Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲི་རྒྱབ་དྲུག་འགྱོགས།

Posted on 2012-12-18 By ཁ་བརྡ་ 5 Comments on ཁྲི་རྒྱབ་དྲུག་འགྱོགས།

སྒང་བུ་འཁྱམས་པོ།

རྒྱལ་བའི་སྐུ་རྟེན་གྱི་ཁྲི་རྒྱབ་ལ་རྒྱས་བསྡུས་སྣ་ཚོགས་ཤིག་བྱུང་ཡང་།  བླ་མའི་ཡོན་ཏན་ཡོངས་གཟུང་གི་རྒྱུད་དོན་བཞིན་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་ལ་བྱང་ཕྱོགས་ཀྱི་ཆོས་ཀྱི་སྡེ་ཚན་བདུན་དག་པའི་ཆོས་དང་སྦྱར་བ་ཁྲི་འགྱོགས་ལེ་ཚན་བདུན་དུ་གྲགས་པ་ནི། ཁྲི་གདན་ཁྲི་གདོང་ཁྲི་ཡི་རྐང་ཁྲི་རྨང་གཉིས་དང་བ་གམ་ལན་ཀན་ཏེ་རྣམ་པ་བདུན་ནོ།།  ཁྲི་ལ་འདེགས་བྱེད་དུ་སེང་གེ་སོགས་ཡོད་པའི་མཚོན་བྱ་ནི།  སེང་གེས་སྟོབས་བཅུ་དང་། གླང་ཆེན་གྱིས་སོ་སོ་ཡང་དག་པའི་རིག་པ།  རྟ་མཆོག་གིས་དབང་བཅུ། རྨ་བྱས་སྨོན་གནས་ཤེས་པ། ཤང་ཤང་གིས་བྱང་ཆུབ་ཀྱི་ཕྱོགས་མཚོན་པ་བཅས་ཡིན་ཞིང་། འདེགས་བྱེད་ཀྱི་བར་དུ་ནོར་བུས་སྤྲས་པའི་ཀ་བ། བ་གམ། པད་ཆུང་སོགས་རིམ་པ་གཞན་ལའང་པདྨ། པ་ཏྲ།  ཕྲ་ཚོམ་སོགས་དང་། ཁྲི་ཁེབས་མཛེས་པར་བཀོད་པའི་སྟེང་དུ་བྱང་ཕྱོགས་ཀྱི་ཆོས་མཚོན་པའི་ནོར་བུ། སྒྲུབ་པ་གསུམ་གྱི་སྐྱོན་མ་གོས་པ་མཚོན་པའི་པདྨ།  བདེན་གཉིས་ལས་དོན་དམ་ཨེ་མཚོན་པའི་ཉི་མ་དང་ཀུན་རྫོབ་ཝཾ་མཚོན་བྱེད་ཟླ་བ་ཡིན། རྒྱབ་ཡོལ་གྱི་མཐའ་ལ་ཡོད་པའི་རི་མོས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོའམ་མཚན་མ་སྟོན་པ་སྟེ། སྤྱི་གཙུག་གི་སྟེང་དུ་མཁའ་ལྡིང་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ་ཅན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་ལ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས་ཡོད་པ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིིན་པའི་ངོ་བོ་མཚོན།  དེའི་འོག་གཉིས་སུ་མཛེས་པའི་བུ་ཆུང་ཤིང་ལོ་གྱོན་པ་གཉིས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གཉིས་སུ་རི་དྭགས་ཤ་རལ་ཅན་རྭ་གཅིག་པ་ཅན་གཉིས་ཡོད་པ་དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་ཏུ་གླང་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྣས་བུམ་པ་བཟུང་བ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པ་ཡིན། དེ་དག་གི་བར་གསེང་དུ་ཤིང་ལོ་དང་པ་ཏྲ། འབྲས་བུ་དང་མེ་ཏོག  འཇའ་སྤྲིན་ཕྲ་ཚོམ་སོགས་བཀོད་པ་ནི་རྒྱན་སྤྲོས་ཡིན་པ་ལས་མཚོན་བྱེད་གཞན་མེད།  རྒྱབ་ཡོལ་ལ་ཁག་ཅིག་གིས་གླང་པོ་རིན་པོ་ཆེས་བརྒྱན་པའི་གོང་དུ། གངས་ཀྱི་སེང་གེ་བསྣན་ཏེ་བདུན་རེ་བྱེད་པ་ནི་བོད་བཟོ་ཁོ་ནའི་ལུགས་སུ་སྣང་ངོ་།། 

སྣ་ཚོགས།

Post navigation

Previous Post: གནས་སྐོར།
Next Post: ཆིག་སྒྲིལ་དུས་དེབ་ཀྱི་དྲི་བ། ཨ་རིག་དགེ་མཐོང་གི་དྲིས་ལན།

Comments (5) on “ཁྲི་རྒྱབ་དྲུག་འགྱོགས།”

  1. BONPO says:
    2012-12-18 at 9:18 pm

    སྤྱི་གཙུག་གི་སྟེང་དུ་མཁའ་ལྡིང་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ་ཅན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་ལ་་་་སོགས་རིམ་པས་ཕར་ཕྱིན་བཅུ་ལ་མཚོན་དོན་རེ་སྦྱར་ཏེ་འགྲེལ་བཤད་བྱས་པ་འདི་གཅིག་པུས། སྔ་རབས་བོད་ཀྱི་བླ་མ་རྣམས་ཀྱི་དགོངས་གཞི་དགོངས་པ་དངོས་དེ་འདི་འདྲ་ཞིག་ད་ཨ་ཡིན་ན་བསམས་ཀྱི་ཡོད། །

  2. ལྷ་སྲས་ཐ་ཆུང་། says:
    2012-12-19 at 8:18 am

    རྣམ་པ་བདུན་ནང་ནས་ལན་ཀན་ཞེས་བའི་དོན་གང་ཡིན་གསལ་བོར་གསུང་རོགས།

  3. བན་དེ་བ། says:
    2012-12-19 at 8:29 am

    ཁྲི་རྒྱབ་དྲུག་འགྱོགས་དང་ན་དྲུག་ཟ་དྲུག་དབར་ལ་ཁྱད་པར་ཡོད་དམ།

  4. བན་དེ་བ། says:
    2012-12-19 at 8:33 am

    དཔོན་གསས་བླ་མ་སྤྱི་བོའི་གཙུག་ཏུ་བཀུར་བས་ད་ལྟ་བྱ་ཁྱུང་གི་རྒྱན་ཐོབ་པ་དང། སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་དམ་ཚིག་གཅིག་པའི་མཆེད་གྲོགས་ལ་འཁྲོ་བ་སྤངས་བས། ད་ལྟ་གཡུ་འབྲུག་གི་རྒྱན་ཐོབ་པའོ། བདག་སྐྱེ་བ་ཐམས་ཅད་ནས་ཐམས་ཅད་དུ་ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་ལ་འཁྲུག་པ་སྤངས་བས། ད་ལྟ་སེང་གེའི་རྒྱན་ཐོབ་པའོ། བདག་ནི་སྐྱེ་བ་ཐམས་ཅད་ནས་ཐམས་ཅད་དུ། ལྟ་བ་ཡས་ནས་དབུབ་པའི་དོན་བསྒོམ་པས། ད་ལྟ་གཞའ་ཚོན་གྱི་གུར་ཁྱིམ་དང་གཞལ་ཡས་ཀྱི་རྒྱན་ཐོབ་པའོ། བདག་ནི་སྐྱེ་བ་ཐམས་ཅད་ནས་ཐམས་ཅད་དུ། སྤྱོད་པ་མས་ཡར་འཛེགས་པའི་དོན་ལ་བརྩོན་པས། ད་ལྟ་རིན་པོ་ཆེའི་ཁྲི་རྐང་གི་རྒྱན་ཐོབ་པའོ། བདག་ནི་སྐྱེ་བ་ཐམས་ཅད་ནས་ཐམས་ཅད་དུ། གཞི་སྙིང་རྗེ་ཆེན་པོ་ལ་བླངས་པས། ད་ལྟ་ཉི་ཟླའི་གདན་ཐོབ་པའོ། བདག་ནི་སྐྱེ་བ་ཐམས་ཅད་ནས་ཐམས་ཅད་དུ། ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་པས། ད་ལྟ་སྤྲུལ་པའི་སྐུ་ལ་རྒྱན་གཙོ་ལ་འཁོར་གྱིས་བསྐོར་པའི་རྒྱན་ཐོབ་པའོ།

  5. བན་དེ་བ། says:
    2012-12-19 at 8:40 am

    མཛེས་པའི་ན་དྲུག་ནི། གླང་ཆེན་ཐེག་པ་ན། ལྷ་སྲས་ཁྱེའུ་ན། རི་དྭགས་ཤ་ར་ན། མི་ཆུང་བྱ་ར་ན། ཤང་ཤང་པ་ཏྲ་ན། བྱ་ཁྱུང་ཀ་ར་ན་དང་བཅས་དྲུག་གོ། དེ་ལ་ནང་གི་རྒྱན་དྲུག་ཀྱང་ཟེར། དེ་དག་རྫོགས་སྐུ་ལ་ཐོབ་པའི་རྒྱན་ནོ། དེ་ཡང། གླང་ཆེན་ཐེག་པ་བརྟན་ཕྱིར་དང༌། ལྷ་སྲས་བར་ཆོད་ཟློག་ཕྱིར་དང༌། རི་དྭགས་རྒྱུ་འབྲས་བསྲུང་ཕྱིར་དང༌། མི་ཆུང་ལེགས་ཉེས་འཛིན་ཕྱིར་དང༌། ཤང་ཤང་ཚུལ་ཁྲིམས་སྒེག་ཕྱིར་དང། བྱ་ཁྱུང་སྤྱི་རྒྱ་གཅོད་ཕྱིར་རོ། དོན་དུ་ལྷ་གང་དང་སྦྱར་ན། གླང་གཉིས་ཁྱབ་པ་དབང་ཆེན་དང༌། ལྷ་མོ་བརྟན་མ་གཉིས་དང་སྦྱར། ལྷ་གཉིས་མ་ཧ་དེ་བ་དང༌། དཔལ་འབར་ཆེན་མོ་གཉིས་དང་སྦྱར། རི་དྭགས་རི་དྭགས་འཛིན་པ་དང༌། དྲང་སྲོང་ཆེན་པོ་བཞི་དང་སྦྱར། མི་ཆུང་སྐོས་རྗེ་དྲང་དཀར་དང༌། ཕྱ་རྗེ་རིང་དཀར་གཉིས་དང་སྦྱར། མཁའ་ལྡིང་ཚངས་པ་ཆེན་པོ་དང༌། ཚངས་པ་མི་མགོན་གཉིས་དང་སྦྱར། ཁྱུང་གི་སྲིད་གསུམ་རྗེ་བོ་དང༌། སྲིད་རྗེ་དྲང་དཀར་གཉིས་དང་སྦྱར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme