Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་རིའི་མགོན།

Posted on 2009-08-21 By དགེ་རབ་ 1 Comment on གངས་རིའི་མགོན།

རྔ་བ་རྒྱལ་ཁམས་པ།
རྨད་བྱུང་མཁྱེན་པའི་ཆ་ཤས་རེ་ལ་མཐའ་ཡས་ཤེས་བྱའི་དཀྱིལ་འཁོར་བཟླུམས།།
བརྩེ་ཆེན་ཐུགས་རྗེའི་འཛུམ་ཞལ་རེས་ཀྱང་སྐྱེ་དགུའི་ཡིད་ཀྱི་བརྟན་པ་ཕྲོག།
ཞབས་མཐིལ་འཁོར་ལོའི་ཕྱི་རྗེས་རེ་རེར་དགེ་ལེགས་འོད་ཀྱི་སྣང་བ་འཁྱིལ།།
རྒྱུ་དང་མི་རྒྱུའི་སྲོག་གི་ཀ་བ་དུས་མཐའི་ས་མཁན་གངས་རིའི་མགོན།།
གང་གི་རྣམ་ཐར་བུར་ཆང་ཉར་མས་ཡོངས་སྨིན་བདག་བློ་བ་ཀུ་ལ།།
མི་ཕྱེད་དད་པའི་དྲི་བཞོན་གྱིས་བསྐྱོད་སྒོ་གསུམ་འཁྲི་ཤིང་གཡོ་བའི་གར།།
རྩེན་པའི་སྙིམ་པ་འདབ་མའི་ཕོན་པོ་གནས་གསུམ་དག་ཏུ་རིམ་བཀོད་ནས།།
དུད་པའི་ཕྱག་བཅས་ཞུ་འཕྲིན་ཡིག་ཕྲེང་ཟོལ་མེད་སྦྲང་རྩིའི་དོག་པ་འགྲེམས།།
ཀ་དག་གདོད་མའི་གཞི་དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུ་ཡི་ྐློང་།།
ཁ་དོག་ལྔ་ལྡན་ལྷུན་གྲུབ་འོད་གསལ་གཉུག་མ་ཟལ་ཐལ་འདུས་མ་བྱས།།
རྒྱ་ཆད་ཕྱོགས་བྲལ་དུས་མེད་ཁྱབ་གདལ་རིག་པའི་རང་བཞིན་བསམ་མི་ཁྱབ།།
ཆོས་ཟད་བློ་འདས་གཏན་སྲིད་ཟིན་པ་ཆོས་སྐུའི་བླ་མ་གངས་རིའི་མགོན།།
རང་བཞིན་རྣམ་དག་ཆོས་དབྱིངས་ཀུན་བཟང་སྣང་ཆར་ཁྱབ་བདག་རྡོ་རྗེ་འཆང་།།
རིག་རྩལ་མ་འགགས་དགའ་རབ་རྡོ་རྗེ་རིགས་འཛིན་རྒྱལ་བོ་ཛཱ་ལ་སོགས།།
དགོངས་བརྡ་སྙན་བརྒྱུད་ཆུ་བོ་གཅིག་འདྲེས་ཡང་གསང་ཟབ་བརླིང་ནོར་བུའི་མཛོད།།
འོད་གསལ་རྡོ་རྗེ་རྩེ་མོའི་གཏེར་ཆེན་ཉིང་རལ་ཉི་མ་གངས་རིའི་མགོན།།
འཇམ་དབྱངས་འཁོན་རིགས་སྒོ་ངའི་སྦུབས་ནས་རིག་པའི་ཡེ་ཤེས་རྒྱ་གྲོལ་ཏེ།།
གསང་ཆེན་བསྟན་པའི་མཁའ་ལམ་སྡུད་པ་ཀུན་སྙིང་འདབ་ལྡན་དབང་བོའི་སྡེ།།
ཁྱད་པར་ཐུགས་བསྐྱེད་མཆོད་ཡོན་སྤྲིངས་པའི་ཆེན་པོ་ཧོར་བོད་རྣམ་སད་ཀྱི།།
ཁྲི་ལ་འཛེགས་པ་ཆོས་ཉིད་སྣང་བྱེད་སྟོང་ཕྲག་གཡོ་བ་གངས་རིའི་མགོན།།
ཐུགས་མཆོག་ས་ཧ་ཀ་རའི་འཁྲི་ཤིང་བློ་བཟང་གསུང་རབ་འོ་རྒྱུན་གྱིས།།
བསྐྱེད་བསྲིངས་འགོག་ལམ་བདེན་པའི་དམ་ཆོས་སྙེ་མའི་གར་བུ་གཡུར་ཟ་ལྡེམ།།
བསླབ་གསུམ་ཡོན་ཏན་མེ་ཏོག་གསིལ་མ་ཐུབ་བསྟན་ནོར་འཛིན་འཇོ་སྒེག་འཛིན།།
དགེ་འདུན་གྲུབ་སོགས་འཁྲུངས་རབས་ཕྲེང་བའི་གསང་གསུམ་གཅིག་བསྡུས་གངས་རིའི་མགོན།།
ཕྱག་ན་པད་མོའི་ཐུགས་བསྐྱེད་ས་བོན་བསིལ་ལྗོངས་ལས་སྨོན་དྲོད་གཤེར་ཟུང་།།
ཚོགས་པའི་མ་སྨད་རྟེན་འབྱུང་འབྲས་བཟང་མཚན་དཔེ་གསར་རྫོགས་པད་མ་དཀར།།
རྟ་མཆོག་ཆོལ་ཁའི་ལྡུམ་རར་ཤིང་ཕག་སྣྲོན་ཟླའི་ཡར་ཚེའི་ལྔ་བ་ལ།།
དགེ་ལེགས་སྦྲང་རྩིའི་ཕོན་པོ་འཕྱོ་བཞིན་རྣམ་པར་འཁྲུངས་སོ་གངས་རིའི་མགོན།།
དེའི་ཚེ་བསིལ་ལྡན་གྲུབ་བརྙེས་དུ་མས་ངེས་དོན་ཚད་མའི་བཀའ་ལུང་དང་།
རྒྱལ་ཀུན་འཕྲིན་ལས་ཨརྱ་ཏཱ་རེའི་གསང་གསུམ་ྐློང་ལས་ཨ་ཀ་མའི།།
རྡོ་རྗེའི་འཕྲུལ་ཡིག་གྱེན་དུ་འཕགས་པས་ཡང་དག་ངེས་རྙེད་ལྷ་དང་མིས།།
མཆོད་ཚོགས་རྒྱ་མཚོའི་སྤྲུལ་བའི་ཞིང་གི་ཁྲི་ལ་བཀུར་བ་གངས་རིའི་མགོན།།
ས་མཐོར་གཤེགས་ཀྱང་བསྟན་རྩ་སོ་ཐར་ལ་དགོངས་བསླབ་པས་རང་རྒྱུད་གཏམས།།
སྦྱངས་ཡོན་བཅུ་གཉིས་མཁའ་ནང་སྣང་སྟོང་ཟུང་འཇུག་གོ་ལ་ཟླུམ་པོའི་འགྲོས།།
འཕགས་པའི་ནོར་བདུན་འཁོར་སྐར་དང་འགྲོགས་བར་མེད་རྒྱུ་བ་སྤངས་རྟོགས་ཀྱི།།
ཡོན་ཏན་མ་ལུས་ངང་གིས་གྲུབ་པ་རྣལ་འབྱོར་དབང་ཕྱུག་གངས་རིའི་མགོན།།
བསྐལ་མང་སྔོན་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔལ་བརྩེགས་སྐུའི་ངོ་བོར།།
མངོན་པར་བྱང་ཆུབ་གདུལ་བྱའི་མོས་ངོར་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་།།
རྒྱལ་ཀུན་དམིགས་མེད་ཐུགས་རྗེའི་འཕྲིན་གཟུགས་འཕགས་མཆོག་ཕྱག་ན་པད་མོ་སྟེ།།
ཤིན་ཏུ་མི་སྲིན་གདུལ་དཀའི་རྙིགས་འགྲོར་བྱང་ཆུབ་ས་སྟོན་གངས་རིགས་མགོན།།
འཕགས་ཡུལ་པན་གྲུབ་བྱེ་པའི་གཙུག་ནོར་ཨ་ཏི་ཤ་ཡི་ས་གཞི་ལས།།
ལེགས་འཁྲུངས་བདུན་དང་ཆེ་བཞིའི་བདག་ཉིད་ལི་ཤིའི་ནགས་ྐློང་འཁྲིགས་པའི་ཚལ།།
ཟོས་པའི་བློ་གྲོས་སྤོས་ཀྱི་གླིང་བོ་ལན་བརྒྱར་སྐྱུག་པ་གདམས་པའི་དྲིས།།
ཚུལ་མིན་ལྟ་བའི་སྣ་བུག་འགགས་པ་འབྲོམ་སྟོན་སྤྲུལ་སྐུ་གངས་རིའི་མགོན།།
བཀར་བཏགས་ཕྱག་རྒྱའི་དཔུང་བ་གཏུམ་པོས་ཉེར་བསྐོར་འཕྲུལ་གྱི་ཕོལ་མིག་ཏུ།།
མཐའ་བཞིའི་རྒྱལ་ཁམས་རང་དགར་བཟླུམས་པ་དགེ་ལེགས་འཆར་ཁའི་ཟེགས་མ་ཡིས།།
རྣམ་པར་ཕྱེ་བའི་དཔལ་ལྡན་སྡེ་བཞི་དཔྱིད་དགའི་མེ་ཏོག་འཛུམ་པའི་ཕྲེང་།།
ཁ་བ་རི་བའི་རྐང་བ་དྲུག་པར་སྤེལ་བའི་མེས་པོ་གངས་རིའི་མགོན།།
གྲངས་མེད་དཔའ་བོའི་དཔུང་གིས་མ་ཡིན་འབུམ་ཕྲག་རི་བའི་ནོར་གྱིས་མིན།།
གཡོ་དང་སྒྱུ་ཡི་འཕྲུལ་འདེགས་ཀྱིས་མིན་གཞན་གྱི་ངོ་སོ་བསྟོད་པས་མིན།།
ཚད་མེད་ཞི་བའི་སྤྲིངས་ཡིག་གཅིག་གིས་འཛམ་གླིང་མུ་ཏིག་འཁྲི་ཤིང་མ།།
དགའ་བས་གཟེངས་བསྟོད་རྟགས་མ་བསྲིངས་པ་ཞི་བདེའི་སྲོག་ཤིང་གངས་རིའི་མགོན།།
དགྲ་སྡེའི་དྲག་པོའི་རུ་མཚོན་འཕྱར་བ་ཚད་མེད་རྣམ་བཞིའི་ཕྱག་གིས་བསྙིལ།།
མཁྲེགས་འཛིན་ལྟ་བའི་གཏི་མུག་མིན་སྒོམ་རྣལ་མའི་གཏམ་གྱི་སེན་སྒྲས་སློང་།།
འཁྱོག་བཤད་རྫུན་ཚིག་སྤུངས་པའི་སྒོ་གླེགས་ཡིད་ཆེས་གསུང་གི་རྒྱ་ཡིས་བཏབ།།
དགྲ་གཉེན་བར་མའི་མཚན་རྟོག་ཉེར་ཞི་འདྲེན་པ་མཉམ་མེད་གངས་རིའི་མགོན།།
ཤེས་བྱའི་གནས་ལུགས་རྟོགས་པའི་ལམ་བཟང་རྨད་དུ་བྱུང་བ་དབུ་མ་ཡིན།།
འཇིག་རྟེན་སྲིད་ལུགས་སྐྱོང་བའི་རྣམ་བཞག་བླ་ན་མེད་པའང་དབུ་མ་ཡིན།།
དབུ་མའི་ལམ་ནས་སྒྲུབ་པའི་ཆོས་ལ་ཉོན་མོངས་མེད་ཅིང་དགེ་ལེགས་འབྱུང་།།
དུས་ཀྱི་དབུ་མའི་སློབ་དཔོན་ཆེན་མོ་དབུ་མའི་བླ་མ་གངས་རིའི་མགོན།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་འཛམ་གླིང་ཞི་བདེའི་དབུ་འཕངས་མཐོ།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་སྐྱེ་ཁམས་ཁོར་ཡུག་སྙོམ་ཞིང་གཙང་།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་གོ་ལའི་སྣོད་བཅུད་ལྷག་པར་བརྗིད།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་མཁའ་མཉམ་འགྲོ་བ་མགོན་དང་བཅས།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་ཐུབ་བསྟན་རྩ་ལག་དར་ཞིང་རྒྱས།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་རིས་མེད་ཆོས་བརྒྱུད་མཛའ་ཞིང་མཐུན།།
ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་སྒང་བ་བོད་རྣམས་ངོ་སོ་མཐོ།།
ཁྱེད་ཉིད་སྐུ་ཚེ་ཡིན་རིང་བརྟན་ན་དུས་གསུམ་རྒྱལ་བའི་བཞེད་དོན་འགྲུབ།།
ཅེས་པ་འདི་བཞིན་འགྲོ་འདུལ་དུས་བབ་ཀྱི་སྙིགས་མའི་རྣམ་འདྲེན་ཆེན་མོ། ༸གོང་ས༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸རྗེ་བཙུན་འཇམ་དབྱངས་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག ཐུན་མོང་སྣང་ངོར་སྐུའི་དགུང་གྲངས་བདུན་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་ལེགས་གསོལ་མཆོད་ཡོན་དང་། སླད་ནས་ཀྱང་སྐུ་ཚེ་ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཅས། ཡུལ་གངས་ཅན་གྱི་སྙན་ངག་སྨྲ་བ་རྔ་བ་རྒྱལ་ཁམས་པར་འབོད་པས་ཨ་མི་རི་ཁ་ནས་སྒོ་གསུམ་གུས་ཕྱག་བཅས་བྲིས་པ་དགེའོ།།

སྙན་ངག

Post navigation

Previous Post: སྔ་འགྱུར་རྙིང་མ་པ་ཇི་ལྟར་བྱུང་ཚུལ།
Next Post: དགའ་ལི་ལེའོ་དང་འཇིག་རྟེན།

Comments (1) on “གངས་རིའི་མགོན།”

  1. རྩམ་པ་དཀར་པོ། says:
    2009-08-21 at 9:52 am

    བཀྲ་ཤིས་བདེ་ལེགས་ཞུ། སྙན་པོ་འདུག མུ་མཐུད་དུ་སྤེལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme