Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲུང་ཆིན་གྱི་ཟིང་ཆ་འདིས་༦-༤ཡི་དོན་རྐྱེན་ལྟ་བུ་ཞིག་འབྱུང་ཨེ་ཐུབ།

Posted on 2012-04-12 By ཁ་བརྡ་ 9 Comments on ཁྲུང་ཆིན་གྱི་ཟིང་ཆ་འདིས་༦-༤ཡི་དོན་རྐྱེན་ལྟ་བུ་ཞིག་འབྱུང་ཨེ་ཐུབ།

ནམ་མཁའ།

ཁ་སང་གི་ཁྲུང་ཆིན་གྱི་ཟིང་ཆ་འདིས་དྲུག་བཞིའི་དོན་རྐྱེན་ལྟ་བུ་འབྱུང་རྒྱུར་ཕྲན་ལ་རེ་སྨོན་ཧ་ཅང་ཆེ། ཡིན་ཡང་རྒྱ་ནག་གི་མི་དམངས་ཕལ་ཆེར་དཔལ་འབྱོར་གྱི་འགྲན་བསྡུར་ནང་ཐིམ་ཡོད་པས། རང་དབང་དང་དམངས་གཙོའི་ཕྱོགས་ལ་དེ་ཙམ་གྱི་དོན་སྣང་བྱེད་ཀྱི་མེད་པ་མ་ཟད། ཕྱི་ལོགས་ཀྱི་དམངས་གཙོ་དོན་གཉེར་བ་ཚོ་ཡང་ཁོང་ཚོའི་ནང་ཁུལ་འཆམ་མཐུན་མེད་པའི་རྐྱེན་གྱིས་རྒྱ་ནག་ནང་ཁུལ་ལ་དེ་ཙམ་གྱི་ནུས་པ་སླེབས་ཐུབ་ཀྱི་མེད།ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་ད་རུང་ཡང་རྨོངས་གཉིད་ལས་སེལ་མ་ཐུབ་པར་རང་དབང་ཟེར་བའི་མིང་ཚིག་འདིའི་གོ་བརྡ་འཕྲོད་མ་ཐུབ་པར་མོ་ཙི་ལྔ་ཡི་སློབ་མའི་ལྟ་བ་ལས་འདའ་མ་ཐུབ་པར་ལྷག་ཡོད། དེ་མིན་ནུབ་ཕྱོགས་རང་དབང་ལུང་པར་ཡོད་པའི་སློབ་ཕྲུག་མང་པོས་ཁ་སང་ཁྲུང་ཆིན་གྱི་མི་དམངས་དང་སློབ་ཕྲུག་ཚོའི་རྒྱབ་རྩར་ལངས་ཏེ་སྐད་འབོད་བྱས་ན་འགྲིག་མོད། འོན་ཀྱང་གྲགས་འགུལ་ཅི་ཡང་མེད་པར་གནས་ཚུལ་མཁོ་སྤྲོད་ཙམ་ཡང་བྱེད་ཐུབ་ཀྱི་མེད།
སྤྱིར་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་རྒྱ་ནག་གི་ལྐོག་ཟ་རུལ་སུང་གི་དཔོན་རིགས་ཚོའི་ཕྲུག་གུ་ཡིན་པས་རྒྱ་གཞུང་མགོ་རྟིང་སློག་པ་ལ་དགའ་མོས་ཡོད་པ་ཡང་བཤད་དཀའ་བ་ཞིག་རེད།
ཕྱོགས་ངོས་གཞན་ཞིག་ནས་བཤད་ན་དྲུག་བཞིའི་དོན་རྐྱེན་སྐབས་དྲག་གནོན་ཚད་ལས་འདས་བ་བྱས་སྟབས་རྒྱ་ནང་གི་མི་དམངས་དང་སློབ་ཕྲུག་ཚང་མ་འཇིགས་སྐྲག་གི་ནང་ལྷུང་ནས་ཡར་འབུད་ཐུབ་པའི་སྙིང་སྟོབས་ཡང་ཡོད་དཀའ་བ་ཞིག་རེད་སྙམ། གང་ལྟར་ད་ཐེངས་ཀྱི་ཁྲུང་ཆིན་གྱི་ཟིང་ཆ་འདིའི་སྐོར་རྒྱ་ནག་ནང་ཁུལ་ནས་ཕན་ཚུན་འགྲེམས་སྤེལ་བཤད་ཐུབ་ཚེ་གཅིག་གི་རྒྱབ་རྩར་གཅིག་ལངས་མི་སྲིད་པ་ཞིག་མིན།

ཁ་སང་གི་བཞི་བའི་དོན་རྐྱེན་འདིས་རྒྱ་ནག་གི་དབང་འཛིན་པའི་ནང་ཁུལ་འཁྲུགས་འཛིངས་རྣོ་ངར་ཅན་ཞིག་ཏུ་གྱུར་ཡོད་པ་ཕྱི་ནང་ཀུན་ལ་ཡང་གསལ་བརྗོད་ལྟ་བུ་ཞིག་གྱུར་ཡོད་པས་ཕྲན་ལྟ་བུའི་བོད་མི་རྣམས་དགའ་སྤྲོའི་ཁེངས་ན་ཆོག་སྙམ། སྤྱིར་གོ་སྐབས་འདིར་བསྟུན་སྟེ་ཕྱི་ནང་གང་སར་ནས་ལངས་པ་ཡིན་ན་ཁྲུང་ཆིན་མི་དམངས་ཀྱི་སེམས་སུ་ཡང་ཁོང་ཚོར་རྒྱབ་རྩ་འདུག་སྙམ་པའི་སེམས་ཤུགས་འཕར་སྲིད།
ཁ་སང་གི་དོན་རྐྱེན་འདི་ལ་རྒྱ་གཞུང་གི་དབང་འཛིན་པ་ཕྱོགས་ཁག་གཉིས་ནས་ཀྱང་དགའ་སྐྲག་གཉིས་ཀ་བྱུང་ཡོད་སྲིད། ལག་དམར་ཧུའུ་ཡི་ཕྱོགས་ནས་མགོ་རྟིང་སློག་ཡོང་སྙམ་པའི་འཇིགས་སྣང་དང་ཕམ་ཁའི་ལམ་དུ་འགྲོ་སྲིད་པའི་སེམས་ཁུར་ཡང་ཡོད། ཅང་གི་ཕྱོགས་ནས་ཁོང་ཚོའི་ལག་ཏུ་དབང་འཛིན་གྱི་གོ་གནས་ཐོབ་འདོད་ཀྱི་རེ་བ་ཡང་ཤུགས་ཆེན་བྱས་ཡོད་པ་ཐེ་ཚོམ་མེད།

གལ་སྲིད་ཧུའུ་ཡིས་དྲག་སྤྱོད་ཀྱིས་སློབ་ཕྲུག་དང་མི་དམངས་དམར་གསོད་བྱས་ཚེ་ད་གཟོད་ཟིང་ཆ་ཆེ་རུ་འགྲོ་བ་ཐེ་ཚོམ་ཅི་ཡང་མེད་སྙམ། དེ་དུས་ཕྱོགས་གཉིས་ཀྱི་རྒྱལ་ཕམ་དབྱེ་བ་ཡང་འབྱེད་ཐུབ་ལ་དམར་ཕྱོགས་ཀྱི་མགོ་རྟིང་ཡང་སློག་སྲིད། གལ་ཆེ་བ་ཞིག་ནི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་ཁྲུང་ཆིན་མི་དམངས་ཀྱི་རྒྱབ་རྩར་ལངས་ཏེ་སྐད་འབོད་དང་ཁྱབ་བསྒྲགས་གང་མང་རྒྱ་ནང་ལ་བྱེད་ཐུབ་དགོས་བ་དེ་རེད།ནམ་མཁས་ཡོ་རུབ་ནས་གནས་ཚུལ་མཐོང་མ་ཐག་བྲིས།

སྣ་ཚོགས།

Post navigation

Previous Post: ཧུའུ་ཡི་དྲག་སྤྱོད་ཀྱིས་བོད་རྒྱ་ནག་དང་ཁ་བྲལ་གྱི་ལམ་དུ་བསྐྱལ།
Next Post: རང་ལུས་མེར་བསྲེགས་ཐད་། རིག་གཞུང་དུས་དེབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།

Comments (9) on “ཁྲུང་ཆིན་གྱི་ཟིང་ཆ་འདིས་༦-༤ཡི་དོན་རྐྱེན་ལྟ་བུ་ཞིག་འབྱུང་ཨེ་ཐུབ།”

  1. དཔྱིད་འགོའི་མེ་ཏོག་ says:
    2012-04-12 at 12:29 pm

    ད་རྒྱ་དམར་ཚང་གི་དཔོན་རིགས་ཚོའི་ཚང་སྐྱིད་པོ་ཡོང་རྒྱུ་ཁག་པོ་རེད་་་་རྒྱ་ནག་མི་མང་གཉིད་ལས་སད་དགོས་་་་དུས་རབས་འདིར་སྒེར་གཅོད་ཀྱི་སྲིད་དབང་འཇུག་རྫོགས་ལ་ཉེ་བས་ཧུ་ཅིན་ཐོ་ཡང་སྐྱིད་ཉལ་བྱེད་ས་ཡོད་རྒྱུ་མ་རེད་

  2. རྩམ་དགའ། says:
    2012-04-12 at 12:58 pm

    སྐུ་ཞབས་ནམ་མཁས་དུས་ཐོག་ཏུ་སྨན་པའི་བདེན་དངོས་བརྗོད་པར་དགའ་བསུ་ཞུ།
    ངས་ཀྱང་རྒྱ་ནག་གཞུང་དེ་དམངས་གཙོ་ཅན་ལ་འགྱུར་དགོས་ན་རྒྱ་མི་མང་དང་གཞུང་་་་་ཡང་ན་དཔོན་རིགས་ཚོའི་བར་ལ་འགལ་བ་ཡོང་དགོས་པར་འདོད་ཀྱིན་ཡོད། ད་འགྲིག་ཤག་་་་

  3. མགོན་པོ་ཕྱག་གཉིས་པ། says:
    2012-04-12 at 1:43 pm

    ཁྲུང་ཆེན་གྱི་དོན་དག་འདི་ནི་ཟིང་ཆ་ཞིག་ཡོང་གི་ཡོད་པ་མིན་པར་ཡོང་ཉེན་ཡོད་པའི་ཆབ་སྲིད་ཀྱི་ཟིང་ཆ་ཞིག་མགོ་གནོན་མགོ་ཚུགས་པ་རེད། མཁྲེགས་འཛིན་པ་དང་རྒྱབ་བཤིག་རྒྱག་འདོད་ཡོད་པ་རྣམས་ཕམ་པའི་མགོ་ཚུགས་པ་རེད། ཡིན་ནའང་། ཁ་ལ་བཅོས་བསྒྱུར་འཁྱེར་མཁན་གྱི་ཕྱོགས་ཁག་འདིས་མ་འོངས་པར་བཅོས་སྒྱུར་ག་འདྲ་ཞིག་གཏོང་རྒྱུ་ཡིན་མིན་དེའང་ཐེ་ཚོམ་སྐྱེ་གཞི་ཞིག་ལས་མ་མཆིས།
    ཁྲུང་ཆེན་གྱི་མི་མང་གི་ངོ་རྒོལ་དེའང་རྒྱ་ནག་གི་མདུན་ལམ་ཆེད་མིན་པར་ཁོ་ཚོའི་ཁ་དང་ལྟོ་བ། ཟས་ཀྱི་ཆེད་ཡིན་པས་ངོ་རྒོལ་དེ་རྒྱ་ཁྱབ་ཆེན་པོར་འགྲོ་མི་སྲིད་པ་ཞིག་རེད།
    ད་ལྟའི་རྒྱ་ནག་དབུས་གཞུང་གིས་ལམ་ཁའི་འགོག་རྡོ་ཆེན་པོ་ཞིག་བསལ་དང་སེལ་མུས་སུ་མཆིས། འགོག་རྡོ་ཆེན་པོ་དེ་ཡོངས་སུ་བསལ་ཚར་རྗེས། ཞི་ཅིང་ཕེན་ལམ་ཁ་འགྲོ་བདེ་ཆགས་པ་རེད་དེ་ཁོ་ཇི་ལྟར་འགྲོ་མིན་དེ་ང་ཚོས་མ་འོངས་པ་ན་བལྟ་རྒྱུ་ལས་མ་མཆིས།
    པོ་ཞི་ལེ་སོགས་ལ་རྒྱ་ནག་ནང་དུས་འགྱུར་སློང་རྒྱུའི་ཀུན་སློང་ཡོད་ཚུལ་འདུག་པ་མ་ཟད་དེའང་ཞི་ཅིང་ཕེན་གྱི་མགོ་ཁྲིད་སྐབས་ཁོ་པ་གོ་གནས་ནས་གཡུག་ཏུ་པོ་ཞི་ལིས་དབང་འཛིན་སེམས་ཡོད་སྐད་འདུག་ཀྱང་། དེ་བདེན་པ་ཡིན་མིན་མི་ཤེས་ཀྱང་། གང་ལྟར་ཁོ་ཚོའི་ཕྱོགས་གཏོགས་དེ་ད་ཆ་ཡོངས་སུ་ཕམ་པ་རེད

  4. གཞིས་ཞོལ་ཚེ་རྡོར། says:
    2012-04-12 at 1:48 pm

    ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

  5. ཨ་བ་ཡ་ན། says:
    2012-04-12 at 1:58 pm

    གང་དུ་བཙན་གནོན་ཡོད་པ། དེ་རུ་ངོ་རྒོལ་ཡོད།

  6. ཁ་བ་འཚོ says:
    2012-04-12 at 2:13 pm

    མགོན་པོ་ཕྱག་གཉིས་བའི་བསམ་ཚུལ་ལ་ཁོང་ཚོའི་ལྟོ་གོས་ཆེད་རེད་བསམ་འདུག ཡིན་ཡང་ལྟོ་གོས་ངོ་བོ་ནས་རང་དབང་གི་ངོ་བོ་འགྲོ་བ་རང་དབང་མེད་པའི་ལུང་པའི་མི་ཚོས་སྐད་འབོད་ཀྱི་འགྲོ་ལུགས་ལྟ་བུ་ཞིག་རེད་སྙམ།༨༩ལོའི་དོན་རྐྱེན་ཡང་ཐོག་མར་ཧའོ་ཡོ་པང་ལ་མྱ་ངན་འདུ་ཚོགས་ནས་འགོ་བཙུགས་པ་རེད།རྒྱ་ནག་མི་རིགས་འདི་ལྟོགས་ནས་གཉིད་སད་མ་ཐུབ་ན་རང་དབང་གི་དམངས་གཙོ་བསམ་སྟེ་ངོ་རྒོལ་བྱེད་མཁན་ནི་ཧ་ཅང་ཉུང་།
    ནམ་མཁས་བཤད་པ་བཞིན་དཔལ་འབྱོར་གྱི་འགྲན་བསྡུར་ནང་ཐིམ་ནས་ཡོད་པ་འཛམ་གླིང་དང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཀྱང་ཤེས་ཡོད།འདིའི་ངོ་བོ་ནས་ཆབ་སྲིད་ཀྱི་ངོ་བོ་འགྱུར་རྒྱུའི་རེ་བ་ཧ་ཅང་ཆེ།

  7. དབྱངས་འཛོམས། says:
    2012-04-12 at 3:50 pm

    དོན་སྙིང་ཆེ་ཞིང་དུས་ལ་བབ་པའི་རྩོམ་ཡིག་འདི་འདྲ་སྤེལ་བར་དགའ་བསུ་ཞུ། ད་ནི་རྒྱ་དམར་ཚང་གི་བྱེ་རི་ཉུལ་བར་ཐག་རིང་རྒྱུ་མ་རེད།

  8. རག་ཕྱགས་རྡོར says:
    2012-04-12 at 10:40 pm

    ད་ཡིན་ན་རྒྱ་ནག་ལྟོ་གོས་ཆེད་དུ་ཡིན་ན་འང་དྲ་ཆབ་སྲིད་ཀྱི་ཆེད་དུ་ཡིན་ན་འང་འདྲ་གང་ལྟར་ཟིང་ཆ་ལང་ནས་སྦྱོར་བཅོས་བྱས་ན་མ་གཏོགས་འདུག་མི་བདེ་བ་ཆགས་ཡོད་པ་དངོས་ཡོད་རེད་དེ་དངོས་གནས་གཏང་བཟང་རེད་གཏང་བཟང་རེད་གཏམ་བཟང་རེད།།།

  9. རག་ཕྱགས་རྡོར says:
    2012-04-12 at 10:44 pm

    འཁྲུང་ཆེན་མི་མང་ལ་དགའ་བསུ་ཡོད་ཤུགས་རྒྱབ་བཅོས་བརྒྱུར་ལ་དགའ་བོ་ཡོད་བཅོས་བརྒྱུར་ལ་དགའ་བོ་ཡོད་ཧཧཧཧཧཧཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme