Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་ཀྱི་ཐག་གཅོད་ནི་བླ་ན་མེད་པའོ།། 


Posted on 2019-10-16 By ཁ་བརྡ 11 Comments on ཁྲིམས་ཀྱི་ཐག་གཅོད་ནི་བླ་ན་མེད་པའོ།། 


བསྟན་འཛིན་དབྱངས་གསལ།
 
ཁ་སང་སྟེ། བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས། སྲིད་སྐྱོང་བློ་སེང་བརྒྱུད་པའི་བཀའ་ཤག་གིས་དོན་ཟུར་སྤེན་ཚེར་མ་ཉེས་ཁག་གཡོགས་བྱས་ཡོད་རུང་། མཐའ་མའི་རྒྱལ་ཁ་དེ་ཚོགས་ཟུར་སྤེན་ཚེར་ཐོབ་ཡོད་པའི་བཅད་ཁྲ་ཤོག་ངོས་ཆིག་སྟོང་བརྒྱ་མེད་ཉེར་བརྒྱད་ཅན་ཞིག་ཁྱབ་སྒྲོག་གནང་འདུག

འདི་ནི་བོད་ཀྱི་སྐད་ཡིག་ལ་མཚོན་ན། དགའ་སྤོབས་སྐྱེ་དགོས་པ་ཞིག་མ་ཡིན་ནམ། དེ་སྔ་རང་རེའི་སྐད་ཡིག་འདི་ཆོས་དང་རིག་གནས་ཀྱི་ཕྱོགས་སུ་བཀོལ་ཤུགས་ཆེ་བ་ལས། ཁྲིམས་དང་ཆབ་སྲིད་རིག་གནས་ཀྱི་ཁོངས་སུ་འུ་ཅག་གི་སྐད་ཡིག་འདི་ལག་ལེན་གྱི་སྒོ་ནས་སྤྱོད་སྒོ་ཧ་ཅང་ཉུང་བས་ན། ད་ནི་ང་ཚོའི་སྐད་ཡིག་གི་ཁྱད་ནུས་དེ་ཁྲིམས་ལུགས་རིག་པའི་ཕྱོགས་སུ་སྤྱོད་ཀྱིན་པའི་དབུ་ཁྱུད་ཅིག་བྲིས་སོང་།

ཁྲིམས་ཀྱི་མདུན་ནས། གཞུང་དམངས་སུ་དང་གང་ཡིན་རུང་བདེན་པ་དང་གནས་ལུགས་སུ་ལ་ཡོད་ན་འདྲ་མཉམ་གྱི་ཁོར་ཡུག་ཡོད་པ་དེ་གསལ་སྟོན་བྱས་སོང་ལ། གང་ཟག་གི་དབང་བསྒྱུར་མ་ཡིན་ཞིང་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཡིན་པ་དེའང་ཁུངས་སྐྱེལ་ཐུབ་སོང་། ད་རུང་བཙན་བྱོལ་བོད་མི་རྣམས་མང་གཙོ་ཡང་དག་པའི་ལག་ལེན་ཡོད་པ་དེ་རྒྱ་གཞུང་ལ་བརྡ་ལན་གསལ་བོ་སྤྲད་སོང་།

ང་ཚོ་སུ་ཡིན་རུང་། ཆེས་གཙུག་ཏུ་བཀུར་དགོས་པ་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲང་བདེན་གྱི་ཐག་གཅོད་འདི་ཡིན་ཙ་ན། དེར་ཕྱོགས་གཉིས་ཀའི་ངོས་ནས་དང་ལེན་གནང་རྒྱུ་ནི་ཁྲིམས་ལུགས་ཀྱི་ནུས་པ་སྲུང་སྐྱོབ་བླ་ན་མེད་པ་དེ་ཡིན་པ་མ་གཏོགས། རྒྱུ་མཚན་ལྟར་སྣང་ཟེར་བ་དེ་ཚད་མེད་པ་ཡིན་པས་ན། དེ་སྟངས་འཛིན་བྱེད་ཐབས་སུ་ཁྲིམས་ཀྱི་ལམ་ལུགས་འདི་གཏན་འཁེལ་བགྱིས་པ་ཡིན་དུས། དེའི་གོ་རྟོགས་སད་ཅིང་དང་ལེན་རྣམ་དག་བྱེད་དགོས་པ་ནི། ཁྲིམས་ཀྱི་དབང་བསྒྱུར་གྱི་ཁྱབ་ཁོངས་སུ་ཚུད་པའི་སུ་དང་སུ་ཡིན་ན་ཆེས་མ་མཐའི་འགན་འཁྲི་ཞིག་རེད།

ཁ་མཆུ་ཨང་ ༢༠ པའི་རྒྱལ་ཁ་འདི། དོན་ཟུར་སྤེན་ཚེ་དང་ཁོང་གི་རྒྱབ་སྐྱོར་བ་རྣམ་པའི་རྒྱལ་ཁ་ཁོ་ན་མ་རེད། དེ་ནི་ཡང་དག་པའི་མང་གཙོ་ཉམས་ལེན་གྱི་རྒྱལ་ཁ། ཡིག་ཐོག་གི་བཅའ་ཁྲིམས་གཟི་བརྗིད་ཁོག་སྟོང་ཅན་དེ་མ་ཡིན་ཞིང་། གཞུང་དམངས་སྤྱི་ཡོངས་ལ་ཁྱབ་པའི་སྤྱི་ཕན་ལག་ལེན་ཅན་གྱི་ཁྲིམས་ལུགས་ཀྱི་རྒྱལ་ཁ། ཧམ་བཤད། སྐུར་འདེབས། ཁག་གཡོག གནག་སེམས། ཁྲེལ་མེད་སོགས་ཀྱི་རྒྱབ་མདུན་ནས་བདེན་པ་དང་གནས་ལུགས་ལ་རྒྱལ་ཁ་ཐོབ་པ་བཅས་སོ།།

མདོར་ན། སྐབས་འདིའི་བཀའ་ཤག་གི་རྩ་དོན་གསུམ་གྱི་ཁོངས་ནས་གཅིག་དེ། ཆིག་སྒྲིལ་ལ་འགན་ལེན་གནང་རྩིས་ཡོད་ན། ཁ་མཆུ་ཨང་ ༢༠ པའི་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་འདི་དང་ལེན་ཞུ་དགོས་པ་ནི་ཆེས་མ་མཐའི་མཐུན་ལམ་གྱི་མ་རྩ་རེད་ལ། ཁྲིམས་ཀྱི་ཐག་གཅོད་འདིའང་ཆེས་བླ་ན་མེད་པ་དེའོ།།

དྲང་མོར་བཤད་ན། བཀའ་ཤག་དང་སྲིད་སྐྱོང་བློ་སེང་གི་ཁྲིམས་རྩོད་པར་བསྙད་པའི་བློ་གྲགས་ཟེར་བ་འདིས། ཐེངས་སྔ་ཕྱི་མང་པོར་ཧམ་བཤད་ལ་ཚད་མེད་པ་དང་དམངས་ཀྱི་མཐུན་ལམ་རྨང་ནས་དཀྲུགས་པ། མདང་དགོང་ཡིན་རུང་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་དྲང་བདེན་མ་ཡིན་པའི་གཏམ་སྤྱོད་རྩུབ་པོ་བསྟན་པ་སོགས་ཀྱི་དབང་གིས། ཁོའི་ནག་ཉེས་དེ་དམངས་སེམས་དང་ལོ་རྒྱུས་ཀྱི་ངོས་ནས་འདག་ཐབས་གཏན་ནས་མེད་པ་འདི་ཁོ་རང་གིས་བཟོས་སོང་།

༢༠༡༩།༡༠།༡༥།

བསམ་ཚུལ།

Post navigation

Previous Post: སྙན་ངག་སྡུག་བསྔལ་རྒྱ་མཚོ། 
Next Post: ལྔ་དང་ལྔ་བཅུ་ལས་འཕྲོས་པའི་བསམ་ཚུལ་གླེང་བ།

Comments (11) on “ཁྲིམས་ཀྱི་ཐག་གཅོད་ནི་བླ་ན་མེད་པའོ།། 
”

  1. Sonam says:
    2019-10-16 at 1:34 am

    བསྟན་འཛིན་དབྱིངས་གསལ་ལགས་ཀྱི་དཔྱད་རྩོམ་ཧ་ཅང་ཡག་པོ་བྲིས་གནང་འདུག ཡིག་ཚོགས་ཉུང་ལ་གོ་བདེ་བ། དོན་དང་ལྡན་པ་འདུག ཁྱེད་རང་གི་གསུངས་པ་ལྟར་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དགོས་ན་བཀའ་ཤག་ནས་དཔྱད་ཁྲ་ཨང་ ༢༠ པར་དང་ལེན་ངེས་པར་གནང་དགོས། བཀའ་བློ་འཁོར་ལ་ཚང་དང་ཁྲིམས་མཛོད་པ་དེའི་སྐད་ཆར་བལྟས་ན་སྤྱི་ཚོགས་ལྷིང་འཇགས་ཡོང་བ་མིན་འདུག ཁོང་གཉིས་ཟབ་ཟབ་བཀའ་མོལ་གནང་དགོས་འདུག འཁོར་ལ་ཚང་གི་ལས་འབྲས་གསུངས་སོང་བ་ཁོང་གི་ལས་འབྲེས་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་ན་ང་ཚོ་ནང་པའི་ལས་འབྲས་འདི་མིན་པ་འདྲ་སྙམ་མོ། ལས་འབྲས་ལ་བསླུ་བ་མེད།

  2. ཉི་མ་རང་གྲོལ། says:
    2019-10-16 at 3:24 am

    ཨ་བློ་གྲགས་ཀྱི་རང་མཚང་བསྟན་པ་ཡིན་ཙང་། སེར་སྨད་བློ་དགས་ཁོ་ལ་རྒྱབ་སྐྱོར་བྱས་སོང་། བླུན་རྒན་ཀི་ཧེ་ཧེ་ཧེ་རིགས་ཅིག་ངུ་སོང་།

  3. འཚུབ་ཐེལ། says:
    2019-10-16 at 6:27 am

    ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་བཅད་ཚར་བ་དང་བསྟུན་ནས་ཁ་མཆུ་འདིས་སྔ་ཕྱི་བར་གསུམ་ལ་མཇུག་སྡོམ་བརྒྱབ་ཚར་བ་རེད། བྱས་ཙང་རྒྱལ་ཁའི་ཕྱོགས་ཀྱིས་སྙིང་ཚིམས་བརྗོད་པ་དང་ཕམ་ཁའི་ཕྱོགས་ཀྱིས་བསྡིག་དམོད་བྱེད་རྒྱུ་སོགས་མཚམས་བཞག་ན་ལེགས།

  4. ཨ་ཁུ་འབྲོག་པ། says:
    2019-10-16 at 9:27 am

    ད་རེས་ཀྱི་ཁྲིམས་ཞིབ་པ་རྣམས་ནས་ལས་འབྲས་དཔང་འཕེར་ཁྲིམས་དཔྱད་དྲང་པོ་གནང་བ་ནི། ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་རེད། ཁོང་ཚོ་ནི། དེ་སྔ་མ་ཎི་བཀའ་འབུམ་མགོ་ལ་ཁུར་ཏེ་གནའ་སྐྱེལ་དམ་འབུལ་བྱེད་མཁན་ཚོ་ལས་ཀྱང་དམ་བཅའ་བརྟན་པ་བྱུང་སོང་། བཅད་ཁྲ་འདི་ནི་སློབ་བཟང་གི་བཀའ་ཤག་ནས་ཀྱང་བརྩི་དགོས་ངེས་རེད། འོན་ཀྱང་བློ་གྲགས་དང་། བསོད་སྟོབས་ཀྱི་བརྗོད་བབ་དེ་དག་ནི། དེ་སྔ་ནས་དྲྭ་གྲོགས་འགའ་ཞིག་གིས་ཀི་ཧི་་ཧིའི་ཚོའི་བྱ་་སྤྱོད་ལ་་རྒྱུས་མངའ་ཡོད་སྟབས། གལ་ཏེ་ཁ་མཆུ་སྤེན་ཚེར་ཐོབ་ཚེ་ཁྲིམས་ཞིབ་ཁང་ནས་དྲངས་པོ་བྱས་མ་སོང་ལབ་རྒྱུ་ཉག་ཅིག་རེད། ཅེས་མངོན་ཤེས་བཤད་པ་དེའི་ཐོག་ཏུ་བབས་པ་ཞིག་རེད།

  5. ཨ་ཤོ་ཀ says:
    2019-10-16 at 10:23 am

    ད་རིང་ཡུ་ཊུབ་ནང་ནས་ Tibet star སྐད་ཆ་ཤོད་མཁན་དེ་བདེན་པ་འངྲ་བོ་ཚོེར་བྱུང་། ཁྲིམས་ཞིམ་པ་མི་གསུམ་པོ་དེ་དབུས་གཙང་རེད་་་ད་ལན་ཁྲིམས་དེ་བྱས་སྤེན་ཚེ་ལགས་རྒྱལ་བ་རེད་བཤད་འདུག གང་ལྟར་ང་ལ་ཡང་སྐུ་དངོས་སྤེན་ཚེ་ད་ལན་ཐོབ་པའི་མིང་དེ་བྱུང་་་བཀའ་ཤག་དག་ཕན་ཚུན་་་གཅིག་ོ་ཆགས་སོང་བསམ། བཀའ་ཤག་གི་བསམ་དོན་དེ་འགྲུབ་ཡོད་རེད། སྤེན་ཚེ་དོན་གཅོད་ལས་ཕྱིར་འཐེན་ཚར་རེད། དེ་ནས་སྤེན་ཚེ་ལ་དགོས་ཁ་མཆུ་ཐོབ་མིང་དེ་བྱུང་ན་བློ་བདེ་བོ་ཡོད་ཅི་སྟེ་དོན་གཅོད་མ་བྱུང་ནངས། ད་རྟག་རྟག་བྱུང་། ལབ་གླེང་མང་པོ་མ་བྱས་མཐུན་ལམ་གནང་ན་དགེ

  6. ཨ་ཤོ་ཀ says:
    2019-10-16 at 10:26 am

    ད་རིང་རིང་ཡུ་ཊུབ་ནང་ནས་ Tibet star སྐད་ཆ་ཤོད་མཁན་དེས་བདེན་པ་འངྲ་བོ་ཚོེར་བྱུང་། ཁྲིམས་ཞིམ་པ་མི་གསུམ་པོ་དེ་དབུས་གཙང་རེད་་་ད་ལན་ཁྲིམས་དེ་བྱས་སྤེན་ཚེ་ལགས་རྒྱལ་བ་རེད་བཤད་འདུག གང་ལྟར་ང་ལ་ཡང་སྐུ་དངོས་སྤེན་ཚེ་ད་ལན་ཐོབ་པའི་མིང་དེ་བྱུངབ་ཡག་པོ་རེད། ་་བཀའ་ཤག་དག་་ཕན་ཚུན་་་གཅིག་པ་ཆགས་སོང་བསམ། བཀའ་ཤག་གི་བསམ་དོན་དེ་འགྲུབ་ཡོད་རེད། སྤེན་ཚེ་དོན་གཅོད་ལས་ཕྱིར་འཐེན་ཚར་རེད། དེ་ནས་སྤེན་ཚེ་ལ་དགོས་པ་དེ་ཁ་མཆུ་ཐོབ་མིང་དེ་བྱུང་ན་བློ་བདེ་བོ་ཡོད་ཅི་སྟེ་དོན་གཅོད་མ་བྱུང་ནངས། ད་རྟག་རྟག་བྱུང་། ལབ་གླེང་མང་པོ་མ་བྱས་མཐུན་ལམ་གནང་ན་དགེ

  7. ཨ་ཁུ་འབྲོག་པ། says:
    2019-10-16 at 2:09 pm

    བསོད་ནམས་ལགས། རེད། ང་ཚོའི་ལས་འབྲས་དང་ཁོང་ཚོའི་ལས་འབྲས་དེ་འདྲ་ཡི་མ་རེད། ཁོང་ཚོའི་ལས་འབྲས་དེ་ལས་སྡུག་ཅག་ཅིག་བྱས་ཏེ་འབྲས་བུ་བཟང་པོ་ཞིག་དགོས་པའི་ལས་འབྲས་དེ་རེད། འདི་ཚོ་ཟོས་ཟོས་ཏེ་ཁ་བྱང་། རྒྱོས་རྒྱོས་ཏེ་སྟུ་བྱང་། སོང་སོང་སྟེ་ལམ་བྱང་ཟེར་བའི་ངེད་འབྲོག་པའི་དཔེ་ལྟར་བྱས་ཏེ་ད་བར་ཕྱིན་པ་རེད། ད་རང་འགྲོ་ས་མི་འདུག་སྙམ་སྟེ་མུག་སྐད་ཐོལ་གྱིས་ཐོན་པ་རེད།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-10-16 at 4:52 pm

    ཧཧཧ་རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་བ་རེད་དོ་བདག་ཞུ་སྦྱོར་བ་དང་རྩོད་ལན་པ་ཕྱོགས་གཉིས་དང་ཟུར་གནས་མི་མང་བཅས་ནས་
    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་བཅའ་ཁྲིམས་དོན་ཚན་
    བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་
    རྩི་བཀུར་དང་ཉམས་ལེན་ཞུས་ནས་ནམ་མཁའ་གཡའ་དཱགས་དང་ས་གཞི་སྡུལ་དཱགས་བཟོ་དགོས་པ་ལས་བཅད་ཁྲ་འདི་ལ་འཕྲོས་བཤད་དང་
    བསྐྱར་བཤད་བྱས་ནས་བཙན་བྱོལ་བོད་མིའི་ཆིག་བསྒྲིལ་དང་ནང་ཁུལ་མཐུན་འབྲེལ་ལ་གས་ཆགས་བཟོ་བའི་དོན་མེད་ཚིག་སྙོགས་སུའི་ངོས་ནས་འཐོན་ཚེ་དེའི་འགན་འཁུར་དོ་བདག་དེ་ཉིད་ནས་ཁྱེར་དགོས་པ་
    ནི་སྤྱི་ཚོགས་བདེ་འཇགས་དང་མཐུན་འབྲེལ་་ལས་གལ་ཆེ་བ་གང་ཡང་
    མེད་་པ་བཅས།

  9. Sonam says:
    2019-10-21 at 1:19 am

    ཨོ་ཧོ། གོང་གི་འཇིགས་མེད་ཀྱི་ཡི་གེ་ལ་བལྟས་ན་ཁོ་རང་སྔོན་ཤེས་པ་ཡིན་ན། ཡང་ན་སྡིགས་ར་ཡིན་ན་ཧ་གོ་མ་སོང་། སྤྱི་ཚོགས་ནང་དྲང་བདེན་ལམ་དུ་འགྲོ་ནའང་སྡིགས་ར་དེ་འདྲ་སྤྲད་ན་ལས་རྒྱུ་འབྲས་ཡོད་རེད། ཁྱེད་ཀྱི་སྐད་ཆ་དེ་སྡིགས་ར་ཡིན་ན་གི་བུ་གྲོག་མ་ཡང་ཞེས་ཀྱི་མ་རེད། སྔོན་ཤེས་ཡང་ན་གཉིད་ལམ་ཡིན་ན་ནི་གང་ཤེས།

  10. jimme bah་aru@yahoo. says:
    2019-10-22 at 12:22 am

    དགའ་རེས་ཟེར་ན་སྤེན་ཚེ་ཐོབ་པ་རེད་ཟེར།
    དགའ་རེས་ཟེར་ན་ཁྲིམས་དཔོན་དྲང་མིན་ཟེར།
    ཐོབ་ཀྱང་རེད་མི་དྲང་ཡང་རེད་ཁྲིམས་ཐག་ཆོད་པ་རེད།

    དགའ་རེས་ཟེར་ན་སྤེན་ཚེ་གཉིད་སྐྱིད་པ་ཟེར། དགའ་རེས་ཟེར་ན་སྤེན་ཚེ་གཉིད་མི་ཁུག་ཟེར།
    གཉིད་ཁུག་ཀྱང་རེད་མ་ཁུག་ཀྱང་རེད། རང་རྒྱལ་གཞན་ཕམ་ཚར་བ་ཞིག་རེད།

    དགའ་རེས་ཟེར་ན་བློ་དྲགས་འཇོན་པོ་རེད་ཟེར། དགའ་རེས་ཟེར་ན་བློ་གྲགས་ཤེས་ཡོན་མེད་ཟེར།
    ཤེས་འཇོན་ཡོད་ཀྱང་རེད་མེད་ཀྱང་རེད། བཅད་ཁྲ་བཏང་ནས་ཚར་བ་རེད།

  11. Sonam says:
    2019-10-22 at 2:11 am

    སྤེན་ཚེ་ཐོབ་ཚར་བ་ཚང་མས་ཤེས་གསལ་རེད། ཁྲིམས་ཞིབ་ཁང་གི་ཐག་གཅོད་གང་གནང་བ་དེར་ང་ཚོ་ཚང་མ་ཡིད་ཆེས་བརྒྱ་ཆ་རྒྱ་ཡོད། ཚང་མས་ཡིད་ཆས་གནང་གལ་ཆེ། མ་གནང་ན་གདུག་གྱོང་རེད། སུ་དང་སུ་འདྲ་ཞིག་ཡིད་ཆེས་དང་འདོད་བློ་མ་ཁེངས་བ་ཡོད་ན་རྒྱ་གར་ཁྲིམས་ཁང་དུ་གཏུགས་ནའང་འགྲིག དེ་ནི་ཧ་གོ་ཡོང་། འཁོར་ལོ་ཚང་དང་བློ་གྲགས་གཉིས་གཅིག་པུ་ཡིན་གྱི་རེད་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མང་ཆེ་བ་ཡིད་ཆེས་ཡོད་བཅས་སྤྲང་ལམ་ནང་ཁྱབ་བཞིན་འདུག དེ་བཞིན་བློ་ཟུ་བོར་གནས་པ་ཉམས་ཞིབ་པ་ཁང་གསར་རྡོ་རྗེ་ལགས་ནས་རྩོམ་བཀླགས་རྗེས་ཀྱི་དགོངས་འཆར་ཞིག་ཐོན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme