Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་རི།

Posted on 2025-07-21 By ཁ་བརྡ་ No Comments on གངས་རི།

བོད་འབྱོར།

གྲང་འཁྱག་གི་ཡུལ་ལྗོངས་འཚོ་བའི་མི་ཚོགས་ཤིག་གིས།

 གློ་སྙིང་བྲང་གསུམ་གཏད་ཆོག་ཆོག་ནི།

གངས་རི་ལས་ཡོད་མི་སྲིད་པས།

 ཤིན་ཏུ་འཁྱག་པའི་སྐབས་སུ་གངས་རི་དྲན་འོང་བ་ནི།

 ཆེས་རྒྱུན་ལྡན་ཞིག་རེད།

 མཐོ་སྒང་གི་གནམ་གཤིས་ལོ་རེ་བཞིན་ཇེ་དྲོར་གྱུར་དུས།

གངས་རི་ལོ་རེ་བཞིན་ཞུ་འགྲོ་བ་ལ་སེམས་ཁྲལ་བྱེད་མཁན་སུ་ཞིག་ཡོད།

 གངས་རི།

 སྐྱིད་དུས་ཀྱི་གངས་རི།

 སྡུག་དུས་ཀྱི་གངས་རི།

 དཀར་པོ་ཡིན་པའི་གངས་རི།

 ནོགས་མ་མྱོང་པའི་གངས་རི།

ཉི་འོད་ཀྱིས་དྲོ་དུས་ཁྱོད་རང་དྲན།

 ཟླ་འོད་ཀྱིས་བསིལ་དུས་ཁྱོད་རང་དྲན།

 བླ་སྲོག་གི་རྒྱབ་རི་ལྷུན་པོ།

 ཆར་རླུང་གི་དུས་ཚོད་འདི་རུ།

 ཁྱོད་རྟག་བརྟན་གྱི་ཉི་ཟླ་ཚེས་དགོས།

 བསྐལ་བ་མི་འཇིག་པའི་སྲོག་རྟེན་ཁྱོད་ཡིན།

 མཚོ་མོ་མི་སྐམ་པའི་སྨོན་འདུག་ཁྱོད་ཡིན།

 གངས་རི།

 འཛུམ་གྱི་ལེར་རྟག་བརྟན་ཡོང་ན།

 ཨ་ཕའི་ཐོད་རུས་ཀྱི་གྲིབ་མ་སྣུམ་ཤིག་གེར།

 ཨ་མའི་སྙིང་ཁོང་གི་གསོལ་འདེབས་དྲོད་ལྷང་ངེར།

ཕུ་བོའི་གཞིས་ཀ་ཡི་སྦྲ་ནག་སྨུག་གྱི་ལེར།

 ཨ་ཅེའི་གནས་ཚང་གི་རྡོ་མཁར་ལྷུན་ཆགས་སེར།

 གངས་རི་ཚ་གདུག་གི་སེར་ཁ་མ་འཆོར་ན།

 དེའི་ཡན་གྱི་སྨོན་འདུན་གཞན་ཞིག་མི་འདུག

༩༠

 རིན་ཆེན་བྱང་ཆུབ་སེམས་ཀྱི་མཛོད་ཁང་དབུས་ན༎

མ་འདྲེས་སྟོན་པ་མཆོག་གིས་དགྱེས་བརྩེར་མཛད་བཞིན༎

ཚད་མེད་སྙིང་རྗེའི་གཏེར་ཆེན་གངས་ལ་འཕོས་པའི༎

ལྷ་གཅིག་དགེ་སྦྱོང་གང་དེས་ཤིས་པ་སྩོལ་ཅིག།

ཞལ་རས་དུང་གི་ཟླ་བ་ཡུན་རིང་མ་མཇལ༎

གསུང་སྐད་ཚངས་པའི་དབྱངས་སྙན་ཡུན་རིང་མ་ཐོས༎

 དགུ་བཅུའི་ལ་རྩེར་འཛེགས་པའི་དྲང་སྲོང་མེ་ཏོག།

སྐུ་བདེ་ཁམས་བདེ་ཡིན་ནམ་སེམས་ཀྱི་ཨ་ཇོ༎

སྐྱིད་ཤོད་ལྷ་སའི་ལུང་པའི་གཞིས་ཆུང་དབུས་ན༎

ཆུ་ཆེན་ཡར་ཀླུང་གཙང་པོའི་རླབས་སྒྲ་བརྗིད་ཀྱང་༎

ཉི་མའི་དབུ་ཞྭ་མནབས་པའི་རི་བོ་གྲུ་འཛིན༎

ཡུལ་ལ་གཅིག་པུར་ལྷག་པས་སྐྱོ་ཉམས་ཆེ་འདུག།

དད་བརྩེའི་འཇའ་གུར་འཁྲིགས་པའི་བོད་ཀྱི་ཞིང་ན༎

མ་ཎི་ཡི་གེ་དྲུག་མའི་ཆོས་དབྱངས་སྙན་མོད༎

 བྱེས་སོང་སླར་ཡོང་མེད་པའི་བར་ཐག་དེ་ཡིས༎

 དྲན་གདུང་སེམས་ཀྱི་རྨ་ཁ་སོས་ཐབས་མ་བྱུང་༎

རང་དབང་འབའ་སྒྲ་སྒྲོག་པའི་རྩྭ་ཐང་དེ་རུ༎

ལུག་ཁྱུ་ལྷས་ལ་བཀོད་པའི་གཡང་གི་རྫི་བོ༎

འཇིགས་ཅན་སྤྱང་ཀིས་བདས་པའི་ལོ་ཟླ་དེ་ནས༎

ཏི་སེའི་དབུ་འཕང་ཉམས་སོང་རིགས་ཀྱི་སྲུང་མ༎

སླར་མཇལ་རེ་བའི་འཛུམ་ཞལ་ཞེ་ལ་འཆང་ཞིང་༎

 དད་པའི་ཡིད་ཆེས་ཟབ་པའི་བགྲེས་པོ་ཕལ་ཆེར༎

མ་མཇལ་གཤིན་ཡུལ་འགྲིམ་པའི་གཏན་ནས་གཏན་དུ༎

བྲལ་བའི་སྣང་བརྙན་དེ་ཡིས་ཡིད་ཁམས་སྐྱོམས་སོང་༎

ང་ཁྲུང་ལྷོ་རུ་འཕུར་བའི་རྗེས་ཤུལ་དེ་ན༎

སྐྱོ་བ་ཙེར་ཙེར་འབྱིན་པའི་སྒྲ་ལས་མེད་ཀྱང་༎

རེ་སྒུག་བྲག་ལ་བྲིས་པའི་གངས་ཀྱི་འདབ་རོལ༎།

བྱོན་པའི་སྐལ་བར་ཡོད་བསམས་ཞེ་ཡིས་བཏེགས་ཡོད༎

བཅུ་ཚན་བཅུ་ཡན་བརྒལ་བར་ཞལ་བཞེས་ཡོད་ཀྱང་༎

ཞལ་ལ་བགྲེས་ཉམས་དོད་པའི་སྐུ་ཡི་བཀོད་པ༎

 དད་པའི་ཡིད་མཁར་སྒོམ་བཞིན་བདེ་ནས་བདེ་བར༎

རེ་བའི་སྨོན་ལམ་བཏབ་པ་ལན་ཅིག་མ་ཡིན༎

ཆོ་འཕྲུལ་འདྲེ་ཡིས་བཅོམ་པའི་བྷོ་ཊའི་ལྗོངས་ལ༎

དགུན་ཟླའི་ལྷགས་རླུང་གཡོལ་བའི་དབུ་ཞྭ་མེད་པས༎

ཉོན་མོངས་འབྱུང་ཆེན་འཁྲུགས་པའི་རི་བོས་གཙེར་ལ༎

རྒྱང་ནས་ཐུགས་ཁྲེལ་ཆེ་སོང་གྲུ་འཛིན་བདག་པོ༎

ལོ་རྒྱུས་དུས་ཀྱིས་བཅད་ཀྱང་ནོག་པ་མ་རེད༎

བར་ཐག་རི་ཆུས་བསྐལ་ཡང་ཆོད་པ་མ་རེད༎

 སྒྲིབ་མེད་བྱམས་བརྩེའི་སྤྱན་གྱིས་དུས་ཀུན་འཚོས་པའི༎

བཀའ་དྲིན་འོ་མའི་ཆུ་གཏེར་སྐམ་པ་མེད་དོ༎

རྩོམ་རིག, སྙན་ངག

Post navigation

Previous Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ལྔ་པ།
Next Post: ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་ལྔ་པ་ལེགས་གྲུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme