Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།

Posted on 2009-01-062009-01-06 By དགེ་རབ་ 2 Comments on གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།

གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།
http://nolosar.wordpress.com/

རིག་པའི་རྡོ་རྗེས།
——————
གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ཆུང་ཆུང་འདི། ང་དང་ངའི་གྲོགས་པོ་སྐོར་ཞིག་གིས་འབད་བསྒྲུབས་བྱས་པ་ཡིན་ལ། འདིའི་དགོས་དམིགས་ནི། གཞིས་ལུས་བོད་མི་རྣམས་ཀྱི་ཡ་ཆུང་སྡུག་གིས་བསགས། མིག་མཐའ་མཆི་མས་བསྐོར་ཏེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སྐབས་འདིར། བཙན་བྱོལ་གཞུང་དང་། ཚོགས་སྡེ་ཁག དེ་བཞིན་གང་ཟག་སྒེར། མདོར་ན་ཕྱིར་སྡོད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས། ད་ལོའི་ལོ་གསར་ལ་སྤྲོ་སྐྱིད་གཏོང་རྒྱུའི་ཚབ་ཏུ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་དང་། རྒྱ་མིའི་བཙོན་ཁང་དུ་ཡོད་པའི་རྒྱལ་གཅེས་དཔའ་བོའི་སྡེ་ཁག དེ་དག་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་དམིགས་བསལ་གྱི་སེམས་གསོ་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ལོ་གསར་ཚེས་གཅིག་ཉིན་འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱིས། དུས་ཚོད་གཅིག་གི་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ཁང་སོ་སོར་ཞི་བའི་ངོ་རྒོལ་བྱེད་རྒྱུ་དྲ་དེབ་འདིའི་ཉིང་དགོས་ཡིན་ལ། དེ་ལྟར་བྱུང་ན་ངེད་ཚོའི་གནས་སྐབས་ཀྱི་རེ་འདོད་ཀྱང་འགྲུབ་པ་ཡིན།

རྩོམ་རིག

Post navigation

Previous Post: དྲ་ཐོག་བོད་མི་གླེང་བ།
Next Post: གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།

Comments (2) on “གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།”

  1. ཟུར་གནས། says:
    2009-01-06 at 7:02 pm

    གཤམ་གྱི་ྙན་ངག་འདི་ནི་དཔའ་མོ་འཇམ་དབྱངས་སྐྱིད་བཙོན་ལ་ཁྲིད་རྗེས། པེ་ཅིང་བོད་ཡིག་སློབ་བྲིང་ལ་སློབ་སྦྱོང་བྱེད་མཁན་གྱི་བོད་རིགས་སློབ་མ་རང་ལོ་༡༥ཅན་ཞིག་གིས་བྲིས་འདུག

    མི་རབས་གསར་པ།

    ཁྱེད་ནག་ཕྱོགས་སུ་ཁྲིད་པ་དེ་གོ་སྐབས།
    ང་ཡི་སྙིང་་བགྲང་མོར་འགྱུར་ཞིང་།
    བགྲང་ཤུར་ཤུར་གྱི་འཚོར་བས།
    པེ་ཅིང་གི་ཚ་བ་ནི་འཇོམས་ནས།
    ལུས་ནི་ཁྱག་རྡོར་འགྱུར།

    ཁྱེད་ནག་ཕྱོགས་སུ་ཁྲིད་པ་དེ་གོ་སྐབས།
    སེམས་ནི་ཕྱོགས་བརྒྱར་འཐོར་ནས།
    དྲན་མེད་འཚོར་མེད་ཀྱི་གདུང་བས།
    བོད་མི་ལ་མདུན་ལམ་མེད་པ་དང་།
    བརྟན་དུ་རེ་མེད་དུ་འགྱུར།

    ཁྱེད་ཕྱི་ལ་ཕེབས་པ་འདི་གོ་སྐབས།
    ཁོང་ཚོར་ཡ་ལན་སྤྲོད་པ་འདི་ཤེས་སྐབས།
    ལུས་ལ་སྟོབས་ཤུགས་རྒྱས་ཤིང་།
    སེམས་ལ་སྤོབས་པ་ཚད་མེད་སླེབས་ནས།

    བུ་ཆུང་ང་ཡང་ཁོང་ཚོས་ཁྲིད་ན།
    བུ་ཆུང་ང་ཡང་དྲི་བརྩད་བྱས་ན།

    གདོང་པ་ནམ་མཁར་ཕྱོགས་ནས།
    མི་རིགས་འདི་དང་ས་ཆ་འདིའི་ཆེད་དུ།
    སྤུན་གྲོགས་ཁྱེད་དང་བུ་ཕྲུག་ཚང་མའི་ཆེད་དུ།
    ད་དུང་འདས་པོ་ཀུན་དང་གསོན་པོ་ཀུན་གྱི་ཆེད་དུ།
    ནད་དང་ཁྲག་དང་།
    འཁུན་སྒྲ་དང་སྡུག་སྐད་ཀྱིས་འགྲོགས་ཏེ།
    བློ་དཀར་ཅན་གྱི་གངས་ཅན་ཞིག་འགྱུར་ན།

    ཨ་རྗེ་ལགས། འདི་ནི་ཁྱེད་ཀྱིས་བཞག་པའི་ཁ་འཆེམས་རེད།
    ཨ་རྗེ་ལགས། འདི་ནི་ཁྱེད་ཀྱིས་སྐྲུན་པའི་མི་རབས་གསར་པ་ཞིག་རེད།

  2. འདྲེ་རིག་ལྡན། says:
    2009-01-07 at 10:43 am

    རྒྱ་ཆེའི་ཀློག་མཁན་རྣམ་པ་དང་རྩོམ་འབྲི་བ་རྣམ་པར་ཞུ་རྒྱུར།
    ངེད་རྐང་ལམ་དྲ་བར་གཞན་གྱི་གློག་འཕྲིན་ཁ་བྱང་བེད་སྤྱད་ནས་འཕྲིན་ཡིག་རྫུན་མ་སྐུར་མཁན་མང་དུ་འགྲོ་བཞིན་འདུག་པ་དང་། འཕྲིན་ཡིག་དེ་དག་ཐམས་ཅད་ནི་སོ་ཉུལ་དྲ་འབུ་དང་ནད་དུག་གིས་མཚོན་པའི་དྲ་འདུ་ཏག་ཏག་རེད་འདུག དེ་དག་སྐུར་མཁན་མང་ཆེ་བས་བོད་མིའི་གློག་འཕྲིན་ཁ་བྱང་དང་བོད་གཞུང་དང་འབྲེལ་བའི་ལས་ཁུངས་ཁག་གི་གློག་འཕྲིན་ཁ་བྱང་བེད་སྤྱད་བཞིན་འདུག འཕྲིན་ཡིག་གི་ཁ་མ་ཕྱེས་ན་དཀར་ནག་གི་དབྱེ་བ་འབྱེད་མི་ཐུབ་པ་དང་། འཕྲིན་ཡིག་ཁ་ཕྱེས་ན་དྲ་འབུའི་གནོད་སྐྱོན་ཐེབས་པ་སོགས་ཀྱིས། ངེད་དྲ་བར་རྩོམ་ཡིག་སྐུར་མཁན་དག་གི་རྩོམ་ཡིག་རེ་གཉིས་ཀྱང་འདི་ནས་དོགས་ཟོན་དེའི་དབང་གིས་མ་བལྟ་བར་གད་སྣོད་དུ་གཡུག་འདུག་ན། འབྲེལ་ཡོད་དག་ལ་དགོངས་སེལ་དང་བཅས་རེ་བ་ཆུང་ཆུང་ཞིག་ཞུ་རྒྱུ་ཡིན། དེ་ནི་རྗེས་སོར་རྩོམ་ཡིག་གང་ཞིག་སྐུར་ཀྱང་བརྗོད་གཞི་འབྲི་སར་རང་རང་ཁ་པར་ཨང་གྲངས་བྲི་རོགས། ང་ཚོས་ས་ཐག་རིང་ཐུང་མ་བལྟས་པར་རྩོམ་ཡིག་འབྱོར་མ་ཐག་ཁ་པར་ཐོག་ནས་དག་སྐྱེལ་བྱས་རྗེས་གཞི་ནས་གློག་འཕྲིན་གྱི་ཁ་ཕྱེ་རྒྱུ་ཡིན་ལ། ཁ་པར་ལས་དག་སྐྱེལ་མ་ཐོབ་པར་བདུན་ཕྲག་གཅིག་ལས་མང་བ་འགོར་ན་གློག་འཕྲིན་དེ་མེད་པར་གཏོང་རྒྱུ་ཡིན་ན། དེ་ལུགས་ཁྱེད་རྣམ་པའི་ཐུགས་ལ་འཇགས་པར་ཞུ།
    རྩོམ་ཡིག་དྲ་ཐོག་ཏུ་སྐུར་ཐབས་གཞན་ཞིག་ཡོད་པ་ནི་ངེད་དྲ་བའི་གླེང་སྟེགས་བརྒྱུད་ནས་སྐུར་ཆོག་པ་དེ་ཡིན། གལ་སྲིད་ཁྱེད་ཀྱིས་གླེང་སྟེགས་སུ་ཐོ་འགོད་བྱས་པ་ཡིན་ན་དེར་རྩོམ་ཡིག་བཀོལ་ཆོག་ལ། གླེང་སྟེགས་སུ་བཀོད་པའི་རྩོམ་ཡིག་དེ་ཉིད་དྲ་བར་འགོད་དགོས་པའི་གསལ་བཤད་བྱས་ཡོད་ན་ང་ཚོས་དེ་ལྟར་དྲ་བར་འགོད་ཆོག
    རྐང་ལམ་དྲ་བས་ཟླ་ཚེས་བཟང་པོར་ཕུལ།
    http://www.kanglam.com

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme