Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གང་དུ་དམ་དྲག་དང་དཀའ་ངལ་ཡོད་པ་དེ་ནས་མེ་སྲེག་གི་དོན་རྐྱེན་འབྱུང་སྲིད་པ་རེད།

Posted on 2011-11-03 By ཁ་བརྡ་ 1 Comment on གང་དུ་དམ་དྲག་དང་དཀའ་ངལ་ཡོད་པ་དེ་ནས་མེ་སྲེག་གི་དོན་རྐྱེན་འབྱུང་སྲིད་པ་རེད།

གྲགས་པ་ནས།
སྤྱི་ཟླ་༡ཚེས་༢ཉིན་བལ་ཡུལ་འཇོ་ལ་ཁེལ་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་བུད་མེད་བསོད་ནམས་ཟེར་བ་མོས་རང་ལུས་མེ་སྲེག་བྱེད་རྩིས་བྱས་འདུག་མོད། གནད་དོན་འདིའི་སྔ་རྗེས་ལ་བསམ་གཞིག་བྱས་ན། མོ་རང་ནི་དེ་སྔོན་ཕྱི་ལོ་༢༠༠༨ནས་བལ་ཡུལ་ནང་གི་བོད་དོན་ལས་འགུལ་ལ་མཉམ་ཞུགས་གནང་མཁན་གྱི་དཔའ་མོ་ཞིག་ཡིན་པ་མ་ཟད། བོད་དོན་ལས་འགུལ་གྱི་ཆེད་དུ་རང་གི་ཤ་ནས་སྐྱེས་པའི་ཕྲུ་གུ་གཉིས་ཡོད་པ་ཡང་སྐབས་རེ་ནང་ལ་བཅུག་ནས་སྐད་འབོད་ལ་འགྲོ་བ་དང་། སྐབས་རེ་ཁྱིམ་མཚེས་ལ་བཅོལ་ནས་རང་ཉིད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་པ་ཁོ་བོས་ཤེས་རྟོགས་བྱུང་། དེ་བཞིན་ད་རེས་ཡང་ཕྱི་ཟླ་༡༡ཚེས་༡ཉིན་བལ་ཡུལ་ནང་གི་ས་གནས་གཞོན་ནུས་གོ་སྒྲིག་བྱས་པའི་ལས་འགུལ་ནང་མཉམ་ཞུགས་བྱེད་སྐབས་ཀྱང་བལ་ཡུལ་གྱི་ས་གནས་དྲག་ཆས་ཉེན་རྟོག་པས་བོད་མི་ལས་འགུལ་བ་ཚོའི་ཐོག་དམ་དྲག་དང་སྡིགས་ར་སྐུལ་བ་སོགས་སྐུ་པར་འཕྲོག་བཅོམ་བྱས་པ་སོགས་སུན་གཙེར་སྣ་ཚོགས་བྱས་སོང་། གནས་ཚུལ་དེ་དག་དང་མོ་རང་གི་སེམས་ཁམས་གཉིས་འབྲེལ་བ་ཡོད་པ་ཞིག་རེད། རྒྱུ་མཚན་ནི་མོ་རང་ནི་བལ་ཡུལ་ནང་གི་བོད་མིའི་ལས་འགུལ་གང་ན་ཡོད་པ་དེ་ལ་མཉམ་ཞུགས་བྱེད་མཁན་བློ་ཐག་གཙང་བཅད་གནང་མཁན་གྱི་བུད་མེད་ཅིག་རེད། མོ་རང་ནི་སྐྱེས་ས་བལ་ཡུལ་ནང་ཡིན་ཡང་སེམས་བསམ་པ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་རྒྱ་གཞུང་གིས་དམ་དྲག་དང་དྲག་གནོན་ཚད་ལས་བརྒལ་བ་བྱས་པའི་སྐོར་ལ་སེམས་ནས་མི་བཟོད་མཁན་ཞིག་རེད། དེ་ལྟ་བུའི་སེམས་ཁམས་ཡོད་མཁན་ཞིག་གིས་རང་དབང་ལུང་པ་ནས་ལས་འགུལ་སྤེལ་ཡོང་དུས། རྒྱ་གཞུང་གི་བཀོད་འདོམས་འོག་ནས་འཚོ་མཁན་གྱི་བལ་ཡུལ་གཞུང་གི་ཉེན་རྟོགས་པས་དུས་ནས་དུས་སུ་བཀག་འགོག་དང་དམ་དྲག་བྱས་པ་ཙམ་མ་ཟད་བོད་མི་ལས་འགུལ་བ་ཚོར་རྒྱལ་སྤྱིའི་ཐོག་ཏུ་གྲགས་ཆེ་བའི་ཉེས་རྡུང་བཏང་ཡོད་པ་དེ་ཚོ་ཡང་བརྒྱུད་ལམ་ཁག་ན་གསལ། གནས་ཚུལ་དེ་དག་གི་རྐྱེན་པས་རང་དབང་དང་་རང་གིས་འདོད་པའི་བོད་མི་རིགས་ཀྱི་ཆེད་དུ་སྤེལ་ན་འདོད་པའི་ལས་འགུལ་ལ་བཀག་འགོག་དང་། དམ་དྲག་ཤུགས་ཆེ་བྱས་པ་དེའི་རྐྱེན་པས། སེམས་ཁམས་ལ་དཀའ་སྡུག་གི་ཚོར་བ་ཤུགས་ཆེ་སླེབས་ཡོད་པ་བཤད་ཐུབ། ད་དུང་དེ་སྔོན་མཆོད་འཇོར་ས་གནས་ཀྱི་ཚོགས་ཁང་དུ་ཡང་བོད་མི་སྐོར་ཞིས་ཟད་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱང་མོ་རང་མཉམ་ཞུགས་བྱས་ཤིང་། སྐབས་དེར་སྟོད་ཐུང་ངོས་སུ་བོད་ཀྱི་རྒྱལ་དར་ཡོད་པ་ཞིག་གྱོན་པ་བལ་ཡུལ་ཉེན་རྟོག་པས་བཙན་གྱིས་ཕུད་བཅུག་སོང་། མོ་རང་སྟོད་ཐུང་དེ་ཕུད་པ་དང་འོག་ཏུ་གྱོན་ཆས་གཞན་མེད་སྟབས་མར་སྲང་ལྟ་བུར་གྱུར་སོང་། རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་བསམ་བཞེས་དང་བུད་མེད་ཀྱི་སྟོད་གོས་བཙན་གྱིས་ཕུད་བཅུག་པ་ནི་ལུགས་མཐུན་ཞིག་རེད་དམ།

སྣ་ཚོགས།

Post navigation

Previous Post: མེ་ལྕེ་གློད་ཡོད་དམ།
Next Post: དེ་རིང་རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

Comment (1) on “གང་དུ་དམ་དྲག་དང་དཀའ་ངལ་ཡོད་པ་དེ་ནས་མེ་སྲེག་གི་དོན་རྐྱེན་འབྱུང་སྲིད་པ་རེད།”

  1. བས྄ྟན་འཛིན་རིགས་བཟང༌། says:
    2011-11-07 at 10:54 am

    བལ་ཡུལ་འདི་ཡང་ད་ཆ་དེ་སྔ་ཕྱི་ལོ་ 1959 ཡི་གོང་གི་བོད་ཀྱི་གནས་སྟངས་ནང་བཞིན་རྒྱ་མིའི་དབང་ཤུགས་སླེབས་ནས་ཁ་ལོ་བསྒྱུར་གྱིན་འདུག མི་འགྱངས་པར་བལ་ཡུལ་གྱི་བདག་དབང་དེ་ཡང་རྒྱ་ནག་ལ་སྤྲོད་ཉེན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme