Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གང་ལ་བུད་སོང༌།

Posted on 2012-05-09 By ཤར་ཕྱོགས་ཁུག་རྟ། 4 Comments on གང་ལ་བུད་སོང༌།

འདས་ཟིན་པའི་ཚ་བོ་ལ་ཕུལ་བ།
ལྷ་ལུང་རྒྱལ།


སྒུག་ཀྱང་ཞལ་རས་མིག་གིས་མ་མཐོང༌།།
ཉན་བསམ་སྐད་ངག་རྣ་བས་མ་གོ།
ཚེ་འདིར་ཐུག་རྒྱུའི་གོ་སྐབས་མ་བྱུང༌།།
དངངས་ཤིང་སྐྲག་བཞིན་གང་ལ་བུད་སོང༌།།

འདས་སོང་ལོ་ཟླའི་ཡུལ་ལྗོངས་ཤིག་ནས།།
ལྷན་ཅིག་བརྩེ་དགའི་རོ་ལ་མྱངས་ཤིང༌།
ཁོ་བོར་དུང་བའི་ཉམས་འགྱུར་བསམ་ན།།
སྐྱོ་བའི་ན་བུན་དྭངས་ཐབས་མི་འདུག།


སྒྱུ་མའི་གཤིས་ལ་ཡིད་རྟོན་མེད་ཀྱང༌།།
བློ་ཡི་ཞེན་པར་བཅོས་ཐབས་སྟོང་བས།།
གྱེས་གདུང་སྲིན་བུས་ས་མཐའི་བུ་ཡི།།
དོན་ལྔ་སྣོད་དྲུག་གཙང་མར་ཟོས་ཐལ།།

རི་ཆུ་མེ་ཏོག་ཉི་ཟླ་འཇའ་སྤྲིན།།
སྤུན་ཉེ་ནེའུ་ལྡིངས་བཅུད་ཀྱི་སེམས་ཅན།།
དགའ་སྡུག་བར་གྱི་ཚོར་བའི་རི་མོ།།
ཐམས་ཅད་འཕྲུལ་ལས་གཞན་དུ་ཅི་མཆིས།།

གཉེན་དང་སྣག་གི་འབྲེལ་བ་མེད་པའི།།
ཕ་བོང་རྡོ་ཞིག་ཡིན་ན་དགའ་བ།།
ཤི་འབྲལ་ཚོར་བའི་གྲི་ཁ་རྣོན་པོས།།
ཚལ་བར་གཏུབས་པ་ཐེངས་གཅིག་མ་རེད།།

རྩུབ་མོའི་ངག་གིས་གཤེ་གཤེ་བཏང་ཞིང་།།
ཤ་ཚའི་ཐལ་ལྕག་ཡང་ཡང་གཞུས་པ།།
དེ་རིང་འགྱོད་པའི་གཞི་རུ་གྱུར་འདིར།
ངུ་བཞིན་སེམས་ཀྱིས་དགོངས་དག་ཞུའོ།།

རེ་བ་ནམ་མཁའི་སྤྲིན་ལྟར་མཐོ་ཡང༌།།
ཤེས་འཇོན་དོག་མོའི་ས་ལྟར་དམའ་བའི།།
བརྒྱ་སྡེའི་མི་ཁའི་ཀློང་གི་ཞང་པོས།།
བཙན་པོའི་ཞབས་རྗེས་མི་འབོར་ཁོ་ཐག།

དེ་ལྟར་ཁོ་བོས་མར་མེའི་དོད་དུ།།
རིག་བྱེད་གླིང་བུའི་དྲུག་འགྱུར་དབྱངས་ཀྱི།།
མཆོད་པའི་མེ་ཏོག་ཕྱི་མར་ཕུལ་བ།།
ཡུན་གཅིག་ངལ་གསོའི་རྒྱུ་རུ་འགྱུར་ཤོག།

༢༠༠༨ ། ༤ ། ༢༨ ཉིན།

སྙན་ངག

Post navigation

Previous Post: ཁྱི་ཁ་བཙུམ།
Next Post: མེར་སྲེག་ལས་འགུལ་གླེང་བ།

Comments (4) on “གང་ལ་བུད་སོང༌།”

  1. གནམ says:
    2012-05-09 at 8:32 am

    ཚར་བའི་ལས་ལ་འགྱོད་པས་འཕོངས་བ།།
    ཞང་བོ་སྤྱང་པོ་མིན་རྟགས་རེད།།
    ཚ་བོའི་རྗེས་ལ་བསྐུར་བའི་མཆོད་པ།།
    ཞང་བོ་མཁས་བ་ཡིན་པས་རྟགས་རེད།།
    ཨོམཎིཔདྨེཧཱོུཾཿ
    ཚང་མ་འདི་ལྟར་གོ་རིམ་ཞིག་གང་ན་ཡོད།
    ཨ་གནམ་རྒན་མ།

  2. སྦྲ་དཔལ་ལྡན་ says:
    2012-05-09 at 11:18 am

    ལས་འབྲས་སྐྱ་བོའི་གླུ་ཆུང་འདི་ནི་
    ཨ་ཞང་ཁྱོད་ཀྱིས་ལྷོད་ཀྱི་ལེན་དུས
    རིགས་ཞེན་ཚ་བོའི་རྣ་བར་མེད་ཀྱང་
    དུངས་སེམས་ཕྲ་མོས་ཚོར་བའི་ལོས་ཤེས་

    ཧ་ཧ་ཧ་ ་སྙན་ངག་འདི་ཐེངས་ཤིག་བཀླགས་རྗེས་ནོར་གླིང་གི་མཐོ་སློབ་ཀྱི་འཛིན་ཁང་ལྷོད་ཀྱིས་དྲན་སོང་ རྒན་ལགས་གང་ལྟར་སྙན་ངག་སྙན་མོ་ཞིག་བྲིས་འདུག་ཡ་ ཐེངས་འགར་བཀླགས་ཡིན་ལགས དུས་ཚོད་ཀྱི་དབང་གིས་དེ་ཙམ་གྱིས་

  3. ཁ་སྒང་ཤེར་རྒྱམ། says:
    2012-05-10 at 12:45 am

    རྟོག་པ་ཁྱད་པར་བ་ལས་བྱུང་བའི་མཛེས་དཔྱོད་ཀྱི་རིན་ཐང་ཁྱད་པ་ཞེས་པ་འདི་ལྟ་བུ་ལ་ཟེར་བ་ལོས་ཡིན་སྙམ་སྟེ། ཚོར་འདུ་ངོ་མ་རིག་བྱེད་བུ་མོའི་མགྲིན་པར་ལྷོད་ཀྱིས་བཏེགས་པས། ཀློག་པ་པོ༌ཁོ་བོའང་ཚོར་འདུ་དེས་ཡིད་ཀུན་ནས་མྱོས་པ་ཞིག་བྱུང༌། འདི་ལྟ་བུའི་སྙན་ངག་ནི་དེ་རིང་ཁ་སང་བཙན་བྱོལ་སྤྱི་ཚོགས་ཁྲོད་མཐོང་དཀོན་པར་གདའ་ཞེས་སྨྲ་བར་སྤོབས།

  4. བོད་འཁྱར་ says:
    2012-05-12 at 4:43 am

    གཅེས་པའི་ལུས་སྲོག་དང་མ་དེ་ཡང་།།གངས་ལྗོངས་སྤུན་ཟླའི་ཆེད་དུ་ཕུལ་བའི།།
    ལྷག་བསམ་ངར་མའི་དཔའ་རྒོད་དེ་ལ།།ཞང་པོ་ཁྱེད་ཀྱིས་མྱ་ངན་མ་བྱེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme