Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་སྐུ་འདས་པར་སེམས་ཁོང་ནས་མྱ་ངན་ཞུ།

Posted on 2016-02-272016-02-27 By ཁ་བརྡ 2 Comments on གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་སྐུ་འདས་པར་སེམས་ཁོང་ནས་མྱ་ངན་ཞུ།

unnamed-4—-གཅན་བཟོད་རྒྱམ།
 
“ནམ་མཁའ་ཡར་ལ་གཟིགས་དང་།།
ཀུན་གསལ་གྱི་ཟླ་བ་མཛེས།།
དགུང་སྐར་ཚོགས་མང་པོས་མཐའ་ནས་བསྐོར།།
དགུང་འདི་ནི་ང་ཡི་ཕ་ཡུལ་རེད།།
དགུང་འདི་ནི་ང་ཡི་ཕ་ཡུལ་རེད།
དགུང་འདི་ནི་ང་ཡི་ཕ་ཡུལ་རེད།།”
ཚིག་དུམ་འདི་ནི་གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན་ཞིག་གི་ཚིག་རེད། སྐབས་དེར་ང་སྟོད་ཉི་མ་ལྷ་སར་མཇལ་ནས་ཕྱིར་ཕ་ཡུལ་ཨ་མདོར་ལོག་ཁར་རེད། ལྷ་ས་ནས་ན་གོར་མོར་འགྲོ་བའི་སྤྱི་སྤྲོད་རླངས་འཁོར་དེའི་ནང་ནས་གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན་ཆེད་བསྒྲིགས་ཀྱི་རྒྱབ་མདུན་བྱས་ཏེ་ཉིན་མཚན་ཁ་སྤྲོད་དུ་བཏང་སོང་། ངས་བདུད་བྷེའི་རྡུང་ལེན་གོ་བ་ཐོག་མ་དེ་ཡང་ཡིན། སྐབས་དེར་རང་ཉིད་སྟོད་ཉི་མ་ལྷ་སར་མཇལ་ཏེ་དགའ་སྤོབས་ངང་ཕྱིར་ཕ་ཡུལ་ལོག་བཞིན་ཡོད་པས་རྡུང་ལེན་དེ་ཧ་ཅང་སྙན་མོ་བྱུང་ལ། ལྷུ་ཚིག་འགའ་རེ་དང་དབྱངས་རྟ་ཡང་བློར་ངེས་ཙམ་བྱུང་།

ང་ལྷ་ས་ནས་ཕྱིར་ཕ་ཡུལ་དུ་འབྱོར་མཚམས་སྟོད་ཉི་མ་ལྷ་སར་མཇལ་ཚུལ་དང་། ལྷ་ཇོ་ཤཱཀྱ་མུ་ནེ་དང་རྩེ་ཕོ་བྲང་པོ་ཏཱ་ལ། སེ་འབྲས་དགའ་གསུམ་གཙང་ས་སྐྱ་སོགས་ལ་གནས་མཇལ་བྱས་པའི་མཐོང་ཐོས་ཀྱི་སྟེང་དུ་མཐོང་ཐོས་ལས་ཀྱང་མང་བ་བསྣན་ཏེ་རྒན་དར་བྱིས་གསུམ་ལ་ནི་མའི་ཁར་ཟླ་བ་མཐུད་ཏེ་འགྲེལ་བཤད་བརྒྱབས། དེ་ནི་ལོས་ཡིན་ཏེ། སྤྱི་ལོ་༡༩༩༣ ལོའི་བར་ལ་ང་ཚོའི་ཕ་ཡུལ་ནས་སྟོད་ཉི་མ་ལྷ་སར་མཇལ་དུ་འགྲོ་མཁན་ཧ་ཅང་ཉུང་། དེ་བས་ཀྱང་ལོ་ན་གཞོན་པ་ཞིག་ལྷ་སར་སོང་བ་མཛུབ་མོ་འགུག་རྒྱུ་ཡོད་ཙམ་མོ།།

ལྷ་སར་ནས་ཕྱིར་ཕ་ཡུལ་ལ་ལོག་པའི་ལོ་དེའི་དགུན་ཁར་ང་མདོ་སྨད་བླ་བྲང་དུ་སོང་བ་ཡིན། དེ་དུས་གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན་སྒྲ་ཐག་གཞན་པ་རེར་ཡང་ཉན་རྒྱུ་བྱུང་ཞིང་། སྐབས་དེའི་ལོ་ཆུང་ཚོས་བདུད་བྷེའི་རྡུང་ལེན་ལ་ལད་མོ་མི་བྱེད་མཁན་ཧ་ལམ་མེད་ཟེར་ན་ཆོག
བླ་བྲང་ནས་ལོ་འགར་བསྡད་པའི་རིང་ལ་བདུད་བྷེས་རྡུང་ལེན་སྒྲ་ཐག་འགའ་བསྟུད་མར་བཏོན་སོང་། ༡༩༩༦ ལོར་བླ་བྲང་བསང་ཆུ་རྫོང་དུ་བདུད་བྷེ་སོགས་རྨ་ཆུའི་གླུ་གར་ཚོགས་པའི་འཁྲབ་སྟོན་པ་སྐོར་ཞིག་སླེབས་སོང་། འཁྲབ་སྟོན་འགོ་མ་ཚུགས་སྔོན་དུ་བདུད་བྷེ་སོགས་མི་འགའ་རེ་སྒོ་ཕྱི་ན་ཡོད་པར། ང་དང་གྲོགས་པོ་འགའ་ཆེད་དུ་འཁྲིས་སུ་བཅར་ནས་ལག་འཇུ་དང་འཚམས་འདྲི་ཞུས།

བདུད་བྷེའི་རྡུང་ལེན་ལ་ཉན་པ་དང་དངོས་སུ་མཇལ་ནས་ལག་འཇུ་བྱས་པ་དེས། བདུད་བྷེའི་རྡུང་ལེན་ལ་ཇེ་དགའ་དང་དུང་བ་ཆེ་རུ་གྱུར་སོང་། ག་ལེར་བདུད་བྷེ་རྡུང་ལེན་ལས་མི་རིགས་བླངས་བྱུང་། ལ་རྒྱ་གླེང་བྱུང་། ༸རྒྱལ་བ་རིན་པོ་ཆེ་བླངས་བྱུང་། པཎ་ཆེན་རིན་པོ་ཆེ་བླངས་བྱུང་། དེ་བས། རྡུང་ལེན་པ་བདུད་བྷེར་ཇེ་དགའ་དང་ཁོང་གི་རྡུང་ལེན་ཆེད་བསྒྲིགས་གསར་ཐོན་ལ་རེ་ལྟོས་ཀྱིས་སྒུག

བྱིས་པར་སློབ་གསོ་བླངས་བྱུང་། རྒན་པར་གུས་བརྩི་བླངས་བྱུང་། གཞོན་པར་སྐུལ་མ་བླངས་བྱུང་།
བླ་མར་བསྟོད་པ་བླངས་བྱུང་། རི་ལ་རི་བསྟོད། ཆུ་ལ་ཆུ་བསྟོད། ནགས་ལ་ནགས་བསྟོད།
རྟ་ལ་རྟ་བསྟོད། གཡག་ལ་གཡག་བསྟོད། འབྲི་ལ་འབྲི་བསྟོད། ལུག་ལ་ལུག་བསྟོད།
བོད་ལ་བོད་བསྟོད། རྒྱ་ལ་སྡིགས་དམོད། ལ་རྒྱའི་ལངས་གླུ། དཔའ་བོར་དཔུང་གླུ།
བདུད་བྷེས་མ་བླངས་པ་མེད། གླུ་བླངས་ཡོད། རྡུང་ལེན་རྡུང་ཡོད། ལ་གཞས་འཐེན་ཡོད། གླུ་དབྱངས་བཀུག་ཡོད།

དེ་ལྟ་དེ་ལྟར། བདུད་བྷེ་མདོ་སྨད་ནས་བོད་ཁམས་ཡོངས་ནས་གྲགས་བྱུང་། གྲོང་ཁྱེར་དང་གྲོང་བརྡལ། གྲོང་གསེབ་དང་ལུང་ཁུག རོང་ཁུལ་དང་འབྲོར་སྟོང་། མདོར་ན། བོད་གངས་ཅན་གྱི་རི་ཆུ་ནགས་གསུམ་ལ་ཁྱབ་སོང་། མདོར་ན། བོད་ཁུལ་གྱི་ཁ་ཆར་བུ་ཡུག་ལ་འདྲེས་སོང་།
བོད་གངས་ཅན་སྣོང་བཅུད་གཉིས་ཀར་འདྲེས་སོང་། ག་ལེར། འཛམ་གླིང་ལ་ཁྱབ་བྱུང་། ཁོའི་གླུ་ངག་དང་དུངས་ཞེན། ཚིག་དོན་རྣམས་རེ་རེ་བཞིན་གངས་ཅན་གྱི་མི་རེ་རེའི་སེམས་ལ་འཛུལ་སོང་།

བདུད་བྷེས་རྡུང་ལེན་རྡུང་ཐེངས་རེར། ཡ་ཆུང་གྲང་སིལ་སིལ།
རྡུང་ལེན་རྡུང་ཐེངས་རེར། རྒྱང་རིང་གི་མི་ཞིག་དྲན་གི་ཟེར།
རྡུང་ལེན་རྡུང་ཐེངས་རེར། བོད་ཐོག་གི་སྡིག་ཅིག་མཐོང་གི་ཟེར།

འདི་ལྟར་རྡུང་ལེན་རྡུང་བཞིན། གངས་ཡུལ་སར་འཁྱམས། ལུས་པོ་བོད་ཡུལ་ལ་འཁྱམས་བཞིན། སེམས་པ་བོད་དོན་དུ་མནར་བཞིན། “རིན་པོ་ཆེ། ཁྱོད་རང་དྲན།” ཆེས་མཐའ་མཇུག་གི་ཚིག་དི་ཁ ནས་མ་ཐོན་བར་དུ། ཁོས་བོད་གངས་ཅན་ཡོངས་ལ་རྡུང་ལེན་རྡུང་། བག་ཆགས་བཞག
“རྡུང་ལེན་པ། བདུད་བྷེ། ཆང་རྐྱལ་དེ་ཡེ། ཆང་འཐུང་རྒྱུ་མང་ནས་ཤི་ལ་ཁད་འདུག་ཟེར་ག” ཚིག་འདི་བོད་གངས་ཅན་གྱི་བདུད་བྷེས་ད་བར་དུ་འུ་ཚོར་རྡུང་ལེན་རྡུང་བའི་རིན་འབབ་ཡིན་ནམ།

“ནམ་མཁའ་ཡར་ལ་གཟིགས་དང་། །
ཀུན་གསལ་གྱི་ཟླ་བ་མཛེས།།
སྐར་ཚོགས་མང་པོས་མཐའ་ནས་བསྐོར།།
དགུང་འདི་ནི་ང་ཡི་ཕ་ཡུལ་ཡིན།།
དགུང་འདི་ནི་ང་ཡི་ཕ་ཡུལ་རེད།
དགུང་འདི་ནི་ང་ཡི་ཕ་ཡུལ་རེད།།”
ཅི་འདྲའི་དྭངས་ཤིང་གཙང་བའི་གླུ་ཚིག་ཅིག་རེད་ཨང་། འདི་ལེན་མཁན་བདུད་བྷེ་རེད། གངས་ལྗོངས་ཁུ་བྱུག་སྔན་མོ་རེད།

ཁོས་བོད་གངས་ཅན་ལ་གླུ་འདི་འདྲ་ཞིག་གིས་འགོ་བརྩམས་ཏེ། གླུ་སྐད་སྙན་མོ་ཞིག་གིས་སྙན་དབང་འབུམ་ཕྲག་གསོས་མྱོང་མོད།
དེ་རིང་། ཁོས་རེ་སྒུག་གི་ཟུགས་གཟེར་ཁྲོད་ནས་གླུ་སྐད་འདི་འདྲ་ཞིག མིག་མཆུ་མ་གོར་གོར། ངག་དྲན་གདུང་ཁྲོམ་ཁྲོམ།

“ཨ་སྔོན་དགུང་ནས་སྤྲིན་ཞིག་འཁྱིལ་ཐ།།
སྤྲིན་པ་དཀར་པོ་ལྷོ་ལ་བཞུད་ཐ།།
ལྷོ་ཕྱོགས་རྒྱ་གར་ཕྱོགས་པ་འཕུར་ན།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོར།།
དཀར་པོ་སྤྲིན་པ་དེར་གཞས་ཤིག་བསྐུར།
སྐུ་ཁམས་བདེ་ཨེ་རེད། རིན་པོ་ཆེ།
ས་ཡ་དྲུག་གིས་ཁྱེད་རང་སྒུག་ཡོད།།
ས་ཡ་དྲུག་གིས་ཁྱེད་དད་ཡོད།།
རིན་པོ་ཆེ།

སེམས་ཁུངས་ན་མནན་པའི་སྡུག་བསྔལ།།
མིག་ནང་ན་འཁྱིལ་བའི་མཆུ་མ།།
སྙིང་རེ་རྗེ།
རིན་པོ་ཆེ།
སྐུ་ལུས་གསེར་གྱི་རི་ལ།།
གཡོ་འགུལ་མེད་པར་བཞུགས་སམ།།
རིན་པོ་ཆེ།
ཐག་རིང་རྒྱང་ཞིག་ནས། ཨ་མདོའི་བུ་ཆུང་ང་ཡིས།
ཁྱེད་རང་དྲན་པའི་གཞས་འདི་དབང་མེད་ཤོར་ཐ།
དབང་མེད་ཤོར་ཐ།
རིན་པོ་ཆེ།
སྐུ་ཁམས་བདེ་མོ་ཨེ་ཡིན། རིན་པོ་ཆེ།
སྤྲི་པ་གར་འགྲོ་དེ་ལ། གཞས་གཅིག་བསྐུར་ཡོད།
འཕྲིན་འདི་འབྱོར་མ་ཐག། གླུ་འདི་ཐེངས་མ་ཐག།
བརྩེ་བའི་སྤྱན་གྱིས་གཟིགས་རོགས།།
བྱམས་པའི་ཐུགས་ཀྱིས་སྐྱོང་རོགས།།
རིན་པོ་ཆེ། རིན་པོ་ཆེ།”
https://www.youtube.com/watch?v=17_VdY4fwb0

མགྲིན་པ་དངངས་བཞིན། མཚམས་བཞག་སོང་། འདི་ནི་ཁོའི་འུ་ཚོར་རྡུང་བའི་རྡུང་ལེན་ཐ་ན་དེ་ཡིན་ནམ།
གང་ལྟར། བདུད་བྷེ།
གངས་ལྗོངས་ཁུ་བྱུག་སྔོན་མོ། ཁྱོད་ང་ཚཽ་དང་གྱེས་སོང་མོད། ཁྱོད་ཀྱི་གླུ་སྐད་དང་གླུ་སྐད་ལས་བྱུང་བའི་ཚིག་དོན་རེ་རེ། བོད་གངས་ཅན་གྱི་རྒན་དར་གཞོན་གྱི་ཁ་ནས་ལྷང་ལྷང་གྲགས་ཀིན་ཡོད། གླུ་ཚིག་གི་ནང་དོན་རེ་རེ། བོད་གངས་ཅན་གྱི་རྒྱ་དར་གཞོན་གསུམ་གྱི་ཡིད་ལ་གསལ་གསལ་དུ་འཆར་ཡོད་ངེས།

བདེ་བར་བཞུད་ཅིག གངས་ལྗོངས་ཁུ་བྱུག་སྔོན་མོ། བོད་གངས་ཀྱིས་ཁྱེད་ལ་སྐྱེལ་བ་བྱིན་བཞིན་མཆིས། སླར་ཡང་བོད་གངས་དུ་ཁུ་བྱུག་ལྟར་ལྷང་ལྷང་གྲགས་པར་སྨོན།
གངས་ལྗོངས་ཁུ་བྱུག་སྔོན་མོ། རྡུང་ལེན་པ་བདུད་བྷེ་སྐུ་འདས་པར་མྱ་ངན་མཚོན་བྱེད་དུ།

སྤྱི་ལོ་ཟླ་ཚེས་བཟང་པོར་ཡུལ་གསལ་ལྡན་གྲོང་ནས་གདུང་ཚོར་ངང་ཤར་མར་བྲིས།

༢༠༡༦། ༠༢།༢༧ །

དྲན་ཐོ།

Post navigation

Previous Post: བྱ་ཁུ་བྱུག་མ་དབང་སྐྱོ་ནས་ཡོད།
Next Post: གངས་ལྗོངས་ཀྱི་ཁུ་བྱུག་ལགས། ཁྱེད་ལ་མྱ་ངན་ཞུ།

Comments (2) on “གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་སྐུ་འདས་པར་སེམས་ཁོང་ནས་མྱ་ངན་ཞུ།”

  1. ཀརྨ་བློ་གསལ་ says:
    2016-02-28 at 4:29 am

    གཤིན་པོར་བསྔོ་བ་དང་ནང་མིར་གདུང་སེམས་ཡོད།

  2. བདག་མེད་རྣམ་ཤེས་ says:
    2016-07-22 at 12:16 am

    གངས་ལྗོངས་ཁུ་བྱུག་སྔོན་མོ་ཆང་གིས་མི་ཚེ་ཆུ་ལ་བསྐྱུར་བ་ཡིད་རེ་སྐྱོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme