Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ཁྲིམས་འགལ་ཡིན་མིན།

Posted on 2021-03-302021-03-30 By ཁ་བརྡ No Comments on ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ཁྲིམས་འགལ་ཡིན་མིན།

ལྷ་ལུང་དཔལ་རྡོར།

གཅིག ཁྲིམས་སྤྱི་གཉིས་ཀྱི་རྩོད་གཞི།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་བཅའ་ཁྲིམས་ཀྱི་གཞི་རྟེན་ནི། དོན་ཚན་ ༦༣ (༤) སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ་ཞེས་པ་འདི་བགྲངས་ཡོད་པ་དང་།  ཁྲིམས་ཞིབ་ཁང་གིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་ནང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་བའི་གཞི་རྟེན་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་ 

(ground of proved misbehavior or incapacity) ཇི་ཡིན་དང་། ལག་བསྟར་བྱ་རིམ་གང་ཡང་མེད་བཞིན་དུ། སྤྱི་ལྷན་གྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ (༤) གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྟེན་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་ཞེས་གསལ་བཤད་བྱས་འདུག

གཉིས། ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གཞི་རྟེན།

སྐབས་འདིར་ཁྲིམས་ཞིབ་ཁང་གིས། ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བའི་གཞི་རྟེན་དུ་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་ཞེས་པ་འདི་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༡༢༤ པའི་ཚིག་བརྗོད་ཡིན་པ་ལས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཆ་རྐྱེན་དེ་དག་བཀོད་མེད།

གཞི་རྟེན་འདི་དང་ཐག་ཉེ་བ་ཞིག་ནི། བཅའ་ཁྲིམས་དོན་ཚན་ ༥༤ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག་ཅེས་པ་འདི་ཡིན་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དོན་ཚན་འདི་དྲངས་མི་འདུག

དེའི་རྒྱུ་མཚན་ནི། ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གཏོང་སྐབས། དོན་ཚན་དེའི་ནང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌ཞེས་དང་སྒྲ་འདི་སྦྱར་བ་ལ་བརྟེན་ནས། ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་ཆོག་པ་ཆགས་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་སྙན་ཐོ་འབྱོར་དགོས་པའི་ཆ་རྐྱེན་དེ་གདམ་གའི་ངོ་བོར་བཞག་སྟེ། བཅའ་ཁྲིམས་ཀྱི་ཐོག་མའི་དགོངས་དོན་ལ་འགྱུར་བ་ཆེན་པོ་བཏང་ཡོད་པའི་ཆ་ནས་དྲངས་མ་དྲངས་ཆོ་མི་འདུག་དགོངས་པ་ཡིན་སྲིད།

ཁྲིམས་ཞིབ་པ་ཞིག་འཕོ་འགྱུར་གཏོང་བའི་གཞི་རྟེན་གང་ཡིན་བཅའ་ཁྲིམས་ནང་བཀོད་མེད་པས། ཚོགས་ཆུང་ཟུར་འཛུགས་བྱས་ནའང་། གཞི་རྟེན་གང་ཞིག་ལ་རྟོག་ཞིབ་བྱེད་དགོས་མིན་ནག་ཁུང་ཆགས་ཡོད་པ་དང་། སྙན་ཐོ་ཇི་ལྟར་འགོད་དགོས་མིན་ཡང་འཇུ་ས་འཆང་ས་མེད་པ་ཆགས་ཀྱི་ཡོད་ཀྱང་། ཆ་རྐྱེན་འདིས་དམའ་མཐར་ཡང་ཐོག་མར་འཕོ་འགྱུར་གཏོང་འདོད་བྱེད་མཁན་དེས་གླེང་བསླངས། དེ་ནས་ཚོགས་ཆུང་བཙུགས། རྟོག་ཞིབ་བྱས། སྙན་ཐོ་གྲོས་ཚོགས་སུ་འབྱོར་ན་གཞི་ནས་གླེང་སློང་དང༌། གྲོས་བསྡུར་བྱེད་ཆོག་པའི་བར་གྱི་བྱ་རིམ་ཆ་ཤས་ཤིག་བསྟན་ཡོད་ནའང་། འོས་བསྡུའི་སྐོར་གང་ཡང་གསལ་མེད།

མགོ་རྙོག་ཆེ་ཤོས་ནི། ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་ཚོགས་དུས་འདིར་གནད་དོན་གཅིག་ལ་ཚད་གཞི་གཉིས་ཀྱིས་གཟིགས་ཀྱི་ཡོད་པ་དཔེར་ན། ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བ་ལ་གསང་བའི་འོས་བསྡུ་བྱེད་མི་ཆོག་པ་སྒྲིག་གཞིའི་ནང་གསལ་མེད་པས། གསང་བའི་འོས་བསྡུ་བྱེད་ཆོག་པར་འགྲེལ་བཤད་གནང་སྟེ་ལག་བསྟར་བྱེད་རྐྱང་བྱས་པ་དང་། ཁྲིམས་ཀྱི་ངོས་བཞེས་སྐོར་བཅའ་ཁྲིམས་ཀྱི་ནང་དུ་གསལ་མེད་པས། དེ་བྱེད་མི་ཆོག་པའི་འགྲེལ་བཤད་གནང་བ་ལྟར། ཁྲིམས་ཡིག་ནང་འཕོ་འགྱུར་གཏོང་བའི་གཞི་རྟེན་མེད་པས་གཞི་རྟེན་མི་དགོས་པ་དང་། ཚོགས་ཆུང་བཙུགས་ནས་སྙན་ཐོ་འབྱོར་དགོས་པའི་ཆ་རྐྱེན་དེ་ཡང་གདམ་གའི་ངོ་བོར་བཞག་ཡོད་པས་མ་བྱས་ན་འགྲིག་གི་ཡོད་པའི་འགྲེལ་བཤད་རྒྱག་ངེས་རེད།

གསུམ། ཁྲིམས་ཞིབ་པ་འཕོ་འགྱུར་གྱི་བྱ་རིམ།

ཁྲིམས་ཞིབ་ཁང་ནས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་གྲོས་འཆར་དེ་འདོན་ཕྱོགས་དང་། ཁྱེར་སྟངས། ཆ་རྐྱེན། བགྲོ་གླེང་། འོས་བསྡུ་བྱེད་སྟངས་བཅས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་ ༡༢ དང་ ༡༣ དང་མཐུན་པའི་ཐག་གཅོད་ཅིག་མིན་ཞེས་དང་། གྲོས་ཆོད་གྲོས་འཆར་ལ་གསང་བའི་འོས་བསྡུ་བྱེད་དུ་བཅུག་པ་བཅས་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ཤིག་ཆགས་ཡོད་ཅེས་གསུངས་འདུག

ཁྲིམས་སྒྲིག་ཁག་ནང་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་བྱ་རིམ་མེད་པར་བརྟེན། ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་སྤྱིར་བཏང་གི་གྲོས་ཆོད་གྲོས་འཆར་གྱི་ངོ་བོར་ཁྱེར་ཡོད་པ་དང་། དེ་ཡང་གྲོས་འཆར་ཡི་གེ་གསང་ཉར་དམ་པོས་ཚོགས་འདུ་དབུ་འཛུགས་བྱས་རྗེས་མ་གཏོགས་སྤྱི་འཐུས་རྣམ་པར་བཀྲམ་མེད་སྐོར་གྲོས་ཚོགས་སུ་གསུང་གླེང་བྱུང་བ་མ་ཟད། ཐད་གཏོང་ལས་རིམ་ཚུགས་རྗེས་ཁྲིམས་ཞིབ་ཁང་ནས་ཡིག་ཆ་ལེན་མཁན་ཆེད་གཏོང་བྱས་པར་ཡང་སྤྲད་མེད་སྐོར་ཁྲིམས་ཞིབ་པས་ཀྱང་གསུངས་ཡོད།

ཡིན་ནའང་། སྤྱི་འཐུས་ཚོགས་གཙོས་སྒྲིག་གཞིའི་ནང་བྱ་རིམ་མེད་པའི་རྒྱུ་མཚན་གྱིས་ག་རེ་བྱས་བྱས་རེད་གསུངས་པ་ཡིན་ན། དེས་ཁུངས་འཁྱོལ་ཁག་པོ་རེད། དཔེར་ན། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་སྒྲིག་གཞིའི་ལེའུ་ ༡༧ པར་གསལ་འཁོད་ཚོགས་གཙོ་དང་ཚོགས་གཞོན་ལས་ཁུར་ནས་ཕྱིར་འཐེན་བྱེད་སྟངས་ལ་རོབ་ཙམ་གཟིགས་ཚེ། ལེའུ་དེའི་ནང་ཚོགས་གཙོ་སྦྲེལ་པོ་ཕྱིར་འཐེན་བྱེད་པ་ལ་སྙན་ཤོག་གཏོང་སྟངས་དང་། གྲོས་འཆར་འབྱོར་རྗེས་གྲོས་བསྡུར་བྱ་རྒྱུར་མོས་མཐུན་ཡོད་མེད་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ཐག་གཅོད་དང་། མོས་མཐུན་བྱུང་ཚེ་ཚོགས་གཙོས་ཉིན་བདུན་རྗེས་དུས་ཚེས་གཏན་འབེབས། དེ་ནས་གྲོས་འཆར་ཐོག་བགྲོ་གླེང་བྱ་རྒྱུའི་དུས་ཚོད་འོས་འཚམས་སྤྲད་རྗེས། འབྲེལ་ཡོད་ཚོགས་གཙོའམ་ཚོགས་གཞོན། ཡང་ན་གཉིས་ཀར་གསལ་བཤད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པའི་འགྲོ་ལུགས་བཀོད་ཡོད་པས། ཁྲིམས་ཞིབ་པ་རྣམས་སྡེབ་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་ཐོག་མཐར་ལྷུང་གི་དམིགས་ཡུལ་ཞིག་བཅངས་མེད་ན། གང་སར་ཁྲིམས་སྒྲིག་མཁྱེན་པའི་སྤོབས་པ་སྟོན་མཁན་ཞིག་གིས་དེ་ལྟ་བུའི་ཧོལ་རྒྱུགས་ཀྱི་ནོར་འཁྲུལ་བཟོ་མི་སྲིད།

ལྷག་པར་དུ་སྤྱི་འཐུས་ཚོགས་གཙོས་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་བྱ་རིམ་གསང་སྟབས་སུ་ཉར་བ་དང་། བགྲོ་གླེང་ལྷུག་པོ་མེད་པ། བསམ་གཞིགས་ཀྱི་དུས་ཚོད་མེད་པར་ཚོགས་ཐུན་གཅིག་ནང་ཐག་བཅད་པ། ཁྲིམས་ཞིབ་པར་གསལ་བཤད་ཀྱི་གོ་སྐབས་མ་སྤྲད་པར་གསང་བའི་འོས་བསྡུ་བྱེད་དུ་བཅུག་པ་ནི། ཁྲིམས་མཐུན་གྱི་བྱ་རིམ་ཞིག་ཡིན་པ་དུས་ནམ་ཡང་སྒྲུབ་མི་ཐུབ།

བཞི། རྒྱ་གར་གྱི་ཁྲིམས་དཔོན་འཕོ་འགྱུར་འགྲོ་སྟངས།

རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༡༢༤ ནང་གསེས་ ༤ པར། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་འཕོ་འགྱུར་གྱི་གཞི་རྟེན་དུ་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་ར་འཕྲོད་དེ་གྲོས་ཚོགས་གོང་འོག་གཉིས་ཀའི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་སོ་སོར་འོས་ཤོག་འཕངས་ཏེ་སྲིད་འཛིན་གྱི་ཆོག་མཆན་ཐོབ་ན་ལས་འཕོ་འགྱུར་གཏོང་མི་ཆོག་པའི་སྐོར་བཀོད་ཡོད་པ་དང་། ནང་གསེས་ ༥ པར་གྲོས་ཚོགས་ནས་དེ་དོན་ཁྲིམས་ཡིག་བཟོ་དགོས་པའི་ཆ་རྐྱེན་བཀོད་པ་ལྟར། ཁྲིམས་ཡིག་གཉིས་(The Judges (Inquiry) Act, 1968.  the Judges (Inquiry) Rules, 1969) བཟོས་ཡོད་པ་དེ་དག་གི་འགྲོ་ལུགས་ལ་བལྟས་ན། ཁྲིམས་དཔོན་འཕོ་འགྱུར་གྱི་གྲོས་འཆར་འབུལ་བ་ལ་གྲོས་ཚོགས་འོས་མིར་འཐུས་མི་ ༡༠༠ ལས་མ་ཉུང་བའམ། གྲོས་ཚོགས་གོང་མའི་ཚོགས་མི་ ༥༠ ལས་མི་ཉུང་བའི་མིང་རྟགས་བཀོད་དེ་ཚོགས་གཙོར་འབུལ་དགོས་པ་དང་། ཚོགས་གཙོས་ཚོགས་ཆུང་ཆེད་འཛུགས་བྱེད་མིན་ཐག་གཅོད། ཚོགས་ཆུང་བཙུགས་པ་ཡིན་ན་དེའི་སྙན་ཐོའི་ནང་ངན་སྤྱོད་ར་འཕྲོད་པའམ། ལས་འགན་མ་ཐེག་པ་ཁུངས་འཕེར་ཡིན་ན། གཞི་ནས་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་དེ་གྲོས་ཚོགས་སུ་འོས་བསྡུ་བྱེད་དགོས་པ་སོགས་ཁྲིམས་ཡིག་གི་གཞི་རྟེན་དང་། བྱ་རིམ་གཉིས་ཀ་ཞིབ་རྒྱས་སུ་གཏན་འབེབས་གནང་ཡོད། ཡིན་ནའང་། ད་ལྟའི་བར་དུ་རྒྱ་གར་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་འཕོ་འགྱུར་བཏང་བའི་ལོ་རྒྱུས་མེད།

ལྔ། སྡོམ་ཚིག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆ་ཚང་སྡེབ་གཅིག་ལ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་བརྒྱུད་རིམ་ནང་། སྤྱི་འཐུས་ཚོགས་གཙོས་བཅའ་ཁྲིམས་དང་། སྤྱི་ལྷན་སྒྲིག་གཞིའི་དགོངས་དོན་ཟུར་དུ་བཞག་སྟེ་འཕོ་འགྱུར་གྱི་དམིགས་ཡུལ་འགྲུབ་ཆེད་གྲོས་ཚོགས་ཀྱི་བྱ་རིམ་བེད་སྤྱོད་ལོག་པར་བཏང་བ་གསལ་པོ་ཆགས་ཡོད་པ་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི་ཁྲིམས་ཞིབ་པ་ཆེ་བར་ཐུག་འཕྲད་ཀྱི་བརྒྱུད་རིམ་དང་། ཁྲིམས་ཁང་གི་བཀའ་ཁྱབ་བཏང་བའི་བརྒྱུད་རིམ། ཁྲིམས་ཞིབ་ཁང་གི་ཐག་གཅོད་བཀའ་ཁྱབ་ཀྱི་ཀུན་སློང་བཅས་པར་དངོས་བདེན་མ་ཡིན་པའི་གསལ་བཤད་ཇི་སྙེད་བྱས་ཡོད་པ་བདེན་ཚེ། དེ་ནི་ཚོགས་གཙོས་སྤྱི་འཐུས་རྣམས་ལོག་འཁྲིད་ཀྱི་ཐབས་ཤེས་བསྟེན་པའི་ཁུངས་སྐྱེལ་ཧ་ཅང་ཚད་འཕེར་ཆགས་ཡོད།

སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་གནད་དོན་འདི་གཉིས་དུས་ཐུང་ནང་གཙང་མ་བཟོ་མ་ཐུབ་ཚེ། མ་འོངས་པར་ཁོང་ལ་གཙང་མ་བཟོ་རྒྱུའི་གོ་སྐབས་ཡོང་ཁག་པོ་རེད། །

བསམ་ཚུལ།

Post navigation

Previous Post: བོད་ཀྱི་སྲིད་སྐྱོང་གི་འོས་མི་གཉིས་ཀྱི་སྐོར་མདོ་ཙམ་བརྗོད་པ།
Next Post: སུས་ཆེད་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme