Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ཅན་སྐྱིད་གཤོངས་ནས་སྒྲ་ཞིག་གྲགས་སོང་།

Posted on 2012-05-302012-05-31 By ཤར་ཕྱོགས་ཁུག་རྟ། 31 Comments on གངས་ཅན་སྐྱིད་གཤོངས་ནས་སྒྲ་ཞིག་གྲགས་སོང་།

ཤར་ཕྱོགས་ཁུག་རྟ།

སྟོང་ལོ་གསར་པའི་ནང་གི་བོད་མིའི་རང་སྲེག་གི་གནས་བབ་གྲངས་ཀར་འགྱུར་བཞིན་པའི་སྐབས་འདིར། བོད་མི་ཚོས་སོ་སོའི་འཇོན་ཚོད་ཀྱིས་བོད་ནང་གི་གནས་ཚུལ་བསྡུས་ཏེ། རྒྱུད་ལམ་ཁག་ཏུ་བཀྲམས། མར་མེ་ཁྲོམ་སྐོར་དང་སྐད་འབོད་ནམ་ཡོད་ལ་འཛུལ་ཞུགས་བྱེད་རྐྱང་བྱས་ནས་ཡུན་རིང་ལོན་པའི་དེ་རིང། གངས་ཅན་སྐྱིད་གཤོངས་ནས་སྒྲ་ཞིག་གྲགས་སོང། སྒྲ་དེ་ནི་དམིགས་བསལ་སྐུ་ཚབ་མཆོག་རྡ་སར་ཆེད་ཕེབས་གནང་འདུག་པ་དང། དེ་རིང ༢༠༡༢། ༥། ༣༠ ནས་ཉིན་གཉིས་རིང་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ཉེར་བཞི་པ་དབུ་འཛུགས་གནང་འདུག་ཅེས་པ་འདི་རེད། སྒྲ་འདིས་ང་དང་ང་ལྟ་བུའི་ངང་རྒྱུད་རིང་ལ་བོད་རྒྱ་འབྲེལ་མོལ་ལ་རེ་བ་བརླག་མ་མྱོང་བའི་བོད་མི་ཚོར་རེ་བ་གསར་པ་ཞིག་སྩལ།

ལོ་རྒྱུས་ཀྱི་ཤོག་ངོས་ནས་མཐོང་བ་རྣམས་ཡིད་ལ་ཤར་བསྒོམ་ཞིག་བྱས་ན། ༡༩༧༩ ནས་ ༩༢ བར་རྒྱ་བོད་འབྲེལ་མོལ་ཐེངས་ཉི་ཤུ་ཙམ་བྱུང་ཡོད་པ་རེད། དོན་དམ་ཕར་ཞོག ཀུན་རྫོབ་ཀྱི་གྲུབ་འབྲས་སྟོན་པའི་ཡི་གེ་ཤོག་ལྷེ་གཅིག་ཀྱང་མཐོང་ཡུལ་དུ་མེད་པ་དེར། ངེད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཟུར་རྒྱན་ལྟ་བུའི་ཚོར་བ་ཞིག་གནའ་ནས་ཡོད་ནའང། ༢༠༠༢ ནས་༢༠༡༠ བར་བྱུང་བའི་འབྲེལ་མོལ་སྐབས། གྲོས་མོལ་གྱི་ནང་དོན་རིམ་བཞིན་ཡར་རྒྱས་ཕྱིན་ནས་མཐའ་མར་བོད་མིའི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་གི་ཅོག་ཙེ་སྟེང་ཧྲག་སེ་འཇོག་ཐུབ་ཡོད་པ་མ་ཟད། ཐ་ན་ཞི་མོལ་ལས་དོན་ཚོགས་ཆུང་གི་ཕྱག་ལས་གནང་ཕྱོགས། འབྲེལ་མོལ་རིམ་པའི་ཡིག་ཆ་དང་སྐད་ཆའི་སྒྲ་བཤུས་ཉར་སྟངས་ཚུན་ཆད་མི་རབས་གསར་པར་ངོ་ནོངས་མི་དགོས་པ་ཞིག་ཉར་ཚགས་ཐུབ་ཡོད་པ་སོགས་ནི། འཚེ་མེད་ཞི་བའི་ལམ་ནས་དྲངས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལོ་རྒྱུས་ནང་གྲུབ་འབྲས་རླབས་ཆེན་ཞིག་ཡིན་པ། འཇིག་རྟེན་གྱི་སྐྱེས་བུ་རླབས་ཆེན་དག་གིས་ངོས་འཛིན་གནང་འདུག ཚང་མའི་དྲན་ལམ་དུ་ཡོད་པ་བཞིན། ༢༠༠༨ ལོར་ཛ་དྲག་གི་སྐབས་སུའང་དམིགས་བསལ་སྐུ་ཚབ་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་གཞུང་གི་དཔོན་རིགས་ཁག་དང་ཐུག་འཕྲད་བྱས་ཡོད། སྐབས་དེར་བོད་ནང་གི་ཟང་ཟིང་ལ་རྒྱ་ནག་གཞུང་བློ་འཚབ་ཡོད་པའི་རྣམ་འགྱུར་སྟོན་བཅུགས་པ་མ་ཟད། ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་སོང་ཞེས་ས་བསྒྲགས་གནམ་བསྒྲགས་ཅི་ལྟར་བྱས་ཀྱང། སྐུ་ཚབ་ཚོགས་ཆུང་དང་མི་ཐུག་ཐབས་མེད་ཀྱི་གནས་སུ་བསྐྱལ་ཐུབ་ཡོད།

ཡིན་ནའང་བར་སྐབས་ཤིག་ནས་འབྲེལ་མོལ་འགྲོ་རྒྱུའི་མཚམས་ཆད་པ་ལྟ་བུར་གྱུར་ཞིང། བོད་ནང་རང་སྲེག་ག་ཚོད་བྱུང་ཡང་འབྲེལ་མོལ་གྱི་སྐད་ཆ་འདི་རྣ་ལམ་དུ་ཡོང་རྒྱུར་ཁག་སེ་བུད་སོང། དེ་རིང་ཞི་མོལ་ལས་དོན་ཚོགས་ཆུང་ཉེར་བཞི་པ་ཚོགས་བཞིན་པའི་ཉིན་དང་པོ་རང་ལ་བོད་ནང་རང་སྲེག་ཨང་ ༣༨ པ་དེ་བྱུང་ཡོད། དངོས་གནས་བྱས་ན་བོད་རྒྱ་འབྲེལ་མོལ་རང་ལུས་མེར་སྲེག་བཞིན་ཡོང་གི་རེད་དམ། བོད་རྒྱ་འབྲེལ་མོལ་ཡོང་དགོས་ན་ཐུག་ས་སུ་ལ་ཐུག་ཡོད་དམ། ཨ་རི་ལ་ཐུག་ཡོད་དམ། ཡིན་སྲིད་མདོག་ཁ་བོ་མ་རེད། ཨ་རིའི་གཞུང་གིས་ ༦༧ ། ༦༨ ལོར་ང་ཚོ་གཡུག་པའི་གཡུག་སྟངས་དེ་ད་དུང་མི་ཐོག་རྒན་པ་ཚོས་ཁ་སང་བྱུང་བ་ལྟར་སེམས་ལ་ཉར་འདུག ཀི་སིན་ཇིར་རྒྱ་ནག་ལ་ཕེབས་ཐེངས་གཅིག་གིས་བོད་པ་བསྐྱུར་ས་ཅིག་ནས་བསྐྱུར་བཞག་པ་དང། ཐ་ན་སྐབས་དེར་༧གོང་ས་མཆོག་གི་གསུང་ཆོས་བརྙན་ཐག་ཀྱང་ཨ་རིའི་ནང་བསྟན་མ་ཆོག་པ་བཟོས་འདུག་པ་སོགས་ཡིད་མི་ཆེས་པའི་བྱུང་བ་མང། ད་འོ་ན་རྒྱ་གར་ལ་ཐུག་ཡོད་དམ། ངས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་འདི་ལྟར་བྱེད་དུས། ངའི་རེ་བ་བརླག་མ་མྱོང་བའི་བོད་རྒྱ་འབྲེལ་མོལ་འདི་དེ་རིང་ལྟར་ཚོགས་བཞིན་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་ལ་ཐུག་ཡོད་པ་འདྲ། དུས་ཚོད་ཀྱི་ཆ་དང་གནས་སྟངས་ཛ་དྲག་གི་ཆ་སྔ་ཕྱི་ཅི་ལྟར་བསྡུར་ཡང། འབྲེལ་མོལ་མ་ཡོང་བའི་རྒྱུ་མཚན་ཞིག་ཁྱོན་ནས་རྙེད་རྒྱུ་མི་འདུག

ངའི་གྲོགས་པོས་རྒྱ་རིགས་གནད་ཡོད་རྒྱུད་དབུས་གཞུང་དང་འབྲེལ་བ་བྱས་ན་བོད་རྒྱ་འབྲེལ་མོལ་ཡོང་གི་རེད་ཟེར། དེ་ཡིན་ན། བཀའ་ཁྲི་མཆོག་ལ་རྒྱ་རིགས་མཁས་དབང་གྲོགས་པོ་གྲངས་མེད་ཅིག་ཡོད་པ་དེ་ལས་ལྷག་ཅིག་བོད་མི་གཞན་ཞིག་ལ་མི་སྲིད་པ་རེད། ད་དུང་པེ་ཅིང་ནས་ཚོགས་འདུ་འཚོགས་སྐབས་པེ་ཅིང་རང་གི་རྒྱ་རིགས་མཁས་ལྡན་མང་པོར་གྲོགས་པོ་ཆགས་ཡོད་སྟབས། ཐབས་ཤེས་འདི་བཀའ་ཁྲི་མཆོག་གིས་གནང་ཐག་ཆོད་གནང་ཟིན་པ་རེད་བསམས།

ད་ཅི་ལྟར་བྱས་ན་དེ་རིང་དང་སང་ཉིན་གྱི་གངས་ཅན་སྐྱིད་གཤོངས་ཀྱི་སྒྲ་འདིས། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་གི་རེད་དམ། སྒྲ་འདི་རྒྱུན་མ་ཆད་པར་གྲགས་ཀྱི་རེད་དམ།

 

དེ་རིང་ཚོགས་བཞིན་པའི་ཞི་མོལ་ལས་དོན་ཚོགས་ཆུང་གི་གནས་ཚུལ་འདིར་ཡོད།

http://bod.asia/2012/05/30

 

 

 

 

སྣ་ཚོགས།

Post navigation

Previous Post: ཨ་ཁུ་ཀླུ་སྨྱོན་དང་བྱ་འཕུར་དབར་གྱི་གླེང་མོལ་ཉིན་ཐོ།
Next Post: ཞི་བའི་འཐབ་རྩོད་ཀྱི་རྒྱུད་རིམ་གླེང་བ།

Comments (31) on “གངས་ཅན་སྐྱིད་གཤོངས་ནས་སྒྲ་ཞིག་གྲགས་སོང་།”

  1. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 1:01 pm

    སྒྲ་དེ་གངས་སྐྱིད་ནས་གྲགས་པ་གོ་བྱུང་ལ། སྒྲ་དེའི་དུས་ཡུན་དང་། སྒྲ་དེའི་འབྲས་བུ། སྒྲ་དེར་ཉན་མཁས་བྱེད་མཁན་ག་ཚོད་འབྱུང་མིན་སུས་ཀྱང་བཤད་དཀའ།

  2. ཆོས་འཕེལ་དར་རྒྱས་ says:
    2012-05-30 at 1:03 pm

    བོད་རྒྱ་འབྲེལ་མོལ་ཟེར་བ་ལས་ཕྱི་སྡོད་བོད་མིའི་སྒྲུག་འཛུག་དང་ཀྲུང་གོའི་གཞུང་བར་གྱི་འབྲེལ་མོལ་ཞེས་ན་སྐབས་སུ་འོས་བ་ཞིག་མ་རེད་དམ།

  3. མེ་ཏོག་དཀར་པོ། says:
    2012-05-30 at 1:53 pm

    དུས་རབས་ཉེར་གཅིག་པ་གྲོས་མོལ་གྱི་དུས་རབས་རེད། གྲོས་མོལ་ངེས་པར་གནང་དགོས། ལམ་ལྷོང་ཡོངས་བར་སྨོན།།

  4. རང་མདངས་ says:
    2012-05-30 at 1:58 pm

    ཆོས་འཕེལ་དར་རྒྱས་ཁ་ལ་བོད་ཀྱི་དཔའ་བོ་འཔའ་མོའི་སྐུ་ལུས་མེར་དསྲེགས་པའི་གདུངས་ཐལ་གློག་འཕྲིན་རྒྱུད་ནས་བཏབ་

  5. རང་འཚོལ། says:
    2012-05-30 at 2:04 pm

    བོད་རྒྱ་འབྲེལ་མོལ་དང་གཞན་མིང་གང་འདོགས་རུང་། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་འཐབ་རྩོད་དང་ཞི་བའི་གྲོས་མོལ་ཉག་ཅིག་གིས་ཐོག་ནས་སེལ་ཐབས་དེ་གནད་ཆེ་ལ། དེ་མིན་ལམ་སེང་འབྲེལ་མོལ་གནང་བ་དང་གྲུབ་འབྲས་གཡག་ལྟ་བུ་རྡོག་རྡོག་ཅིག ཐོན་ཆོག་ཆོག་འདྲ་ཞིག་ཡོད་འགྲོ་བསམ་པ་དག་ནི་ཧམ་སེམས་ཆེ་དྲགས་པ་དང་། འཐབ་རྩོད་ཀྱི་དུས་ཡུན་དང་དཀའ་རྙོག་མ་ཤེས་མཁན་ཞིག་ལས་མ་འདས་སྙམ། དེས་ན་དེ་སྔོན་བོད་རྒྱ་འབྲེལ་མོལ་ལན་མང་བྱུང་བར། ཁ་ཅིག་གིས་གྲུབ་འབྲས་མི་འདུག་ཅེས་སྐད་ཅོར་རྒྱབ་ཀྱི་ཡོད་མོད། འོན་ཀྱང་དེ་དག་ལ་གྲུབ་འབྲས་མི་ཐོན་པའི་རྒྱུ་མཚན་དྲིས་ན། ད་གཟོད་མང་དག་ཅིག་ནི་དེའི་སྐོར་གཞི་ནས་མནོ་བསམ་བཏང་སྟེ་ལན་ཐར་ཐོར་ཞིག་རྒྱབ་པ་ལས། སྔོན་ཚུན་ནས་དེའི་སྐོར་བསམ་ཞིབ་ནན་མོ་བྱས་ནས་ལན་ཤར་མར་རྒྱབ་ཆོག་ཆོག་དང་། རྒྱབ་ཀྱང་གནད་དུ་ཕོག་པ་ནི་དེ་རིགས་ལ་རྒྱབ་རྒྱུ་ཡོད་མཁན་དཀོན། དེའི་ཕྱིར་གནས་ལུགས་གང་གང་ལ་དགེ་སྐྱོན་གླེང་སྙིང་འདོད་ན། ཐོག་མར་དེ་ལ་ཞིབ་འཇུག་དང་རྒྱུས་ལོན་དཔྱིས་ཕྱིན་པར་བྱས་ནས། ད་གཟོད་ལེགས་ཉེས་ཀྱི་གཏམ་གླེང་བྱས་ན་རྒྱུ་མཚན་ཡོད་པས་ཕན་ནུས་ཀྱང་ཡོད་ངེས།

  6. ཟླ་བཀྲས་ཕུན་ཁང། says:
    2012-05-30 at 2:18 pm

    ད་བྱས་ན་རེ་བ་གཏོད་ཡུལ་དེ་རྒྱ་རི་བློ་གྲོས་རྒྱལ་མཚན་ལས་མི་འདུག་གམ། ངས་བལྟས་ན་སྐུ་ཚབ་རྣམས་བརྗེ་བོ་ཞིག་རྒྱག་དགོས་པ་འདྲ། ཟམ་གདོང་རིན་པོ་ཆེ་མཆོག་ཞི་མོལ་ལས་དོན་ཚོགས་ཆུང་གི་སློབ་སྟོན་པའམ། ཡང་ན་དམིགས་བསལ་སྐུ་ཚབ་གསུམ་གྱི་གཅིག་ཏུ་ཡིན་གཅིག་མིན་གཅིག་བསྐོ་བཞག་གནང་དགོས་རྒྱུ་འདུག གཞན་གཉིས་ནི་རྒྱ་རི་བློ་གྲོས་དང་ཐུབ་བསྟན་ལུང་རིགས་གཉིས་བཅས་གསུམ་ཡོད་པ་ཡིན་ན། ད་གཟོད་ང་ཚོར་རེ་བ་ཞིག་ཡོད་པ་ཏན་ཏན་རེད། ཟམ་གདོང་རིན་པོ་ཆེས་ད་ལྟ་སྐུ་ཚབ་གནང་བཞིན་ཡང། འབྲེལ་མོལ་སྐུ་ཚབ་གནང་གི་མེད་སྟབས། ༧གོང་ས་མཆོག་གིས་ངའི་བསམ་འཆར་གསན་པར་ཤོག

  7. ཟླ་བཀྲས་ཕུན་ཁང། says:
    2012-05-30 at 2:20 pm

    མདོ་དོན་སྙིང་བོར་དམིགས་བསལ་སྐུ་ཚབ་རྒན་པ་གཉིས་ནི། ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ། གཞོན་པ་གཅིག་ནི་བཀའ་ཟུར་ཐུབ་བསྟན་ལུང་རིགས་ཡིན་ན། བཀའ་ཤག་གསར་པར་རླབས་ཆེན་གཞོགས་འདེགས་ཐུབ་པ་དང། བོད་ཀྱི་རྩ་དོན་ལ་སྨན་པ་ནི་བཤད་མ་དགོས་པ་ཞིག་རེད།

  8. འདྲེ་དྲ། says:
    2012-05-30 at 3:37 pm

    བོད་རྒྱ་འབྲེལ་མོལ་རིམ་པའི་ནང་ཕུན་ཚུན་ཁ་གཏིང་གསལ་བའི་སྐད་ཆ་བྱུང་ཡོད་ཀྱང་།ད་ལྟའི་བར་དུ་གྲུབ་འབྲས་སོན་ཐུབ་མེད་པའང་རྒྱ་གཞུང་གིས་ཕྱིའི་ཤུགས་རྐྱེན་ལས་གཡོལ་ཐབས་ཀྱི་རྣམ་པ་ཙམ་ལས་དོན་དངོས་སུ་བོད་སྐྱབས་བཅོལ་བ་དང་མཉམ་དུ་གྲོས་མོལ་བརྒྱུད་ཐག་གཅོད་གནང་རྒྱུའི་བསམ་བློ་གཏན་ནས་མེད།
    བོད་ནང་གི་འཐབ་རྩོད་ཀྱི་རྣམ་པ་ཛ་ཇེ་དྲག་ནས་ཇེ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་བསམ་བློ་ཞིབ་ཏུ་བཏང་ན། བོད་དོན་ཐག་བཅད་ཀྱི་ནུས་པ་དང་དེའི་བརྒྱུད་ལམ་ཉག་གཅིག་ནི་བོད་ནང་བོད་ནང་གི་བོད་མི་ཚོར་ཡོད་པ་ལས་ཕྱིའི་བོད་པ་སྐྱབས་བཅོལ་གཞུང་ལ་མེད་པར་ལྟར་སྣང་།

  9. གསེར་འབྲུག་སྡེར་ལྔ་ says:
    2012-05-30 at 4:13 pm

    ད་ཡང་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའི་གསོལ་སྟོན་ལ་ཕེབས་འདོད་ཡོད་པ་འདྲ། ཧ་ཧ་ཧ། གསོལ་སྟོན་དེས་སྐུའི་སྐུ་ཚབས་དང་གསུང་གི་གསུང་ཚབས་ཚོ་རྒྱགས་པ་ཆགས་རྒྱུ་ལས་བོད་དང་བོད་མི་རིགས་ཀྱི་དཀའ་གནད་སེལ་ཡོང་བསམ་པའི་བློ་ཡུལ་ལ་ཡང་མེད། རྒྱུ་མཚན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་བོད་ཀྱི་གནད་དོན་ཞེས་པ་ཞིག་རྩ་བ་ཉིད་ནས་མེད་པ་རེད། ད་དུང་མི་ལ་ལས་ཟམ་གདོང་བླ་མ་དང་ཐུབ་བསྟན་ལུང་རིགས་སོགས་ཀྱང་སྐམ་ཧྲེང་ཧྲེང་འདྲ་མཐོང་ནས་རྒྱགས་པ་བཟོ་འདོད་ཡོད་པ་འདྲ།

  10. གསེར་འབྲུག་སྡེར་ལྔ་ says:
    2012-05-30 at 4:44 pm

    རང་འཚོལ་ལགས།
    དེ་སྔོན་སྐུ་ཚབས་ཚོགས་པ་དང་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུ་གཉིས་ཞི་མོལ་གྲོས་མོལ་ལ་བསྒྱུར་གྲོས་མོལ་འབྲེལ་མོལ་བསྒྱུར། གང་ལྟར་ཡར་བསྒྱུར་མར་བསྒྱུར་བྱས་པའི་བརྒྱུད་རིམ་ནང་གྲུབ་འབྲས་མི་ཐོན་པའི་རྒྱུ་མཚན་སུ་ལ་ཡང་འདྲི་མི་དགོས་པར་ཁྱོད་ཀྱི་རྣ་མིག་བོད་ནང་དུ་ལན་གཅིག་གཏད་ན། བོད་ནང་གི་གནས་སྟངས་དེས་མནོ་བསམ་གཏོང་མི་དགོས་ལ་བསམ་ཞིབ་ཀྱང་བྱེད་མི་དགོས་པར་གནད་དུ་ཕོག་པའི་ལན་ཞིག་འཁོན་འཁོན་ཐོགས་ཐོགས་མེད་པར་ཤར་ཤར་སྟེར་ཡོང་། དེས་ན་རང་ཉིད་ཀྱིས་རང་ཉིད་འཚོལ་དགོས་པ་འདྲ།

  11. བཙན་པོའི་བུ། says:
    2012-05-30 at 5:41 pm

    བོད་ཀྱི་གནད་དོན་དེ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་མིན་གནད་ཁག་མ་རེད། གཙོན་བོ་ནི་བོད་ཀྱི་གནད་དོན་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་དཀའ་ཁག་ཅི་ཙམ་སྤྲོད་ཀྱི་ཡོད་མིན་དེ་རེད། དཀའ་ཁག་དེ་སེལ་བར་རྒྱ་དམར་གྱིས་དྲག་རྩུབ་ལ་བརྟེན་ན་འབྲས་བུ་མཐོན་རྒྱུ་མེད་པ་བོད་ནང་གི་སྤུན་ཟླ་ཚོའི་བློ་སྟོབས་ཀྱིས་ར་སྤྲོད་བྱས་པ་རེད། དེས་ན་སྔ་ཕྱིར་མ་ལྟོས་པར་བོད་རྒྱའི་དཀའ་ངལ་རྣམས་སེལ་དགོས་ལ་དེ་ཡང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ནི་ལམ་བུ་ཉག་གཅིག་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གངས་སྐྱིད་ནས་སྒྲ་སྙན་པོ་ཞིག་གྲགས་པ་ཙམ་གྱིས་ང་ཚོས་རྨ་བྱའི་རྣ་བར་འབྲུག་སྒྲ་ཐོས་པ་ལྟར་སྒྲོ་གུར་ཕུབ་ནས་བྲོ་གར་ཁྲབ་དུས་ཤིག་མ་རེད། སྒྲ་སྙན་པོ་དེར་མཇུག་འབྲས་ལེགས་པོ་མ་བྱུང་བའི་སྐབས་ལའང་འབྲེལ་ཡོད་རང་རིགས་གཙོ་འཛིན་ཚོར་མཛུབ་མོ་གཏད་དེ་སྐྱོན་བརྗོད་ཀྱང་བྱེད་རྒྱུ་མེད།

  12. སྟག་སྨྱོན། says:
    2012-05-30 at 6:04 pm

    གང་ལྟར་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་དེ་སྤྲོད་རོགས་ཅེས་མ་ལབ་ན་ཡག་པོ་རེད། སྐད་ཆ་འདི་རང་དབང་མེད་པའི་བོད་ནང་གི་བོད་མི་ཚོས་བོད་དོན་བསྒྲུབ་བྱེད་ཀྱི་ལག་ཆ་དང་ལམ་ཁ་དེ་རེད། ཕྱི་ལོག་གི་བོད་མི་ཚོས་བོད་ནང་གི་བོད་མི་ཚོས་ལམ་ཁ་འགོག་ཐབས་མི་བྱེད། ལམ་དབུ་མ་བཤད་བསྡད་ན་ཡག་ཤོས་རེད། ཅིག་མ་བཤད་ན་ནི་འགྲིག་གི་མ་རེད།

  13. གྲི་ནག་ཡུ་དམར། says:
    2012-05-30 at 6:48 pm

    གངས་ཅན་དཀྱིལ་གཤོངས་ཀྱི་ལྡིར་སྒྲ་འདིས་སླར་ཡང་ཤར་ཁུག་གི་རྨི་ལམ་དཀྲོགས་སོང་། ཉེ་སྔོན་ཁུག་རྟ་འདི་སེང་གེ་བཀའ་ཤག་གི་སྡེར་འོག་ལ་ཤོར་ཉིན་ནས་ཅུང་རབ་རུབ་ཡིན་པའི་རྨི་ལམ་ཞིག་གི་རྒྱ་ལ་ཚུད་བསྡད་ཡོད་པ་ནང་ལྟར། གངས་ཅན་དཀྱིལ་གཤོངས་ཀྱི་གྲགས་འགུལ་གང་བྱུང་ལ་བྱ་སྐད་ཐོག་མ་རྒྱག་མཁན་དེ་ཡང་ཁུག་རྟ་འདིའི་ལས་སྐལ་ཡིན་པ་འདྲ།
    མ་གཞི་ནས་བོད་རྒྱ་ཞི་མོལ་གྱི་གྲགས་འགུལ་འདི་དེ་སྔོན་བྱུང་མ་མྱོང་བ་ད་ལྟ་གཞི་ནས་འབྱུང་བཞིན་པ་མིན་མོད། ཤར་ཁུག་གི་བསམ་པ་གཞིར་བཟུང་ནས་བོད་རྒྱ་ཞི་མོལ་གྱི་འགྲོས་རིམ་ལ་ཕྱིར་མིག་བལྟས་ན།
    ཐོག་མའི་དུས་ཀྱི་བོད་རྒྱ་འབྲེལ་མོལ་འདི་དྲན་འཆར་ཐང་བོ་མེད་པའི་ལབ་བརྡོལ་བཞིན་གཏད་སོ་ཅི་ཡང་མེད་པའམ། དོན་དམ་གྱི་དུས་ཚོད་སྐྱེལ་མཁན་རང་རེད་བསམ་ཀྱིན་པ་འདྲ། རྨི་ལམ་གྱི་མཁའ་དབྱིངས་ན་ལྡིང་སྐོར་བྱེད་ཀྱིན་པའི་ཁུག་རྟ་དག་ལ་མཚོན་ན་དེ་འདྲ་ཡིན་ཀྱང་སྲིད།
    བར་མའི་དུས་་་ཟམ་གདོང་བླ་མ་མཆོག་གི་སྐུ་རིང་ལ་འབྲེལ་མོལ་གྱི་ནང་དོན་རིམ་བཞིན་ཡར་རྒྱས་ཕྱིན་ནས་གྲུབ་འབྲས་རླབས་ཆེན་བཞག་བའི་མ་ཟད། གཞོན་རབས་པའི་སྲིད་སྟེགས་ལ་བོད་རྒྱ་ཞི་མོལ་གྱི་གྲོས་འཆར་མཐུག་པོ། རྫིག་པོ། བརྟན་པོ་གང་ཡང་ཡིན་པའི་སྒྲ་བཤུས་ཡན་ཆད་ནས་བཤམས་ཡོད་པར་བརྟེན། མི་རབས་གསར་བའི་སྲིད་སྟེགས་ལ་རེ་བའི་ཁེངས་ཞིང་སྤྲོ་བས་བརྟས་ཡོད་ནའང་། ཡིད་སྐྱོ་བ་ཞིག་ལ་སེང་གེ་བཀའ་ཤག་རིང་གི་ལོ་ཟླ་འདིའི་ནང་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་རྒྱུ་མཚན་ཅི་ཡང་མེད་པར་ཧ་ཅང་ལྷིང་འཇགས་སུ་གྱུར་སྟབས། ཤར་ཁུག་འདིས་རང་ཤེད་ཀྱིས་མི་ལྕོགས་རུང་རྒྱ་རིགས་གནད་ཡོད་རྒྱུད་བོད་རྒྱ་ཞི་མོལ་གྱི་གཞུང་ཤིང་རྩེ་ལ་བབ་ནས་ཁུ་ཡུག་གྲགས། སེང་གེ་བཀའ་ཤག་གི་སྒོ་ཆེན་གྱི་ཙུར་སྒྲ་ལ་རྣ་བ་གཏད་འདུག་ན། ག་ལེར་ཡིན་ད།

  14. ཨ་ནུ་ཐང་བསོད་ནམས says:
    2012-05-30 at 7:39 pm

    གྲོས་མོལ་ཟེར་བ་དེ་གོ་དུས་སུན་སྣང་ལས་དགའ་སྣང་ཅི་ཡང་སྐྱེས་ཀྱི་མི་འདུག སུན་སྣང་དེ་ཡང་སྐྱར་མི་ཐོས་བ་ཤོག

  15. འདོད་ལྷ་ཁམས་པ། says:
    2012-05-30 at 8:31 pm

    འབྲེལ་མོལ་དེ་ཟློས་གར་ཞིག་ཡིན་པར་ཆ་བཞག་ན་ལོ་བཅུ་ལ་ཐེངས་དགུ་འཁྲབས་ཚར་རྗེས། བཁྲབ་མཁན་དང་འཁྲབ་སྟངས་ག་འདྲ་ཡིན་མིན་ཡང་མི་རྣམས་ཀྱི་མིག་གིས་མཐོང་ཚར་པ་རེད། རྒྱ་གཞུང་གིས་ཀྱང་འཁྲབ་ཁྲིད་པའི་ཡང་ལྗིད་ལ་རྒྱ་མ་བཀྱག་ཚར་པ་སྟེ། ཁ་ནས་ཡ་ཙམ་བྱེད་དབང་དུ་བཏང་ཡང་ཁོག་ནས་མཐོང་ཆུང་ཁོ་ནས་དུས་འདའ་བར་བྱེད་གི་རེད།
    འཁྲབ་ཆས་རྙིང་བ་དང་།འཁྲབ་ཁྲིད་རྙིང་བ། འཁྲབ་གཞུང་རྙིང་པའི་ཟློས་གར་ཞིག་བསྐྱར་དུ་འཁྲབ་མ་འཁྲབ་ག་རེ་ཡོད་རེད། དངོས་ནས་འཁྲབ་གི་ཡིན་ཟེར་ན་ཟློས་གར་སོ་མ་ཞིག་གི་འགོ་རྩོམ་དགོས་གི་རེད། ཟློས་གར་སོ་མའི་ཁོང་ལ་འཁྲབ་ཆས་ལ་སོགས་པ་ཟློས་གར་གྱི་མགོ་མཇུག་ཡོངས་འདུས་ཡོད་པ་རེད། དེ་འདྲ་བྱེད་ཐུབ་ན་ཅིག་བྱས་ན་་་་་་་་་།

  16. ཁྱུང་སེང་བུ་ནས། says:
    2012-05-31 at 1:15 am

    གངས་ཅན་སྐྱིད་གཤོངས་གི་སྒྲ་དེ་ལ་ཉན་འདོད་ཡང་མེད་ལ་རེ་བ་ཡང་མེད། དུས་ད་ལྟ་བར་དུ་རེ་འབྲས་མ་མངོན་པ་དང་མ་འོངས་པ་ན་ཡང་མི་མངོན་པའི་ཚུལ་རེད། སྐུ་ཚབས་ཚོགས་པ་ཟེར་བ་འདི་ཡང་རྒྱལ་བའི་མཚན་སྙན་ཁྱེར་པའི་ཕྱི་རྫིག་ནང་སྟོང་ཙམ་ལས་མ་འདས་བས་གནས་སྐབས་རིང་གཡུག་རོགས་གནངས་ཞུ་རྒྱུ་ཡིན། དེ་ལས་མི་སྒེར་སོ་སོས་རང་ཉིད་ནས་མགོ་མ་བརྩམས་ན་ང་ཚོ་འདི་ལྟར་ཚར་ངེས་ཡིན་པ་ཚངས་མས་ངེས་རོགས་གནོངས།

  17. ལ་རྒྱའི་བདག་པོ། says:
    2012-05-31 at 3:08 am

    ཤར་ཕྱོགས་ཁུག་རྟས་གནས་ཚུལ་ཡག་པོ་སྤེལ་འདུག་ལ་དབྱེ་ཞིབ་ཀྱང་གང་ལེགས་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ།དེ་མིན་དྲ་སྤུ་ཁ་ཤས་ཀྱིས་དོན་མེད་གླེང་གཞི་བཟོས།རྒྱུ་ཆུང་རྐྱེན་ཆེ་བཟོས་ཐབས་བྱ་སྤྱོད་ལ་ང་ཡིད་ཐང་ཆད་སོང་བས་རེ་ཞིག་བཏང་སྙོམ་ལ་བཞག་པར་བྱའོ།།

  18. རིག་པའི་བུ says:
    2012-05-31 at 3:49 am

    སུང་ཅང་རིང་ལུགས་པ་དབུ་མ་བ་ནི་འཇུག་འབྲས་ཆུ་སྔོགས་གཏམ་རྒྱུད་རེད།

  19. སྐྱོ་བྲག་དགའ་དབང་། says:
    2012-05-31 at 4:29 am

    ཁ་བརྡའི་རྩོམ་བསྒྲིགས་པ་ལགས། ངས་དྲ་རྒྱ་གང་དུའང་ཞབས་མཆན་མ་བཏབས་ནས་ལོ་གཉིས་ཡས་མས་ཤིག་ཆགས་ཀྱི་ཡོད། ཡིན་ནའང་། དེ་རིང་ནུས་མེད་དྲ་འབུ་ཞིག་གིས་ངའི་དངོས་མིང་བརྐུས་ནས།
    ༡༦༽ སྐྱོ་བྲག་དགའ་དབང་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ གི་ཆུ་ཚོད་ ༢༠ སྐར་མ་ ༤༢
    སྐུ་ཞབས་ཁུ་རྟས་གནས་ཚུལ་སྤེལ་སྟངས་དེ་ཤ་འདྲ་ཚ་ཡོང་གི རྒྱ་རི་བློ་གྲོས་མ་གཏོགས་ཧ་ལམ་བོད་རྒྱ་གྲོལ་མོལ་མི་ཐུབ་པའི་སྐད་ཆ་འདི་འདྲ་གླེང་ན་ད་དུང་ཕོ་རོག་དཀར་པོ་ཁྱོད་ཉིད་ཡང་བསྐྱར་ཕོ་རོག་དམར་པོ་ཆགས་འགྲོ་ས་རེད། གཟབ་ས་དགོས་སྣང་།
    ཞེས་བཀོད་འདུག་པ་འདི་ཉིད་ངེས་པར་དུ་བསུབ་རོགས་གནང་། ང་ལ་དོན་མེད་ཀྱི་གླེང་རྙོག་བཟོ་འདོད་མེད།

  20. བསྟན་འཛིན་ says:
    2012-05-31 at 4:44 am

    སྐྱོ་བྲག་དགའ་དབང་གི་མིང་ཐོགས་ནས་དཀྲོག་གཏམ་བཟོ་བ་ལྟ་བུ་ངོ་མ་ཆོ་མེད་རང་རེད།

  21. མེ་ཏོག་དཀར་པོ། says:
    2012-05-31 at 4:51 am

    ལོ་ངོ་ལྔ་བཅུའི་རིང་ལ་མ་སྲིད་པ་ཞིག་ད་ནི་མི་སྲིད་དོ་སྙམ་ནས་ཐང་ཆད་མཁན་ཚོ། ལོ་ངོ་སྟོང་ཕྲག་རིང་ལ་རང་དབང་ཡིན་པའི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཚུད་སྲིད་པའི་རིགས་པ་ལ་བརྟེན་ནས་གྲུང་སི་སི་ཆགས་པར་ཤོག མི་ཉོབ་པར་ཤོག གསོན་ཤུགས་རྒྱས་པར་ཤོག

  22. ཟླ་བཀྲས་ཕུན་ཁང། says:
    2012-05-31 at 6:14 am

    དེང་སང་གངས་ཅན་སྐྱིད་གཤོངས་དང་བློ་འཚབ་དང་བློ་ཕམ་གྱི་གཡང་དུ་ཟགས་བསྡད་ཡོད་དུས། ཤར་ཕྱོགས་ཁུག་རྟས་བློ་བཟང་སེང་གེས་འབྲེལ་མོལ་འཁྱོང་གི་མེད་པའི་ན་ཚའི་སྒང་ལ་མེ་ཚ་ཆུང་ཆུང་ཞིག་བཞག་འདུག་ལ། མེ་ཚའི་དུ་བ་དེས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་དྲུང་ཡིག་ཚང་གི་སྒེའུ་ཁུངས་རྒྱག་མི་དགོས་པར་ཤོག ཧཧཧཧཧཧ

  23. ཟླ་བཀྲས་ཕུན་ཁང། says:
    2012-05-31 at 6:15 am

    དང་ལྷག་མ་ཅིག་ཤོར་འདུག

  24. ཡིད་འོང་མས། says:
    2012-05-31 at 8:13 am

    ད་བཀའ་ཤག་གི་ཐབས་ཟད་ཀྱི་ཡོད་ན། དཔེ་སྲིད་མདོག་མེད། ཚོགས་གཙོ་སྐྱག་ངོ་མཆོག་གིས་ཡང་ཅིག་ཤེས་མདོག་མདོག་བྱེད་ཀྱི་མེད་འགྲོ། བོད་སྡེ་པ་གཞུང་ཅིག་དྲག་ག་མི་འདུག་གེ

  25. ཇ་མ་ says:
    2012-05-31 at 9:13 am

    གངས་སྐྱིད་ཀྱི་སྒྲ་འདི་ཕལ་ཆེར་བྲག་ཅ་ཡིན་པ་འདྲ། བཀའ་ཁྲི་མཆོག་ལ་གྲོས་མོད་ཀྱི་འདུན་པ་ཡོད་ཀྱང་རྒྱ་ནག་ལ་གཏན་ནས་མེད། རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགོ་ཁྲིད་ཚོ་ནི་སྔོན་ཆད་ཀྱི་རིག་གསར་སྐབས་ཀྱི་ཤེས་ཡོན་མེད་པའི་མགོ་ཁྲེག་ཚོ་ཡིན། ཁོ་ཚོས་ཁྲེག་གཏམ་བཤད་པ་ལས་གཞན་གང་ཡང་མི་ཤེས།

  26. སྐྱུ་རྩི་ནས། says:
    2012-05-31 at 11:23 am

    ད་གང་ལྟར་གཅིག་གནང་དགོས་ཀྱི་འདུག་དོན་མེད་ཡིན་མདོག་མདོག་བྱས་ནས་བོད་ནང་གི་བོད་པ་ཚོ་སྐུ་གཟུགས་ཞུགས་སུ་ཕུལ་དུ་བཅུགས་ན་ཡག་པོ་ཨེ་ཡོད་ན།

  27. མེ་ཏོག་དཀར་པོ། says:
    2012-05-31 at 11:33 am

    གྲོགས་པོ་ཚོ། བཟང་ཕྱོགས་དང་། རེ་བ། ལེགས་ཆའི་ཕྱོགས་ནས་ཀྱང་ཐུགས་བསམ་བཞེས་རོགས། nagative རྐྱང་རྐྱང་མ་བྱེད་དང་ལོ།

  28. ཤར་ཕྱོགས་ཁུག་རྟ། says:
    2012-05-31 at 12:27 pm

    རྒྱ་གར་གྱིས་ལྷ་ས་རུ་གཞུང་ཚབ་ཁང་བསྐྱར་འཛུགས་བྱེད་རྒྱུའི་རེ་བ་བྱེད་པ།
    སྤེལ་དུས། 2012-05-30   ཡོང་ཁུངས། སའི་གོ་ལའི་སྐབས་དོན་ཚགས་པར།    རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།
    སྤྱི་ཟླ་༥ཚེས་༢༨ཉིན། ༼རྒྱ་གར་སི་ཐན་སྐབས་དོན་ཚགས་པར༽གྱིས་གནས་ཚུལ་བརྗོད་པ་ལྟར་ན། ཀྲུང་གོས་རྒྱ་གར་གྱི་བྷོམ་བྷེ་དང་ཀ་ལི་ཀ་ཏ་རུ་གཞུང་ཚབ་ཁང་བཙུགས་ཡོད་པ་དང་། ད་དུང་ལྡེ་ལེ་གསར་པར་གཞུང་ཚབ་ཆེན་མོ་འཛུགས་ཡོད་པ་རེད། ཀྲུང་གོས་རྒྱ་གར་ཅི་ནི་རུ་གཞུང་ཚབ་ཁང་གསུམ་པ་དེ་འཛུགས་རྒྱུའི་རེ་བ་བཏོན་པའི་རྗེས་སུ། རྒྱ་གར་གྱིས་ཀྱང་ལྷ་ས་རུ་གཞུང་ཚབ་ཁང་བསྐྱར་འཛུགས་བྱེད་རྒྱུའི་རེ་བ་བཏོན་ཡོད་པ་རེད། གནས་ཚུལ་འབྱོར་བར་གཞིགས་ན། བོད་ལྗོངས་ལྷ་སར་བཅའ་སྡོད་རྒྱ་གར་གཞུང་ཚབ་ཁང་དེ་༡༩༦༢ལོ་ནས་བཟུང་སྒོ་བརྒྱབ་པ་རེད། རྒྱ་གར་གྱི་རེ་བ་དེས་ཀྲུང་གོ་ཧང་སང་དུ་འཇུག་པའང་སྲིད་ཟེར།
    གནས་ཚུལ་འབྱོར་བར་གཞིགས་ན། ཀྲུང་གོ་ནི་རྒྱ་གར་གྱི་ཆེས་ཆེ་བའི་ཚོང་དོན་གྱི་གྲོགས་པོ་ཡིན་པ་རེད། རྒྱ་གར་དཔོན་རིགས་ཀྱིས་བརྗོད་དོན། བོད་དུ་གཞུང་ཚབ་ཁང་འཛུགས་དོན་ནི་ཕྱོགས་གཉིས་ཀའི་མཐའ་མཚམས་ཀྱི་ཚོང་དོན་དང་ཡུལ་སྐོར་ལ་ཕན་ཐོགས་ཡོང་ཆེད་ཁོ་ན་ཡིན་ཅེས་བརྗོད་ཡོད་པ་རེད།
    གནས་ཚུལ་འབྱོར་བ་དང་ཆབས་ཅིག་ནན་བཤད་བྱས་དོན། རྒྱ་གར་གྱིས་བོད་ལྗོངས་དེ་ཀྲུང་གོའི་མངའ་ཁོངས་དང་ཁ་འབྲལ་ཐབ་མེད་པའི་ཆ་ཤས་ཞིག་དུ་ངོས་འཛིན་གྱི་ཡོད་པ་དང་། རྒྱ་གར་གྱི་ས་ཆ་དེ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་ས་ཞིག་འགྱུར་མི་རུང་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་ཡིན་ཟེར།

  29. སྤྱང་ཤོག་བཀྲ་ཤིས says:
    2012-05-31 at 4:56 pm

    ང་ཚོ་བོད་ཀྱི་ངོས་ནས་བདམས་ག་གཉིས་ལས་མེད་པ་མངོན་གསལ་རེད།
    དང་པོ་ནི་རྒྱ་ནག་དམངས་གཙོ་མ་ཆགས་བར་དུ་བོད་རང་བཙན་བརྩོད་ལན་བྱེད་རྒྱུ་དེ་རེད། རྒྱ་ནག་དམངས་གཙོ་ཆག་འཚམས་ལམ་དབུ་མས་བྱ་བ་བྱེད་སྲིད།
    གཉིས་པ་ནི་ད་ལྟ་རྒྱ་ནག་དམར་གཞུང་གི་འཛིན་སྐྱོང་བྱེད་བཞིན་པའི་ལམ་ལུགས་འོག་ཤར་སྤྱོད་བྱེད་རྒྱུ་དེ་རེད། གཞན་རྒྱ་ནག་དམར་གཞུང་དབང་ཆ་གཅིག་སྡུས་འོག་འབྲེལ་མོལ་ལ་བྲས་བུ་ཐོན་མི་སྲིད།

  30. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-05-31 at 10:04 pm

    མང་པོ་ཞིག་རྒྱུན་ལྡན་གྱི་ལབ་ཀྱིན་འདུག་དོན་དངོས་ཐོག་རང་ཉིད་ཀྱི་འཇོན་ཐང་བྱས་པའི་ལས་འབྲས་གཅིག་ཀྱང་སྟོན་ཡ་མེད་པའི་འབྲོང་རྒན་འགའ་རེ་སྙིང་རྗེ་བའི་གནས་སུ་གྱུར་པ་ཞིག་རེད་་་་་་་་་་་དཀྲུག་ཤིང་དང་གྲུབ་འབྲས་མེད་པའི་རྙོག་དྲ་དེ་གཡུག་རོགས་་་་་་་་་་་་་་་་་

  31. ཡུལ་གྱར་བ says:
    2012-06-01 at 3:17 pm

    ཤར་ཁུག་གི་འདོད་དོན་ལྟར་ན་བོད་རྒྱ་འབྲེལ་མོལ་ལ་སྨན་པའི་རྒྱ་མི་རིགས་ལ་འབྲེལ་འདྲིས་དང་བློ་གཏད་ཆེ་ཤོས་དེ་བློ་སེང་མ་ཡིན་པར་ཤར་ཁུག་རང་ཉིད་དུ་ངེས་ཏེ་ཏང་གི་རྩ་ཁྲིམས་ལ་ཡིད་ཆེས་དང་ཏང་གི་དར་ཆ་ལ་གུས་བརྩི་ཡོེད་པ་ཙམ་དུ་མ་ཟད་མི་དམངས་ལ་དེ་ལྟར་དགོས་པའི་རེ་བ་དང་ལམ་སྟོན་སོགས་གནང་སྟངས་གང་ལ་བལྟས་ཀྱང་ཤེས་ནུས་སོ། མ་ཟད་བློ་སེང་དང་ཤར་ཁུག་གཉིས་ཀྱི་དམིགས་ཡུལ་ཡང་གཏན་ནས་མི་འདྲ་སྟེ་ཤར་ཁུག་གིས་ཀྲུང་ཧ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཙམ་ཞིག་རྩོད་ཁུལ་བྱེད་བཞིན་ཡོད་ལ་དེ་ཙམ་གྱིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་གཞི་ཁས་ལེན་དགོས་པས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཆོས་དད་རང་མོས་སོགས་ནི་གད་མོའི་གནས་རེད། མདོར་བསྡུས་ན་ད་ལྟའི་བོད་ནང་གི་གནས་སྟངས་ལས་ཐབས་དྲག་ཙམ་རེད། བློ་སེང་གིས་རྩོད་བཞིན་པའི་རང་སྐྱོང་གི་གནས་བབས་ནི་ནུབ་ཕྱོགས་ཀྱི་ཡུལ་གྲུ་དག་ཏུ་ཡོད་པའི་རང་སྐྱོང་ལུང་པའི་ཚུལ་ལྟར་ཕྱི་འབྲེལ་དང་བདེ་སྲུང་ཙམ་ལས་ནང་གི་གནས་དོན་ཕལ་མོ་ཆེ་ས་གནས་རང་སྐྱོང་སྲིད་གཞུང་རང་གི་ཐག་གཅོད་ཆོག་རྒྱུ་དེ་ཡིན། ཤར་ཁུག་ལ་ཆོས་དད་མེད་པ་ཤེས་ཀྱང་གཞན་གྱི་ཐོབ་ཐང་མི་དགོས་པ་འདི་ཅི་ཡིན་མི་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme