Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ཅན་ཨ་མའི་རྒྱལ་གླུ་དཔྱིད་ཀྱི་དཔལ་མོ་ཞེས་བྱ་བ།།

Posted on 2015-01-13 By ཁ་བརྡ 7 Comments on གངས་ཅན་ཨ་མའི་རྒྱལ་གླུ་དཔྱིད་ཀྱི་དཔལ་མོ་ཞེས་བྱ་བ།།

ཨེ་མ་ཧོ།
ན་མོ་གུ་རུ་དྷེ་ཝ་ཌྰ་ཀི་ནི་ཡེ།།
རབ་དཀར་གངས་ཀྱི་རི་བོས་མཛེས་པ་ན།།
རྣམ་དཀར་བཞིན་གྱི་དཀྱིལ་འཁོར་ཆུ་ཟླའི་དཔལ།།
ནམ་ཡང་རྒུད་པ་བྲལ་བའི་ལྷག་བསམ་འཚོ།།
གངས་ཅན་ཨ་མ་སངས་རྒྱས་ཆོས་སྒྲོན་རྒྱལ།།
སྔོ་ལྗངས་གཡུ་ལོས་གཏམས་པའི་བསིལ་ལྗོངས་ན།།
ལྷན་སྐྱེས་རྩི་ཤིང་དྲི་ཞིམ་ཐུལ་བའི་དཔལ།།
བཟང་དྲུག་གཡང་དུ་འཁྱིལ་བའི་སྨན་མོ་འཚོ།།
གངས་ཅན་ཨ་མ་ཀརྨ་ཆོས་སྒྲོན་རྒྱལ།།
བདེ་སྟོང་གློག་འོད་འཁྱུག་པའི་གུར་ཁང་ན།།
བདེ་ཆེན་ཡེ་ཤེས་སྟེར་བའི་མཛའ་ན་མོ།།
བདེ་མཆོག་དངོས་གྲུབ་སྩོལ་མཁས་རིག་བྱེད་འཚོ།།
གངས་ཅན་ཨ་མ་པདྨ་ཆོས་སྒྲོན་རྒྱལ།།
སྣ་ཚོགས་འཇའ་འོད་འཁྲིགས་པའི་མཁའ་ཀློང་ན།།
ཡིད་བཞིན་འདོད་འཇོའི་གཏེར་མཛོད་ནོར་བུའི་དཔལ།།
རིན་ཆེན་བུམ་བཟང་སྦྱིན་པའི་བདུད་རྩི་འཚོ།།
གངས་ཅན་ཨ་མ་རིན་ཆེན་ཆོས་སྒྲོན་རྒྱལ།།
ཞི་ཁྲོ་དམ་པ་རིགས་ཀྱི་ཞིང་ཁམས་ན།།
ལས་ཀུན་ལྷུན་གྲུབ་ཀུན་བཟང་སེམས་མ་ཆེ།།
རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་ཡེ་ཤེས་འཚོ།།
གངས་ཅན་ཨ་མ་རྡོ་རྗེ་ཆོས་སྒྲོན་རྒྱལ།།
ཕྱག་རྫོགས་དབུ་གསུམ་འདུས་པའི་ཀློང་དབྱིངས་ན།།
མཁྱེན་བརྩེ་ཉི་ཟླ་དུང་གི་འོད་གསལ་སྙིང་།།
ཚེ་གཅིག་སངས་རྒྱས་མཐོང་བའི་མཁའ་འགྲོ་འཚོ།།
གངས་ཅན་ཨ་མ་ཆོས་ཉིད་དབྱིངས་སྒྲོན་རྒྱལ།།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་རྔ་བཟའ་བདེ་པོ་འཚོ་དང་མཁའ་འགྲོ་ཆོས་སྒྲོན་གྱིས་འབོད་སྐུལ་བཞིན་ཨེ་ཝྃ་སྨན་ཁང་ག་ལ་བར་གང་ཤར་དུ་བདེན་པའི་གླུ་དབྱངས་འགུག་པར་མཁས་པའི་རིག་འཛིན་ཨེ་མ་ཧོས་གངས་ཅན་ཨ་མ་རྒྱལ་སྨོན་འདུན་རྟེན་འབྲེལ་གླུ་རུ་བླངས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།

སྙན་ངག

Post navigation

Previous Post: སྤྲང་པོའི་གླུ་སྐད།
Next Post: རིག་གཞུང་ཉམས་ཆག་འགྲོ་ཚུལ་སྐོར་གྱི་དོན་ཚན་གསུམ།

Comments (7) on “གངས་ཅན་ཨ་མའི་རྒྱལ་གླུ་དཔྱིད་ཀྱི་དཔལ་མོ་ཞེས་བྱ་བ།།”

  1. ཇུས་ཏོག says:
    2015-01-13 at 8:12 am

    ཨེ་མ་ཧོས་སྙན་རྩོམ་དེ་སྙན་ཐི་་སྦྱིན་རླབས་ཆེ་འདའ་་དེ་མིན་་དེང་སང་སྙན་ངག་
    བྲི་མཁན་མང་པོ་འདུག་པ་དེ་དག་ལ་སྤྱད་སྐབས་འདི་ལྟར་རོ་།
    སྙན་པོ་ཐམས་བཅས་སྙན་ངག་མིན་།
    ཞིམ་པོ་ཐམས་བཅས་ཁ་ཟས་མིན་།
    མགྱོགས་པོ་ཐམས་བཅས་རྟ་བོ་མིན་།
    རྒོད་པོ་ཐམས་བཅས་དཔའ་བོ་མིན་།
    མཛེས་མ་ཐམས་བཅས་མཁའ་འགྲོ་མིན་།
    ས་ཆ་ཐམས་བཅས་ཞིང་ས་མིན་།
    ཆ་བོ་ཐམས་བཅས་ཐུང་ཆུ་མིན་།

  2. ཁྱུང་སེ། says:
    2015-01-13 at 11:09 am

    འཚོ་ཞེས་ཡང་ཡང་སྐྱོར་བ་འདི།
    འགྱུར་ཁུག་སྟོང་ལྡན་ཀླུ་མོ་འཚོ།
    ཡིད་ལ་དྲན་པའི་གླུ་ཆུང་དེ།
    དཔལ་དགྱེས་རྡོར་རྗེའི་ལག་ནས་ཤོར།

  3. བསྟན་འཛིན་འོད་ཟེར། says:
    2015-01-13 at 11:29 am

    གངས་ཅན་ཨ་མ་རྒྱལ་གླུ་ཡག་བྱུང་ཐུགས་རྗེ་ཆེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-13 at 2:46 pm

    ཆེད་རྩོམ་མིང་ལ། གངས་ཅན་ཨ་མའི་རྒྱལ་གླུ་མིན་པར། ཨ་མ་ཆོས་སྒྲོན་རྒྱལ་བའི་རྒྱལ་གླུ་བཏགས་ན་མི་ལེགས་སམ།

  5. ཡར་ལྷ་ཤམ་པོ། says:
    2015-01-13 at 3:46 pm

    ༄།། བཀུར་འོས་ཁ་བརྡའི་རྩོམ་སྒྲིག་པ་མཆོག་ལ། ཕྲན་གཞན་གྱི་བསམ་ཚུལ་དང་ལྟ་བ་ཤེས་རྟོགས་བྱས་ཏེ། རང་གི་གོ་རྟོགས་གོང་འཕེལ་དང་། རང་གི་བསམ་ཚུལ་གཞན་ལ་ལྷུག་བརྗོད་ཆེད་དྲྭ་བ་འདིར་གཞུགས་འདོད་ཆེ་བས། དེ་ལུགས་མཉམ་བཞུགས་ཆོག་པ་མཁྱེན།།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-01-14 at 12:28 am

    རྒྱལ་གླུའི་ནང་ལ། བོད་ཀྱི་ས་རྒྱ་དང་གཙང་ཆུ་དང་། མི་རིགས་དང་། རྒྱལ་ཞེན་ཤོད་དགོས་པ་ལས། ཆོས་ལུགས་ཅིག་གི་སྐོར་རྐྱང་བཤད་བསྡད་ན། ཆོས་ལུགས་གཞན་པ་ལ་གནོད་ནས། ཕན་པ་ལས། གནོད་ཆེ་བ་འགྱུར་ངེས་ཡོད་རེད་དོ།།

  7. པདྨ says:
    2015-01-14 at 1:34 am

    སྤྱིར་ན་གངས་ཅན་ཨ་མ་ལ་བསྟོད་པ་རྨད་དུ་བྱུང་བ་རྩོམ་པ་ཆོས་དང་འཇིག་རྟེན་ལ་བྱང་ཆུབ་པའི་བདག་ཉིད་དུ་མཐོང་སོང་། ཡིན་ན་ཡང་།དེང་དུས་བཟང་པོ་ལས་ངན་པ་འགྲིམས། བདེན་པ་ལས་རྫུན་པ་བསྟོད། ཨ་མ་ལས་རྐུན་མ་གཙོ་བའི་དུས་སུ་རྐུན་མའི་དཔོན་པོ།ཇག་པའི་སྣ་འདྲེན།མགོ་སེར་དང་རྒྱ་མོ་ཚོ་ལས་་་་གངས་ཅན་ཨ་མ་རྣམས་ཕྱོགས་ཙམ་ཉེ་རུ་མི་འཇུག་པའི་ཀརྨ་ནག་རིལ་ཚོགས་ལ་གནོད་པར་གདོན་མི་ཟ། གང་ཡིན་ན་སོ་སོས་ཆོས་པའི་གདོང་འབག་བོང་བའི་གཟིག་ལྤགས་བཞིན་གྱོན་ནས། མཆོད་འོས་བསླུས། འགྲོ་ལ་གཡོ་སྒྱུ་སྤྱོད། ཉམས་ཆུང་བུ་མོ་ཚོ་ལ་ངན་སྨད་ལས་དྲིན་ལན་མི་ཤེས། ཆོས་གཟུགས་ལྟར་སྣང་གི་ཁྲབས་སྟོན་གྱི་འགྲན་བསྡུར་ཙམ་ལས་བཀའ་བརྒྱུད་གོང་མའི་ཞབས་འདྲེན་དག་ལ་གནོད་པས་ཨེ་མ་ཧོས་གཟབ་གཟབ་གནང་རོགས་མ་གཏོགས། ངེས་དོན་གྱི་བླ་མ་དམ་པ་ནང་ཆེན་སངས་རྒྱས་བསྟན་འཛིན་བཞིན་འགྱུར་ཉེན་པས་བག་ཡོད་པར་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme