Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རི་རིན་པོ་ཆེའི་བྱེད་སྟངས་ལ་ཞིབ་འཇུག་གནང་དགོས་ཀྱི་འདུག

Posted on 2010-07-042010-07-05 By ཁ་བརྡ་ 7 Comments on རྒྱ་རི་རིན་པོ་ཆེའི་བྱེད་སྟངས་ལ་ཞིབ་འཇུག་གནང་དགོས་ཀྱི་འདུག

མདོ་འདུམ་ཚང་།

བཀའ་བློན་ཁྲི་བའི་སྔོན་འགྲོའི་འོས་བསྡུ་ལ་ཉིན་གྲངས་དགུ་བཅུ་ལྷག་ཡོད་པའི་སྐབས་སུ། རྒྱ་རི་རིན་པོ་ཆེ་ནས་བཀའ་ཁྲིའི་འོས་མིར་ལངས་ཀྱི་མིན་ཞེས་གསལ་བསྒྲགས་བསྐྱངས་ཡོད། རྒྱ་རི་རིན་པོ་ཆེའི་གསལ་བསྒྲགས་དེ་ལ་ཕྱོགས་ངོས་གསུམ་ནས་བསམ་བློ་གཏོང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུ་འདུག

དང་པོ།
རྒྱ་རི་རིན་པོ་ཆེའི་སེམས་སུ་བསྐྱར་དུ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ལངས་ན་འདོད་པའི་བསམ་ཚུལ་དེ་འདུག འོན་ཀྱང་། ༧གོང་ས་མཆོག་གིས་བཀའ་བློན་ཁྲི་བ་དེ་ལོ་གཞོན་ཞིག་ཡོང་ན་དགོངས་ཀྱི་ཡོད། ལྷག་པར་དུ་བུད་མེད་ཞིག་བྱུང་ན་བསམ་གྱིན་ཡོད། ད་ལྟའི་བཀའ་ཁྲི་ལས་ཐོག་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་ཁྲི་ལོ་གཞོན་ཞིག་ཡོང་ན་བསམ་གྱིན་ཡོད། བོད་རིགས་ལོ་གཞོན་མང་པོའི་བསམ་ཚུལ་ཡང་དེ་ལྟར་ཡིན།
རྒྱ་རི་རིན་པོ་ཆེ་༧གོང་ས་མཆོག་གི་སྐུ་ཚབ་རེད།་ སྐུ་ཚབ་ཙམ་མ་ཡིན་པར་དམིགས་བསལ་སྐུ་ཚབ་རེད། སྟབས་ཉེས་བ་ཞིག་ལ། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་ཐད།
དམིགས་བསལ་སྐུ་ཚབ་ཀྱི་དགོངས་ཚུལ་དེ་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་ལྡོག་ཕྱོགས་ནས་རེད། དོན་དངོས་སུ།
རྒྱ་རི་རིན་པོ་ཆེས་༧གོང་ས་མཆོག་གི་དགོངས་གཞི་མཁྱེན་གི་མེད་པ་རེད་དམ། ཡང་ན། ༧གོང་ས་མཆོག་གི་དགོངས་གཞི་དེ་གལ་ཆེར་མཐོང་གི་མེད་པ་རེད་དམ། རྒྱ་རི་རིན་པོ་ཆེ་འདི་༧གོང་ས་མཆོག་གི་དགོངས་པའི་རྗེས་འབྲངས་བ་དངོས་མ་ཞིག་རེད་དམ་མ་རེད།

གཉིས།
རྒྱ་རི་རིན་པོ་ཆེའི་སེམས་སུ། ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་སླེབས་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གཏོང་དགོས་བའི་བསམ་ཚུལ་དེ་ཡང་འདུག བསམ་ཚུལ་འཛིན་སྟངས་འདི་ནི།
ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་ཕྱོགས་སུ་གོམ་པ་སྤོ་བ་དང་གཅིག་མཚུངས་རེད། ད་ཕན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཚགས་ཚུད་ཞིག་ཡོང་གི་མེད་པའི་རྒྱུ་མཚན་ལྟེ་བ་གཅིག་ནི། གང་ཟག་ཆེན་པོ་ལ་གང་ཟག་གི་དབང་བསྒྱུར་དང་། གང་ཟག་ཆུང་ངུ་ལ་ཁྲིམས་བསྒྱུར་ཆགས་པའི་རྐྱེན་གྱིས་རེད། རྒྱ་རི་རིན་པོ་ཆེའི་ཕྱག་ལས་གནང་སྟངས་ཇི་སྙེད་ཅིག་ཀྱང་འདིའི་ཁོངས་སུ་ཚུད་ཡོད།
དཔེར་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱག་ལས་གནང་སྟངས་ཁག་དང་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་གནང་སྟངས་ཁག་ཅིག་ཁྲིམས་ཀྱི་དབང་བསྒྱུར་འོག་ན་མེད།
མང་གཙོའི་ལམ་ལུགས་ཡར་རྒྱས་སུ་གཏོང་བར་རྒྱབ་སྐྱོར་ཡོད་ཟེར་མཁན་གྱི་གང་ཟག་དེ་དང་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་གཙོ་བོར་འཛིན་མཁན་གྱི་གང་ཟག་དེ་གཉིས་ཀྱི་དབར་ན།
ཐུན་མོང་གི་ལས་དོན་བསྒྲུབ་ཕྱོགས་ཤིག་ཡོད་དམ། རྒྱ་རི་རིན་པོ་ཆེའི་བསམ་ཚུལ་འཛིན་སྟངས་འདིའི་རིགས། མང་གཙོའི་ལམ་ལུགས་ཡར་རྒྱས་སུ་གཏོང་ཐབས་ཤིག་རེད་དམ།

གསུམ།
ད་དུང་། རྒྱ་རི་རིན་པོ་ཆེས་གསུངས་ན། ཁོང་གི་བློ་ཉེ་ཚོ་དང་ལས་རོགས་ཚོས། སྔ་མོ་ནས་ཁོང་ཉིད་བཀའ་ཁྲིའི་འོས་མིར་ལངས་འདོད་མེད་པ་ཤེས་ཀྱི་ཡོད་ཟེར། འདི་བདེན་པ་རེད།
བཀའ་ཁྲིར་ལངས་བ་ནི། དངུལ་སྒོར་བློས་གཏོང་བའི་ལམ་ཁ་དེ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་གཉིས་ནི།
དངུལ་སྒོར་དང་འབྲེལ་བའི་ལས་ཀ་རེད། (རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་གཅིག་གི་ཡོང་སྒོ་ནི་ཨ་སྒོར་ས་ཡ་ལྔ་ལྷག་རེད།)
བཀའ་བློན་ཁྲི་བའི་ལས་ཀ་ནི་དངུལ་སྒོར་མེད་པའི་ལས་ཀ་རེད། དེས་ན།
རྒྱ་རི་རིན་པོ་ཆེས་དངུལ་སྒོར་བློས་བཏང་ནས་དངུལ་སྒོར་མེད་པའི་ལས་ཀ་ཞིག་ལ་འཇུ་གི་རེད་དམ།

(རྩོམ་འདི་ལ་བསྐྱར་དུ་བཟོ་བཅོས་ཅུང་ཙམ་བྱས་ནས་བསྐུར་བ་ཡིན། རྩོམ་འདི་ཧ་ཅང་མདོར་བསྡུས་ཤིག་བྲིས་ཡོད།
གནས་ཚུལ་ཞིབ་ཕྲ་རྣམས་བགྲོ་གླེང་གི་ཁྲོད་ནས་ལྷང་ལ་འབུད་གི་རེད།)

རྩོམ་རིག

Post navigation

Previous Post: རང་བཙན་གོམ་བགྲོད་དང་རང་བཙན་དྲ་དེབ།
Next Post: ང་ཚོ་གསོན་ས་ནས་འཆི་ས་ལ་འདེད་པའི་གནད་དོན།

Comments (7) on “རྒྱ་རི་རིན་པོ་ཆེའི་བྱེད་སྟངས་ལ་ཞིབ་འཇུག་གནང་དགོས་ཀྱི་འདུག”

  1. གདོང་དམར། says:
    2010-07-05 at 12:37 am

    མདོ་འདུན་གྱིས་གསུང་པ་དེ་ལ་ལྟོས་ན་སྐུ་ཚབ་ལ་དགག་པ་མ་ཡིན་པ་སྐུ་དངོས་ལ་དགག་པ་ལྟ་བུ་ཞིག་མཐོང་བྱུང་། སྐུ་ཚབ་ནི་སྐུ་ཚབ་ཙམ་མ་ཡིན་པར་དམིགས་བསལ་སྐུ་ཚབ་སྐུ་དངོས་ཀྱིས་ཐད་དཀར་འདོམས་པའི་གང་ཟག་ཞིག་ཡིན་པས་དེ་ལ་དགག་ན་སྐུ་དངོས་ལ་དགག་པ་ལོས་ཡིན།

  2. མདོ་འདུམ་ཚང་། says:
    2010-07-05 at 1:38 am

    སྐད་ཆ་མདོར་བསྡུས་ནས་བཤད་ན་།
    ༡ ༧གོང་ས་མཆོག་སྐུ་དངོས་ཀྱི་དགོངས་གཞི་དང་ལྡོག་ཕྱོགས་ནས་བསམ་ཚུལ་འཛིན་མཁན་གྱི་སྐུ་ཚབ་ཞིག་དགོས་དོན་མེད།
    ༢
    མང་གཙོ་ཡར་རྒྱས་ཟེར་བཞིན་གང་ཟག་གི་དབང་བསྒྱུར་གཙོ་བོར་འཛིན་མཁན་ཞིག་ཀྱང་ང་ཚོར་དགོས་དོན་མེད།
    ༣
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སྒེར་བདག་བྱེད་མཁན་གྱི་བཀའ་ཟུར་ཞིག་ཀྱང་ང་ཚོར་དགོས་དོན་མེད།

  3. མདོ་འདུམ་ཚང་། says:
    2010-07-05 at 1:50 am

    རྒྱ་རི་རིན་པོ་ཆེས། “ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་”ཟེར་བ་དང་། ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་འདེམས་འདོད་ཀྱི་བསམ་ཚུལ་འདི་གཉིས་དཀྱིལ་ཐིག་གཅིག་གི་སྒང་ནས་འགྲོ་ཐུབ་གི་རེད་དམ།
    རྒྱ་རི་རིན་པོ་ཆེས། “ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་གཏོང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས་”ཟེར་བ་དང་། གང་ཟག་གི་ཆེད་དུ་བཅའ་ཁྲིམས་ལ་བསྐྱར་བཅོས་གཏོང་དགོས་བའི་བསམ་ཚུལ་འཛིན་སྟངས་འདི་གཉིས་ཕྱོགས་གཅིག་ལ་འབབ་ཐུབ་གི་རེད་དམ།
    དོན་དངོས་སུ་རྒྱ་རི་རིན་པོ་ཆེ་ཧོན་ལོག་པ་རེད་དམ། རྒྱ་རི་རིན་པོ་ཆེའི་གསར་འགོད་གསལ་བསྒྲགས་དེའི་ཚིག་དོན་རེ་རེ་བཞིན་དཔྱད་ཞིབ་བྱེད་དགོས་འདུག
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྩིས་ཕྲ་སོགས་ཀྱི་སྐོར་ནས་གཤམ་ནས་གླེང་གི་ཡིན།

  4. གཅན་བཟོད་རྒྱམ། says:
    2010-07-05 at 1:53 am

    སྐུ་ཚབ་ལ་དགག་ན་སྐུ་དངོས་ལ་དགག་པ་སོགས་ཆེས་ཡིན། དེ་ལྟར་ན་སྐུ་ཚབ་ཚོས་འཇོན་མ་སོང་རབས་དང་སྐུ་ཚབ་རྒྱ་རི་ལྟ་བུ་དགོངས་པ་ཞུ་དགོས་ལུགས་ཀྱི་རྩོམ་ཡིག་དང་མཆན་བུ་བརྒྱ་ཚར་སྟོང་ཚར་བྲིས་སོང་ང་། དེ་ཚོའི་དོན་ཡང་སྐུ་དངོས་ཀྱིས་བོད་དོན་འཇོན་གི་མེད་རབས་དང་བོད་དོན་སྒྲུབ་མི་ནུས་པས་སྐུ་དངོས་ནས་ལས་དོན་དེ་མི་འཇོན་པས་ན་དགོངས་པ་ཞུ་རོགས་ཞེས་གོ་རྒྱུ་ཡིན་ནམ། ང་ཚོས་ཚིག་དོན་ཅི་ཞིག་ཡིན་ཀྱང་གོ་བ་འདི་ལྟར་བླངས་བསྡད་པས། མཐོ་དཔོན་པོ་ཞིག་གིས་ཅིག་བཤད་བཞག་ན་སྐུ་དངོས་ཀྱི་གསུངས་པ་ནང་བཞིན་ཕྱིར་དོགས་འདྲི་དང་བརྟག་དཔྱད་བྱེད་མ་ནུས་པ་རེད། བརྡར་ཤ་གཅོད་མ་ནུད་པ་རེད། བསམ་ཚུལ་ཞུ་མ་ནུས་པ་རེད། དེ་བས་ན། དེ་བས་ན་དཔོན་པོ་ཚོས་ཀྱང་རང་གིས་གང་བཤད་འགྲིག་པ་དང་ཡིན་པ་བཅས་ཀྱི་བསམ་ཚུལ་ཞིག་གཏན་པོར་བཟུང་བསྡད་འདུག་པ་རེད། དེ་བས་ན་ང་ཚོའི་སྤྱི་ཚོགས་འདི་དཔོན་པོའི་དགོངས་ཚུལ་དང་དམངས་ཀྱི་བསམ་ཚུལ་བར་ཧར་བག་ཆེན་པོ་ཞིག་ཤོར་ནས་བསྡད་འདུག་ག ལོ་ལོན་ཚོར་ཅི་ཁག སློབ་གསོ་དང་འཚར་ལོང་གི་བརྒྱུད་རིམ་དེ་ག་རང་ལ་བག་ཆགས་གཏིང་ཟབ་ཅིག་བཞག་ཡོད་པས་བླ་མས་ཅི་གསུངས་ཆོས་དང་། མཛུབ་མོ་གར་བསྟན་ཤར་ཡིན་ཟེར་གི་རེད། དེ་ལྟར་དུ་གཞོན་སྐྱེས་ཚོས་ཀྱང་གནང་བ་དང་བཤད་པ། བསམ་པ་སོགས་གཅིག་པ་གཅིག་རྐྱང་རང་བྱས་བསྡད་ན། དེང་གི་འཛམ་གླིང་ནི་ན་གཞོན་གྱི་འཛམ་གླིང་ཞིག་རེད། སྟོབས་ཆེན་རྒྱལ་ཁབ་དག་གི་མགོ་དབུ་ཁྲིད་ནས་མཇུག་འབངས་མི་སར་བར་ལ་ལྟོས་ཡོང་ན། བསམ་ཚུལ་མ་མཐུན་པ་ཆེར་ཨེ་ཡོད་ན། ལས་ཁུང་ཁག་དང་ཡང་ན་རྒས་ཡོལ་ཐོབ་པའི་ལོ་ཚད་ལས་ཀྱང་ཤེས་ཐུབ་ཀི་འདུག་ག རྒྱ་ནག་ལྟ་བུར་མཚོན་ནའང་ལོ་ཞེ་ལྔ་ནས་རྒལ་ཡོལ་བྱེད་དགོས་པ་རེད། འདི་ལས་རྒྱ་ནག་དེ་གཞོན་རབས་པའི་རྒྱ་ནག་ཞིག་ཏུ་འགྱུར་བཞིན་ཤེས་ཐུབ་ཀི དེ་བས་བློ་གཏོང་དུས་དོགས་གཅོད་དང་དབྱེ་ཞིབ། མཐོ་དམན་གང་དང་སུའང་དོགས་འདྲི་དང་ཐ་ན་རྒོལ་གཏམ་ཡང་བཤད་ཆོག་པར་འདོད།

  5. ཀརྡོ་རབ་འབྱམས་པ་ says:
    2010-07-05 at 8:30 am

    བཙན་བྱོལ་བོད་མིའི་ལས་བྱེད་རྒན་གྲས་ལམ་སང་རྒན་པོར་འབུད་ན་སྐྱོན་ཆེ་ཤོས་ནི། རྒན་ཡོལ་ཕེབས་ན་རྒན་ཕོག་མེད་པས་ཞན་ཆ་ཞིག་ཀྱང་ཡོད་པ་དེ་ཡང་ཤེས་དགོས་ཅིག་མི་འདུག་གམ།

  6. མདོ་འདུམ་ཚང་། says:
    2010-07-05 at 10:54 am

    རྒྱ་རི་རིན་པོ་ཆེ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དམིགས་བསལ་སྐུ་ཚབ་བཅས་ཀྱི་གནད་དོན་འདི། རྒན་ཡོལ་ལ་ཕེབས་ན་རྒན་ཕོགས་ཡོད་མེད་ཀྱི་གནད་དོན་མ་རེད།

  7. མདོ་འདུམ་ཚང་། says:
    2010-07-05 at 3:41 pm

    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་༢༠༠༩ལོའི་རྩིས་ཕྲ་ད་དུང་དྲ་ངོས་ལ་བཞག་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme