Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ལུགས་འདི་རྩེ་མེད་གྱི་གྲི་ཆགས་བཞིན།

Posted on 2011-02-172011-02-17 By ཁ་བརྡ་ 4 Comments on ཁྲིམས་ལུགས་འདི་རྩེ་མེད་གྱི་གྲི་ཆགས་བཞིན།

སྤུ་རུ་ཝ་ལ་ནས་རིན་ཆེན་བློ་གསལ་དར་རྒྱས་ཀྱིས།
ཞི་བདེ་མཉམ་གནས་ཀྱི་གོམ་བུ་ཞིག་མངོན་འགྱུར་དགོས་ཚེ་དང་ཐོག་དམངས་གཙོའི་ཚད་ལྡན་གྱི་ལམ་ཕྲན་ཞིག་མི་རྒྱུད་ཀ་མེད་ཅིག་ཏུ་ངོས་འཛིན་ཞུ་བཞིན་འདུག དེ་ཕྱི་གནས་ལུགས་དང་རྒྱུ་མཚན་དུ་མ་ཞིག་ལ་གཟིགས་ནས་རང་རེའི་མི་དམངས་རྣམས་ཀྱང་ཁ་སྟབས་དང་འཇོན་ཐང་ལ་མ་ལྟོས་པར་༧གོང་ས་སྐྱབས་མགོན་ཆེན་པོའི་བརྩེ་བའི་ཡེ་ཤེས་ཀྱིས་ལམ་བཟང་འདིར་བཙན་དད་བྱས་ནས་ད་ལྟའི་ཆར་ལོ་ལྔ་བཅུར་སོན་ཡོད། འོན་ཀྱང་ཇི་ལྟར་སོན་པ་བཞིན་ཚད་ལྡན་ཞིག་ཏུ་ལོངས་སྤྱོད་ཐུབ་ ཡོད་མེད་དེ་ཡང་ཐེ་ཚོམ་གྱི་གནས་སུ་འགྱར་ཡོད་པས་ངེད་ཅག་མི་མང་གིས་མ་འཇོན་པ་ལས་གཞན་སུ་ལ་འཁང་ར་བྱེད་ས་མེད། སྟབས་ལེགས་པར་ཞིག་ལ་འདི་ལོའི་ བཀའ་སྤྱི་གཉིས་པོའི་འོས་བསྡུ་ལས་རིམ་འདིར་སྔར་དང་མི་འདྲ་བའི་མི་མང་གིས་ཐུགས་སྣང་ཆེན་པོ་གནང་ནས་སྔར་ལས་ལྷག་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་པར་དེ་དག་དགའ་འོས་པའི་དོན་གནད་ཞིག་ཏུ་བརྩི་ཆོག མཚམས་འདིར་རང་གི་ཚོར་སྣང་ལས་འཕོས་པའི་འཆར་སྣང་ཁ་ཤས་བཤད་འདོད་སྐྱེས། དེ་ཡང་དོན་ཚན་དང་པོ། མི་མང་གི་སྐུ་ཚབ་འཐུས་མི་ཞིག་ལ་ཤེལ་གྱི་སྣོད་ལྟར་ཕྱི་ལྟར་ནང་གསལ་གྱི་ཆ་རྐྱེན་མ་ཚང་རུང་སྒྲིག་གཞི་ནང་གསལ་ཆ་རྐྱེན་དེ་དག་ དགོས་ངེས་ཅན་ཞིག་ཏུ་འགྱུར་ཡོད། ཡིན་ན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣གྱི་ནང་གསེས་གཉིས་པ་དང་དོན་ཚན་༣༨པའི་ནང་གསེས་༨པ་བཅས་ ཡོངས་སུ་འགལ་ནས་སྤྱི་རྒྱུ་སྒེ་བདག་ཏུ་བསྒྱུར་ནས་ཧམ་བཤད་རི་ཙམ་བྱས་ན་བདེན་པ་གཡག་ཙམ་འཐོབ་རེ་བྱས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་ཐོག་ཏུ་ཡོད་པའི་བཙན་བྱོལ་གཞུང་དེ་རྒྱ་གར་ཁྲིམས་ཁང་དུ་སྐྱལ་ནས་ལོ་རེ་ཧིན་སྒོ་འབུམ་ཕྲག་མང་པོ་འགྲོ་སོང་གཏང་ནས་ཁ་ཆུ་གཏུགས་བཞིན་པའི་མི་བུ་སྐོར་གཅིག་སྐབས་བཅོ་ལྔ་པའི་དངོས་གཞིའི་འོས་མིའི་གྲལ་དུ་ཨང་རིམ་དང་པོ་མིན་རུང་དང་གྲས་སུ་སླེབས་འདུག་པས་དེ་དག་ལ་དབུས་འོས་བསྡུ་ལས་ཁང་གིས་ཞིབ་འཇུག དང་རྟགས་དཔྱད་སོགས་གང་ཡང་མེད་པ་ཡིན་ཤག་ཤག་བྱས་པ་དེ་མི་མང་གི་བསམ་ཚུལ་དང་བཙན་བྱོལ་གཞུང་གི་ཁྲིམས་ལུགས་ལ་དངོས་སུ་རྩིས་མེད་བཏང་དང་གཏོང་བཞིན་པའི་དཔེར་མཚོན་གཅིག་རེད། ཁྲིམས་དང་སྒྲིག་གཞི་ཟེར་དུས་མཐོ་སྨད་ཚང་མར་ཡོད་ན་ཡོད་མཉམ་ཡིན་དགོས་ཤིང་རང་གཞུང་གི་ཁྲིམས་ལུགས་འདི་དེ་ལས་ ལྡོག་སྟེ་དབང་ཤུགས་དང་འབྱོར་པ་ཡོད་པའི་མི་སྣ་ཞིག་ལ་ཐུག་ཚེ་སྣུན་ན་འབེབས་མི་ནུས་པའི་རྩེ་མེད་གྲི་ཆགས་ལྟ་བུ་ཞིག་ལས་གཞན་ཅི་ཡང་མི་མངོན། སྤྱི་ན་གྲོས་ཚོགས་ཀྱི་ར་བ་འདི་བཞིན་ཁྲིམས་བཟོ་ལྷན་ཚོག་ཞེས་ཡིན་དགོས་པས་ཁྲིམས་ལུགས་ལ་གཏོར་བཤིག་གཏོང་མི་ཉན་ལ་གཏོར་བཤིག་གཏོང་མཁན་ཞིག་ལ་ འཐུས་མིའི་འོས་ཆོས་མི་ཚང་བར་ལོང་བས་ལྟས་ཀྱང་རྒྱལ་ཁམས་གསལ་ཟེར་བ་བཞིན་ཡིན་ཡང་འབྲེལ་ཡོད་མི་སྣ་དེ་དག་གིས་གནད་དོན་འདི་ཚོའི་ཐད་དགོས་དབང་ གིས་གླང་ཆེན་གཟིགས་སྟངས་ཉིད་མཛད་ནས་བཞུགས་ཡོད། དོན་ཚན་གཉིས་པ། དབུས་ས་གཉིས་ཀས་འདོད་པ་གཅིག་མཐུན་གྱི་ཐོག་ནས་འོས་དམིག་ནས་ཕྱི་འབུད་ བྱས་པས་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་ཡོད་པའི་སྨར་ཁམས་ཆོས་འཕེལ་ལ་འོས་བསྡུའི་སྒྲིག་གཞིས་བཀའ་ཆད་ལྕི་མོ་ཞིག་ཕོག་འདུག དེ་ཡང་ཁོང་ཁྲིམས་ལུགས་དང་ནང་འགལ་ཆགས་ཚུལ་རྒྱུ་མཚན་ལྟར་སྣང་ཁ་ཤས་བགྲང་འདུག་པ་འདི་ལྟར། ཁོང་རྒྱུན་ལྡན་བཞུགས་གནས་དེ་ཕྱི་རྒྱ་ཡིན་ཙམ་ཆོལ་ཁའི་འཐུས་མི་དེ་རྒྱལ་བལ་འབྲུག་གསུམ་ནང་ཞིག་པའི་དོན་ཚན་དེ་འགལ་ལུགས་སྐྱོར་འདུག གཉིས་པ་དེ་ཁོ་པ་ལོ་རེ་རྒྱ་གར་ལ་ཐེངས་གཅིག་མ་གཏོགས་ཡོང་གི་མེད་སྐོར་ཁོ་པའི་གཟའ་ཟླས་བཤད་ཚུལ། གསུམ་པ་དེ་རང་བཙན་ལག་དེབ་ཀྱི་ དཔྱལ་ཁྲལ་དེ་ཕྱི་རྒྱལ་ནས་ཕུལ་བ་བརྟེན་རྒྱལ་བལ་འབྲུག་གསུམ་གྱི་མི་ཁོངས་མིན་སྐོར་བཅས་དོན་ཚན་འདི་གསུམ་རེད་འདུག དེ་ཚོར་ལན་གནས་བསྡུས་ཤིག་ཞུ་ན། དོན་ཚན་དང་པོའི་ཐད་དུ། ཁྲིམས་ལུགས་དེ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་ན་ཕྱི་རྒྱ་ལ་ཁོང་དང་བཞུགས་གནས་གཅིག་མཚུངས་ཡིན་པའི་སྐབས་བཅུ་བཞི་པའི་འཐུས་མིའི་ ལས་ཐོག་པའི་གྲས་སུ་ཡོད་པའི་མི་བུ་དེ་དག་འཐུས་མི་ཆགས་སྟངས་དེ་ཇི་ལྟར་ཡིན་ནམ། དོན་ཚན་གཉིས་པར། ལོ་རེ་ལ་ཐེངས་རེ་མ་གཏོགས་རྒྱ་གར་ལ་མི་ཡོང་བ་མི་ གྲུབ་ཏེ། འདི་ལོ་ཕྱི་ཟླ་བདུན་པ་ནས་ད་བར་ཐེངས་གསུམ་རྒྱ་གར་ལ་སླེབས་ཡོད་པ་མ་ཟད་བཟའ་ཟླ་ལ་གསང་བ་བྱས་ནས་འོངས་བ་ཞིག་ནམ་ཡང་མིན་པས་འབྲེལ་ཡོད་ལ་ སྐད་ཆ་འདྲི་ན་ཤེས་ངེས། དོན་ཚན་གསུམ་པའི་ཐད་དུ། འོ་ན་རང་བཙན་ལག་དེབ་ཕྱི་རྒྱལ་ནས་བཟོ་རྐྱེན་རྒྱ་བལ་འབྲུག་གསུམ་གྱི་མི་ཁོངས་མིན་དགོས་ན་ཨ་རི་མི་སེར་ གྱི་ལག་འཁྱེར་བསྣམས་ནས་ཕེབས་པའི་ཆོལ་ཁ་ག་གེ་མོའི་སྤྱི་འཐུས་དེ་ཚོ་རྒྱ་བལ་འབྲུག་གསུམ་གྱི་མི་ཁོངས་གང་འདྲ་རྩི་དགོས་སམ། དེས་ན་བཙན་བྱོལ་གཞུང་གི་ ཁྲིམས་ལུགས་འདི་ཉམས་ཆུང་མི་མང་སྟེང་མདའིི་རྩེ་ལས་རྣོ་ལ་མདུང་རྩེ་ལས་རིངས་བའི་དཔེ་མཚོན་རྣལ་མ་ཞིག་ཏུ་འགྱུར་མི་འདུག་གམ། མདོར་ན་གནས་ཚུལ་འདི་དག་ལ་བསམ་ན་ང་ཚོ་འདས་པའི་ལོ་རྒྱུས་མང་པོར་ཕྱིར་དྲན་བྱེད་དུས་རང་གཞུང་གིས་མི་སྣ་ཁག་ཅིག་གིས་བྱེད་ཕྱོགས་མངོན་འགྱུར་བ་ཞིག་གི་ཐོག་ནས་འཆར་གཞི་ལྐོག་འགྱུར་བ་ཞིག་དང་དཔོག་དཀའ་བའི་གསང་བ་མི་ཉུང་བར་ཞིག་ཀྱང་ཡོད་མི་སྲིད་པ་གཏན་ནས་མིན་པ་སེམས། དེསན་གོང་གི་གདན་དོན་དེ་དག་ལ་འོས་བསྡུ་ལས་ཁུངས་ནས་གསལ་བཤད་གཙང་མ་ཞིག་ཅི་ནས་གནང་གལ་ཆེ་འདུག་སྙམ། སྨར་ཁམས་ཆོས་འཕེལ་ཐོག་མ་ཆུ་སྒང་གི་འོས་མི་གྲལ་དུ་ཡོང་སྟངས་དེ་ཡང་སྙན་རྒྱབ་ལྟག་ཁུང་ནས་རང་དགར་ཐོན་ཡོང་བ་ཞིག་མིན་པས་ས་གནས་ནས་མི་མང་གིས་གདེང་འཇོག་ཟབ་མོ་ཡོད་པའི་ཉེར་ལེན་ལ་རྟེན་ཆུ་སྒང་འོས་མིར་སླེབས་ཡོད། སྔོན་འགྲོ་ནང་དུ་ཡང་མི་མང་སྟོང་ཚོ་ལྷག་གིས་ཁོང་ལ་འོས་ཤོག་གིས་རྒྱབ་སྐྱོར་ གནང་བར་དེ་རེ་ལྟོས་འོས་པའི་མི་སྣ་ཞིག་ལ་ངོས་འཛིན་ཞུ་ཡོད་པ་གོ་མ་ཆགས། དབུས་ས་གཉིས་ཀས་གང་ཟག་གི་ངོ་གདོང་ལ་མ་ལྟ་བ་འོས་ཤོག་དེ་དག་འཕེན་མཁན་ གྱི་མི་མང་གི་བསམ་ཚུལ་ལ་རིན་ཐང་ཞིག་རྩི་དགོས་ཀྱང་གསལ་བཤད་ཀྱི་བརྡ་ལན་ཙམ་ཡང་མ་སྤྲད་པར་ཕྱི་འབུད་འདི་ལྟར་གནང་འདུག་པ་བློ་ཕམ་གྱི་རྒྱུ་ལས་མ་འདས་སོ།
གློག་ཕྲིན་ཁ་བྱང་། Markhmapandhatogyal@yahoo.com
ཁ་པར་ཨང་གྲངས།༩༨༠༥༩༩༨༩༡༣

སྣ་ཚོགས།

Post navigation

Previous Post: བརྩེ་འཕྲིན།
Next Post: གསར་འགྱུར་ཐུང་ཐུང་།

Comments (4) on “ཁྲིམས་ལུགས་འདི་རྩེ་མེད་གྱི་གྲི་ཆགས་བཞིན།”

  1. BBC says:
    2011-02-17 at 10:21 pm

    ད་འདི་ཚོ་འོས་བསྡུ་ལས་ཁང་ལས་ཐད་ཀར་གཏོང་དགོས་པའི་གནས་ཚུལ་ཞིག་རེད་འདོད། མ་གཞི་ནས་འོས་བསྡུ་ལས་ཁང་གི་ད་ལོའི་མི་འདི་ཚོ་ལ་ལྟོས་དང་། འཇམ་དཔལ་ཆོས་བཟང་ལགས་ཞེས་པ་ཁོང་ཉམས་མྱོང་ཡོད་པར་ཆ་བཞག་ཀྱང་། རོགས་པ་གཉིས་གང་འདྲ་ཞིག་ཡིན། དེའི་ནང་ནས་ཀྱང་གྲྭ་པ་འདི་ཐ་ན་གཏོང་ཡིག་ཡག་པོ་ཞིག་ཀྱང་འབྲི་ཨེ་ཤེས་སྙམ། ད་འདི་ཁྱད་མཚར་པོ་ཤ་སྟག་རེད། དེ་ལས་གཡུག་ཞོག ད་ང་ནི་རྦད་དེ་མགོ་ན་སོང་ངོ་། །

  2. གློ་གྲི་ཐུང་ངུ། says:
    2011-02-18 at 3:27 am

    ད་དཀོན་མཆོག་གསུམ་དངོས་ཉིད་བྱེད་སྟངས་སྐྱོ་པོ་རེད། འོས་བསྡུ་ལས་ཁང་གི་མི་གསུམ་པོ་ནི་འདོད་ཆགས་ཞི་སྡང་ཏིག་མུག་གསུམ་པོ་མཚོན་བྱེད་ཞིག་ལས་མ་འདས། ད་འོས་བསྡུ་ལས་ཁང་ལ་ཁ་པར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝ་ཡེ། ཟ་ཉལ་་་་་་་་་་་་་་་་་་་་་་་་་་་་ད

  3. རྡོ་རྗེ་དོན་འགྲུབ། says:
    2011-02-18 at 11:13 am

    ཆོས་འཕེལ་གྱི་གནད་དོན་དེ་གསལ་པོ་མ་བྱུང་ན་ལྟད་མོ་ལྟོས

  4. སྤང་མདའ་དཔོན། says:
    2011-02-19 at 1:47 pm

    ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་བཞིན་ཧ་ཅང་ཆུང་ཆུང་རེད་སོང་ཙམ་ཕན་ཚུན་བསམ་ཤེས་དང་གོ་བསྡུར་གནང་ནས་ཐག་ཅད་ཐུབ་ན་ལས་གཅིག་གིས་གཅིག་ལ་འཇིགས་སྣང་དང་སྡིགས་ར་སོགས་སྐུལ་རེས་བྱེད་ན་ཡག་པོ་མ་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme