Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ལུགས་རྩིས་མེད་གཏོང་པའི་དབུས་འོས་བསྡུ་ལས་ཁུངས།

Posted on 2011-03-17 By ཁ་བརྡ་ 7 Comments on ཁྲིམས་ལུགས་རྩིས་མེད་གཏོང་པའི་དབུས་འོས་བསྡུ་ལས་ཁུངས།

ཤེལ་དཀར་ལྷག་པ།

ང་ཚོ་བོད་གཞུང་གི་དབུས་འོས་བསྡུ་ལས་ཁུངས་ནས་ཤེས་བཞིན་དུ་བཅའ་ཁྲིམས་རི་པོ་ཆེ་རྩིས་མེད་དང༌། རྡོག་རོལ་ཡང་བཏང་གི་འདུག སྤྱི་བཏང་བྱས་ན། སྐབས་སྔོན་མའི་བཀའ་ཁྲིའི་འོས་འདེབས་སྐབས། བོད་མིའི་གཞིས་སྒར་ཞིག་ནས་ད་ལྟའི་བཀའ་ཁྲི་ཟམ་གདོང་རི་པོ་ལ་འོས་ཤོག་གྲངས་བཞི་རྒྱ་ཙམ་བླུག་ཡོད་ཀྱང༌། དེ་མི་གཅིག་གི་བསམ་ཚུལ་དང་མི་གཅིག་གཉིས་ཤིག་གིས་བྲིས་པའི་རྒྱུ་མཚན་དུ་བཟུང་ནས་རྩིས་མེད་བཏང་བ་རེད།

འོན་ཀྱང་ད་ལོ་བལ་ཡུལ་ཕྱོགས་ནས་སེང་བྲག་དགོན་པ་དང༌། ཐུབ་བསྟན་ཆོས་གླིང་དགོན་པའི་འོས་ཤོག་རྣམས་འོས་ཤོག་ཚད་ལྡན་ཡིན་མིན་ཀྱི་ཞིབ་ བཤེར་དང༌། འོས་བསྡུའི་སྒྲིག་གཞི་དོན་ཚན་༣༣ པའི་ནང་གསེས་༢་པའི་འབྲུ་དོན་ལྟར་ལག་ལེན་གནང་མེད་པ་སྒྲིག་འགལ་ཐོག་མི་མང་གིས་འོས་ཤོག་གང་བླུགས་པ་དེ་ག་རང་འོས་སྒམ་དེ་ག་དབུས་འོས་བསྡུ་ལས་ཁུངས་སུ་བསྐྱལ་ཡོད་་འདུག

འོས་བསྡུའི་སྒྲིག་གཞི་དོན་ཚན་༣༣པའི་ནང་གསེས་༢་པའི་ནང༌། (ས་གནས་འོས་བསྡུ་ལས་ཁུངས་ནས་འོས་ཤོག་རྩ་འབོར་ཇི་བྱུང་དང༌། འོས་འཕེན་པར་འོས་ཤོག་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད་བཅས་གྲངས་བཤེར་གྱིས་བྱུང་སོང་བསྡད་གསུམ་གྱི་ཐོ་གཞུང་གསལ་འགོད་ ཐོག་འོས་ཤོག་བསྡུ་ཡུལ་གྱི་འགན་འཛིན་དང༌། འོས་ཤོག་འགྲེམས་སྤེལ་བྱེད་པ། འོས་འཕེན་པའི་མིང་གཞུང་བདག་གཉེར་བྱེད་པོ་ཟུར་དཔང་བཅས་ནས་མིང་རྟགས་འགོད་ དགོས།) ཞེས་ས་གནས་སོ་སོའི་འོས་བསྡུའི་འགྲོ་ལུགས་ཀྱི་གཏན་འབེབས་བཅའ་ཁྲིམ་དང༌།
དེ་ནས་ས་གནས་ཁག་ནས་འོས་གྲངས་གཤེར་ཚར་དུས་དབུས་འོས་བསྡུ་ལས་ཁོངས་སུ་ཕུལ་ཕྱོགས་ཐད་འོས་བསྡུ་བཅའ་ཁྲིམ་དོན་ཚན་༣༤ པའི་ནང་གསེས་༦པའི་ཀ་བ་ལ།

(འོས་ ཤོག་གྲངས་གཤེར་ཟིན་རྗེས་ཐོབ་ཁུངས་སོ་སོའི་འོས་དམིགས་སམ་འོས་གཞི་དོ་བདག་སོ་ སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ཀྱི་བསྡོམས་འབོར་གྲངས་ཐོ་འཁོད་པའི་རེའུ་ མིག་ཟུར་འཛར་ ང་ ལྟར་ཁ་གསལ་ཁམས་དཱངས་ཤིག་དང༌། འོས་བསྡུ་ལས་ཁང་ནས་འོས་ཤོག་གྲངས་འབོར་ཇི་བྱུང་དང༌། འོས་འཕེན་པ་རྣམས་ལ་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད། འོས་ཤོག་བརྩི་མེད་ཇི་སོང་བཅས་བྱུང་སོང་བསྡད་གསུམ་ཐོ་གཞུང་ཁུངས་སོ་སོར་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་མིང་རྟགས་དང༌། ཚོགས་ཆུང་གི་ལས་ཐམ་བཀོད་དེ་འཐུམ་བསྒྲིལ་ཐེའུ་གནོན་གྱིས་འོས་བསྡུ་ལས་ཁང་དུ་དེབ་བསྐྱེལ་སྦྲགས་བརྒྱད་དམ། མགྱོགས་སྦྲགས་བཅས་གང་དགེས་འཕྲལ་འབུལ་ཞུ་དགོས།)

ཞེས་འཁོད་ཡོད་པ་དག་ཡོང་སུ་འགལ་བ་བྱས་ཏེ། ས་གནས་དེ་དག་གི་འོས་ཤོག་ངོས་ལེན་བྱས་ཡོད་པ་ནི་༧གོང་ས་མཆོག་གི་མཚན་རྟགས་འགོད་པའི་བཅའ་ཁྲིམ་ལ་མ་བརྩིས་པ་དང༌། བཅའ་ཁྲིམས་རིན་པོ་ཆེ་ལ་ཤེས་བཞིན་དུ་ཁྱད་གསོད་བྱས་པ་ཞིག་ཡིན།

ད་ དུང་མང་པོ་གོ་རྒྱུ་ཞིག་ལ། ས་གནས་ཁག་འགའ་ཤས་ནས་མི་གཅིག་གཉིས་ཤིག་གིས་བྲིས་པའི་འོས་ཤོག་མང་པོ་ཐོན་བྱུང་ཡོད་པ་རེད་དེ། དེ་ཚོ་ལའང་དོ་སྣང་མེད་པ་རྩིས་འགྲོ་གཏོང་ཡོད་པ་རེད་འདུག དེ་ཚོས་ག་ནས་ཚད། དགོན་སྡེ་ཁག་གི་ནང༌། བལ་ཡུལ་བ་དང༌། འབྲས་ལྗོང་པ། འབྲུག་པ། སོག་པོ ལ་དྭགས་པ་དེ་ཚོས་ཀྱང་བོད་ཀྱི་བཀའ་བློན་དང༌། སྤྱི་མཐུས་ཀྱི་འོས་ཤོག་བླུག་གི་འདུག་ཟེར་ཀྱི་འདུག དེ་ཚོས་སྐོར་ད་ལོ་གསལ་འགྱུར་ནང་ཐོན་ཡོད་ཀྱང་འོས་བསྡུ་ལས་ཁུངས་ཀྱིས་དོ་དམ་ དང་ཞིབ་འཇུག་གཏན་ནས་བྱེད་ཀྱི་མི་འདུག

ཡ་མཚན་གཅིག་ལ། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་༣་པའི་ནང༌། (ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་ བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ། གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་ རྐྱེན་སློང་བྱེད་པ།)ཞེས་དང༌།

ཡང་ནང་གསེས་༣་པའི་ནང་( འོས་གཞིའམ། ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང༌། སྐྱབས་འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང༌། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ནས་གོ་དབང་བེད་སྤྱོད་བྱེད་པ། འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མིན་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང༌། ཡིག་ཆ་འགྲེམས་སྤེལ་བྱེད་རིགས། )ཅེས་པ་སོགས་ནི་གཏན་ནས་དོ་སྣང་མེད་པ་དང༌། འགན་ཁུར་བྱེད་ཀྱིན་མེད་པ་བཞག་འདུག

འདི་ཚོ་ལ་བོད་མི་ཚོས་དོ་སྣང་དང༌། འགན་ཁུར་དགོས་པ་ཡིན་པ་ལས། དེ་ལྟར་མ་བྱས་ཚེ། ༧གོང་ས་མཆོག་གིས་ཅང་ང་ཚོའི་མགོན་སྐྱབ་ལས་དགོངས་ཞུ་གནང་གི་ཡོད་པ་རེད།

སྤྱིར་ད་ལོའི་འོས་བསྡུ་ལས་བྱེད་དེ་ཚོ་ནི་ཤེས་འཇོན་གང་ཡང་མི་འདུག་ལ། ཆེན་པོ་ཚོའམ་འབྱོར་ལྡན་གྲལ་རིམ་ཅན་ཚོའི་དབང་འོག་ཏུ་ཚུད་པ་མིན་ནམ་སྙམ་པའི་དོགས་པ་དང་ཚོར་སྣང་བྱུང་།

རྩོམ་རིག

Post navigation

Previous Post: བོད་ཀྱི་མ་འོངས་པའི་ཐར་ལམ།
Next Post: འཕྲལ་སེལ་གྱི་དཀའ་ངལ་བཤད་ནས་ཕུགས་རྒྱང་རིང་པོའི་དགོས་མཁོ་འགོག་མི་རུང་།

Comments (7) on “ཁྲིམས་ལུགས་རྩིས་མེད་གཏོང་པའི་དབུས་འོས་བསྡུ་ལས་ཁུངས།”

  1. ཟླ་བ་ཆོས་འཛོམས། says:
    2011-03-17 at 12:30 pm

    ཡིག་ནོར་་་་ཡིག་ནོར་་་་་ཡིག་ནོར་་་་་་ཡིག་ནོར་་་་་་་་ཡིག་ནོར་་་་མང་་་་་མང་་་མང་མང་་མང་་མང་་མང་མང་མང་མང་་་་་་་་་་་་་་་་་་་་མམམམམམམམ་་་་ངངངངངངངངང་་་

  2. རྡོ་རྗེ་དོན་འགྲུབ། says:
    2011-03-17 at 2:11 pm

    དེ་རིང་ཡང་ཤེལ་དཀར་ལྷག་པས་སྐད་ཆ་གསར་པ་ཞིག་བཤད་འདུག་པས་ཡིག་ནོར་ཡོད་ན་ཡང་འདྲ་ཁོང་གིས་གང་ཞིག་བཤད་པ་དག་ལ་དབྱེ་ཞིབ་དང་དགོངས་འཆར་དགོས་པ་རེད།

  3. རྡོ་རྗེ་དོན་འགྲུབ། says:
    2011-03-17 at 2:16 pm

    བལ་བོ་དང་འབྲུག་པས་བོད་ཀྱི་འཐུས་མི་འདེམས་པ་དང་ས་གནས་ནས་ཟུར་དཔང་སོགས་གང་མེད་པར་འོས་དམར་རྗེན་དབུས་འོས་བསྡུ་ལས་ཁུངས་ནང་བསྐྱལ་བ་སོགས་ནི་བཅའ་ཁྲིམས་དང་འགལ་ཡོད།
    དེ་བཞིན་འོས་སྒམ་ནང་ཡོད་པའི་འོས་དག་མི་གཅིག་གིས་བླུག་མ་རེད་སུས་བཤད་ནུས་
    དེ་དག་ཁྲིམས་འགལ་རང་རེད

  4. ཀླུ་ཚང་། says:
    2011-03-18 at 1:06 am

    ཤེལ་དཀར་ལྷག་པ་ལགས། ཁྲིམས་ལུགས་ལ་ཁུངས་བཏུགས་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།
    བོད་མི་མིན་པས་བོད་ཀྱི་བཀའ་སྤྱིའི་འོས་བླུགས་པ་དང་། ས་གནས་ཁག་ནས་འོས་ཤོག་རྩིས་བཤེར་མེད་པ་དབུས་ལ་ཁ་ཏུག་ཁྱེར་བ་སོགས་ནི་འོས་བསྡུའི་བཅའ་ཁྲིམས་རིན་པོ་དང་དངོས་སུ་འགལ་ཡོད་པ་གོང་དུ་བྲིས་ཡོད་པ་འདི་དག་གིས་དཔང་པོ་བྱས་འདུག་པས། འདི་དག་གི་ཐད་ལ་མང་ཚོགས་ཀྱི་རེ་འདོད་བཞིན་དབུས་འོས་བསྡུ་ལས་བྱེད་ཚོས་གསལ་བཤད་ངེས་པར་དགོས་རྒྱུ་རེད།
    དོན་དག་འདི་ཚོ་ལ་སྣང་མེད་བྱས་ན། ས་གནས་ཁག་འགའ་ནས། མིང་ཏོག་ཙམ་ནོར་བ་དང་། ལུང་ཚན་ནོར་བ། ནག་ནོག་ཆགས་པ་སོགས་ཀྱི་འོས་ཤོག་རྩེས་མེད་གཏོང་གི་ཡོད་པ་རེད་ཟེར། དེ་འདྲ་ཡིན་ན་ལས་འབྲས་ལའང་རུང་གི་མ་རེད་བ། བོད་མི་ཞིག་་ཡིན་ན། འདི་ཚོ་ལ་ཞིབ་མཇུག་དང་། དཔྱད་བསྡུར། འབོད་བསྐུལ་བྱེད་རྒྱུ་ནི་འོས་འགན་ཞིག་རེད་དྲན།

  5. ཁ་བའི་སྒྲོན་མེ། says:
    2011-03-18 at 9:42 am

    ངོ་མ་དངོས་གཞིའི་སྐབས་དེ་བས་དོ་སྣང་གནང་རོགས། འདི་གལ་ཆེན་རེད་ལ་དོན་ཆེན་ཡང་རེད་།

  6. རང་གྲོལ། says:
    2011-03-18 at 9:49 am

    ད་ཕན་ཐོགས་ཡོད་པ་མ་རེད། འོས་ལྡུག་པར་ཉིན་གཉིས་ལས་མེད། འཇམ་དཔལ་ཆོས་བཟང་ལོ་ན་མཐོ་བས་བྱུས་རིག་འཐོར་བའི་སྟེང་། གྲྭ་པ་ཅི་ཡང་མི་ཤེས་མཁན་གྱི་ཁམས་པ་ཞིག་དང་། དེའི་སྟེང་ཨ་མདོ་གཞོན་པ་དེའི་འཇོན་ཐང་མི་ཤེས། འོན་ཀྱང་ཁྲིམས་འགལ་བྱེད་པ་ལ་འདི་ཚོ་འཇོན་ཐག་ཆོད་འདུག སྔོན་འགྲོའི་སྐབས་དེབ་སྐྱེལ་མ་བྱས་པ་རྣམས་དངོས་གཞིའི་སྐབས་དེབ་སྐྱེལ་བྱེད་དུ་བཅུག་པ་དེ་ཁྲིམས་འགལ་མ་རེད་དམ།

  7. ཁ་བའི་སྒྲོན་མེ། says:
    2011-03-18 at 11:25 pm

    ད་བོད་གཞུང་གི་མ་ཡིན་ཡིན་མདོག་དང་བྱེད་པའི་དུས་ཚོད་རྫོགས་ཟིན་པ་འདུག་དངོས་འབྲེལ་བཀའ་བློ་ཁྲི་པ་བཀྲས་མཐོང་ཐོབ་ན་བོད་གཞུང་གི་མ་ཡིན་ཡིན་མདོག་བྱེད་པའི་གར་སྟིང་གསར་པ་ཞིག་བསྐྲུན་ངེས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme