Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ལུགས་དབང་འཛིན་དང་རྒྱ་ནག་གི་དཀའ་ངལ་གསར་པ།

Posted on 2015-02-042015-02-04 By ཁ་བརྡ་ 19 Comments on ཁྲིམས་ལུགས་དབང་འཛིན་དང་རྒྱ་ནག་གི་དཀའ་ངལ་གསར་པ།

ཁྲིམས་ལུགས་རིག་པ་བ། བློ་བཟང་གྲགས་པ།

 
འདས་པའི་ལོ་ངོ་གཅིག་གི་རིང་། རྒྱ་ནག་ལ་བཅོས་བསྒྱུར་ཆེན་པོ་རིམ་པ་བྱུང་བའི་ནང་། གཙོ་བོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དབང་ཆ་བཟུང་བ་ནས་བཟུང་། རྒྱ་ནག་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་སྤྱི་ཚོགས། ལྷག་པར་ཏུ་རྒྱ་ནག་སྲིད་གཞུང་གི་འཛིན་སྐྱོང་དང་ཏང་ཡོན་ནང་ཁུལ་གྱི་སྒྲིལ་སྲོལ་གསར་བཟོ་སོགས་ཀྱི་བཅོས་བསྒྱུར་མང་པོ་སོང་དང་འགྲོ་བཞིན་ཡོད་པ་མ་ཟད། སྒོས་སུ་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་ནུས་པ་ཆེས་ཆེར་གཏོང་པ་དང་རྒྱལ་ཁབ་ཁྲིམས་ལུགས་ཀྱི་སྟངས་འཛིན་འོག་ཤར་བསྐྱོད་ཐུབ་པ་སོགས་ནི། རྒྱ་ནག་ད་ཡོད་ཀྱི་བཅོས་བསྒྱུར་ཆེན་པོ་ཞིག་དང་། གསར་བརྗེ་ཆེན་པོ་ཞིག་ཀྱང་ཡིན་པ་ཕྱོགས་ཀུན་ནས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད་མོད། ད་བར་ཁྲིམས་ལུགས་དབང་འཛིན་གོང་ཁྲིན་ཏང་གི་ཐད་ཀར་སྟངས་འཛིན་དང་། “དཔོན་པོས་གང་གསུང་ཁྲིམས་ལུགས་ཡིན་”པའི་ཁྲིམས་ལུགས་དབང་འཛིན་གྱི་སྲོལ་ལུགས་ཤིག་དང་། མི་དམངས་ཀྱིས་ཁྲིམས་ལུགས་ལ་བློ་ཡིད་བཅོལ་མི་ཕོད་པའི་ཁྲིམས་ལུགས་ཤིག་ནས། གློ་བུར་ཏུ་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་ཇི་ལྟར་བྱེད་ཐུབ་མིན་ཐད་ལའང་སུས་ཀྱང་ཐེ་ཚོམ་སྐྱེ་འོས་པ་ཞིག་ལོས་ཡིན་ལ། དེས་མ་ཚད། རྒྱ་ནག་གིས་ཁྲིམས་ལུགས་དབང་འཛིན་ལ་རང་དབང་གི་དབང་ཆ་ཞིག་ཀྱང་སྤྲོད་ཕོད་མིན་ཐད་ལ་གཞུང་མང་ཚང་མས་དོགས་སློང་སྐྱེས་བའི་གནད་དོན་ཞིག་རང་བཞིན་གྱིས་ཆགས་བསྡད་ཡོད་པ་རེད།

རྒྱ་ནག་གི་རྒྱུན་སྲོལ་བཞིན་འཛིན་པའི་ཁྲིམས་ལུགས་ལྟ་གྲུབ་དེ་ནས་རྒྱ་ནག་གི་སྤྱི་ཚོགས་ལ་བརྟན་ལྷིང་མེད་པ་དང་། རྒྱ་ནག་གི་དཔོན་རིགས་མང་པོས་སོ་སོའི་སྒེར་གཅོད་ཀྱི་དབང་ཆའི་འོག ཕྱོགས་ལྷུང་དུ་སོང་ནས་ལྐོགས་ཟ་རུས་སུངས་དང་། ཁེ་བབ་ཆེ་བཟས་ཀྱི་ལམ་ཁར་བསྐྱོད་ནས། རྒྱ་ནག་གི་དཔལ་འབྱོར་དང་འཛུགས་བསྐྲུན། ཐེབས་ཆ་ཆེ་བའི་འཛིན་སྐྱོང་སོགས་དཀའ་ངལ་མང་དག་ཅིག་བཟོས་ཡོད་པ་རེད། རྒྱུ་མཚན་དེའི་རྐྱེན་པས་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་ཞིག་མ་བཟོ་ཐབས་མེད་དུ་འགྱུར་པ་ལོས་ཡིན།
ད་ཆ་ཞིས་ཅིན་ཕིང་གི་སྲིད་གཞུང་གིས་དེ་ལྟར་བློ་ཁོག་ཆེན་པོས་བཅོས་བསྒྱུར་བྱེད་པ་ནི་དོན་བཟང་ཞིག་ཏུ་སྣང་ལ། བཅོས་བསྒྱུར་དེའི་རྐྱེན་པས། རྒྱ་ནག་གི་ངན་ལམ་དུ་སོང་བའི་དཔོན་པོ་མང་པོ་ཞིག་ཀྱང་ཁྲིམས་ཀྱི་ཉེས་གཅོད་བྱས་ནས་མང་ཚོགས་ལ་འདོད་བློ་ཚིམས་པའི་ཚོར་བ་ཞིག་ངང་གིས་སྟེར་ཡོད་ནའང་། བཅོས་བསྒྱུར་དེ་ནི་རྒྱ་ནག་གོང་འོག་བར་གསུམ་གྱི་དཔོན་རིགས་ཚོའི་ཤ་ཁྲག་ཏུ་ཐིམས་པའི་ངན་གཤིས་ཤིག་ལ་གདོང་ལེན་བྱེད་དགོས་པ་དང་བཅོས་བསྒྱུར་བྱེད་དགོས་ཡོད་དུས། རང་བཞིན་གྱི་དཀའ་ངལ་མང་པོ་བཟོས་པ་ཞིག་རེད།

སྔར་མོར་རྒྱ་ནག་གི་དཔོན་རིགས་ཚོས་སོ་སོའི་ཁེ་བབ་དང་མདུན་ལམ་གྱི་རྐྱེན་པས། ཁྲིམས་དང་བཟང་སྤྱོད་གཉིས་ཀར་འགལ་བའི་ལས་ཀ་མང་པོ་བརྩམས་སྲོལ་ཡོད་པ་དང་། དོན་དངོས་ཐོག ཁོང་ཚོའི་ལས་ཀ་དེས་ཕྱུག་བདག་དང་དབང་ཡོད་ཅན་གྱི་ཚོགས་སྡེ་མང་པོར་དགེ་ཕན་བསྐྲུན་ཐུབ་གྱིས་ཡོད་པ་རེད་ལ། མི་དམངས་ལའང་ཆེ་ཆུང་ལ་མ་ལྟོས་པའི་ཁེ་བབ་ཅུང་སྤྲད་ཐུབ་ཀྱིས་ཡོད་པ་རེད། གང་ཡིན་ཞེ་ན། ཁོང་ཚོས་བཟང་ངན་ལ་མ་ལྟོས་པར་ལས་ཀ་ཞིག་ལས་བསྡད་ཡོད་པའི་དབང་གིས་རེད།

ད་ལམ་རྒྱ་ནག་གི་དབུས་དང་ས་གནས་སོགས་རིམ་པར་ཞིབ་བཤེར་བྱེད་པའི་ཚོགས་པ་དང་དཔོན་རིགས་ཚོས་ནོར་འཁྲུལ་ཐད་འདོན་བྱེད་པའི་མཐུན་རྐྱེན་དང་རྒྱུད་ལམ་མང་པོ་བསྐྲུན་པས་ན། དཔོན་རིགས་མང་པོ་ཞིག་གིས་ལས་ཀ་བྱེད་པའང་ཉུང་དུ་སོང་ཡོད་པ་དང་། ལས་ཀའི་སྤུས་ཚད་དེའང་ཞན་དུ་སོང་ཡོད་པ་ད་དེང་རྒྱ་ནག་གཞུང་གི་མིག་མཐོང་ལག་འཛིན་ཞིག་ཏུ་འགྱུར་ཡོད་པ་རེད། དཔོན་རིགས་དང་མི་དམངས་བར་གྱི་དོགས་པ་དེའང་སྔོན་ལས་ཆེས་ཆེར་སོང་ཡོད་པས། གཉོམ་ཆུང་མི་དམངས་རྣམས་ཀྱི་བདེ་སྡུག་ཞུ་ས་དང་ཁོང་ཚོའི་བདེ་སྡུག་སེལ་མཁན་གཉིས་ཀྱི་བར་འགལ་བ་དེའང་སྔོན་ལས་ལྡབ་འགྱུར་གྱིས་ཆེས་ཆེར་སོང་ཡོད་པ་རེད།

དེས་མ་ཚད། དེང་སང་གི་རྒྱ་ནག་དཔོན་རིགས་ཚོ་ནི་མི་དམངས་དང་འགྲོགས་འབྲེལ་བྱེད་པར་དོགས་པ་དང་། སོ་སོའི་འགྲོ་བསྐྱོད་དང་གོས་ལྷམ་ཡན་ལའང་དོགས་སྣང་དང་གཟབ་གཟབ་མ་བྱེད་ཐབས་མེད་ཡིན་པའི་དུས་ཚོད་ཅིག་ཤར་ཡོང་གི་ཡོད་ལ། དེ་ནི་ཧ་ལམ་རིག་གནས་གསར་བརྗེ་སྐབས་སུ་མི་དམངས་ཡོངས་ལ་ཡོད་པའི་འཇིགས་སྣང་གི་ཚོར་བ་ཞིག་དང་གཉིས་སུ་མེད་པ་རེད། སོ་སོར་ཡིད་ཆེས་མེད་པའི་སྲིད་གཞུང་ཞིག་ལ་ཞབས་འདེབས་ཞུ་པ་དང་། སོ་སོས་ཡིད་ཆེས་མེད་པའི་མི་དམངས་ཤིག་འགོ་ཁྲིད་ནས་ཁོང་ཚོའི་བདེ་སྡུག་སེལ་པ་ནི་རྒྱ་ནག་གི་དཔོན་རིགས་ཚོར་བྱུང་བའི་དཀའ་ངལ་ཐོལ་པ་ཞིག་ཏུ་འགྱུར་ཡོད། དེ་ནི་ད་ཐེངས་རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོའི་ནང་གི་གལ་འགངས་ཆེ་ཤོས་ཤིག་ཏུ་འགྱུར་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་བལྟས་ན། ལྷག་པར་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་ནས་བལྟས་ན། རྒྱ་ནག་གི་བཅོས་བསྒྱུར་འདི་དག་ནི་དོན་ཕན་ཡོང་ཉེ་ཆེ་བའི་བཅོས་བསྒྱུར་ཞིག་རེད་སྙམ། གང་ཡིན་ལགས་ན། བོད་དང་བོད་མི་མང་པོར་ད་བར་ལུས་སེམས་གཉིས་ཀ་དཀའ་ངལ་ནང་བརྫངས་པ་ནི་གཙོ་བོར་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་འཐུས་ཤོར་གཏོང་བའི་ལས་ཉེས་ཤིག་རེད་ལ། རྒྱ་ནག་གི་བོད་ཐོག་ཁྲིམས་མཐུན་གྱིས་སྟངས་འཛིན་མ་བྱེད་བའི་དབང་གིས་རེད།
རྒྱུ་མཚན་དེ་ལས་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ལོངས་སུ་སྤྱད་པའི་གོ་སྐབས་བྱུང་མེད་ལ། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་དེ་དང་འབྲེལ་བའི་ཁྲིམས་ལུགས་གཞན་དག་ཚོ་དངོས་སུ་ལག་ལེན་ལ་མ་འཁྱོལ་བའི་ཉེར་ལེན་ཞིག་ཀྱང་ལོས་ཡིན། དེ་ཐེངས་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལ་བཅོས་བསྒྱུར་དང་རྒྱལ་ཁབ་དང་མི་དམངས་ཁྲིམས་ཀྱི་སྟངས་འཛིན་འོག་འགྲོ་བའི་ཕུགས་བསམ་དེས་བོད་མི་ཚོར་ཁྲིམས་ཀྱི་ལམ་ཁ་ནས་མངོན་འདོད་མི་འགྲུབ་བའི་ངེས་པ་མེད་སྙམ།

བསམ་ཚུལ།

Post navigation

Previous Post: རྒྱ་ནང་དུ་ལྟ་སྐོར་ལ་ཁྲིད་པ།
Next Post: རང་རྩོམ་ལོག་རྟོག་ཕྱིར་ཟློག

Comments (19) on “ཁྲིམས་ལུགས་དབང་འཛིན་དང་རྒྱ་ནག་གི་དཀའ་ངལ་གསར་པ།”

  1. ཅོ་རི་ཉི་མ། says:
    2015-02-04 at 9:43 am

    ཕྲུ་གུ་ཆུང་ཆུང་ཞིག་གི་སྐད་ཆ་འདྲ་པོ་འདུག ཅིག་ཅིག་སྙམ་ཟེར་བ་དང་གཉིས་གཉིས་སྙམ་ཟེར་བའི་སྙམ་པ་གཉིས་ཀ་བུ་གུ་ཆུང་ཆུང་ཞིག་གིས་སྙམ་པ་ལྟ་བུ་ལས་ཁྲིམས་ལུགས་རིག་པ་ཞིག་གི་སྙམ་པ་ལྟ་བུ་མི་འདུག ཧཧཧ གླེང་ན་གླེང་གྱི་མང་པོ་ཞིག་འདུག་ཀྱང་རང་མགོ་རྒྱ་ཁྲིམས་འོག་ཏུ་ཁྲིད་ཀྱིན་ཡིན་ཟེར་མཁན་གྱི་རིགས་ལ་གླེང་འདོད་ཀྱི་འདུན་པ་ཞིག་སྐྱེས་ཀྱི་མི་འདུག

  2. ཇུས་ཏོག says:
    2015-02-04 at 10:13 am

    ཁྲིམས་ལུགས་རིག་པའི་སྐད་ཆ་རང་རེད་།
    ཕྱོགས་གཞན་ཞིག་ནས་བལྟས་ན་ཟེར་བ་དང་བོད་མིའི་འཐབ་རྩོད་ཀྱི་ངོས་ནས་
    བལྟས་ན་ཟེར་བ་དང་བོད་མིའི་མངོན་འདོད་འགྲུབ་མི་ཡོང་ངམ་སྙམ་་ཟེར་བ་
    སོགས་ལ་བལྟས་ན་ཁྲིམས་ལུགས་རིག་པ་རང་རེད་འདུག་།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-02-04 at 12:32 pm

    ༸རྗེ་བློ་བཟང་གྲགས་པས་རྟེན་འབྱུང་གི་ཁྲིམས་ལུགས་དང་། ཁྲིམས་ལུགས་པ་བློ་བཟང་གྲགས་པས། ཆེད་རྩོམ་སྤེལ་བ་འདི་ཡང་ཕན་ཐོགས་ཅན་དུ་མཐོང་ལགས། མུ་མཐུད་ནས་བྲིས་ན་ལེགས།། །།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-02-04 at 12:33 pm

    ངའི་ཟེར་་་་ ལབ་ཡ་དབང་ཆ་ནི། འཕྲོག་ཚར་པ་རེད།

  5. ཇུས་ཏོག says:
    2015-02-04 at 9:43 pm

    ས་ཡ་གཉིས་ཀྱི་ཤ་ལན་་ལྷག་འདུག་།
    དགོན་པ་དྲུག་སྟོང་གཏོར་བའི་ཉེས་པ་ལྷག་་འདུག་།
    བོད་མི་རིགས་ལ་རྒལ་་ཚིག་དང་ཁྲག་རྩ་ཡོད་ན་བརྗེད་་མི་རུང་།
    རྒྱ་ནག་གི་་ཁྲིམས་ལ་ཡིད་ཆེས་ཧ་ཧ་ཧ་ཕྲུ་གུ་ཚོ་མགོ་འཁོར་མི་ཉན།
    རྒྱ་གུང་བྲན་དྲིན་ཆེན་ཕ་མ་རེད་།
    དངུལ་ཏ་ཡང་ཆར་པ་བབས་བབས་རེད་།
    དམངས་གཙོ་གཅིག་བསྡུད་ཀྱི་ཁྲིམས་དང་།
    མི་མང་མང་གཙོའི་ཁྲིམས་གཉིས་འདྲ་གི་མ་རེད །

  6. ཇུས་ཏོག says:
    2015-02-04 at 9:53 pm

    ཁྲིམས་ལུགས་དབང་འཛིན་(Judicary).དང་ ( ཁྲིམས་བཟོ་ལྷན་ཚོགས་།
    (Legislature) དང་( འཛིན་སྐྱོང་་སྡེ་ཚན།E xecutive),མ་ནོར་བ་གནང་རོགས་།ཁྲིམས་བཟོ་མཁན་ཁྲིམས་བཟོ་ལྷན་ཚོགས་རེད་།
    ཁྲིམས་ལུགས་དབང་འཛིན་ཁྲིམས་གཅོད་མཁན་རེད་།

  7. ཁྱུང་སེ། says:
    2015-02-05 at 12:24 am

    བཀླགས་ཡིན།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-05 at 1:20 am

    ཁྲིམས་ལུགས་སྨྲ་བ་པོས་རྒྱ་ནག་གི་གནས་སྟངས་ལ་རྟོག་གཞིགས་ཀྱིས་རང་གི་དགོངས་འཆར་ཁ་བརྡར་བཀོད་པར་དགའ་བསུ་ཡོད། རྒྱ་ནག་བདེ་ན་བོད་བདེ། བོད་བདེ་ན་ཧོར་ཡུལ་དང་། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སོ་སོའི་བོད་རིགས་ཀུན་ཀྱང་བདེ་བ་གདོན་མི་ཟའོ།
    ་
    བོད་རིང་གཞུང་གི་མིང་ཚིག་དག་བློ་ལྡན་རྣམས་ཀྱིས་མི་ཉམས་གོང་འཕེལ་བྱེད་དགོས་པ་གལ་ཆེ། ཁྲིམས་ལུགས་པ་མཆོག་གི་རྩོམ་ཡིག་ཀློག་བདེ་ཞིང་མཁས་པའི་དབྱིངས་ཡོད་པ་དེ་གོང་ནས་གོང་དུ་རྩོམ་ཡིག་ལ་ཡར་འགྲོར་ཡིད་སྨོན།
    ་
    བོད་ཀྱི་སྔོན་བྱོན་མཁས་པའི་ཡི་གེའི་དག་ཆ་ལ་བརྩི་དགོས་པ་བོད་རིགས་ཡིན་ནོ་ཅོག་གི་ཁུར་ཡིན་པར་སེམས། ཁོ་བོས་སྔོན་མ་ཞིག་མཐོང་ཞིང་འགག་པ་བྱས་ཀྱང་། ད་དུང་རྩོམ་ཡིག་འདིར་ཡང་འཛུལ་འདུག་པས་བློ་མི་བདེ་བ་བྱུང་། དེ་ནི་རྐྱེན་པས། ཞེས་པ་དེ་ཡིན། དེ་ལས་པ་ཡིག་མེད་པར་རྐྱེན་གྱིས་ཞེས་བཀོད་ན། “མ་རིག་པའི་རྐྱེན་གྱིས་འདུ་བྱེད། འབྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས།” ཞེས་སོགས་བོད་མཁས་པ་རྣམས་ཀྱི་བརྗོད་པ་དང་མཐུན་ནོ། །
    ་
    ཁོ་བོའི་ནོར་འཁྲུལ་དག་ལ་ཞུས་དག་མཛོད།

  9. ཁྱུང་སེ། says:
    2015-02-05 at 2:50 am

    ༼བོད་རིང་གཞུང་༽བོད་ཀྱི་རིག་གཞུང་
    ༼གོང་ནས་གོང་དུ་རྩོམ་ཡིག་ལ་ཡར་འགྲོར་ཡིད་སྨོན།༽
    གོང་ནས་གོང་དུ་རྩོམ་ཡིག་ལ་ཡར་རྒྱས་ཡོང་བའི་སྨོན་འདུན།
    ༼ཁོ་བོས་སྔོན་མ་ཞིག་མཐོང་ཞིང་འགག་པ་བྱས་ཀྱང་། ༽
    ཁོ་བོས་སྔོན་མ་ཞིག་ནས་མཐོང་ཞིང་དགག་པ་བྱས་ཀྱང།
    ༼ “མ་རིག་པའི་རྐྱེན་གྱིས་འདུ་བྱེད། འབྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།༽
    མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།
    ༼ཞེས་སོགས་བོད་མཁས་པ་རྣམས་ཀྱི་བརྗོད་པ་དང་མཐུན་ནོ། །༽
    ཞེས་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྗོད་པ་དང་མཐུན་ནོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-02-05 at 3:13 am

    ཁྱུང་སེས་ཞུ་དག་བཏང་བྱུང་གདའ།

  11. ཇུས་ཏོག says:
    2015-02-05 at 6:40 am

    ཁྲིམས་ལུགས་རིག་པས་ཁྲིམས་ལུགས་གླེང་བ་འདི་།
    ཚད་འཛིན་འཕེར་བའི་ཁྲིམས་ལུགས་་གང་ལ་གཞི་བཅོལ་་ཡོད་།
    གསུང་བདེ་ཡོད་ན་མ་གསང་གསལ་སྟོན་གནང་།
    བོད་མི་ཚང་མར་ཁྲིམས་ལུགས་ཤེས་ཏུ་བཅུག་།
    སྤྱི་སྒེར་ཚང་མར་ཕན་ཐོགས་ཆེན་པོ་ཡོང་།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-05 at 9:55 am

    ཁྱུང་སེ་མཆོག་གི་ཞུས་དག་ལ་འབད་པར་དགའ་བསུ།

    ༼བོད་རིང་གཞུང་༽བོད་ཀྱི་རིག་གཞུང་། རྐང་བཙུགག་ནས། འབྲེལ་སྒྲ་མེད།
    ༼གོང་ནས་གོང་དུ་རྩོམ་ཡིག་ལ་ཡར་འགྲོར་ཡིད་སྨོན།༽
    གོང་ནས་གོང་དུ་རྩོམ་ཡིག་ལ་ཡར་རྒྱས་ཡོང་བའི་སྨོན་འདུན། ཡར་འགྲོར་ཞེས་ཚིག་འདི་རང་གིས་མི་ཆོག་པ་མེད། ཡོང་བ་ཞེས་པ་ལ་དྭགས་ཕལ་སྐད་དུ་ཡང་ཡོད། བདག་གིས་འདིའི་ཚབ་ཏྱ་འོང་བ་ཞེས་འབྲི། དེ་ལྟར་བྱེད་པ་ལ་དོན་ཆེན་པོ་གཉིས་ཡོད། དང་པོ་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་ཡི་གེའི་དག་ཆ་རྣམས་རྩ་མེད་དུ་མི་འགྲོ་བ་དང་། གཉིས་པ་བོད་ཀྱི་རིག་གཞུང་སྦྱོང་བར་ཆོས་སྐད་ཤེས་པ་བོད་པ་རྣམས་དང་ཕྱི་ལོགས་པ་ཀུན་ཕན་ཚུན་གོ་བརྡ་འཕྲོད་པས་བགྲོ་གླེང་བྱེད་ཐུབ།
    ༼ཁོ་བོས་སྔོན་མ་ཞིག་མཐོང་ཞིང་འགག་པ་བྱས་ཀྱང་། ༽
    ཁོ་བོས་སྔོན་མ་ཞིག་ནས་མཐོང་ཞིང་དགག་པ་བྱས་ཀྱང། འདིར་ནས་ཞེས་འབྱུང་ཁུངས་ཀྱི་སྒྲ་ལ་གོ་བ་ཞིག་ཡོད་པ་ཁོ་བོས་མ་ཅང་མཐོང་། འོན་ཀྱང་བརྗོད་པ་འདི་གསལ་བར་བྱ་ན། ཁོ་བོས་སྔོན་མ་ཞིག་འདི་ཉིད་མཐོང་ཞིང་འགག་པ་བྱས་ཀྱང་། ཞེས་དགོས་ཀྱང་བྱ་ཡུལ་དེ་ཤུགས་ཀྱིས་གོའོ་སྙམ་ནས་དེ་ལྟར་མ་བྱས་སོ།
    ༼ “མ་རིག་པའི་རྐྱེན་གྱིས་འདུ་བྱེད། འབྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།༽
    མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། འདིར་ཁྱེད་ཀྱིས་ “འདུ་” བཀོད་ཐུབ་པར་གཞོན་པའི་ཤེས་རྩལ་དུ་མཐོང་།
    ༼ཞེས་སོགས་བོད་མཁས་པ་རྣམས་ཀྱི་བརྗོད་པ་དང་མཐུན་ནོ། །༽
    ཞེས་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྗོད་པ་དང་མཐུན་ནོ། འབྲེལ་སྒྲ་བསྡུས་པ་དང་མ་བསྡུས་པའི་ཁྱད་པར་མ་གཏོགས་དོན་ལྷག་པར་སྟོན་བྱེད་དུ་མ་མཐོང་ངོ་།

  13. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2015-02-05 at 1:16 pm

    རྩོམ་འདི་དེ་འདྲའི་གོ་བ་ལེན་ཁག་ག་ལ།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 12:43 am

    ཆེད་རྩོམ་དང་། # 9 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།: དང་། # 12 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།: ཁྱེད་གསུམ་གའི་གསུང་དག་གོ་དཀའ་སེ་འདུག་གདའ། འདུས་བྱུང་ལགས་བདེན།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-06 at 5:27 am

    དགོངས་དག ཁོ་བོས་མ་ཅང་མཐོང་། ཞེས་པར་ཞུས་དག ཁོ་བོས་ཅང་མ་མཐོང་། ཡང་ན། ཁོ་བོས་ཅི་ཡང་མ་མཐོང་། ཞེས་པའི་དོན་དུ་གོ་བ་ལེན་པར་མཛོད་ཅིག

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-06 at 5:35 am

    ཚབ་ཏྱ། ཞེས་པར་ཚབ་ཏུ། ཞེས་དགོས་སོ། ད་དུང་མིག་གིས་མ་མཐོང་བ་ཆད་ལྷག་ཇི་ཙམ་ཡོད་པ་མི་ཤེས་སོ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-06 at 9:14 am

    དཀའ་སེ། ཁག དཀགས་པོ། ཟེར་བ་སོགས་མི་འདྲ་བ་ཆགས། དཀའ་
    འགྱུར་བ་བཞིན་དུ། འདིའི་ལྡོག་ཕྱོགས། སླ་ཞེས་པ་ལ་འགྱུར་བ་ཆེར་མ་བྱུང་བའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།

  18. ཨ་ར་དཀར་པོ says:
    2015-02-06 at 9:34 am

    སླ་ལ་ཨ་མདོ་བས་སྩ་ཟེར། སླ་མོ་་་་་སྩ་མོ ཡི་གེ་སློབ་་་་ཡི་གེ་སྩོབ སློག་པ་་་་སྩོག་པ་སོགས་ལྟ་བུའོ། ཉེ་ཆར་ཧོར་གཙང་འཇིགས་མེད་ལགས་ཀྱིས་ སྩ་ཡིག་གི་གསང་བ་ ཟེར་བ་ཞིག་བྲིས་འདུག དངོས་གནས་བདེན་པར་མཐོང་།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-06 at 10:34 pm

    དོན་དུ་ཨ་ར་དཀར་པོ་མ་ཡིན་པར་ནག་པོ་མཆོག་གིས་བྲིས་པ་དེ་དག་བདེན། དེ་རྣམས་ནི། སླ་མོ་ཞེས་པ་དེ་དག་གནའ་བོའི་འབོད་ཚུལ་བཞིན་དུ། ས་དང་ལ་གཉིས་ཀའི་སྒྲ་ཟུར་འཐོན་པར་འབོད་པ་ལས་བྱུང་། ལ་དྭགས་བོད་རིགས་པས་སླ་མོ་ལ་སྩ་མོ་ཞེས་པ་ཐོས། དེ་བཞིན་དུ། ལ་དྭགས་ཡོངས་སུ། སློང་མཁན་ལ་སྩང་མཁན་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme