་ཅེས་ད་ལྟའང་བཤད་སྲོལ་ཡོད། འོན་ཀྱང་ཁྱེད་ཀྱིས་རྗེ་དགེ་འདུན་གྲུབ་པའི་རྣམ་ཐར་ཞིག་ནས་ལུང་དྲངས་པར་ལུང་ཡིག་ཏུ་དེ་ལྟར་གསལ་བ་དངོས་བདེན་རེད། འོན་ཀྱང་དེ་ཉིད་དག་པར་ཡིན་པ་བསྒྲུབ་ཅི་ལྟར་བྱེད་ནས་ནུས་སམ་སྙམ། ཡི་གེ་འབྲི་བ་པོ་མང་པོས་རང་ཟོས་ཀྱིས་བྲིས་པ་མང་པོར་གནང།
    དེས་ན་དེ་ཉིད་ཀྱང་འབྲི་ནོར་དུ་ངོས་འཛིན་ཞུ་བཞིན་ཡོད།
    ལྡང་ཚད་ཅེས་པ་ནི་རྟོགས་ཚད་ཅེས་པ་དང་དོན་མཚུངས་སོ། བློ་ཡིས་རྟོགས་ཚད། གྲུབ་མཐའི་ནུས་སྟོབས་སམ་ལྟ་བ། དེ་བཞིན་མང་དུ་གནང་ངོ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-01 at 5:25 pm

    བན་དེ་བ་མཆོག་ལ། མདང་མཚན་ལ་ཁྱེད་ལ་ཡི་གེ་རིང་པོ་ཞིག་བྲིས་ནས་སྐུར་བར་དྲྭ་རྒྱ་སྐྱོན་ཤོར་བས་བསྐུར་མ་ཐུབ། རྗེས་སུ་སྤྱོད་འཇུག་གི་ལུང་འདི་དྲན་ཁྱེད་ལ་ཐུགས་ཕན་གསོ་བའི་རེ་བས་དེ་ནི།
    ས་སྟེང་འདི་དག་ཀོས་གཡོག་ཏུ།
    དེ་སྙེད་ཀོ་བས་ག་ལ་ལྡང་།
    ལྷམ་ཐིལ་ཙམ་གྱི་ཀོ་བས་ནི།
    ས་སྟེང་ཐམས་ཅད་གཡོགས་དང་འདྲ། ལེ་ ༥ ཚིགས་ ༡༣
    ཚིགས་བཅད་འདི་ནང་གི ལྡང་། ཞེས་པར་དཔྱད་པ་མཛོད་ཅིག འདིས་ཀྱང་ཁྱེད་དོགས་པ་སེལ་བ་ལ་མ་ཕན། བཀྲ་ཤིས་བདེ་ལེགས། ཐུགས་དམ་གོང་འཕེལ།

    སླར་ཞུ་བར་བྱ་སྟེ། འཁོབས་ཞེས་པ་དེ། ཁྱེད་ཀྱི་ལུང་སྐད་དུ། ཡོད་དམ་མེད་མི་ཤེས། ལ་དྭགས་པའི་ཕལ་དུ། ད་དུང་ཡང་བཀོལ་པ་མང་པོའི་དོན་ཡིན། གོང་ཞུས་དག་ཡིག་གཉིས་ན། ལྡང་དང་པོ་དེ་ཡར་ལང་བ་དང་། གཉིས་པ་དེ་ལྡིང་བའི་དོན་མ་ཡིན་པར་མང་པོ་ལ་དྭགས་གཤམ་ཕྱོགས་པའི་སྐད་དུ། ད་ལྟ་ཡང་གནའ་བོའི་འབོད་ཚུལ་བཞིན་དུ། ལ་མགོ་འཐོན་པ་ཡོད་པས། བདག་གི་སྤུན་མཆེད་ཡི་གེ་ལེགས་པར་བྱང་བ་མེད་པ་ཞིག་གིས་བྲིས་པ་ན་ཡང་། ཐབ་ཅིག་བཟོ་དགོས་ཡོད་པར་། ཐབ་པོ་ནི། ཕག་བུ་མ་ལྡངས་པས། བཅོ་མ་ཐུབ་ཅེས། ལོ་བཅོ་ལྔ་ཉི་ཤུའི་སྔོན་དུ་བྲིས་པ་ཞིག་དྲན་པ་ཡིན། དབུས་གཙང་སོགས་སུ། ལྡང་དང་འདང་གཉིས་ལ་དིང་སང་བརྗོད་སྟངས་མི་འདྲ་བ་མེད་པས། ལྡང་ལ་འདང་ཞེས་བྲིས་པ་ནོར་བ་གཟིགས་ནས་ཟ་མ་ཏོག་དང་ངག་སྒྲོན་དུ། འཁོབས་ཅེས་པ་དང་། ཚད་ཅེས་པ་དག་དང་སྦྱར་ནས་ལྡང་གསུངས་པར་གོ་བ་རྒྱབ་པར་མཛོད། ད་དུང་ལ་དྭགས་པས་མཆོད་པ་དང་། སྐུ་འདྲ་དང་། ཐང་ཀ་སོགས་ལ་ཞེ་ས་བཀོལ་ཏེ། རྒྱུ་ཆ་འདི་ཡིས་བཞེངས་པ་འདུག་ཞེས་བཀོལ་བ་ང་རང་ལོ་ཆུང་ཆུང་ཡིན་པའི་སྐབས་སུ་ཐོས། ཁྱེད་ཀྱི་ཐུགས་དོགས་སེལ་བའི་རེ་བ་ལགས། ལོ་ངོ་བདུན་བརྒྱ་ཙམ་སྔོན་དུ་དབུས་གཙང་དུ་སྐད་ཀྱི་སྒྲ་གདངས་ཇེ་ཆུང་དུ་འགྲོ་བར་གཟིགས་ནས། ས་ཆེན་རྗེ་བཙུན་བསོད་ནམས་རྩེ་མོས་སྔོན་འཇུག་བསོད་ནམས་རྩེ་མོས་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་འཐོན་པར་བྱས་ཏེ། ཀློག་པར་གསུངས་པར་སྦྱོར་ཀློག་གི་ཚབ་ལ་གནའ་བོའི་ཡི་གེ་ཀློག་ཚུལ་དེ་བོད་ཀྱི་སློབ་གྲྭ་རྣམས་སུ་གནའ་བོའི་ཡི་གེ་འབོད་ཚུལ་དེ་བཞག་ན། བོད་ཡིག་དག་ཆ་བཞིན་ཨིན་ཡིག་ཏུ་བྲིས་པ་ཞིག་ཨ་རི་མི་༷ཞིག་ལ་ཀློག་ཏུ་བཅུག་ན། ཕལ་ཆེར་གནའ་བོའི་བོད་པས་ཀློག་པ་བཞིན་ཀློག་ཟེར། སྔོན་དབུས་སྐད་སྦྱངས་པའི་ནུབ་ཕྱོགས་པ་ཞིག་་བོད་ཀྱི་ས་མཚམས་ཤིག་ལ་སླེབས་ནས། དབུས་སྐད་རྒྱབ་པ་ན། བོད་ཀྱི་ས་མཚམས་ཀྱི་མ་གོ་བ་ན། བོད་ཡིག་དག་ཆ་བཞིན་བྲིས་པ་ཨིན་ཡིག་འབོད་སྟངས་ལྟར་འབོད་པས་བོད་ཀྱི་མཐའ་མཚམས་ཀྱི་མིས་གོ་ཡོད་པར་བཤད་སོང་། ཆོས་ chos ཞེས་པ་རྗེས་འཇུག་ས་འཐོན་པར་བྱས་ཏེ། ཀློག་གོ། ཡིག་ནོར་དག་ལ་ཞུས་དག་མཛོད། གཉིད་ལོག་རན་སོང་།

  11. བན་དེ་བ། says:
    2011-10-02 at 2:09 am

    དགེ་དྲ་གྲོགས་བློ་འཇམ་ལགས།
    ངོ་མ་ཁྱེད་ཀྱིས་སྐུ་ལས་སྐྱོན་ནས་ང་ཡི་དྲིས་པར་དགོངས་པ་རྒྱ་ཆེར་བཞེས་ཤིག་གདེང་འཇོག་ཆེན་པོ་འདི་ཚོད་ཅིག་གནང་བར་ཐུགས་རྗེ་ཆེ། འོར་ཆེ། བཀའ་དྲིན་ཆེ།
    ཁྱེད་ཀྱིས་སླར་ཡང་ལུང་ཞིག་དྲངས་ཏེ་ང་ཡི་དྭོགས་སེལ་ཕྱིར་དུ་བཀོད་པར་དེ་བས་ཀྱང་བཀའ་དྲིན་ཆེ།
    འོན་ཀྱང་ལུང་མང་པོ་གདན་དྲངས་བ་ཡིས་ང་ཡི་དྭོགས་པ་སེལ་རྒྱུ་ཤིན་ཏུ་ནས་དཀའ་སོང།
    གང་ཡིན་ཟེར་ན། ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། གར་དྲངས་དྲངས་ཡིན་པའི་ཕྱིར། ཅེས་པའི་གཏན་ཚིགས་ཀྱིས་ལྷག་པར་དུ་ཡི་གེ་འབྲི་བ་པོ་མང་པོ་ཞིག་གིས་རང་སྣང་གང་ཤར་རམ་རང་གི་རྟོག་བཟོས་བྱས་དང་བྱེད་བཞིན་པ་ཡིས་ཡིད་ཆེས་བྱེད་རྒྱུ་ཤིན་ཏུ་ནས་དཀའ་ཡོང་གི་འདུག
    དཔེར་ན། དག་གསར་དང་རྒྱ་བོད་ཚིག་མཛོད་དག་ནི་ཆེས་ཆ་འཇོག་འོས་པའི་བོད་ཀྱི་ཚོག་མཛོད་ཅིག་ཡིན་མོད། དེ་ཡི་ནང་དུ་བོད་ཀྱི་མིང་ཚིག་ལ་ལྷད་མང་པོ་ཞིག་བཅུག་ཡོད། དེར་མ་ཟད། ཚིག་མཛོད་བསྒྲིགས་པ་པོ་དེ་དག་གིས་རང་གིས་ཡུལ་སྐད་མང་པོ་ཞིག་ཐུན་མོང་སྤྱི་སྤྱོད་དུ་བཀོལ་ཡོད་པ་དང། ཡང་ན་རང་ཉིད་ཀྱི་གྲུབ་མཐའི་ཕྱོགས་ཀྱི་ལྟ་གྲུབ་དང་བཤད་སྲོལ་གོམ་གཤིས་སོགས་ཀྱིས་ཐུན་མོང་སྤྱི་ཡི་གནས་མང་པོ་ཞིག་ལ་ལྷད་བཅུག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེས་ག་ལ་ཚད། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་སོགས་ལའང་རང་གི་རྟོག་པས་བཅོས་སླད་མང་པོ་བྱས་ཡོད་པས་དེས་ན་དགོངས་པ་མི་ཚོམས་པར་འདི་ལྟར་ཞུ་དགོས་ཐལ་སོང། ཁྱེད་ནི་བོད་མི་རིགས་ཀྱི་སྐད་ཡིག་གིས་མཚོན་པའི་ཆོས་རིག་ལ་ཐུགས་སྣང་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་གནང་བར་ངོས་ནས་རྟག་ཏུ་གུས་འདུད་ཞུ་བཞིན་ཡོད།
    འཇུ་ལེ།

    ༼ས་སྟེང་འདི་དག་ཀོས་གཡོག་ཏུ།
    དེ་སྙེད་ཀོ་བས་ག་ལ་ལྡང་།
    ལྷམ་ཐིལ་ཙམ་གྱི་ཀོ་བས་ནི།
    ས་སྟེང་ཐམས་ཅད་གཡོགས་དང་འདྲ། ལེ་ ༥ ཚིགས་ ༡༣༽

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-02 at 2:52 pm

    ༧༽ རྫ་ཕྲུག་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ གི་ཆུ་ཚོད་ ༡༩ སྐར་མ་ ༢༣
    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཙི་ཏའི་ཡུལ་ད་ལྟ་ག་བ་ལ་ངོས་འཛིན་དགོས་རེད། ཡུལ་དེ་ན་མི་ཁྱད་མཚར་ཡོད་ས་རེད། ཅིག་ཐོན་ཐུབ་ན་ཨི་ཤི་རེ་གོ།
    རྫ་ཕྲུག་ལེགས།
    ཁྱེད་ཀྱི་དྲི་བ་འདི་རྩད་ཆེ། སྐྱབས་མགོན་རིན་པོ་ཆེས་ཀྱང་།
    ཙུ་ཏའི་ཡུལ་དུ་ཕྱིན་པ་ན
    རྐང་གཉིས་པ་ལ་མིར་མི་བརྩི།། ལེ་ ༣། ཚིགས་ ༢༠ ཞེས་འདོན་པར་མཛད་པ་ཐོས། འདི་ཉིད་སྔོན་མི་མངས་ལ་གྲགས་པའི་གཏམ་རྒྱུད། ཆོས་རྗེ་ས་པཎ་གྱིས་གཏམ་རྒྱུད་འདི་གསན་ཡོད་ངེས། བདག་གིས་གཏམ་འདི་ཐོས་མ་མྱོང་། ཙུ་ཏ། cūtaཞེས་པ་ཤིང་ཏོག་ཨ་མྲའི་དོན་ཏེ། ཨམྲ་ཤིང་སྡོང་དང་། དེའི་འབྲས་བུ་ཡོད་པའི་ཡུལ་ཞིག་ཏུ་ངོས་འཛིན་བྱས། རྒྱ་གར་སྤྱི་ཚོགས་ཀྱི་གཏམ་བརྒྱུད་དེ། དཔེར་ན། མི་མངས་སུ་གྲགས་པའི་རང་རེའི་བོད་ཀྱི་གེ་སར་རྒྱལ་པོའི་སྒྲུང་ན་གྲགས་པའི་དཔའ་བོ་དེ་དག་དང་། ཡུལ་དེ་དག་དངོས་མ་གང་ན་ཡོད། རིགས་པའི་འབྲངས་ཀྱིས་མི་ཤེས་ཀྱང་། ཁམས་ཕྱོགས་དང་རྒྱ་ནག་ཏུ་ཡང་དད་པའི་འབྲས་འབྲངས་དག་གིས་གེ་སར་གྱི་འདྲ་སྐུ་བཞེངས་ཏེ། ཕྱག་དང་མཆོད་འབུལ་བྱེད་པ་དག་ལ་དད་པའི་དབང་གིས་གྲུབ་འབྲས་ཀྱང་ལེགས་པ་ཡོད་པས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། ཞེས་པ་ཡང་གྲུབ་མཐའ་སྨྲ་བ་དེ་ལྟར་ན། འཐད་པར་སེམས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme