Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་ཀྱི་ཁུ་བྱུག་ལགས། ཁྱེད་ལ་མྱ་ངན་ཞུ།

Posted on 2016-02-272016-02-27 By ཁ་བརྡ No Comments on གངས་ལྗོངས་ཀྱི་ཁུ་བྱུག་ལགས། ཁྱེད་ལ་མྱ་ངན་ཞུ།

གངས་བཙན་པོ།

 
རང་གིས་དབྱངས་གསལ་སོ་བཞི་མ་ཤེས་གོང་།།
བྱིས་པའི་རྩེ་ཁང་ལ་སོགས་མི་ཤེས་དུས།།
ཁྱེད་ཀྱི་དབྱངས་རྟ་ཁོ་ནར་རྣ་བར་སོན།།
ཁྱེད་ཉིད་འཇིག་རྟེན་འདི་རུ་ཡོད་ཚད་ཡིན།།

རང་ཉིད་ལྔ་རིག་སློབ་གྲྭར་འགྲིམ་སྐབས་སུ།།
རྒན་གྱིས་བསླབ་ཀྱང་ཅི་ཡང་མི་ཤེས་དུས།།
ཁྱེད་ཀྱི་དབྱངས་རྟའི་གླུ་ཚིག་ངག་ཏུ་ཐལ།།
དེ་དུས་ཁྱེད་ཉིད་ཞིང་འདིར་མ་མ་ཡིན།།

རང་གི་རྐང་པ་ས་སྟེང་བཞག་ཤེས་སྐབས།།
སྤྱི་ཚོགས་ཁ་ཕྱོགས་ཙམ་ཡང་མི་རྙེད་དུས།།
ཁྱེད་ཉིད་ལ་རྒྱའི་དབྱངས་རྟས་ས་སྟེང་ཁྱབ།།
དེ་དུས་ཁྱེད་ཉིད་ལ་རྒྱའི་གླུ་བ་ཟེར།།

རང་མགོ་ཐོན་པ་ཙམ་ཡང་མི་ཤེས་དུས།།
བོད་པ་ཟེར་བའི་སྐྱོ་ཉམས་མ་ཐོས་གོང་།།
ཁྱེད་ཀྱིས་སྐྱོ་གདུང་གླུ་དབྱངས་མང་ཐོས་སྐབས།།
ཁྱེད་ཉིད་བོད་པའི་བུ་ཕྲུག་གཅེས་ལོ་བཏགས།།

རང་སྣང་མཐོན་པོ་ཙམ་ཞིག་སླེབས་དུས་སུ།།
རྣ་ལ་ཉན་རྒྱུ་ཞིག་ལས་མི་བསམ་དུས།།
ཁྱེད་ཀྱི་གླུ་གཞས་ཁོ་ནས་ཉི་མར་ཆོད།།
དེ་དུས་ཁྱེད་ཀྱི་མཚན་ལ་ཁུ་བྱུག་ཟེར།།

རང་གི་ཡབ་མེས་བཀའ་དྲིན་དྲན་ཙམ་དུས།།
རང་གི་སྲོལ་རྒྱུན་ཕྱོགས་ལ་དུངས་མཁན་དཀོན།།
དེ་དུས་ཁྱེད་ཉིད་བོད་པའི་སྲོལ་ལ་དགའ།།
དུས་དེར་ཁྱེད་ཉིད་ཚངས་པའི་སྲས་པོ་ཟེར།།

རང་གི་མི་ཚེ་ས་མཐར་བསྐྱེལ་སྐབས་དེར།།
ཡུལ་ལུང་མང་པོའི་གླུ་སྐད་མང་ཐོས་ཀྱང་།།
སྐྱིད་སྡུག་གང་ལ་ཉན་ཀྱང་སྐྱིད་ངོ་འཆར།།
ཁུ་བྱུག་ཁྱེད་ཉིད་མ་གཏོགས་ཡོད་མ་མཆིས།།

རང་གི་ཕ་ཡུལ་དྲན་པའི་ཉིན་མོར་མང་།།
རང་ལ་སྐྱོ་གྲོགས་བྱེད་མཁན་མང་ནའང་།།
ཁྱེད་ཀྱི་གླུ་གཞས་དེ་ལས་གཞན་མ་དམིགས།།
ཁྱེད་ཉིད་འཇིག་རྟེན་འདི་ནས་ཡོད་ཚད་ཡིན།།

དེ་རིང་ཐན་སྐད་ཞིག་གིས་ངག་ནས་ཐལ།།
ཁུ་བྱུག་གླུ་བ་དོ་ནུབ་བཞུར་སོང་ཟེར།།
རང་གི་ཚོར་བ་ཡོངས་རྫོགས་གཅིག་ཏུ་བསྡུས།།
དེ་དུས་རང་གི་བླ་མ་གློ་བུར་དྲན།།

ཕྱི་མ་ཟེར་དུས་ཚང་མ་ཆ་མེད་ཡིན།།
ཆ་ཡོད་རྒྱུས་མངའ་གོང་ས་མཆོག་ཉིད་ཡིན།།
བསྔོ་རྟེན་ཞིག་གི་ལམ་ཁ་བསྟན་ནས་ཡོད།།
དག་ཞིང་བར་རྡོའི་ལམ་ནས་འདྲེན་བར་ཤོག།

ཁྱེད་ཀྱིས་གངས་ཅན་བོད་ལ་ལེགས་སྐྱེས་མང་།།
ཁ་བ་གངས་ཅན་མ་རྫོགས་ཁྱེད་རང་བརྟན།།
གནས་སྐབས་གཟིམ་སར་བདེ་བའི་སྨོན་ལམ་མང་།།
མྱུར་དུ་གངས་ཅན་ཡུལ་ལ་བྱོན་པར་སྨོན།།

བོད་ཁམས་ཡོངས་ལ་མིང་དུ་གྲགས་པའི་གླུ་བ་གདུ་བྷེ་ལགས་དོ་ནུབ་མྱ་ངན་ལས་འདས་པ་ཐོས་མ་ཐག་རང་གི་མི་ཚེ་དང་སྦྱར་ནས་བརྒྱུད་རིང་ཉུང་ཙམ་དང་བཅས་མྱ་ངན་ཚད་མེད་ཞུ།

རྒྱ་གར་ལྷོ་ཕྱོགས་ནས་དྲ་མིང་གངས་བཙན་པོས་2016/2/27 དགོང་མོར་ཕུལ།

སྙན་ངག

Post navigation

Previous Post: གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་སྐུ་འདས་པར་སེམས་ཁོང་ནས་མྱ་ངན་ཞུ།
Next Post: ༧རྒྱལ་དབང་ཀརྨ་པ་མཆོག་གིས་ཐུགས་སྨོན་གནང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme