Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲག་མཆོད་སྤངས་པར་སྨོན་པ།

Posted on 2015-07-302015-07-30 By ཁ་བརྡ 4 Comments on ཁྲག་མཆོད་སྤངས་པར་སྨོན་པ།

ཁང་ཟླ་སྲས།

unnamedབགྲང་ཡས་བསྐལ་བར་བསླབས་པའི་ཤེས་རབ་དང་།།
བརྒྱ་ཕྲག་སྲོག་གིས་ཉོས་པའི་བྱམས་བརྩེ་ཡིས།།
སྲིད་ཞིའི་ཁྱོན་འདིར་དམ་ཆོས་རྔ་བོ་ཆེ།།
རྡུང་མཛད་སྟོན་པ་མཆོག་དེ་སྙིང་ནས་དྲན།།

འཇིག་རྟེན་འདི་ན་གཅེས་པ་གྲངས་མེད་ཀྱང་།།
སྲོག་ལས་གཅེས་པའི་དངོས་ཤིག་ཡོད་མ་ཡིན།།
དེ་ཕྱིར་སྲོག་གཅོད་སྤངས་པའི་ལེགས་བྱས་ལ།།
བསྔགས་པ་ཡ་རབས་སྐྱེ་བོའི་སྤྱོད་པ་ཉིད།།

རལ་གྲིའི་སོ་ནི་ཁབ་རྩེ་ལས་ཀྱང་རྣོ། །
བ་ལང་དག་ནི་བླུན་པོ་ལས་ཀྱང་ལྐུག །
རྨོངས་པ་དག་ནི་སྨྱོན་པ་ལས་ཀྱང་འཇིགས། །
དེ་གསུམ་འཛོམས་པས་ས་གཞི་བ་རོས་བཀངས། །

སོད་སོད་སྒྲ་ཡིས་རྣ་བ་ཚ་བར་བྱེད། །
དམར་པོ་ཁྲག་གི་རླབས་ཀྱིས་རི་བོ་གཡོ། །
སྙིང་རྗེ་བྲལ་བའི་ཡིད་ནི་རླུང་བཞིན་འཚུབས། །
འཇིག་རྟེན་དེ་ཀོ་དམྱལ་བ་གསོན་པོ་འདྲ། །

རྣོ་ངར་མཚོན་ལ་དྲངས་པའི་ཚེ་སྲོག་ནི། །
སོར་རྩེས་བགྲང་མྱུར་བར་བགྲང་ཀྱང་མི་ཁེད་པའི། །
བལ་བོའི་ཡུལ་གྱི་འཇིགས་རུང་དམར་མཆོད་དེས།
རྒྱ་ཡི་མི་ཡུལ་ཆེན་པོ་དྲན་པར་བྱེད། །

ལོག་སྤྱོད་པ་ཡིས་ཆོས་ཀྱི་མིང་ཁུར་ཏེ། །
ཉེས་མེད་སྐྱེ་བོའི་སྐེ་རྩ་བཅད་པའི་བརྙན། །
མིག་ལ་མངོན་བཞིན་བལ་བོའི་ཆོས་པ་ཚོས། །
བ་ལང་བསད་པའི་གྲངས་ཀ་སུ་ཡིས་རྟོགས། །

ལྷ་མོ་ནག་མོ་ཞེས་བྱའི་འདྲེ་མོ་ཞིག །
ལན་གཅིག་མཆོད་ལ་གྲངས་མེད་སྲོག་གཅོད་པ། །
གནའ་བོའི་ཆོས་དང་དེང་རབས་དམངས་གཙོ་ཡི། །
སྲོལ་བཟང་གང་ལ་དེད་ཀྱང་མཛའ་མ་ཡིན། །

བལ་བོའི་ཡུལ་འདིར་ཕྱི་ནང་རིག་པ་ཡི། །
གནས་ལ་དཔྱོད་པའི་དྲན་དབང་ཉུང་བ་དང་། །
རིག་གསར་རིག་པའི་དཔལ་ཡོན་མ་དར་བས། །
ད་གཟོད་ངན་སྲོལ་འདི་དག་འབྱམས་པར་གྱུར། །

རྒྱུད་ལ་དད་པ་མེད་པའི་སྐྱེ་བོ་ཡང་། །
གཞན་ལ་འཚེ་བའི་སྦྱོར་བར་མི་འཇུག་ན། །
དད་པས་ཁྲག་གི་རྒྱ་མཚོ་བསྐྱིལ་བ་ཡི། །
སྲོལ་ངན་འདི་ཀོ་ལྐུག་པའི་ཆོས་ལུགས་ཉིད། །

ལྷ་གཅིག་མཆོད་པས་བ་ལང་འཛད་པར་བྱས། །
ཁྲག་གིས་གཙང་པོས་ས་གཞིའི་མདོག་ཀྱང་བསྒྱུར། །
གྲལ་གྲི་བརྡར་པའི་སྒྲ་དག་རྣ་བར་གཟན། །
ད་ནི་ཅིས་ཀྱང་སྲོལ་འདི་ཆད་པས་དགའ། །

བལ་བོས་ལྷ་མོ་ཁྲག་གིས་བཀུར་བ་བཞིན། །
བོད་པས་བླ་མ་གཡག་ལུག་ཤ་ཡིས་མཆོད། །
མངོན་ལྐོག་ཙམ་ལས་ཀུན་ནས་རྨོངས་པ་ཡི། །
ལྕི་ཡང་རྒྱུ་འབྲས་མིག་ལ་ཡོད་མ་ཡིན། །

ཧིན་དྷིའི་ཆོས་མགོ་རྒྱ་གར་ཡུལ་ཡིན་མོད། །
འཕགས་པའི་ཡུལ་ན་ཁྲག་གི་བསྙེན་བཀུར་མེད། །
ཟས་དང་མེ་ཏོག་མཆོད་པའི་སྲོལ་བཟང་པོ། །
བལ་བོད་གཉིས་ཀར་དར་ན་དགའ་བ་ལ། །

སྒོར་འགའི་ཆེད་དུ་བརྒྱ་ཕྲག་འགྲོ་བའི་སྲོག །
སྣང་བའི་འཇིག་རྟེན་འདི་ནས་སྤྱུགས་བྱེད་པའི། །
བ་ལང་དང་ནི་གཤེད་མ་གཉིས་པོ་ཡང་། །
སྲས་གཙང་སྲས་པོ་དེ་དང་ཕྲད་པར་ཤོག །

སྐད་ཅིག་ཙམ་ལ་ཤིན་ཏུ་གཅེས་པ་ཡི། །
བ་ཡི་མགོ་བོ་ཁྲག་གི་མཚོ་ཀློང་དུ། །
འཕེན་པའི་ཉམས་ཐག་བཤན་པ་དེ་ཚོ་ཡང་། །
ད་ནས་སྙིང་རྗེའི་སེམས་དང་འབྲལ་མེད་ཤོག །

ལས་ངན་འདི་ཡི་སྐྱེ་རྒྱུན་རྡོ་རྗེའི་མདུད། །
སྙིང་རྗེའི་ཐོ་བས་རྨང་ནས་གཞིལ་བ་ཡི། །
འབྲེལ་ཡོད་ཕྱི་ནང་སྐྱེ་བོའི་ཚོགས་རྣམས་ཀྱང་། །
བྱང་ཆུབ་ཤིང་གི་དྲུང་དུ་འཚང་རྒྱ་ཤོག །

བདེན་མིན་ཇི་ལྟར་ཡང་བལ་བོའི་དམར་མཆོད་ཆེན་མོའི་རྒྱུན་རྩ་བཅད་བྱས་པའི་གཏམ་དྲ་ཐོག་ནས་མཐོང་བ་དང་ཡིད་ལ་དང་བ་ཆེན་པོ་སྐྱེས་ཏེ་ཨ་འདུས་པས་བསམ་གཏན་གྱི་གནས་རྡོར་གླིང་རུམ་སྤུག་བཤད་གྲྭར་ཐོལ་བྱུང་དུ་བཀོད་པ་འདིས་ཀྱང་རྗེས་སུ་ཡི་རངས་ཀྱི་དགེ་བས་འགྲོ་ཀུན་ཚེ་རིང་ནད་མེད་ཀྱི་དཔལ་ལ་སྤྱོད་པར་གྱུར་ཅིག །

སྙན་ངག

Post navigation

Previous Post: རྫ་ཆུའི་རླབས་སྒྲའི་དྲ་བ་ཤར་གཏོང་བྱས་ཡོད།
Next Post: བྱུང་རབས་དང་རྒྱལ་རབས་བར་གྱི་ཁྱད་པར།

Comments (4) on “ཁྲག་མཆོད་སྤངས་པར་སྨོན་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-07-31 at 10:05 am

    སྲོག་གཅོད་སངས་རྒྱས་ལུགས་ལ་མེད། །
    ཤ་ནི་གནང་བཀག་གཉིས་ཀ་ཡོད། །
    བྱང་སེམས་ཤ་འཛེམས་བྱས་ན་མཛེས། །
    རིག་པ་འཛིན་པས་དཔྱད་ནས་སྤྱོད། །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-07-31 at 10:09 am

    ཁ་ཆེས་ཕག་པའི་ཤ་མི་ཟ། །
    མུ་སྟེགས་བ་གླང་ཤ་མི་ཟ། །
    བོད་པས་སྦལ་སྦྲུལ་ཤ་མི་ཟ། །
    མཁས་པས་ཤ་རིགས་ཀུན་མི་ཟ། །

  3. ཀརྡོ་གཉེར་ཕྱག་པ་ says:
    2015-07-31 at 10:27 am

    ཤ་རིགས་མི་ཟ་མཁན་གྲགས་ཅན་༥༠
    http://vegetarian.procon.org/view.resource.php?resourceID=004527

  4. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-08-02 at 12:16 pm

    དགོངས་དག་བ་ལང་ཞེས་པ་མ་ཧེ་ལ་བསྒྱུར་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme