Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ལུགས་མཁསཔའི་བཀའ་ཁྲི་ལ༎ཁྲིམས་འགལ་བོད་མིས་དགའ་བསུ་ཞུ༎

Posted on 2011-08-092011-08-09 By སྤོབས་པ་མཐའ་ཡས། 11 Comments on ཁྲིམས་ལུགས་མཁསཔའི་བཀའ་ཁྲི་ལ༎ཁྲིམས་འགལ་བོད་མིས་དགའ་བསུ་ཞུ༎

སྤོབས་པ་མཐའ་ཡས།
ཉེ་ཆར་མང་གཙོའི་འོས་འདེམས་གཙང་མའི་ལམ་ནས་ཕེབས་པའི་བཀའ་ཁྲི་གསར་པའི་ལས་འཁུར་མགོ་འཛུགས་དང་ལྷན་དུ་སློབ་གྲྭའི་འགན་བདག་གིས་སློབ་ཕྲུག་གཅར་རྡུང་གིས་དམར་བསད་དོན་རྐྱེན་དང་། ལོག་གཡེམ་དོན་རྐྱེན་ལས་སྣ་བཅད་ཅིང་གཅེར་བུར་ཕུད་ནས་ཁྲོམ་སྐོར་ལ་ཁྲིད་པའི་གནས་ཚུལ་ཀྱང་ལུས་དང་གྲིབ་མ་བཞིན་དུ་སླེབས་པ་འདི་ནི་བཙན་བྱོལ་བོད་མིའི་གཟུགས་རིས་ངོ་མ་དེ་མཐོང་བའི་གོ་སྐབས་ཡག་ཤོས་ཤིག་རེད། གནད་དོན་འདི་རིགས་ནི་བཀའ་ཁྲི་གསར་པའི་སྤྱན་ལམ་ལ་འབྱོར་བ་འཕྱི་མ་དྲགས་པ་ཡིན་པས་དགའ་བ་སྒོམ་པར་འོས། བོད་མི་རིགས་ནི་སྤྱང་གྲུང་ལྡན་པའི་མི་རིགས་ཤིག་ཡིན་སྟབས་བཙན་བྱོལ་བོད་མིས་ཡིད་ཆེས་ཆེན་པོས་ཁྲིམས་ལུགས་ཀྱི་ཤེས་བྱ་ཟབ་མོ་ཅན་ཞིག་བཀའ་ཁྲིར་བདམས་པ་དེ་ཡང་བོད་མིའི་སྤྱི་ཚོགས་ལ་ཁྲིམས་ཀྱི་སྟེང་ནས་འཕྲད་པའི་དཀའ་ངལ་སེལ་བའི་རེ་བས་ཐག་གཅོད་དེ་ལྟར་བྱས་པ་ཡིན་པར་ཐེ་ཚོམ་མེད། བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལྟ་བུ་ཡིན་ན་སྤྱི་ཚོགས་འདིའི་ནང་དུ་སྐྱེས་ཤིང་འཚར་བ་ཞིག་ཡིན་སྟབས་གནད་དོན་འདི་རིགས་ཀྱིས་ཧ་ལས་གི་མེད་པ་ཐག་ཆོད། ཡིན་ན་ཡང་གནད་དོན་འདིས་ཀྱང་ཁོང་ལ་སེམས་ཁྲལ་འཕར་མ་ཞིག་བསྐྱེད་ཡོད་པར་ཡང་ཐེ་ཚོམ་མེད། ཁྲིམས་ལ་མཁས་པ་ཞིག་ལ་མཚོན་ན་ཁྲིམས་ཀྱི་གནད་དོན་སྟེང་ལ་ཚོར་སྣང་རྣོན་པོ་ཞིག་ཡོད་པ་བཤད་མི་དགོས། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲིམས་ལུགས་བརྩི་འཇོག་མི་ཤེས་པའི་རུལ་སུང་གི་རྣམ་པ་འདི་ནི་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ངོས་ན་ཚབ་ཆེར་ཡོད་པ་ཞིག་མིན། འོན་ཀྱང་རྒྱལ་བ་ཀརྨ་པའི་དངུལ་ཉར་སྟངས་ནས་སུ་སློབ་གྲྭ་ཁག་གི་ཕ་ཚབ་མ་ཚབ་ཀྱིས་སློབ་ཕྲུག་ཉར་སྟངས་སོགས་དཔེ་མཚོན་ཙམ་རེད། མདོར་ན་ཁྲིམས་ཐོག་གི་དཀའ་ངལ་དེ་ནི་རྒྱ་བལ་འབྲུག་གསུམ་གྱི་གྲུ་ཟུར་ཐམས་ཅད་ལ་སྦྲེལ་ཐག་ཆད་པའི་ཕྲེང་རྡོག་བཞིན་འཐོར་བའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་གར་ཡོད་ལ་ཁྱབ་ཡོད་པ་ཞིག་ཡིན་སྟབས་བཀའ་ཤག་གི་འབོད་སྐུལ་གཅིག་དང་ཉེན་རྟོག་པའི་གཙང་བཤེར་ཐེང་རེ་ཟུང་གིས་སེལ་ཐུབ་པ་ཞིག་མིན།
ཁོག་ན་སྙིང་ཡོད་མཁན་གྱི་མི་ཞིག་ཡིན་ན་སྙིང་གཏིང་ལ་ཚ་ཤར་རྒྱག་དགོས་པའི་གནད་དོན་སྐྱི་གཡའ་བ་འདི་ནི་དུས་ཆད་བསྒྲིགས་པ་བཞིན་བཀའ་ཁྲི་གསར་པའི་ལས་འཁུར་མགོ་འཛུགས་དང་ལྷན་དུ་བྱུང་བ་འདི་ནི་གཅིག་བྱས་ན་འདི་དང་འདི་འདྲ་བའི་དོན་རྐྱེན་སྔོན་འགོག་གི་རྟེན་འབྲེལ་ཧ་ཅང་བཟང་པོ་ཞིག་ཡིན་སྲིད། སྤྱིར་ན་རྒྱ་གར་གྱི་ཡུལ་ཁྲིམས་ནི་ཆུ་བོ་གངྒ་མི་ཡུལ་དུ་གདན་དྲངས་ཚུལ་གྱི་གནའ་བོའི་ལྷ་སྒྲུང་དེ་དང་མཚུངས་པར་ཁྲིམས་ཡིག་སྟེང་གི་སྟངས་འཛིན་དེ་མང་ཚོགས་མི་སྒེར་གྱི་སྐྱིད་སྡུག་སྟེང་དུ་དངོས་སུ་སླེབས་ཚུལ་ཞིག་ཐོས་རྒྱུ་ཡོད་པ་ཧ་ཅང་དཀོན། དེ་བས་ཀྱང་བཙན་བྱོལ་སྤྱི་ཚོགས་ནི་ཁྲིམས་ལུགས་ཀྱི་ཤེས་བྱ་མེད་སྟངས་ཀྱི་ཆ་ནས་རྒྱ་གར་གྱི་ཡུལ་ཁྲིམས་ལ་རྒྱང་ཐག་ཆེས་ཆེར་རིང་། དེར་བརྟེན་བོད་མིའི་སྤྱི་ཚོགས་འདི་ལ་ཁྲིམས་ལུགས་ཀྱི་སྟངས་འཛིན་མིག་དཔེ་ཚད་ལྡན་ཞིག་བཏོད་རྒྱུ་དེ་ནི་བཀའ་ཁྲི་གསར་པའི་ཕྲག་ལ་བབ་པའི་ལས་འགན་ཆེན་པོ་ཞིག་ཡིན།
བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་མཚན་སྙན་ཉམས་མགོ་ཚུགས་པ་དེས་བོད་ནས་རྒྱ་གར་དུ་སློབ་སྦྱོང་དུ་ཡོང་མཁན་ཉུང་དུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཚར་བ་ཁོ་ན་མ་ཡིན་པར་བཙན་བྱོལ་བོད་མིའི་ཕ་མ་མང་པོས་ཀྱང་བུ་ཕྲུག་བཙལ་བྱོལ་བོད་མིའི་སློབ་གྲྭ་སྐྱེལ་བ་ཉུང་དུ་འགྲོ་བཞིན་ཡོད། དེ་ཡང་བཙན་བྱོལ་སློབ་གྲྭ་ཁག་གི་མཚན་སྙན་ཉམས་པའི་རྒྱུ་རྐྱེན་དེ་ནི་སྣེ་མང་པོ་ཞིག་ཡིན། ཤེས་ཡོན་སྤྱིའི་སློབ་གསོ་ལམ་ལུགས་དང་དེ་ལས་བྱུང་བའི་གྲུབ་འབྲས་དམན་པ། འཚོ་བའི་ཆ་རྐྱེན་སྡུག་པ། དགེ་རྒན་དང་ལས་བྱེད་པའི་ཀུན་སྤྱོད་དང་མིག་དཔེ་མི་བཟང་བ་སོགས་ནི་ཕྲུ་གུའི་ཕ་མས་སེམས་ནད་ཆེ་རུ་འགྲོ་བ་དང་ཡིད་ཆེས་ཆུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཁག་ཡིན། དེ་བཞིན་དུ་བོད་མི་ཕ་མ་རྒྱལ་ཞེན་ཅན་མང་པོས་རང་རང་གི་བུ་ཕྲུག་ལ་བོད་རང་གི་སྐད་ཡིག་གཙོས་པའི་བོད་ཀྱི་རིག་གནས་སློབ་གཉེར་རྐང་ཚུགས་པ་ཞིག་ཡོང་རེས་བཙན་བྱོལ་བོད་མིའི་སློབ་གྲར་སློབ་འཇུག་བྱེད་འདོད་ཡོད་མཁན་མང་། ཡིན་ན་ཡང་བཙན་བྱོལ་ནང་གི་བོད་ཡིག་གི་སློབ་ཚན་སྤྲོད་སྟངས་དེས་བོད་མི་ཕལ་མོ་ཆེའི་རེ་བ་སྐོང་ཐུབ་མེད།
ངའི་རེ་བ་ནི་བཀའ་ཁྲི་གསར་པའི་ལས་ཀའི་གཞི་རྐང་དེ་རྒྱ་བལ་འབྲུག་གསུམ་ན་གནས་པའི་བཙལ་བྱོལ་སྤྱི་ཚོགས་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ། ཡོད་པ་ངོས་ཟིན་པར་བྱ་བའི་ཕྱག་ལས་ལ་སྐུ་ངལ་ཆེན་པོས་འབད་བརྩོན་གནང་ནུས་ན་བཙལ་བྱོལ་བོད་མིའི་སྟོབས་ཤུགས་གོང་དུ་འཕེལ་བ་དང་། བོད་ནང་གི་མིས་ཡིད་ཆེས་འཕེལ་བ། བཙལ་བྱོལ་བོད་མི་མི་རེ་ངོ་རེར་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཡོད་པའི་ཡིད་བརྟན་ཟབ་མོའི་བདེ་བ་ཐོབ་པ། གནས་ཚང་ཡུལ་གྲུའི་སྤྱི་ཚོགས་ཀྱི་མིག་ལམ་ལ་འཕྲོད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་སྣང་ལ་མཛེས་པ་སོགས་དགེ་ཕན་ཆེན་པོ་ཡོད་པ་ཐུགས་ལ་བཅངས་པར་རིགས་སོ༎

རྩོམ་རིག

Post navigation

Previous Post: སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་མཆོག
Next Post: ༄།། མའོ་ཙེ་ཏུང་གི་གསང་བའི་ལོ་རྒྱུས་བསྔོགས་པ།

Comments (11) on “ཁྲིམས་ལུགས་མཁསཔའི་བཀའ་ཁྲི་ལ༎ཁྲིམས་འགལ་བོད་མིས་དགའ་བསུ་ཞུ༎”

  1. རྨ་ཆུ་སྐལ་བཟང་། says:
    2011-08-09 at 12:53 am

    གྲོགས་པོ་རང་གིས་རྩོམ་འདིའི་མང་དང་བརྗོད་དོན་སོགས་གང་ཐད་ནས་ཚད་ལས་བརྒལ་འདུག་སྙམ།
    གང་ལྟར་རང་ཡང་བཀྲུས་ན་མི་འདག་བའི་བོད་མི་ཞིག་ཡིན་ན་དེ་ལྟར་འབྲི་སྲོལ་མེད་གི་སྙམ།
    ཉི་མ་ཁ་སེང་ནས་བཟུང་༸མཁས་དབང་བློ་བཟང་སངྒེ་ཁོང་ང་ཚོ་གངས་ཅན་བ་ཡོངས་ཀྱི་སྲིད་སྐྱོང་གསར་བ་ཡིན་པའི་གུས་བའི་འཚམས་ཞུ་དང་རྟེན་འབྲེལ་ཞུ་དགོས་ངེས་རེད།།

  2. སྐྱུ་རྩི་ནས། says:
    2011-08-09 at 3:07 am

    ཉེ་ཆར་ཨ་རུ་ན་ཅལ་དང་། སུ་ཇ་རུ་གནས་ཚུལ་བྱུང་བ་ནི་གཞི་རྩའི་འགྲོ་བ་མིའི་རང་བཞིན་དང་ཡོངས་སུ་འགལ་བ་ཞིག་ཡིན། ཁོང་ཚོ་བླུན་རྨོངས་དང་། ཀླ་ཀློ། བོད་པའི་(taliban)རེད་ལབ་ན་མི་ཆོག་པ་གང་ཡང་མེད། ༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་བཀའ་སློབ་གནང་བཞིན་དུ་ཉམས་ཆུང་མི་ལ་བདོ་བའི་ལས་འགུལ་འདི་འདྲ་རྩོམ་པ་ནི་ཨ་ཧང་ཚབ་ཆེ་ལ། བྱེ་གཏེ་ལག་དམར་བ་དེ་དག་ལ་ཁྲིམས་ཐོག་ནས་ཉེས་པ་ཚེ་བརྩོན་ནམ་། སྲོག་གཅོད་ངེས་པར་ཕོག་དགོས་པ་ཞིག་ཡིན། མ་རབས་ཐ་ཤལ། ཀླ་ཀློ་ཇག་པ་དེ་ཚོ་བོད་པའི་ཞགས་རྩི་ཙམ་ཡང་མེད། གལ་སྲིད་ས་གནས་ས་ཐོག་ནས་ངན་པ་ལག་འབྲེལ་གྱི་ཉེས་པ་གཅོད་ཀྱི་མེད་ན། དྲང་བདེན་གྱི་རྒྱལ་སྤྱིའི་ཁྲིམས་ཁང་ཆེན་པོར་བཏུགས་དགོས། ང་ཚོ་བོད་མི་ཚང་མ་ཉམས་ཐག་དེ་ཚོའི་རྒྱབ་ཏུ་ལངས་ངེས་ཡིན།

  3. དགའ་ལྡན། says:
    2011-08-09 at 4:51 am

    སྤོབས་པ་མཐའ་ཡས་ཁྱོད་ཀྱི་རྩོམ་ཡིག་འདི་རྒྱ་མཚན་ཅི་ཕྱིར་དམིགས་ཏེ་བྲིས་པ་ཡིན། ངས་ཁྱོད་ཀྱི་རྩོམ་ཡིག་ནང་དོན་ལ་བལྟས་ན་རྒྱ་དམར་གྱི་ཡིག་ཆ་དཀར་པོ་ཞེས་པ་བཙན་འབྱོལ་སྒྲིག་གཙུགས་དང་༸གོང་ས་མཆོག་ལ་དམའ་འབེབ་བྱེད་པའི་དོན་དང་ཅིག་མཚུངས་མངོན། བཙན་འབྱོལ་སྤྱི་ཚོགས་ལ་ཁྱོད་ཀྱིས་ཁྲིམས་ཀྱི་གནས་ལུགས་མི་ཤེས་པའི་རུལ་སོང་ཞེས་ངན་སྨྲས་བྱེད་དོན་ཅི། མཁས་མིན་མཁས་དོག་གི་གསར་འབྱོར་སྤོབས་པ་མཐའ་ཡས་ཁྱོད་རྒྱ་གཞུང་གི་ཆེད་དུ་མངགས་པའི་མྱུལ་མ་མིན་ན་དྲ་རྒྱའི་ནང་གི་བཅོས་ཐབས་མེད་པའི་དྲ་འབུ་ཞིག་ཡིན་པ་ཐེ་ཚོམ་མེད་དོ།

  4. ཨུ་མ་ says:
    2011-08-09 at 6:12 am

    ཉེར་ཆར་སྟན་སྒང་གཞིས་ཆགས་དང་ གསོ་འགར་སློབ་གྲར་བཀྲ་མ་ཤིགས་པའི་དོན་སྐྱེན་བྱུང་བར་བློ་འཕམ་ཆེ་ སློབ་ཕྲུག་འདས་པོ་དེའི་ཆེད་དུ་ཚང་མས་མཎེ་གང་མང་སག་རོགས་གནང་ གཞན་ཡང་བོ་མོ་དེར་སྡུག་སྦྱོང་གཏོང་མཁན་དེ་ཚོར་ཉེས་གཅས་གཏང་པར་དོནའཁྱོལ་ཡོང་གི་མེད་ན་ བོད་མའི་སྒྲིགས་འཛུགས་ནས་མི་དེ་ཚོའི་གྲས་ཁན་ནའ་འདྲར་གཏོང་རྒྱུ་མེད་ ངེས་པར་དུ་བོ་མོ་དེ་ཁན་ནའ་འདྲར་གཏོང་དགོས་ དེ་ལྟར་མ་བྱས་ན་བོ་མོ་འདི་མེ་ཚེ་སྟན་སྒང་གཞིས་ཆག་ནང་ཁྱོལ་ཐབས་བྲལ་ད་དུང་ཨ་མ་སྒན་ཁོག་གཅས།

  5. འདོད་ལྷ་ཁམས་པ། says:
    2011-08-09 at 9:39 am

    རེད།
    སྤོབས་པས་བཤད་པ་འདི་ཚོ་བདེན་པ་བདེན་ཤག་ཡིན་ཙང་བོད་མི་མང་པོ་ཞིག་གིས་ད་དུང་ཡང་བོད་པའི་སྤྱི་ཚོགས་ནང་གི་རང་སྐྱོན་རང་གིས་ངོས་ལེན་བྱེད་འདོད་བྱེད་གི་ཡོད་མ་རེད། ཡིནའངལ། བཀའ་ཁྲི་གསར་པ་ཁྲི་ལ་འཁོད་མ་ཐག་ཡིན་ཙང་དོན་དག་རྫབ་ཆེན་འདི་ཚོར་སྟངས་འཛིན་ནན་མོ་ཞིག་ཡོང་བའི་གོ་སྐབས་ཡོད་པ་རེད།
    ཤ་ཚ་བའི་སྤོབས་པའི་སྐད་ཆ་འདི་ལ་སྙན་ཆ་མི་འདུག་ནའང་དོན་ལ་གནས་འདུག

  6. བཀྲ་ཤིས་དར་རྒྱས། says:
    2011-08-09 at 3:20 pm

    ཉིན་ཤས་སྔོན་ཁ་ཤས་ཤིག་གིས་ནོར་གླིང་ནས་རེད་ཟེར་བ་དང་ཁ་ཤས་ཤིག་གིས་བལ་ཡུལ་ནས་རེད་ཟེར། གང་ལྟར་བུད་མེད་ཞིག་དམར་ཧྲེང་ལ་བཏོན་ནས་མགོའི་སྐྲ་བྲེགས་པ་དང་ལུས་ལ་ལ་དམར་བྱུགས་པ། ད་ད་དུང་གཅར་རྡུང་བྱེད་གྱིན་ཡོད་པའི་གཟུགས་རྙན་ལག་འཛིན་ཁ་པར་སོགས་ཀྱི་བཏང་འདུག་པས་འདི་དངོས་གནས་བོད་པ་ཞིག་ཡིན་ན། བུ་མོ་གཅིག་པོས་ནོར་འཁྲུལ་ལ་བརྩི་རྒྱུ་མེད་རྒྱ་གར་བུད་མེད་དེའི་ཆོ་ག་ལ་ཡང་ནོར་འཁྲུལ་ཡོད་པས་བུད་མེད་ཚོགས་པས་རོགས་བྱས་སྟེ་འདི་ངེས་བར་དུ་ཁྲིམས་ཐོག་ལ་སྐྱེལ་དགོས་པ་རེད། འདི་ང་ཚོ་བོད་པ་ལ་མཐོང་ཆུང་དང་ཁྱད་གསོད་རེད།

  7. སྐྱུ་རྩི་ནས། says:
    2011-08-10 at 4:07 am

    ཨེ་ཡའི་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞ་པར་ལེན་ཚན་གྱི་གཙོ་སྐྱོང་བ་སྒྲོལ་དཀར་ནས་བོད་ནང་གི་གཞོན་སྐྱེས་ཁག་གཅིག་ནས་བཀའ་ཁྲི་གསར་པར་བརྟེན་འབྲེལ་ཞུས་པའི་གསུངས་ཇི་བཞིན་སྙན་སྒྲོན་གནང་སོང་བར་དགའ་བསུ་ཡོད་ལ་ཆབ་གཅིག་ཏུ་ཁོང་ཚོ་རྒྱ་དམར་གྱི་བཙོན་དུ་མི་ཤོར་བའི་འགན་ཁུར་དགོས། སོ་སོའི་འཚོ་གོས་ཀྱི་ཆེད་མི་གཞན་གྱི་སྲོག་དགྲ་བོར་སྦྱིན་པ་ཐབས་སྐྱོ་བོཞིག་ཡིན། མོས་གསར་འགྱུར་བཤད་གྲུབ་རྗེས་ཁྱེད་ཚོས་ལུང་ཚན་དང་། འབྱུང་ཁུངས་གསར་པོར་ལབ་འདུག་པར་རྗེས་སུ་འགྱུར་བ་བཏང་གི་ལབ་སོང་བར་སྔོན་དུ་གང་བྱས་ནས་མིང་དང་ལུང་ཚན་འགྱུར་ཚན་གྱི་མིང་འགྱུར་བ་གཏོང་མི་འོས་པ་ཡིན་ནམ།

  8. ཀརྡོ་རབ་འབྱམས་པ་ says:
    2011-08-10 at 8:57 am

    ཤར་གླིང་ལ་ཞི་བདེ་དངོས་གནས་ཅིག་དགོས་ན་དགོས་ན། མ་འོ་ཡི་རོ་ཁོག་དེ་མེར་བསྲེགས་གང་གཏོང་ཐུབ་བྱ་དགོས་མི་འདུག་གམ། དགེའོ། །

  9. དགའ་ལྡན། says:
    2011-08-11 at 9:14 am

    དངོསགནས་དྲ་རྒྱའི་ནང་གི་དྲ་འབུ་འདི་ཚོང་ཚང་མ་སྨྱོ་འདུག ཧཧ་ཧཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  10. རལ་གིྲ says:
    2011-08-11 at 12:50 pm

    བཀྲ་ཤིས་དུས་བཟང་གི་ཉིན་མོ་འདི་ལ་དྲ་གྲོགས་ཚང་མས་བཀྲ་ཤིས་རྟེན་འབྲེལ་ཞུ་དུས་ ཨོ་རྒྱན་རིགས་འཛིན་ཟེར་བ་ཁོང་གིས་དོན་མེད་འཆལ་གཏམ་དེ་འདྲ་ཞིག་སྤེལ་བའི་དགོས་པ་གང་ཡིན་ནམ་ དྲང་བདེན་གྱིས་གནས་ཚུལ་ཡིན་ཕྱིར་དྲྭ་ཐོག་ཏུ་བཀོད་འོས་ཀྱང་ གནས་ཚུལ་འདི་ནི་མཁན་ཆེན་མཆོག་ལ་གཞི་མེད་ཀྱི་སྒྲོ་བཏགས་ཡིན་པ་ ཁོང་གིས་གསུངས་རྩོམ་པོད་བཞི་པོ་་དེ་ལ་གཟིགས་ན་མཁྱེན་ངེས་ཡིན་ མ་ཟད་ཕ་ཡུལ་བྲག་འགོ་དང་ མཁན་ཆེན་ཁོང་གི་འཁྲུངས་ཡུལ་ཏྲེ་བོ་ཁུལ་གྱི་མི་རྣམས་ཀྱིས་དེ་འདྲའི་གནས་ཚུལ་གོ་མྱོང་མེད་པར་མ་ཟད་ མཁན་ཆེན་མཆོག་ལ་དད་པ་བརྟན་པོའི་ངང་གནས་ཡོད་ལ་ དེ་ནི་མཁན་ཆེན་མཆོག་གི་མཛད་འཕྲིན་བོད་མདོ་དབུས་ཁམས་གསུམ་ལ་ཁྱབ་བཞིན་པ་ལ་ཕྲག་དོག་གིས་འཆལ་གཏམ་སྤེལ་བ་ཞིག་རེད་སྙམ་

  11. འབྲོང་བུ་སོག་ཚ། says:
    2011-08-11 at 1:04 pm

    དྲྭ་གྲོགས་སྤོབས་མཐའ་ལགས། ཁྱེད་ཀྱིས་འབྲི་རྩོམ་གནང་བའི་ཞེན་བསྐུལ་ལམ་རྡིག་བསྐུལ་གྱི་ཚིག་མཚོན་འདི་རྣམས་ཀྱིས། གཞིས་བྱེས་བོད་གངས་པ་ཙམ་མ་ཟད་འཛམ་གླིང་མཐོ་སྒང་འདིའི་སྟེང་ནང་པ་མཆིས་སོ་ཅོག་གི་སེམས་ཁམས་ལ་ཕོག་ཐུག་ཆེ་བའི་བཀའ་མོལ་དང་། དེ་ཡང་སྤྱི་དོན་ཡིན་ཁུལ་གྱིས་སྒེར་དོན་རིགས་དངོས་སུ་སྔོགས་བཤེར་གྱིས་སྐྱོན་མཚང་འབྲུ་བ་སོགས་བྱས་པ་ནི་ཆེས་ཐ་ཤལ་དུ་མཐོང་བས་དེ་དོན་ཡིད་འཇགས་གྱིས། གྲོགས་པ་ཚོ། དྲྭ་སྟེང་དུ་ཡི་གེ་དགོད་རྒྱུ་དེ་ཙམ་དཀའ་ངལ་མི་ལྡན་ཡང་ཡི་གེ་དེའི་ནང་དོན་ནམ་ཚིག་མཚོན་འདེབས་པའི་བྱ་བ་དེའི་དམིགས་ཡུལ་ངོ་མ་གང་ཡིན་རང་གཞན་ཚང་མའི་ཡིད་ལམ་དུ་ངེས་པ་དགོས་རྒྱུར་གལ་ཆེན་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme