Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ལུགས་མཁས་དབང་ག་པ་ཡོད་དམ།  


Posted on 2019-07-23 By ཁ་བརྡ 23 Comments on ཁྲིམས་ལུགས་མཁས་དབང་ག་པ་ཡོད་དམ།  


བསྟན་འཛིན་དབྱངས་གསལ།
 

(སྲིད་སྐྱོང་བློ་སེང་ཁྲིམས་ལ་མཁས་ན། ཁྲིམས་ཞིབ་ཁང་གིས་ཁྱེད་རང་བསྒུགས་འདུག)

        ༢༠༡༦ ལོར་སྐབས་བཅོ་ལྔའི་སྲིད་སྐྱོང་གི་གོ་གནས་དེ། ཚོགས་ཟུར་སྤེན་པ་ཚེ་རིང་དང་སྲིད་ཟུར་བློ་བཟང་སེང་གེ་གཉིས་ཀྱིས་རྣོ་ངར་ཆེན་པོས་འགྲན་རྩོད་བྱས་སོང་། སྐབས་དེར་སྤེན་པ་ཚེ་རིང་གིས་བློ་བཟང་སེང་གི་གནས་ཚུལ་རྫབ་ཆེན་མང་པོ་ཞིག ཁུངས་སྣེ་ཡོད་པའི་སྒོ་ནས་མང་ཚོགས་ནང་འགྲེམ་སྟོན་བྱས་པ་མ་ཟད། བློ་སེང་གི་རྒྱབ་ལྗོངས་དེའང་དཀར་འདོན་བྱེད་དཀའ་བའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་ཟིན་བྲིས་སུ་བཏབས་པ་དང་གཅིག ཡང་སྲིད་སྐྱོང་བློ་སེང་ལ་འདོད་མོས་ཡོད་མེད་གང་ལྟར་ཡང་ཚོགས་ཟུར་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་དུ་སླེབས་ཤིང་། ལོ་གཅིག་ལྷག་གི་དོན་གཅོད་ཀྱི་གྲུབ་འབྲས། འཆར་འགོད། མང་ཚོགས་ཀྱི་ཉེ་སར་བཅར་སྟངས། མ་གཞི་ནས་ཚོགས་ཟུར་སྤེན་པ་ཚེ་རིང་གི་ལྟ་གྲུབ་དང་ལངས་ཕྱོགས། བབ་བརླིང་བརྟན་གསུམ་གྱི་རང་ཚུགས་སོགས་ལ་སྲིད་སྐྱོང་བློ་སེང་དངངས་འཚབ་ཆེན་པོ་སྐྱེ་བའི་རྒྱུ་གྱུར་བ་དང་གཉིས། མདོར་ན་འཁོན་སེམས་དང་ཞེད་སྣང་ནང་ཐིམ་པའི་སྲིད་སྐྱོང་བློ་སེང་གིས་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཆགས་མིན་ལ་སྔོན་དཔག་རྩ་ནས་མ་ཐུབ་པར། དབང་ཆའི་དར་ཆ་ཁོ་ན་རླུང་ལ་བསྐུར་ཏེ་ཚོགས་ཟུར་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ལས་འཕོ་འགྱུར་བཙན་གྱིས་བཏང་ཞིང་། ལོ་ངོ་ཉི་ཤུའི་ལྷག་རིང་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་ཞབས་འདེགས་ཞུ་མྱོང་བའི་ཚོགས་ཟུར་སྤེན་པ་ཚེ་རིང་གི་མཛད་རྗེས་དེ་ནག་ཁུང་དུ་གཡུག་རྩིས་བྱས།

དེ་ལྟར་ནའང་། ཨ་རི། ཁཱ་ནཱ་ཊྲཱ། ཡོ་རོབ། རྒྱ་གར་སོགས་ནས་བདེན་པའི་རྒྱབ་ལངས་ཀྱི་སྙིང་སྟོབས་ཡོད་པའི་བོད་མི་ཆེས་མང་པོ་ཞིག་གིས་<རང་གཞུང་ལ་བརྩི་འཇོག་ཡོད་མོད། འོན་ཀྱང་བློ་སེང་གི་སྒེར་གཅོད་ལ་ངོ་རྒོལ་ཡོད་>ཅེས་སྲིད་སྐྱོང་བློ་སེང་གང་དུ་སོང་ན་དེར་ཞི་རྒོལ་རབ་དང་རིམ་པ་བྱུང་བས། དང་པོ། ཤེས་རིག་བཀའ་བློན་གྱི་མིང་འཛིན་པ་བླ་རྒན་དེའི་ངོ་མདངས་ཡོངས་སུ་ཤོར་ནས་གསར་འགོད་པ་ཚོར་ཚོགས་ཟུར་ཁོང་ལ་ཡིད་ཆེས་བློ་འགེལ་དཀའ་རབས་ཟེར། གཉིས་པ། གཞུང་གི་དྲ་ངོས་སུ་བཀའ་ཤག་ཐུན་མོང་གིས་ཐག་ཆོད་ཡིན་པར་བསྙད་ནས་དོན་ཚན་བཅུ་ཡོད་པའི་གསལ་བཤད་ཁུངས་མི་འཁྱོལ་བ་ཞིག་བསྒྲགས། གསུམ་པ། ཡོ་རོབ་ནོར་ཝེའི་རྒྱལ་ཁབ་ནས་སྲིད་སྐྱོང་བློ་སེང་གིས་དོན་གཅོད་འཕོ་འགྱུར་བཏང་བའི་རྒྱུ་མཚན་དགོས་ན་ནི། ཡག་པོ་གང་ཡང་བཤད་རྒྱུ་མེད་རབས་ཟེར། བཞི་བ། ཁཱ་ནཱ་ཊྲ་ནས་སྲིད་སྐྱོང་བློ་སེང་གིས་མང་ཚོགས་ལ་གསལ་བཤད་དོན་ཚན་བཅུ་ཟེར་བ་དེ་དུས་ཚོད་གཅིག་ལྷག་ལ་འགྲེལ་བཤད་དང་ཡང་འགྲེལ་ནང་འགལ་རྐྱང་རྐྱང་བྱས། ལྔ་པ། བོད་རྒྱལ་ཁབ་ཤོར་བའི་ཉིན་མོ་དེ་གཞུང་འབྲེལ་སུམ་བཅུའི་དུས་དྲན་སྐབས་སུ། སྲིད་སྐྱོང་བློ་སེང་ལ་དོན་དངོས་ཐོག་གདེང་ཚོད་མེད་ཡོད་གང་ལྟར་ཡང་། ངར་སྐད་མཐོན་པོ་གནམ་ལ་བསྒྲགས་ཏེ་དོན་གཅོད་འཕོ་འགྱུར་སྐོར་དེ་ཁྲིམས་ལ་གཏུགས་ཤོགས་ཟེར། དྲུག་པ། གནད་དོན་འདིའི་སྐོར་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་གནད་དོན་འདི་གཙང་མ་བཟོ་ཐབས་སུ་གྲོས་བསྡུར་བྱེད་དུས། སྲིད་སྐྱོང་བློ་སེང་གིས་གཙོས་བཀའ་བློན་ཚང་མས་དགག་རྒྱག་བྱས་ཏེ་འགོག་རྐྱེན་བཟོས་པ།

དེར་བརྟེན། ཚོགས་ཟུར་སྤེན་པ་ཚེ་རིང་གིས་རྡ་ས་ནས་ཕྱི་ནང་བརྒྱུད་ལམ་ཁག་གི་གསར་འགོད་པ་ཚོར། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེ་ཁྲིམས་སྒྲིག་དང་འགལ་བ། ཁུངས་ལུང་མེད་པ། མ་ཉེས་ཁག་གཡོག་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་ཡིག་ཆ་ཤོག་གྲངས་དགུ་བཅུ་གོ་བདུན་ཅན་དེ་འགྲེམས་སྤེལ་བྱས་པ་དང་ཆབས་ཅིག དངོས་ཡོད་གནས་ཚུལ་དང་མཐུན་པའི་གསལ་བཤད་གནད་ལ་འཁེལ་བ་ཞིག་གནང་བ་དེས་རང་ཉིད་གསལ་འདོན་བྱས་སོང་ལ། སྲིད་སྐྱོང་བློ་སེང་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་ནི་མི་བདེན་བཙན་སྒྲིག་ཡིན་པའི་རྫུན་རྐུབ་དེ་དམར་ཧྲེང་སེའང་བཏོན་སོང་། ད་དུང་བོད་མི་ལྷག་བསམ་ཅན་ཆེས་མང་པོ་ཞིག་ནས་མ་བསྐུལ་དང་བླངས་ཀྱི་སྒོ་ནས། ངོ་ལོ་ཉི་ཤུའི་རིང་གི་བྱས་རྗེས་ཀྱི་རིན་ཐང་ལ་ངོས་འཛིན་དང་གདེང་འཇོག་ཆེན་པོ་བྱས་པའི་མཛད་སྒོ་སྣ་མང་སྤེལ་བ་མ་ཟད། ཤེས་ལྡན་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་སྲིད་སྐྱོང་བློ་སེང་གི་ཐག་གཅོད་དེ། དྲང་བདེན་གྱི་གཞི་རྩ་གང་ཡང་མེད་པའི་ཐེར་འདོན་བྱས་ཏེ་བདེན་དོན་གསལ་བའི་མེ་ལོང་ཞེས་པའི་དེབ་ཕྲེང་ཞིག་བྱུང་རབས་ལོ་རྒྱུས་ནང་དུ་ཤུལ་འཇོག་གནང་སོང་། དེ་མཚུངས་སྲིད་སྐྱོང་བློ་སེང་བརྒྱུད་པའི་བཀའ་ཤག་གིས་ཐུགས་རེ་བཏོན་པ་ནང་བཞིན་ཚོགས་ཟུར་སྤེན་པ་ཚེ་རིང་གིས་ཁྲིམས་སྒྲིག་དང་མཐུན་པ། བརྩི་བཀུར་དང་གོ་རིམ་ཡོད་པ། དཔང་རྟགས་དང་གདེང་ཚོད་ཡོད་པ་བཅས་ཀྱི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་ཉེས་ཁག་གཡོག་གི་གནད་དོན་འདི་ཁྲིམས་ཐོག་ནས་གཙང་སེལ་ཡོང་བར་ཞུ་རྩ་ཕུལ་ཞིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཀྱང་ངོས་བཞེས་ཆ་ཚང་གནང་སྟེ། ཁྲིམས་ལུགས་ལ་མཁས་མིང་འཛིན་པའི་སྲིད་སྐྱོང་བློ་སེང་ལ་ཁྲིམས་ཐོག་ཏུ་ཡོང་དགོས་པའི་བརྡ་ཐོ་བཏང་ངོ་།།

སྐབས་འདིར། ཁྲིམས་ལུགས་ལ་མཁས་མིང་འཛིན་པའི་སྲིད་སྐྱོང་བློ་སེང་གི་མ་ཉེས་ཁག་གཡོག་གི་ཁྲིམས་དོན་གྱོད་གཞི་འདི་ལ་གདེང་སྤོབས་ཡོངས་སུ་ཤོར་ནས། ༡༽ ཁྲིམས་དོན་གྱོད་དོན་འདི་རྩིས་མེད་གཏོང་ཐབས་སུ་ཁྲིམས་ཞིབ་ཁང་ལ་དབང་ཤུགས་ཀྱིས་འཇིགས་སྣང་བསླངས་རུང་གྲུབ་འབྲས་གང་ཡང་མ་ཐོན། ༢༽ ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བེད་སྤྱོད་བཏང་ནས་རྩོད་གཞི་འདིའི་རྒྱལ་ཁ་ཐོབ་ཐབས་སུ་ཁ་ཕྱོགས་བསྒྱུར་ཀྱང་ཁྲིམས་ཞིབ་ཁང་གི་སྟངས་འཛིན་ལས་ཐར་ཐབས་མ་བྱུང་། ༣༽ ཁྲིམས་ཞིབ་ཁང་ལ་སྲིད་སྐྱོང་བློ་སེང་གིས་དུས་ཚོད་འཕར་འགྱངས་སྔ་ཕྱི་ཐེངས་གཉིས་ལ་ཞུས་ཏེ་ཁྲིམས་གཏུགས་གྲ་སྒྲིག་བྱེད་པར་ལོ་ངོ་གཅིག་ལྷག་འགོར་བ་མ་ཟད། བོད་མིའི་ཁྲིམས་དང་ཁྲིམས་ཞིབ་ཁང་། ནང་ཁུལ་མཐུན་ལམ་ཡོང་བར་འགན་ལེན་དང་བརྩི་བཀུར་མ་བྱས་པའི་རྣམ་འགྱུར་གསལ་བོ་བསྟན་པ། ༤༽ དེ་བཞིན་ཉན་ཞིབ་ཞིབ་གཅོད་ཐེངས་དང་པོའི་སྐབས་སུ། སྲིད་སྐྱོང་བློ་བཟང་བརྒྱུད་པའི་བཀའ་ཤག་གི་རྩོད་ལེན་པ་ཨུ་ཐུག་ནས། ཡང་བསྐྱུར་དུས་ཚོད་འཕར་འགྱངས་ཟླ་བ་གསུམ་ཞུ་དགོས་བྱུང་ཡང་ཁྲིམས་ཞིབ་ཁང་གི་ངོས་ནས་དགོངས་ཁྲོལ་རྩ་བ་ནས་མ་ཐོབ། ༥༽ ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་པས་སྲིད་སྐྱོང་བློ་སེང་བརྒྱུད་པའི་བཀའ་ཤག་དང་རྩོད་ལེན་པར་བཅད་ཁྲ་བཅད་པ་ནི། ཐེངས་འདིའི་མ་ཉེས་ཁག་གཡོག་གི་གྱོང་དོན་ཐད་ལ། ༧གོང་ས་མཆོག་གི་མཚན་གནས་ལ་འབྲེལ་བ་གང་ཡང་མེད་པས་གླེང་གཞིར་ཙམ་ཡང་འཛིན་མི་ཆོག་པ་དང་། བཀའ་ཤག་ལ་དོན་གཅོད་འཕོ་འགྱུར་གཏོང་བའི་དབང་ཚད་ཡོད་པ་ནི་རྩོད་རྙོག་གི་གཞི་རྩ་མིན་པ། དེས་ན་ཐེངས་འདིའི་ཁྲིམས་གཏུགས་ཀྱི་རྩོད་གཞི་ངོ་མ་ནི་ཚོགས་ཟུར་སྤེན་པ་ཚེ་རིང་དོན་གཅོད་ལས་འཕོ་འགྱུར་གཏོང་སྐབས་སུ། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེ་མ་ཉེས་ཁག་གཡོག་གི་དངོས་དོན་བརྒྱད་དང་། ཁྲིམས་སྒྲིག་དང་འགལ་བའི་ཁྲིམས་དོན་གཉིས་ཆགས་ཡོད་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བསྐྱར་ནས་ཡང་དུ་གསལ་སྟོན་དང་ལམ་སྟོན་གནང་འདུག

ད་ཡིན་ན། སྲིད་སྐྱོང་བློ་སེང་ལགས། ཁྱེད་རང་ཁྲིམས་ལུགས་མཁས་དབང་ཡིན་ན་མཁས་ཉམས་སྟོན་པའི་དུས་ལ་བབས་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མ་ཉེས་ཁག་གཡོག་གི་ཁྲིམས་དོན་འདི་ལ། སྔོན་འགྲོའི་ཚོགས་འདུ་དང་ཞིབ་གཅོད་ཉན་ཞིབ་ཐེངས་གཉིས་པ་དེ་ཚར་བ་མ་ཟད། ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་པ་དེའང་འཚོགས་ལ་ཉེ་བས། ཁྲིམས་ལུགས་མཁས་དབང་ཁྱེད་རང་དངོས་གནས་ག་པ་ན་ཡོད་དམ། ག་རེ་གནང་གིན་ཡོད་དམ། ད་ལྟའི་བར་ཁྲིམས་ཞིབ་ཁང་དང་གངས་སྐྱིད་གཞུང་གཤོངས་ཀྱི་གཡས་གཡོན་དུ་ཁྱེད་ཀྱི་གྲིབ་མ་ཙམ་ཡང་མ་མཐོང་ཡུན་རིང་འགོར་སོང་། དངོས་གནས་བྱས་ན། ལག་ཁྱེར་ཚད་ལྡན་བསྟན་རྒྱུ་མེད་རུང་ཁྲིམས་ཀྱི་རིག་གནས་འདི། ཁྱེད་རང་གི་མི་ཚེའི་ཆེད་སྦྱོང་དང་ཆེད་ལས་ཡིན་པ་ནི། ཁྱེད་ཀྱིས་སྤྱི་ཚོགས་ནང་གནའ་ནས་ད་ལྟའི་བར་ཁྱབ་བསྒྲགས་བྱས་པ་གོ་མྱོང་། དེ་འདྲ་ཡིན་ན། ཆེད་ལས་རིག་གནས་འདི་བེད་སྤྱོད་གཏོང་དགོས་པའི་དུས་ཚོད་ལ་དངོས་གནས་འཁེལ་འདུག ཁྲིམས་ལ་སྦྱངས་པའི་ཆེད་དེབ་ཅིག་ཡོངས་གྲགས་སུ་དཔར་འགྲེམས་བྱ་རྒྱུ་མེད་ཀྱང་ཁྲིམས་ཁང་ལ་ཤོགས་ཟེར་བའི་སྤོབས་པ་ཁྱེད་ལ་ཡོད་ན། ཁྱེད་རང་ཡང་ཁྲིམས་ཞིབ་ཁང་ལ་བཅར་ནས་ལག་ལེན་གྱི་ཐོག་ནས་འགན་འཁུར་དགོས་པ་ནི། མཁས་དབང་མ་དགོས་མང་ཚོགས་དཀྱུས་མ་ཚུན་ཆད་ཀྱིས་ལག་བསྟར་ཐུབ་པ་ཞིག་རེད། ལྷག་པར་ཁྱེད་རང་གིས་བོད་མིའི་མཐུན་ལམ། ཁྱེད་རང་དང་ཁྱེད་རང་གི་མ་འོངས་པའི་ལོ་རྒྱུས་བཅས་ལ་འགན་ངེས་པར་དུ་འཁུར་ཐུབ་དགོས། མ་གཏོགས་གལ་ཏེ་ཁྱེད་རང་ཁྲིམས་ལ་ཡོལ་བ། རྒྱང་ལྟ། ཟུར་འདུག སྣང་མེད་སོགས་བྱས་ན་ནི། ཁྱེད་རང་བོད་ཀྱི་ལོ་རྒྱུས་ཀྱིས་ཐར་བ་གཏན་ནས་གཏོང་གི་མ་རེད་ལ། ད་ལྟའི་ཆར་ཐད་ཀར་ཁྱེད་རང་ལ་ཁྲིམས་ཆད་ཕོག་སའི་ཁོར་ཡུག་ཅིག་བོད་ལ་མེད་རུང་། མ་འོངས་བོད་ཀྱི་ལོ་རྒྱུས་ཀྱིས་ཁྱེད་རང་གི་ནག་ཉེས་དེ་ཚེ་བཙོན་ལ་འཇུག་ངེས། ད་དུང་ཁྲིམས་ལ་ཧམ་བཤད་བྱེད་ཀྱིན་པའི་ཁྱེད་རང་གི་ཁྲིམས་རྩོད་པ་འདིས། ཁྱེད་རང་དང་ཁྱེང་རང་གི་རྒྱབ་དཔུང་ལ་རང་དབང་གི་སྒོ་ནས་ལངས་ཡོད་མེད་གང་ལྟར་ཡང་། སྐབས་འདིའི་བཀའ་ཤག་ལྷན་རྒྱས་ཁྲིམས་ཐོག་ལས་ཐར་ཐབས་སུ་ཤེས་ཡོན། འཇོན་ཐང་། བཟང་སྤྱོད། འགན་ལེན་སོགས་ཅི་ཡང་མི་འདུག་པས་ན། སྲིད་སྐྱོང་ལགས། ཁྱེད་རང་ངེས་པར་ཁྲིམས་ཞིབ་ཁང་དུ་ཕེབས་ནས། མ་ཉེས་ཁག་གཡོག་གི་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་ལ་ཁུངས་སྐྱེལ་ཚད་ལྡན་ཞིག་གནང་རན་དུས་ཚོད་གནད་འགག་ཅན་ཞིག་རེད། ཡང་མིན་ན་བཙན་གྱིས་བསྒྲིགས་པའི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེ་ཕྱིར་བསྡུ་བྱས་ཏེ། བོད་མི་མང་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལ་སྔ་ས་ནས་དགོངས་སེལ་ཞུ་དགོས། ད་དུང་འདི་ལྟར་མུ་མཐུད་དུ་སོང་ན། བོད་མིའི་ནང་ཁུལ་གྱི་མཐུན་ལམ་སོགས་ཇེ་སྡུག་ཏུ་འགྲོ་སྲིད་པ་ལ་དགོངས་བཞེས་གནང་ཡོད་ཤག

༢༠༡༩།༧༠།༢༠ཉིན།

བསམ་ཚུལ།

Post navigation

Previous Post: གཞོན་ནུ་ཚོ། རྫ་རི་བསྐྱུར་ནས་ཕེབས་པ་མིན་ནམ།
Next Post: རྩོད་ལན་པས་༸གོང་ས་མཆོག་གི་མཚན་རྟགས་ལ་མཛུབ་མོ་བཙུགས་དོན་ཅི་ཡིན།

Comments (23) on “ཁྲིམས་ལུགས་མཁས་དབང་ག་པ་ཡོད་དམ།  
”

  1. མྱི། says:
    2019-07-23 at 5:37 am

    སྲིད་སྐྱོང་དང་བཀའ་ཤག་གི་སྤེན་ཚེའི་སྐོར་གྱི་སྔོན་རྗེས་ཀྱི་ལས་ཀ་ཚང་མ་རྒྱལ་བའི་མཚན་མཐོང་སྲུང་སྐྱོབ་ཀྱི་ཆེད་རེད། དེ་ཤེས་བཞིན་མི་ཤེས་མདོག་བྱེད་པ་ནི། ཚིག་པ་ཐང་ལ་ཟ། རྟ་ལྕག་རྟ་ལ་བཞུས། ཟེར་བ་ལྟར་དོན་དུ་༧ གོང་ས་མཆོག་ལ་འཁོན་སེམས་ཀྱིས་མི་གཞན་ལ་ཁ་ངན་ལབ་ཀྱི་ཡོད་རེད་བ། དམ་ཚིག་ཉམས་པའི་རྒྱུ་ལས་སུ་ལའང་ཕན་ཐོགས་དཀའ། ཁ་སང་ཁྲིམས་ཁང་དུ་དཔང་རྟགས་དང་བཅས་པ་བསྟན་ནས་སྤེན་ཚེ་ཕམ་ཚར་སོང་ཡང་ད་རུང་ཧམ་པ་བཤད་ཀི་འདུག ད་ཞབས་འདྲེན་ཞུ་རྒྱུ་མང་འགྲོ་གིན་འདུག། ཁྱོད་རང་ཚོས་སྤེན་ཚེ་ནག་པོ་ནག་རྐྱང་བཟོས་ཚར་སོང་། འཇོན་པོ་འདུག ད་རུང་ཤུགས་རྒྱོབས།།

  2. ཨ་ཤོ་ཀ says:
    2019-07-23 at 8:56 am

    བསྟན་འཛིན་དབྱངས་གསལ།
    བོད་པ་ལས་ངན་པ་ཚོས། ཁ་ལ་ཟ་རྒྱུ་མེད། རྒྱབ་ལ་གྱོན་རྒྱུ་མེད། ལག་ལ་རྒྱལ་ཁབ་ཀྱི་པ་སི་མེད། ༧སྐྱབས་མགོན་རིན་པོ་ཆེས་གསུང་ལ་མི་ཉན། ཁྲག་དོག འགྲན་སེམས་བསམ་ནག ཁོག་ལ་བཅང་ནས་དེང་སང་བོད་ནུབ་ཕྱོགས་ལུང་པ་རུ། བོད་པ་ནང་བསྟན་ཆོས་ཚོགས་སུས་གཅིག་གི་ཁོངཀ་་ཚོགས་མི་གྲས་བསྡམད་ཀྱིས་མི་འདུག་ཟེར། ཉེ་བའི་ཝིན་ཀུ་ཝར་ནང་བསྟན་ཆོས་ཚོགས་སུ་བོད་པ་ཁ་ཤས་མཆོད་མཇལ་དུ་འགྲོ་འདུག་ དེ་གའི་བོད་རྒྱུད་་བསྟན་དགོན་པ་ཆེན་པོ་ཡོད་ཀྱང་། ཚོགས་མི་ནི་མགོ་སེར་བ་དང་། མ་ལེ་ཤ་དང་ཧོང་ཀོང་གི་རྒྱ་རིགས་ཀྱང་ཡིན།་མཆོད་མཇལ་བ་བོད་པ་སུས་གཅིག་ལ་ངོས་ལེན་དམིགས་བསལ་བྱས་མིན་ལབ་སོང་། གང་ཡིན་ཟེར་ན། བོད་པ་མང་ཆེ་བས་སོ་སོས་༧ རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་་དོན་ངོ་བོ་ཐོག་ལ་རྒྱལ་རིན་པོ་ཆེ་གསུངས་ཚིག་གཅིག་ཉན་མཁན་མི་འངུག མ་ཟད་ཁོང་ཚོས་སུས་གཅིག་ཀྱང་ནང་ཆོས་ལ་ཉམས་ལེན་བྱེད་ཀྱིས་མི་འདུག་ཕྱི་གོས་ལོག་གཅིག་པུ་བོད་མི་ཡིན་རབ་བཤད་དེ་ང་རྒྱལ་དང་། ཤ་ཟ་བ་དང་། ཕྲག་དོག་དང་ཅང་མ་གཏོགས་མི་འདུག བྱས་ཙང་ང་སུས་ཁོང་ཚོ་ལ་ངོས་ལེན་མ་བྱས་ཡིན་བཤད་སོང་། དེ་ལས་བལ་པོ་མི་དང་འབྲུག་པ་སོགས་ཅུང་ཙམ་ཡ་རབ་སྤྱོད་བཟང་ཆེ་བ་འདུག་ཟེར། ད་འདི་འངྲ་ཅང་བྱས་ནས་དོན་དུ་སོ་སོས་སྣ་ཁུག་སྐྱགས་པ་དྲུད་པ་རེད་དོ།

  3. འབྲོང་བུ་སོག་ཚ། says:
    2019-07-23 at 10:28 am

    མི་ང་ལ་མཚོན་ན་སྤེན་པ་ཚེ་རིང་ལགས་དང་། བློ་བཟང་སེང་གེ་ལགས། ཨ་ཚོགས་ཀླུ་བྱམས་ལགས་གསུམ་པོ་གཅིག་པ་གཅིག་རྐྱང་ཡིན། ཁྱད་པར་གང་ཡང་མེད་མོད། ཡིན་ནའང་བོད་པའི་ནང་ཆོས་ཟུར་དུ་བཞག་ནས་ཆབ་སྲིད་ཁོ་ནའི་སྟེང་བགྲོ་གླེང་ཞིག་བྱེད་ན་སྐུ་ངོ་ཀླུ་བྱམས་ལགས་ལས་ལྷག་པ་གཅིག་རྐྱང་མི་འདུག། ཞེན་ཁོག་གང་ཡང་མིན་ཀླུ་བྱམས་དང་ངའི་དབར་ཇ་ཕོར་པ་གང་གི་འབྲེལ་ལམ་མེད། གཞན་ཐམས་ཅད་གོང་མར་སྤྲེལ་ལས་ཁོ་ན་བཤད་རྒྱུ་ལས་མ་འོངས་བོད་ཡུལ་ལ་ཕན་པའི་དམིགས་འབན་གང་ཡང་མི་འདུག ང་ཚོ་བོད་པ།

  4. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-23 at 7:34 pm

    བདེན་པ་རྫུན་པ་ཁྲིམས་ཀྱི་ དབྱེ།
    ཆུ་དང་འོ་མ་རུས་སྦལ་དབྱེ།
    ཁྲིམས་ཀྱི་བསྡམས་ན་གཅིག་རེད།
    རྐུད་པས་བསྡམས་ན་བརྒྱ་རེད།
    ཁ་མཆུ་ཨང་ཉི་ཤུ་འདི་སུ་ལ་ནག་
    ཡོད་པ་དེ་ལ་མ་འོངས་བཙན་བྱོལ་བོད་
    མིའི་སྤྱི་ཚོགས་ནང་མི་གསུམ་ཡན་གྱི་འགོ་ལ་
    བསྡོད་མི་ཆོག་པའི་བཅད་ཁྲ་གཏོང་དགོས།

  5. གནམ་ལྕགས་རྡོ་རྗེ། says:
    2019-07-23 at 8:51 pm

    ཨ་ཁོ་རེ་ཤ་ཚ། ལས་ངན་བོད་པ་ཁྱོད།
    ཁ་ལྟོ་མ་གཏོགས་ལས་གནས་ཅི་ཡང་མེད། །
    ཆགས་སྡང་མ་གཏོགས་བསམ་རྒྱུ་ཅིི་ཡང་མེད། །
    ཅི་ཡང་མེད་པའི་ས་མཐར་ཉུལ་འཁྱམ་ཁྱུ། །
    རང་སྲོག་རང་གིས་གཅོད་པ་མི་ཤེས་སམ།

  6. ཇ་མ་ says:
    2019-07-23 at 9:35 pm

    རྩོམ་ཡག་པོ་འདུག།བརྗོད་བྱ་གནད་འགག་ཅན་རེད། བློ་སེང་ལ་བྱེ་མ་བཙུར་ན་སྣུམ་ཡོང་རྒྱུ་མེད། ཧ་ཧ་

  7. ཨ་ཤོ་ཀ says:
    2019-07-24 at 12:19 am

    གནམ་ལྕགས་རྡོ་རྗེ་ལགས་མཆན་དེརམོས་མཐུན་ཡོད།
    ལས་ངན་བོད་པ་ཚོ།

  8. མྱྀ་ནག། says:
    2019-07-24 at 12:38 am

     
    ༸ ཡིད་བཞིན་ནོར་བུ་དགུང་ལོ་ཆེ།།
       མི་རབས་གསར་བར་ཉེ་རིང་ཆེ།།
      བླུན་པོ་མང་པོར་གཡམ་རྒྱུག་ཆེ།།
      ཁ་བའི་རྨི་ལམ་ཁ་ཐག་རིང་།།
     
      དགྱ་ནག་གུང་ཁྲན་སྟོབས་ཤུགས་ཆེ།།
      གངས་ཅན་བོད་ལ་ནང་འཁྲུག་ཆེ།།
      བོད་རྒྱའི་གནད་དོན་འགལ་འདུ་ཆེ།།
      ཁ་བའི་རྨི་ལམ་ཁ་ཐག་རིང་།།
     
      བཀའ་བློན་ཕལ་ཆེར་སྤྲེལ་ལད་ཆེ།།
      སྤྱི་འཐུས་མང་པོར་ཕྱོགས་རིས་ཆེ།།
      གྲྭ་འཐུས་མང་པོར་ཆོས་དྲེད་ཆེ།།
      ཁ་བའི་རྨི་ལམ་ཁ་ཐག་རིང་།།
     
      བླ་གྲྭ་ཕལ་ཆེར་ཆགས་སྡང་ཆེ།།
      མང་ཚོགས་ཕལ་ཆེར་རྨོངས་དད་ཆེ།།
      ཆོས་སྲིད་བར་ན་ཉོག་འཛིང་ཆེ།།
      ཁ་བའི་རྨི་ལམ་ཁ་ཐག་རིང་།།
     
    བཙན་བྱོལ་སྤྱི་ཚོགས་རྙོག་གླེང་ཆེ།།
    དཔོན་ལ་འུད་ཤོབ་ཧམ་པ་ཆེ།།
    འབངས་ལ་ཕྱི་འཇམ་ནང་གདུག་ཆེ།།
    ཁ་བའི་རྨི་ལམ་ཁ་ཐག་རིང་།།
     

  9. ཇ་མ་ says:
    2019-07-24 at 9:00 pm

    མྱི་ནག་སྙན་ངག་དོན་དང་ལྡན་པ་འདུག

  10. ཨ་ཤོ་ཀ says:
    2019-07-25 at 12:22 am

    ངས་སྔོན་མ་སྐུ་ངོ་སྤེན་ཚེ་ལགས། ཡིད་ཆེས་ཆེན་པོ་བྱས། ད་ཏོག་ཙམ་སྐུ་ངོ་མཆོག་མི་ཁ་ཤས་ཁ་ལ་རྒྱུགས་ནས་ལས་ཀ་གྱོས་ཉེས་ཤོར་འདུག མ་གཞི་སྐུ་ངོ་ངས་ནམ་རྒྱུན་འཚམས་འདྲིས་ཞུ་ས་ཞིག་ལས་གཅིག་ཡིན། ད་ཏོག་ཙམ་བྱུང་མ་སོང་། ༧ གོང་ས་མཆོག་ནས་སྔོན་ལོ་རྒྱ་གར་གོ་བ་ལ་བཀའ་སློབ་ལན་འདེབས་གནང་བའི་ལེ་ཚན་གཅིག་སྟེ། མི་ཆེན་པོ་ཡིན་ནའང་སྐབས་རེ་ནོར་ཁྲུལ་བྱུང་མི་སྲིད་པ་རེད། དཔེར་ན། པཎ་ཌིཏ་ནེཧ་རུ་མཆོག་ཀྱང་། པཀིསྟན་དག་རྒྱ་གར་ཁ་ཁ་ཕྱེ་བར་དེ་ནི་ཁོང་ཉིད་ང་རང་བསམ་ནས་བྱཡང་བ་ཞིག་རེད། ད་བར་དཀའ་རྙོག་སེལ་ཐུབ་མེད། ཅེས་གསུངས་པ་ལྟར། སྐུ་ངོ་སྤེན་ཚེ་ཡང་ད་ལན་ཏོག་ཙམ
    དེ་འངྲ་བྱུང་། བློ་ཕམ་པ་ཞིག་པ་་ད་ཁོ་རང་ལ་མ་འོངས་སྲིད་སྐྱོང་ཞབས་འདེག་་ཐོབ་ཁག་པོ་རེད།

  11. ལྷག་པ། says:
    2019-07-25 at 5:51 am

    དེང་སང་གི་དམངས་གཞས།
    ༡ བློ་སེང་ཤ་ཁྱི་ཡིན་ཟེར།། ཤར་རྒྱུགས་ནུབ་རྒྱུགས་བྱེད་ཀྱི།།
    སྤེན་ཚེ་འདོགས་ཁྱི་ཡིན་ཟེར།། རྫིགས་ཉམས་རྒྱང་ནས་སྟོན་བྱུང་།།
    བློ་གྲགས་རྒྱ་ཁྱི་ཡིན་ཟེར།། འབ་ཙམ་འམ་ཙམ་བྱེད་ཀྱི།།
    ཁྲིམས་དཔོན་རྔོན་པའི་སྐུ་ཞབས།། ཤ་ཁྱིར་སྟངས་འཛིན་གནང་རོགས།།

    ༢ བློ་སེང་རྒྱ་མ་བོད་ལ།། བོད་དོན་རེ་བ་རྦད་ཟད།།
    དེ་ལས་ཨ་ཅག་ཤར་གླིང་།། ཐུགས་ཕམ་བཟོ་བ་ག་གནང་།།

  12. ལྷག་པ། says:
    2019-07-25 at 5:53 am

    ཐུགས་ཕམ་བཟོ་བ་ག་གནང་།། ཐུགས་ཕམ་བཟོ་བ་མ་གནང་།། ལ་བཅོས།

  13. རྡོ་རྒོད says:
    2019-07-29 at 5:20 pm

    ངེད་རྣམས་ཀྱི་སྲིད་སྐྱོང་མཆོག་འདི་ལྟ་བུ་དོན་མེད་དོན་ལོག་གི་གྱོད་གཞི་འཛུགས་མཁན་གྱི་ཁྲོད་དུ་ཕེབས་དོན་མ་མཆིས། ཁོང་གི་ཕྱག་ལས་ནུས་འཇོན་ཁྱད་དུ་འཕགས་པ་བྱུང་ནས་མི་མང་ནས་འོས་འདེམས་ཐེང་གཉིས་ཐོབ་པ་ལ་ཁྱེད་ཅག་ཕྲག་དོག་གི་ར་གཟི་བ་ཁ་ཤས་མི་འོས་པའི་གཏམ་ཤ་སྟག་སྤེལ་ནས་བསྡོད་ཨ། གཤིན་རྗེའི་ཁ་ལ་རང་ཉིད་རང་གིས་བསྐྱེལ་འདོད་ན་དེ་ལྟར་མཛོད། གོང་ས་མཆོག་གིས་སྲིད་སྐྱོང་བློ་སེང་མཆོག་ལ་ཆེ་བསྟོད་ཡང་ནས་ཡང་དུ་གནང་བ་ཁྱད་བསོད་དང་སྣང་མ་བྱས་པར་བག་ཡོད་པར་གྱིས་ཤིག

  14. ལྷག་པ། says:
    2019-07-29 at 9:51 pm

    རྡོ་རྒོད།
    གོང་གི་དམངས་གཞས་དེ་དམངས་གཞས་རེད་མ་གཏོགས་ང་ལྷག་པས་གསར་དུ་བརྩམས་པ་ཞིག་མ་རེད། སྲིད་སྐྱོང་ལ་འོས་ཐོབ་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་ངས་ཀྱང་གསལ་པོ་ཤེས། འོན་ཀྱང་ཤེལ་ལ་ནོར་བུས་ཁ་བསྒྱུར་བ་དང་། ལུག་ལྤགས་གྱོན་པའི་སྤྱང་ཀི་ཡིན་ཙང་ད་ལྟ་རང་མདོག་གང་འདྲ་ཡིན་མི་དམངས་ཀྱིས་མཐོང་བ་རེད། རྒྱལ་ཁམས་པའི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཡོད།། ཅེས་པའི་དཔེ་ལྟར། ད་ལྟ་གནས་ལུགས་དངོས་དེ་མཚོན་པའི་དམངས་གཞས་དེ་ལྟ་བུ་དར་བ་རེད།
    གཡག་ཞ་ར་དང་མཚུངས་པའི་ཁྱོད་ལྟ་བུ་བློ་སེང་མ་གཏོགས་ཁས་མི་ལེན་པའི་མི་སྣ་མི་ཉུང་བ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོད་ཙང་། ད་བར་སྤྱི་ཚོགས་འདིར་དཀའ་ངལ་རིམ་པས་འཕྲད་ཡོད། ཁྱོད་ཀྱིས་ཤོད་དང་། ང་ཚོའི་ཁྲིམས་ཞིབ་ཁང་དོན་མེད་དོན་ལོག་གི་གྱོད་གཞི་ཁས་ལེན་མཁན་གྱི་ཁྲིམས་ཁང་ཞིག་རེད་དམ།
    ད་དུང་། བློ་སེང་གིས་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་བསྒྲགས་པ་རེད། ནུབ་ཕྱོགས་ཨ་རི་དང་ཁ་ན་ཊ། ཨོ་གླིང་། ཡོ་རོབ་བཅས་ནས་རྒྱ་བལ་བར་གྱི་གནས་ཚུལ་ལ་མིག་གིས་ཆེར་ལྟོས། རྣ་བ་ལྷོགས་པོར་ཉོན། ལོ་རྒྱུས་ཐོག་མ་གྲགས་པའི་བོད་པའི་ནང་འཁྲུགས་བསླངས་འདུག ཨོ་གླིང་སི་ནི་སོགས་ས་གནས་འགའ་ཞིག་ཏུ་བློ་སེང་གོམ་པ་སྤོ་ས་མི་འདུག དེ་མིག་ན་བ་ལག་པས་བཟོས་པ་རེད་ལ་རང་གི་ངོ་ཚ་རང་གིས་ཉོས་པ་རེད། ད་དུང་གསར་གཏོད་གང་དུ་ཡོད། ཁོ་པ་དུས་རྟག་ཏུ་སྤྲོ་འཆམ་བསྐྱོད། མིག་ལ་མིག་ཤེལ་ནག་པོ་གཅིག་གྱོན། ཟུར་ཟའི་སྙིང་སྡུག་འདྲ་བསྟེན། ལི་ཐང་པ་ཡིན་ཕྱིན་གོ་སྐབས་གང་ཡོད་སྤྲད། དེ་གསར་གཏོད་ཡིན་ཤས་ཆེ། ད་དུང་རང་ཁ་རང་གསོ་གང་དུ་ཡོད། གཞིས་ཆགས་ལ་ཡོད་དམ། གངས་སྐྱིད་ལ་ཡོད། སློ་གྲྭ་ཁག་ལ་ཡོད། ཧ། ཧ། ཧ………
    ད་དུང་༧གོང་ས་མཆོག་བོད་ལ་གདན་དྲང་གི་ཡིན་ཟེར། རྒྱ་བོད་འབྲེལ་མཐུད་ཙམ་གང་དུ་ཡོད། ངས་དཔྱད་ན། བློ་སེང་ལ་ཚང་དགོས་པའི་ཁྲམ་པའི་རྟགས་ཚང་མ་ཚང་འདུག་མ་གཏོགས་རང་གིས་བཤད་པའི་ཕྱག་ལས་ནུས་འཇོན་ཁྱད་དུ་འཕགས་པ་ཅི་ཡང་མི་འདུག
    ད་དུང་བཤད་རྒྱུ་གཅིག་ལྷག་འདུག རང་གིས་ཤོད་སྟངས་བྱ་ན་ཉིན་གཅིག་མི་ཁྱོད་ཚོས་བློ་སེང་རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་རེད་ཅེས་བརྗོད་པའི་མཚམས་ལ་སླེབས་འདུག ༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་དམངས་ལ་སྩལ་བ་དང་། དམངས་གཙོའི་ལམ་ནས་བློ་སེང་སྲིད་སྐྱོང་ལ་འོས་འདེམས་བྱུང་པ་རེད། ད་དེ་ལ་སྤྱིར་བཏང་གིས་འགྲོ་སྟངས་ཐོག་ནས་༧༧གོང་ས་མཆོག་གིས་རྒྱབ་སྐྱོར་གནང་དགོས་ངེས་རེད། རྡོ་རྒོད། དེ་ཡང་ཤེས་ཀྱི་མི་འདུག་གམ། ༧གོང་ས་མཆོག་གིས་ཡོངས་གྲགས་སྐྱོན་བརྗོད་མ་གནང་བར་སྒུག་དགོས་ཚེ་སྐབས་དེ་དུས་ཚར་པ་རེད་དོ།། འབ་འུབ་བསྡུས་མི་ཡོང་། རྡོ་རྒོད་ཁྱོད་དང་འདྲ་བ་རྣམས་ལ་རྣམ་དཔྱོད་ཀྱི་མིག་རྒྱང་རིང་ཙམ་ཡོད་ན། ང་ཚོ་བོད་སྤྱི་ལ་ཕན་གྱི་རེད། བློ་སེང་འདི་ནམ་ཡང་དཀར་པོ་མ་ཡིན་ལ། རེ་ལྟོས་འཆའ་བའི་མི་ཞིག་ཀྱང་ནམ་ཡང་མིན། དེ་བས་སྲིད་སྐྱོང་ཁྱུར་བའི་ཉིན་ནས་ང་ཚོ་སྤྱི་པའི་རྡོག་ཁྲེས་ཤིག་ཏུ་འགྱུར་ཉེན་ཧ་ཅང་ཆེ། ཡིད་མ་ཆེས་ན་ཁྱོད་ཀྱིས་མིག་རྒྱང་རིང་ཙམ་གྱིས་དང་རིམ་པས་ཤེས་ཡོང་། ངས་ཀྱང་དགོས་སར་ར་སྤྲོད་རིམ་པས་བྱས་ཆོག

  15. བདེ་འཇགས་ཕོ་ཉ། says:
    2019-08-04 at 7:28 am

    ད་ལོ་ཡང་བསྐྱར་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་རྒྱ་ནག་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས།

    ལོ་ན་ ༡༩ ཡིན་པའི་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་ད་ལོ་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས་ཡོད་པས། དཔྱད་འདེམས་པ་དང་ལྟ་མཁན་ཚང་མས་མོས་བླངས་པའི་གླུ་གཞས་ལ་ཤིན་ཏུ་དགའ་མོས་བྱེད་ཀྱིན་འདུག
    ན་ནིང་དང་གཞེས་ནིང་ལོར་བསྟན་འཛིན་ཉི་མ་དང་། བཀྲ་ཤིས་ཕུན་ཚོགས་གཉིས་ཀྱིས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ལ་ཞུགས་ཤིང་རྒྱ་ནག་རྒྱལ་ཡོངས་ནས་ཨང་དང་པོ་བླངས་ཡོད་པར་བརྟེན། རྒྱ་མི་མང་པོས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ནི་བོད་ཀྱི་སྐད་སྙན་གླུ་དབྱངས་འགྲན་བསྡུར་རེད་ཅེས་ཝི་པོ་དང་སྐད་འཕྲིན་སོགས་སུ་བྲིས་ཡོད་པ་རེད།
    https://www.youtube.com/watch?v=n77dJXLuKgE

  16. Abhar Jigwang says:
    2019-08-04 at 9:02 pm

    ༄༅། བློ་བཟང་སེང་ངེར་མ་སྨད། བོད་མིའི་དབུ་འཁྲིད་ཡིན་སོང།
    མང་པོས་བཀུར་བའི་མི་ལ། མ་བསྟོད་སྨད་པར་བྱེད་ན།
    མི་དེ་ཤེས་ཡོན་མེད་པ་དང། མཐོ་དམའ་ཀུན་ནས་སྨད་ལ།
    ཕྱི་དགྲ་ལ་ཐུག་ན་རི་བོང་ལས་ཉམ་ཆུང།
    ནང་མི་ལ་ཐུག་ན་ཝ་སྟག་ལས་ངར་ཆེ།
    མི་དེ་ཡང་ན་གདོན་ཞུགས་འདྲ།
    ཡང་ན་ཤེས་མེད་བོང་རྒན་འདྲ།

  17. Abhar Jigwang says:
    2019-08-04 at 9:54 pm

    ༄༅། རྗེ་གུང་ཐང་བསྟན་པའི་སྒྲོན་མེ་རིན་པོ་ཆེ་མཆོག་ནས།།

    སྐྱིད་ཀྱང་མི་རློམ་དཀོན་མཆོག་དྲིན་དུ་ལྟ། སྡུག་ཀྱང་མི་འཁང་རང་གི་ལས་སུ་བསམ།
    བསྟོད་ལ་མི་དགའ་བསོད་ནམས་ཉམས་བྱེད་དང། སྨད་ལ་མི་ཁྲོ་སྡིག་པའི་ཕྱགས་མར་བསྒོམ།

  18. ཀུན་བཟང་བཀྲ་ཤིས། says:
    2019-08-05 at 4:10 am

    དེ་རིང་ནས་འཆན་འདེབས་ཡ་ཡིན།

  19. ཀུན་བཟང་བཀྲ་ཤིས། says:
    2019-08-05 at 4:12 am

    མཁས་དབང་མཆོག་ག་ལེར་ཐོན་ཡོང་གི་རེད།

  20. Abhar Jigwang says:
    2019-08-05 at 3:36 pm

    ༄༅། ད་ནི་སྤེན་ཚེའི་གདོང་པ་ནག་ཏུ་ནག་ཏུ། ལུས་པོའི་ཤ་ཡང་སྐམ་དུ་སྐམ་དུ་འགྲོ་ལ།
    སྐད་ཀྱི་མདངས་ཡང་ཉམ་ཞིང་ཉམ། བརྗོད་པའི་སྐད་ཤུགས་ཆུང་ཡང་ཆུང་།

    ལུས་ཀྱི་གོམ་པ་གཡས་གཡོན་ནོར། ཡར་ལ་འགྲོ་རྒྱུ་མར་ལ་ལྷུང།
    ཨ་ཅོ་སྤེན་པ་ཚེ་རིང་ལགས། འདི་འདྲ་གནང་དགོས་རྒྱུ་མཚན་ཅི།

  21. ལྷག་པ། says:
    2019-08-07 at 5:01 am

    Abher Jigwang གིས་བཏབ་པའི་མཆན་ 17 དང་ 20 ལ་བལྟས་པས་ཁོ་པ་རིག་འཚོ་མ་ཟིན་པ་ཞིག་ཡིན་པ་ཐག་ཆོད། ཁ་བརྡའི་དྲ་བདག་གིས་སྨྱོན་པ་མཆན་འདེབས་སུ་མ་ཆུགས། གལ་ཏེ་དྲ་བདག་གིས་མ་ཕུད་ན། ཁོ་པས་དེ་རིང་ནས་བཟུང་ག་རེ་བཤད་ཀྱང་ལན་མེད་དོ། རྒྱུ་མཚན་དྲ་གྲོགས་ཚོས་མཁྱེན་པ་གནང་རོགས།

  22. ཨ་ཁུ་འབྲོག་པ། says:
    2019-08-07 at 7:38 am

    བསྟོད་ལ་མི་དགའ་བསོད་ནམས་ཟད་བྱེད་དང་། །
    སྨད་ལ་མི་ཁྲོ་སྡིག་པའི་ཕྱགས་མར་བསྒོམ། །
    གསུངས་པའི་དོན་ནི། སློབ་བཟང་སངས་རྒྱས་ལ་བསྟོད་མཁན་རྣམས་ཀྱིས། མ་བསྟོད་གྲོགས་གྱིས། ཅིའི་ཕྱིར་ཞེས་ན། ཁོང་གི་བསོད་ནམས་ཉམས་ཀྱི་རེད། ཁོང་ལ་སྨད་མཁན་ཚོས་ད་དུང་མང་ཙམ་སྨད་གྲོགས་གྱིས། ཅིའི་ཕྱིར་ཞེ་ན། ཁོང་སྡིག་ཅན་ཡིན་སྟབས། ཁོང་གི་སྡིག་པ་ཕྱགས་མས་འཕྱགས་དགོས་འདུག་ཅེས། སྐུ་ངོ་འཇིགས་མེད་དབང་འདུད་ཀྱི་རེ་བ་ངོ་མ་དེ་ཡིན་འདུག། དྲྭ་གྲོགས་ཚོ།

  23. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-07 at 8:10 am

    ཞུ་སྦྱོར་བ་དང་རྩོད་ལེན་པ་གཉིས་ནས་ཁ་མཆུ་རྒྱག་གི་རེད་ལ་
    ཁྲིམས་ཁང་ནས་ཐག་གཅོད་ཀྱི་རེད་ང་ཚོ་མི་མང་བལྟས་མོ་
    བལྟས་ནས་སྡོད་རྒྱུ་རེད་ལ་སུ་ཤོར་ཡང་བཙན་བྱོལ་བོད་མིའི་
    སྤྱི་ཚོགས་ནང་ལས་ཀ་བྱ་རྒྱུའི་སྒོ་སྐབས་ཤོར་བ་རེད་ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme