Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ཅན་སྐྱིད་གཤོངས་རྒས་གསོ་དང་བྱིས་གསོ་ཁང་མ་རེད། 

Posted on 2020-08-202020-08-20 By ཁ་བརྡ No Comments on གངས་ཅན་སྐྱིད་གཤོངས་རྒས་གསོ་དང་བྱིས་གསོ་ཁང་མ་རེད། 

གཡུ་འབྲུག
 
དེང་སང་བོད་པ་ལ་ལས་ཕྲུ་གུ་མར་འབྱར་འདྲ་བའི་སློབ་གྲྭ་ཐོན་མ་རག་པ་ལོ་ན་ཉི་ཤུ་ནས་སུམ་ཅུ་ཡས་མས་ཀྱི་གཞོན་ནུ་འགའི་པར་མཉམ་དུ་སྦྱར་ཏེ། སྲིད་སྐྱོང་དང་། བདེ་སྲུང་། ཆོས་རིག་སོགས་བཀའ་བློན་གྱི་མིང་ཐོ་བཀོད་འདུག གངས་ཅན་སྐྱིད་གཤོངས་བུ་གསོ་ཁང་རེད་དྲན་བཞིན་པ་འདྲ། ཆབ་སྲིད་ཀྱི་དབུ་ཁྲིད་དེ་ཕྲུ་གུ་ཚོའི་རྩེད་རའི་བྱིས་སྒྲུང་འཁྲབ་པ་ནང་བཞིན་ལས་སླ་མོ་ཞིག་མ་རེད། བོད་པས་ཆབ་སྲིད་མི་ཤེས་ཟེར་བ་དེ་ཚོ་རེད། ལོ་ཆུང་བ་ཚོ་ལྷག་བསམ་དང་། ཤེས་ཡོན་ཡོད་ན་ཡང་བཀའ་བློན་ཕར་ཞོགས། དྲུང་ཆེ་ལ་འགྲོ་རན་མི་འདུག སྤྱི་ཚོགས་གང་ཞིག་བྱས་རྗེས་དང་། ལྷག་བསམ་མི་གཙོ་ཧམ་པ་གཙོ། ཉམས་མྱོང་ཅན་གྱི་རྒན་པ་མི་གཙོ། གཞོན་པ་ཤེས་ཡོན་སྐམ་པོ་ཅན་གཙོ་བའི་དུས་ཚོད་བསླེབ་དུས་ཉམ་པ་ལས་ཀྱང་ཉམ་པར་གྱུར་པ་རེད།

བོད་ཀྱི་སྲིད་སྐྱོང་ཟེར་བ་དེ་གང་ཞིག་ན་མྱི་འཇོན་པོ་ཞིག་དང་། རྫིག་པོ་ཞིག ཤེས་ཡོན་པ་ཞིག་འདུག དེ་འོས་པོ་འདུག་ཟེར་བླུགས་ན་ཡག་པོ་མི་འདུག རྒྱུ་མཚན་མ་ཤེས་པའི་སྐད་ཆ་རེད། དེང་སང་ཤེས་ཡོན་ཡོད་མཁན་ཁྱི་དང་ཞི་མི་ལས་མང་བ་རེད། གང་ལྟར་ཡང་བྱ་བ་གཅིག་པ་རྡོག་པ་ནོན་མཁན་ཞིག་དང་། འཇོན་མཁན་རྩ་བ་ནས་མེད་ན་མ་གཏོགས་ལས་བྱེད་རྙིང་པ་ལོ་མང་རིང་དཀའ་ལས་རྒྱག་མཁན་ཚོར་གོ་སྐབས་གནང་བ་དང་། བཀའ་དྲིན་ལ་བསམ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། གང་ཞིག་ན་བཟང་པོ་ཞིག་དང་། གཉན་པོ་ཞིག་གི་རྗེས་དེད་འདུག་ན་མཐར་རྙིང་པ་ཡོད་ཚད་ཤོར། གསར་བ་གང་ཡང་མི་ཟིན་པ་ཞིག་ཡོང་ངེས་རེད།

གཙོ་བོ་བོད་རང་གི་སྒྲིག་འཛུགས་ནང་ཉུང་མཐར་ལོ་བཅུ་ཡན་ཆོད་ཕྱག་ལས་གནང་མྱོང་ཞིང་། བོད་ཀྱི་གཞིས་ཆགས་ཡོངས་ལ་རྒྱུས་ལོན་ཡོད་པ། བོད་ཧིན་དབྱིན་གསུམ་གྱི་ཤེས་ཡོན་ཚད་ལྡན་དང་། སྐད་ཡིག་བྱང་ཆ་ངེས་པར་དུ་ཡོད་པ། སྤྱི་ཚོགས་ཀྱི་སྣེ་འཁྲིད་འདོད་ཡོད་པ། དེ་བཞིན་འཇོན་ནུས་ཡོད་པ། བཟང་ཤོང་ངན་ཤོང་། ལོ་ལྔ་བཅུ་ངེས་པར་དུ་ལོན་པ། གྲྭ་བཙུན་མ་ཡིན་པ། འདི་འདྲ་བྱུང་ན་ཚང་མ་བསམ་འཆར་མེད་ངེས། དེ་མིན་ཐོད་བརྒལ་དང་། ཨ་གསར་ཤ་སྟག་བྱེད་འདུག་ན་ལས་བྱེད་རྙིང་པ་ཚོའི་སེམས་ཤུགས་ཆག་སྟེ། སྒྲིག་འཛུགས་མི་རིང་པར་འཐོར་ངེས་རེད།

ཡང་ལ་ལས་ཟེར་ན་ཁ་བདེ་མ་ཡིན་པར་ལྷག་བསམ་ཡོད་ན་ཆོག་ཟེར། དེ་ཙམ་གྱིས་འགྲིགས་ན་བོད་ཀྱི་སྤོ་བོ་སྨོ་བོ་རྣམས་ལས་ལྷག་པ་དཀོན་པོ་རེད། ཡིན་ན་ཡང་བཙན་བྱོལ་བོད་གཞུང་རྒས་གསོ་ཁང་ཡང་མ་རེད། སྤྱི་ཚོགས་ཟེར་བ་དཀར་ནག་ཁྲ་གསུམ་གྱིས་གྲུབ་པ་ཞིག་རེད། དེ་བཞིན་སྐྱིད་སྐྱོང་དེ་ཡང་ལྷག་བསམ། འཇོན་ཐང་། ཤེས་ཡོན་གསུམ་འཛོམས་ཤིག་དགོས་པ་ལས། དྲང་མོ་ལུག་འདྲ་བོ་ཞིག་གིས་ཕན་ཐོག་ག་ལ་ཡོང་། ཤར་ནུབ་ཀྱི་ཆབ་སྲིད་འཛིན་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་ལྟོས་དང་། དྲང་བདེན་གྱི་གནས་ལུགས་ཁོ་ན་སྐྱོང་མཁན་ཞིག་གཏན་ནས་མཐོང་མ་སོང་། །

གྲྭ་བཙུན་སྔགས་གསུམ་ཆོས་ཁ་ཆབ་སྲིད་ཁོག་པ་ཅན་ལ་གཏན་ནས་མི་དགའ་ཡང་། ཆབ་སྲིད་པ་དང་། ཚོང་པའི་གནས་སྟངས་ཐ་དད་རེད། སྲིད་འབྱོར་བདག་པོ་ལ་ངེས་པར་འཇིག་རྟེན་ཆོས་བརྒྱད་དགོས་པར་མ་ཟད། མི་རིགས་དང་། རྒྱལ་ཁབ། རིག་གཞུང་ལ་བརྟེན་ནས་རང་གི་སྙན་གྲགས་སྒྲུབ་འདོད་ཡོད་མཁན་དང་། སྒྲུབ་ནུས་མཁན་ཞིག་དགོས་པ་རེད།

བོད་པའི་སྤྱི་ཚོགས་དེ་ཁེ་མཚར་པོ་ཞིག་རེད། གང་ཞིག་ན་ཆོས་སྒྲུབ་ས་དེ་ལ་ཆབ་སྲིད་དང་། དཔལ་འབྱོར་གཙོ་བྱེད་འདུག་པ་འདྲ་བོ། གང་ན་ཆབ་སྲིད་ཚོང་ལས་དགོས་ས་འདོད་ཆུང་ཆོག་ཤེས་བྱེད་བསྡད་པ་འདྲ་བོ། དེ་ལ་མགོ་མཇུག་ལོག་ཟེར་བ་རེད།

དུས་ནམ་ཡང་དཔལ་འབྱོར་དང་། ཆབ་སྲིད་ཁེ་ཕན་ལ་བལྟས་ཏེ་དགོན་པ་གྲྭ་ཚང་འདོད་ཡོན་དང་། དབང་བསྒྱུར་ལ་གཡེང་དུ་འཇུག་མི་རུང་བ་དང་། ནང་པའི་ཆོས་ཀྱི་སྙིང་པོ་གཞན་ཕན་དང་། རང་དོན་བློས་གཏོང་གི་ཐོ་ཆེན་ཐོགས་ཏེ་ཆབ་སྲིད་ཀྱི་ནུས་པའི་མགོ་བོ་གཞོམ་མི་རུང་། དེ་གཉིས་བྱས་ཉེས་ཆེན་པོ་གཉིས་རེད།

ཡང་ན་བོད་ཀྱི་སྲིད་ཤོར་བ་ཆོས་ཀྱིས་བྱས་པ་རེད་དམ་ཞེ་ན། ཆོས་གཟུགས་ཚོ་དང་། ཆབ་སྲིད་པ་རྫུན་མ་ཚོས་བྱས་པ་རེད། བོད་ཤོར་དུས་ཀྱི་གནས་སྟངས་ལ་ལྟོས་དང་། བོད་ལ་རང་དོན་སྒེར་བཙན་གྱི་རྒྱལ་ཕྲན་ག་ཚོད་མང་པོ་འདུག རྒྱ་གར་དབྱིན་ཇི་ལག་ལ་ཤོར་བའི་དུས་དང་གཅིག་པ་རེད། ཆོས་པའི་གཟུགས་ཅན་ཚོས་ཆོས་བརྒྱུད་རྫུན་མ་ཁ་ལ་ཁྱེར་ཆབ་སྲིད་འཁོར་ལོ་བསྐོར་བ་ལས་བྱུང་བ་རེད། མདོར་ན་སྐབས་དེ་དུས་བོད་སྤྱི་ལ་སེམས་ཤུགས་ཡོད་མཁན་མེད་པ་འདྲ།

དགེ་ཆོས་དེས་བོད་ཀྱི་གནས་སྟངས་ཅུང་ཟད་ཤེས་ཀྱང་། ཆབ་སྲིད་ཀྱི་ནུས་ཤུགས་མི་སེར་དཀྱུས་མ་ཡོད་པར་མ་ཤེས་པར། དཔོན་ངན་ཚོར་བཅོལ་མཁན་ཆབ་སྲིད་པ་ནུས་མེད་ཅིག་རེད། བོད་ཀྱི་རྒྱལ་ཕྲན་ཚོ་ནང་འཛིངས་དགོས་ན་ཧ་ཅང་གི་ངར་བ་ཡོད་ས་རེད། ནང་ལ་རྒོལ་བརྡུང་གི་ནུས་པ་དེ་སྤྱི་སར་སྤུངས་མ་ཐུབ་པས་ཡོད་ཚད་ཤོར་སོང་བ་རེད། དེ་ཕྱིར་བོད་ལ་ད་དུང་སྤྱི་སེམས་དཀོན་པོ་རེད།

ཤེས་ཡོན་དང་རྣམ་དཔྱོད་ཇི་ལྟར་ཆེ་ཡང་གཞུང་གི་ལང་ཕྱོགས་མ་མཐུན་ན། སྤྱི་ཚོགས་དེའི་འཛིན་སྐྱོང་ལ་གནོད་ན། ཐབས་ཤེས་བཟང་ངན་སྣ་ཚོགས་ཀྱིས་ཚར་བཅད་པ་ཆབ་སྲིད་ཀྱི་གཞུང་ཤིང་རེད། གདན་ས་ཁག་དང་། དགོན་པའི་ནང་དུ་དེ་འདྲ་ལག་ལེན་གཏན་ནས་བྱེད་མི་རུང་ཡང་བྱེད་མཁན་མང་པོ་ཡོད། དེ་ཤཱཀྱ་ཐུབ་པའི་ཆོས་དང་བརྒྱ་ཆའི་བརྒྱ་འགལ་བ་རེད།

མདོར་ན་བསམ་མེད་བྱིས་པ་སྣབས་ལུག་འདྲ་བ་དེ་ཚོ་ལས་རྒན་པོ་ཀླད་རྙིང་དེ་རྣམས་དགའ། ཤེས་ཡོན་སྐམ་པོ་ལས་ཉམས་མྱོང་ཕུན་ཚོགས་དགའ། སྤྱི་དོན་ཁ་འཁྱེར་ལས་ལྷག་བསམ་མཚུངས་མེད་དགའ། ནུབ་ལུགས་རྩོད་སྒྲུབ་སྨྲ་བ་ལས་སྲོལ་རྒྱུན་བསླབ་པ་རྒན་གཞོན་དགའ། དགའ་བ་བཞི་བཞི་དང་མི་དགའ་བཞི་ལ་སློབས། ། གང་ལྟར་ཡང་ལས་བྱེད་རྙིང་པ་ཚོ་བརྟན་ངེས་སོ། །

<<<<<འོས་ཤོག་བླུག་མཁན་ཚོས་བསམ་བློ་འདི་འདྲ་གཏོང་ན་འོས་འཕྲོ་བརླགས་མི་འགྲོ་བོད་ལ་ཕན་ངེས་རེད། >>>> དེ་མིན་ངའི་གྲོགས་པོ་དང་། སྤུན་མཆེད་ལབ་ནས་འོས་ཤོག་བླུག་ན་ལྐུགས་རྟགས་རེད། སྐད་ཆ་བཤད་སྟངས་ལ་བལྟས་ན་མི་ཁོ་རང་འཆར་གཞི་ཡོད་མཁན་དང་། འཇོན་པོ་ཞིག་ཡོད་ས་རེད་དྲན་ན། ང་ནི་གང་དྲན་བཤད་ལ་དགའ་ཞིང་གང་ཡང་མི་མོས་ཤིང་ཅི་ཡང་མི་འཇོན་མཁན་ཞིག་ཡིན།

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་ཨེ། མཇུག་སྐྱོང་ཨེ།
Next Post: དབྱར་མཚེར་ཁ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme