Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་ལ་བོད་རྒྱ་གྲོས་མོལ་ལ་རེ་བ་ཨེ་ཡོད།

Posted on 2010-01-262010-01-27 By ཁ་བརྡ་ 15 Comments on ཁྱོད་ལ་བོད་རྒྱ་གྲོས་མོལ་ལ་རེ་བ་ཨེ་ཡོད།

ཁྱོད་སུ་ཡིན།

དེ་རིང་བོད་ཀྱི་སྐུ་ཚབ་རྒྱ་ནག་ཏུ་བུད་ཐལ།
དེ་དང་མཉམ་དུ་བོད་མི་གང་མང་ཞིག་གིས་རེ་བ་རྒྱབ་གང་རུམ་བཞིན་ཡོད་ངེས།
འོ་ན་ཁྱོད་ཀྱིས་རེ་བ་ཅི་འདྲ་ཞིག་རྒྱག་གི་ཡོད། མ་གཞི་ནས་རེ་བ་ཞིག་རྒྱག་གི་ཨེ་ཡོད།
ང་ལ་རེ་བ་ཅི་ཡང་མེད། མེད་པའི་མེད་སྟངས་བཤད་ན། རྒྱུ་མཚན་ཁ་ཤས་ཤིག་ལ་ཐུག་ཡོད།

རྒྱུ་མཚན་དང་བོ་ནི། མ་གཞི་ནས་རྒྱ་ནག་ལ་བོད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་འདོད་མེད་པ་རེད།
ཁོ་ཚོར་གཞན་དག་ལ་ཚོར་ཤེས་ཤིག་ཡོད་པའི་འདུ་ཤེས་མེད་ལ།
མི་གཞན་གྱི་བདེ་སྡུག་དང་ཐོབ་ཐང་ལ་བརྩི་འཇོག་ཟེར་བའི་སྐད་ཆ་ནི་ཆེས་མི་འཇོན་ཐང་མེད་མཁན་དག་གི་བཤད་རྒྱུར་བརྩི།
སུས་ཐུབ་ན་སུ་རྒྱལ་བ་ནི་ད་གཟོད་གནས་ལུགས་ཡིན།

རྒྱུ་མཚན་གཉིས་པ་ནི།
ཁོ་ཚོས་འཇིག་རྟེན་སྟེང་གི་ཡོད་ཚད་སྟོབས་ཤུགས་དང་དཔུང་ཤུགས་ཀྱིས་ཐག་གཅོད་བྱེད་དགོས་པར་ངེས་འཛིན་བྱེད།
དེ་བས་བདེན་དོན་དང་གནས་ལུགས་ཟེར་བ་ཞིག་རྩ་བ་ནས་ཁས་མི་ལེན།

རྒྱུ་མཚན་གསུམ་པ་ནི།
ཁོ་ཚོར་རྒྱ་ནག་མི་དམངས་ཀྱིས་མི་རིགས་ཀྱི་རྩ་བའི་གནད་དོན་དེར་གོ་རྟོགས་ཐུབ་ཡོད་པའི་ཡིད་ཆེས་ཡོད་ལ།
དེ་བས་སྲིད་གཞུང་གིས་མཛུབ་མོས་གར་སྟོན་ཤར་ཡིན་པའི་ངེས་ཤེས་སྐྱེས་ཡོད།

རྒྱུ་མཚན་བཞི་བ་ནི། ཁོ་ཚོས་བོད་ཀྱི་རྒྱུ་སྟོབས་དང་མི་སྟོབས། ནུས་སྟོབས།
བྱ་བ་སྒྲུབ་སྟངས། ཐ་ན་སྡོད་སའི་ཁོར་ཡུག་ཚུན་ཆད་ནས་རྒྱ་ནག་དང་མཚུངས་བསྡུར་བྱེད་ངེས་ཡིན།

རྒྱུ་མཚན་ལྔ་བ་ནི། ཆེས་མཐར་ཐུག་གི་གནད་དོན་སྟེ།
བོད་མིའི་གཤིས་རྒྱུད་ལ་རྒྱུས་མངའ་ལོན་པས་ཡིན།
རྒྱུ་མཚན་འདི་དག་གིས་ད་ལྟ་ང་ལ་རེ་བ་ཅི་ཡང་ལྷག་མེད།
མཚམས་འདིར་སླེབས་དུས་ངས་ཆེས་ཡིད་ལ་གཟན་པའི་གནས་ཚུལ་གཞན་ཞིག་དྲན་སོས་བྱུང་།
དེ་ནི་ང་ཧྲང་ཧེ་རུ་ཡོད་སྐབས་རྒྱ་མོ་ཞིག་དང་ཁ་བརྡ་བྱས་པའི་གནས་ཚུལ་ཡིན།
མོས་ང་ལ་བཤད་རྒྱུར།
རྒྱ་མི་དུང་ཕྱུར་བཅུ་དྲུག་བཅུ་བདུན་ཞིག་གི་འཚོ་གནས་དང་ལྷིང་འཇགས་ཆེད་དུ་བོད་མི་ས་ཡ་ལྔ་དྲུག་པོ་རྩ་མེད་དུ་བཏང་རུང་འོས་པ་ཡིན་ལ།
དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་རེད་ཟེར།

སྣ་ཚོགས།

Post navigation

Previous Post: ཕམ་ཉེས་སུ་ཕྱིན་པའི་སྐད་གསར་བཅད་བཞི་པ།
Next Post: ཨན་ཞིའི་སྡེ་བཞི་ངོ་སྤྲོད།

Comments (15) on “ཁྱོད་ལ་བོད་རྒྱ་གྲོས་མོལ་ལ་རེ་བ་ཨེ་ཡོད།”

  1. མགོན་པོ་ཕྱག་གཉིས་པ།། says:
    2010-01-26 at 6:04 pm

    ཨོ་ངོ་མྱིག་གི་མི་རིག་རྒྱུའི་རྒྱ་མོ་དེ་ཆེས་ཅང་མི་ཤེས་ནི་ཟིག་རེད། རྒྱ་ནག་ལ་ལྷིང་འཇགས་དགོས་ན་བོད་དོན་མགྱོགས་པོར་ཐག་གཅོད་དགོས་ནི་རེད་ཟེར་ནས་བཤད་རོགས། རྒྱ་ནག་ནང་བརྟན་ལྷིང་མེད་པ་བཟོ་མཁན་དེ་རྒྱ་གཞུང་རེད་ཟེར་ནས་ལབ་རོགས།
    ངས་བོད་དོན་ལ་རེ་བ་ཡོད་མེད་དེ་སྐུ་ཚབ་ཁ་ཤས་ཤིག་ཕར་འགྲོ་ཚུར་འོང་བྱས་པ་དེ་ལ་རྩ་ནས་ཁོ་རང་ལྟ་མ་མྱོང་། རྒྱ་ནག་མི་མང་གི་གོ་རྟོགས་སད་ཡོད་མེད་དང་། ཁོ་ཚོའི་མི་རིགས་ལ་ཐོབ་ཐང་དགོས་ཀྱི་ཡོད་པ་དེ་བཞིན་དུ་མི་རིགས་གཞན་པ་ལའང་མི་རིགས་ཀྱི་ཐོབ་ཐང་དགོས་པར་ངོས་ལེན་བྱེད་ཐུབ་པའི་ཚད་ལ་སླེབས་ཡོད་མེད་དེ་ལ་ལྟ་གི་ཡོད། ད་རྒྱ་ནག་གི་གཞུང་འབྲེལ་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་འོག་དྲང་ལམ་མཐོང་གི་མེད་པའི་རྒྱ་མོ་དེར་བལྟས་ན་ད་རུང་འགོར་ས་རེད་བསམས།
    བོད་གཞུང་གི་སྐུ་ཚབ་ཚོས་མུ་མཐུད་དུ་རྒྱ་གཞུང་ལ་འབྲེལ་བ་བཟུང་ནས་ཨུ་ཚུགས་རྒྱབ་ན་ཡག་ག་ཡིན་མིན་མི་ཤེས་ཏེ་སྡུག་ག་ཞིག་ཡིན་རྒྱུ་མ་རེད་འདོད།
    ང་ཚོས་དོན་ཆེན་སྒྲུབ་པ་ལ་ངང་རིང་དགོས་ཟེར་བའི་གཏམ་དཔེ་འདི་དང་ཨུ་ཚུགས་རྒྱབ་ན་ཨ་མ་ཡིན་རུང་ཨིན་ཟེར་ར་ཟེར་བའི་རྩ་དོན་བཟུང་ནས། ཚུར་ཕྱོགས་སུ་བཙན་བྱོལ་གཞུང་འདི་ཡུན་རིང་གནས་ཐབས་ལ་ཕུགས་རྒྱང་རིང་བའི་འཆར་གཞི་བཏིང་དགོས་པ་དང་། ཕར་རྒྱ་གཞུང་ལ་ཨུ་ཚུགས་རྒྱབ་ནས་ཁེ་ཆུང་ཆུང་རེ་ཡིན་རུང་ཨེ་ཐོབ་བལྟས་ན་མི་བཟང་ངམ། ཡིན་ན་ར་ཟམ་གདོང་རིན་པོ་ཆེའི་བདེན་པའི་ཨུ་ཚུགས་དེ་ཁོང་ལ་བཀའ་ཁྲིའི་རྐུབ་བཀྱག་རེག་པ་དང་མཉམ་གཞུང་གི་དབུ་མའི་ལམ་ནང་ལ་ཐིམས་བཅུག་པ་རེད་དམ་མི་ཤེས།
    རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ཁར་རྒྱ་གཞུང་གིས་དགྲ་རྫོང་མཐོན་པོ་རྒྱབ་ནས་དམག་འཁྲུག་གྲ་སྒྲིག་བྱེད་གི་མི་འདུག་གེ།
    ད་གླིང་སྒྲུང་ནང་གི་དཔའ་ཐུལ་ཚོ་བཞིན་དཔའ་བོ་ཁེར་རྒྱུགས་བྱེད་དགོས་རེད་དམ། ཡང་ན་སྔོན་མ་བོད་ཀྱི་ལོ་རྒྱུས་ནང་སྨད་ཀྱི་དཔའ་སྡེས་རྒྱའི་སོ་མཁར་ཐོག་རྟ་བ་དགུ་སྒྲིག་བྱས་རྒྱུགས་ནས་རྒྱ་བཏུལ་བ་བཞིན་ང་ཚོ་ཡང་རྟ་བ་དགུ་སྒྲིག་བྱས་རྒྱུག་དགོས་རེད། དེ་མིན་ན་ངའི་ཕ་ཡུལ་དུ་གུང་གཞུང་ལ་འཐབ་སྐབས། རྟ་བ་ལྔ་སྒྲིག་བྱས་གི་བྱས་གི་རྒྱ་དམག་གི་མགོར་རྒྱུགས་པ་རེད་ཟེར་དེ་ལྟ་བྱེད་དགོས་པ་རེད།

  2. བཀྲིས། says:
    2010-01-26 at 6:27 pm

    བདེན་པ་ཚང་མ་རྒྱ་ནག་ལ་ཡོད། བླུ་བྲིད་ཚང་མ་ངེད་ཚོ་ལ་འདུག 

    རྒྱ་ནག་གི་བདེན་པ་རྣམས་འདིར་བཤད་ཆོག ཁྱོད་ཚོ་བརྟག་པ་གྱིད།

    ༡༽ སྲིད་དབང་མེ་མདའ་ཁ་ནས་འཕྲོགས་ཟེར། དེ་ཤིན་དུ་བདེན། རྒྱ་མིས་དེ་ལྟར་བྱས་ནས་བོད་འཕྲོག རྒྱལ་ཁབ་ཆེན་པོར་བསྒྱུར།

    ༢༽ རྨོངས་དད་རྩ་སྟོར་བཏང་ནས་དངོས་ཡོད་དང་ལག་ཡོད་ཐོག་ནས་བདེན་པ་འཚོལ་ཟེར། ཤིན་དུ་བདེན། རྒྱ་ནག་གིས་འདི་ལྟར་བྱས་ནས་ད་ལྟ་ཨ་རི་ལས་སྟོབས་ཆེ་བ་ཆགས་ཡོད།

    ༣༽ ཕྱུག་པོ་བྱས་ན་གཟི་བརྗིད་ཡིན་ཟེར། ཤིན་དུ་བདེན། ད་ལྟ་རྒྱ་ནག་ལ་དངུལ་མང་པོ་འདི་དག་ཡོད་སྐབས། ཁོའི་གཟི་བརྗིད་ཡང་ཉི་མ་བཞིན་རྒྱས་རྒྱས་པ་རེད།

    ད་བོད་ཀྱི་དབུ་ཁྲིད་ཚོས་གང་གསུངས་ཀྱི་འདུག

    ༡༽ འཁོར་ཡུག་བཟང་པོ་སྐྲུན་ཟེར། དེའི་མཇུག་འབྲས་གང་བྱུང་སོང་།

    ༢༽ རང་བཙན་བློས་གཏོང་དབུ་མ་ཁས་ལེན་ཟེར། རྒྱ་མིས་དེ་ལ་ལན་ཇི་ལྟར་རྒྱབ་སོང་།

    ༣༽ ནང་ཆོས་དང་ཡ་རབས་གཙོ་བོ་གྱིད་ཟེར། དེའི་འབྲས་བུར་བོད་ཕྲུག་ཚང་མ་ལྐུགས་པ་ཤ་སྟག་དང་ཀླད་མེད་ཤ་སྟག་བཟོས་མིན་འདུག་གམ། ཁྱོད་རྡ་རམ་ས་ལར་སོང་དང་། མི་བསམ་བློ་གཏོང་མ་ཐུབ་མཁན་ག་ཚོད་འདུག

    ༤༽ འདོད་ཆགས་ཞེ་སྡང་སྤངས་ན་བོད་རང་བཙན་ཐོབ་ཟེར སྐད་ཆ་འདི་མིས་བཤད་ཕོད་པའི་སྐད་ཆ་ཞིག་རེད་དམ། རྒྱ་གར་གྱི་དུག་འཐེན་མཁན་འདི་ཚོར་འདི་བཤད་ན་འབྲས་བུ་ཡོད། ང་ཚོ་ཕ་མ་ཕ་ཡུལ་དགྲས་བཅོམས་མ་ཐག་པའི་བུ་རྒྱུད་ཤིག་ལ་འདི་བཤད་ན། ངོ་མ་ནང་ཆོས་འདི་ལ་དུག་ཡོད་པའི་གཡའ་བསྟན་གྱི་འདུག མའོ་ཙེ་ཏུང་གིས། ཆོས་ནི་སྦྲིད་པར་བྱེད་པའི་དུག་རེད་ཟེར་བ་འདི་ཅིས་མི་བདེན། ཅིས་མི་བདེན། 

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-26 at 6:54 pm

    རྒྱ་མོ་དེས་ཁྱེད་སུ་ཡིན་ལ་ཏག་ཏག་བཟོས་མི་འདུག་གམ།

  4. མེ་རི། says:
    2010-01-26 at 9:30 pm

    ཤུ་རེ་ཁོ རྒྱ་མོ་དེ་ཙ་ཡ་ཞིག་གཡབ་ཡོད་ན་ ཁྱོད་ལ་འདི་ད་བཤད་ཐུབ་ཀྱི་མ་རེད་གོ

  5. གཞིས་ལུས་བོད་པ། says:
    2010-01-26 at 11:46 pm

    ཁྱོད་སུ་ཡིན་གྱིས་རྒྱ་མོ་དེ་ལ་ལན་འདེབས་མ་ཤེས་ཟིག་མོ། རྒྱ་མོ་ཁ་རྒོད་ཅིག་ཡིན་ཟིག ཁྱོད་ཀྱིས་དེ་ལ་ཆོས་བཤད་པ། །ཁྱོད་ལ་ལན་དེ་ལྟ་བུ་ཞིག་འདེབས་པའི་ཆེད་དུ་གྱུར་སོང་ཟིག ཧེ་ཧེ།

  6. རྡོ་རྗེ་རྒྱལ། says:
    2010-01-27 at 5:38 am

    ཧ་ཧ་ཁྱེད་ཚོ་མང་པོ་ཞིག་དོན་མེད་ཀྱི་ཚིག་ངན་ལ་རྩོད་གླེང་བྱེད་ཀྱི་འདུག་པས་ངས་བསམ་ན་འདི་ཐབས་ཤིན་ཏུ་སྐྱོ་པོ་ཞིག་རེད། དེ་ལས་རང་ཉིད་ཀྱི་ཆོས་དང་རིག་གཞུང་རྒྱལ་རབས་སོགས་ལ་དཔྱད་པ་ཡང་དག་ཞིག་གནང་ན་ལེགས་པོ་འདུག་བསམ་

  7. གཡག་ལྡོམ་ says:
    2010-01-27 at 1:19 pm

    འདི་ན་། རང་ང་ཅིག་བཤད་གི་ཡོད་ཀི། ད་མི་འདུག་ཕྱིར་ར་འགྲོ་རྒྱུས་།

  8. ཁྱོད་སུ་ཡིན། says:
    2010-01-27 at 1:59 pm

    མགོན་པོ་ཕྱག་གཉིས་པ་ལགས། ཁྱེད་ཀྱིས་༼རྒྱ་ནག་མི་མང་གི་གོ་རྟོགས་སད་ཡོད་མེད་དང་། ཁོ་ཚོའི་མི་རིགས་ལ་ཐོབ་ཐང་དགོས་ཀྱི་ཡོད་པ་དེ་བཞིན་དུ་མི་རིགས་གཞན་པ་ལའང་མི་རིགས་ཀྱི་ཐོབ་ཐང་དགོས་པར་ངོས་ལེན་བྱེད་ཐུབ་པའི་ཚད་ལ་སླེབས་ཡོད་མེད་དེ་ལ་ལྟ་གི་ཡོད། ད་རྒྱ་ནག་གི་གཞུང་འབྲེལ་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་འོག་དྲང་ལམ་མཐོང་གི་མེད་པའི་རྒྱ་མོ་དེར་བལྟས་ན་ད་རུང་འགོར་ས་རེད་བསམས།༽ཟེར། ངས་བལྟས་ན་དོན་དངོས་ཀྱི་ཐོག་ནས་ཉིད་ཀྱི་གསུངས་པ་དེ་འདྲ་ཞིག་མ་རེད་སྙམ། ངའི་ཚོར་ཤེས་ལྟར་ན་རྒྱ་ནག་སྲིད་གཞུང་གི་བསམ་པ་བཞིན་རྒྱ་མི་རིགས་ལ་གོ་རྟོགས་ཆེན་པོ་སད་འདུག མི་སུ་དང་སུ་ཡིན་རུང་ཚང་མས་རང་ཉིད་ཀྱི་མངོན་འདོད་འགྲུབ་པར་འབད་ཀྱི་ཡོད། རྒྱ་ནག་སྲིད་གཞུང་དང་མི་དམངས་གཉིས་ཀྱང་དེ་ག་ནང་བཞིན་རེད། ཁོ་ཚོའི་མངོན་འདོད་ལ་དབྱེ་བ་ཡོད་པ་མ་རེད། གཅིག་པ་རེད། ཁོ་ཚོས་དུས་ནམ་ཡིན་རུང་མི་རིགས་ཁོ་ནའི་ལྟ་བ་ཞེ་རྩར་བཅང་སྟེ་མི་རིགས་འདི་འཛམ་གླིང་གི་ཡང་རྩེར་སྙེག་རྒྱུ་དང་ད་དུང་ཐུབ་ན་འཛམ་བུ་གླིང་འདིའི་ཡོད་ཚད་ལ་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་དང་ཀུན་སློང་ཡོད་པ་རེད། ཁོ་ཚོར་རང་གི་མི་རིགས་ལ་ཐོབ་སྙན་གྲགས་དང་དཔལ་འབྱོར་གྱི་གནས་ཚུལ་ཡག་པོ་ཞིག་ཡོད་སོང་ན་གཞན་འགྲོ་བ་མི་ཟེར་བ་དང་གཞན་གྱི་བདེ་སྡུག་ཟེར་བ་དེ་ཚོར་གཏན་ནས་ཡ་བྱེད་ཀྱི་མ་རེད། ཁོ་ཚོར་ཁོ་ཚོའི་མངོན་འདོད་དེ་ག་ནང་བཞིན་རེག་གི་ཡོད་ལ། ཁོ་ཚོར་ཁོ་ཚོའི་ཚོད་ཀྱི་ཡོད་འོས་པའི་རང་དབང་དང་ཐོབ་ཐང་ཡོད། ད་དུང་ཁོ་ཚོར་ཁོ་ཚོས་བཅང་བཞིན་པའི་ཧམ་སེམས་ཀྱི་ཀུན་སློང་དེ་མངོན་དུ་འགྱུར་བར་ཡང་རེ་བ་ཆེན་པོ་ཡོད། མངོན་འདོད་དང་རེ་བ་དེ་གཞིར་བཞག་གིས་ད་ལྟ་ཁོ་ཚོར་ངེས་ཤེས་ཆེན་པོ་ཞིག་སྐྱེས་ཡོད། དེ་ནི་སྲིད་གཞུང་གི་འགོ་ཁྲིད་ཚོའི་ཁར་ཉན་ཏེ་འགོ་ཁྲིད་ཚོས་ལམ་གང་དུ་ཁྲིད་ན་དེར་ཤར་བསྐྱོད་བྱ་རྒྱུ་དེ་ཡིན། རྒྱ་ནག་གཞུང་དམངས་གཉིས་ཀས་སྔར་གྱི་ར་ཤི་ཡའི་གནས་ཚུལ་ཤེས་ཀྱི་ཡོད་ལ་ད་ལྟའི་རྒྱ་གར་གྱི་ངང་ཚུལ་མཐོང་གི་ཡོད། ལྷག་དོན་དེ་དག་དང་ད་ལྟའི་སྲིད་གཞུང་གི་འགོ་ཁྲིད་འོག་གི་རྒྱ་ནག་རྒྱལ་ཁབ་བསྡུར་བ་ཡིན་ན་རྒྱ་ནག་མི་དམངས་ཚོར་ངེས་པ་ཡང་དག་ཅིག་རྙེད་ཡོད། ད་ལྟའི་ཆར་རྒྱ་ནག་མི་དམངས་ཚོ་ས་གནས་དང་རྒྱལ་ཁབ་གང་ཞིག་ཏུ་འགྲོ་ན་ཡང་རྒྱལ་ཁབ་ཀྱི་ཟིལ་ཤུགས་ཀྱིས་མགོ་བོ་གནམ་མཁར་མ་གཤོང་བར་འགྲོ་གི་ཡོད། གནས་ཚུལ་འདི་དག་གིས་ཀྱང་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་ཟིལ་ཤུགས་དང་འཕེལ་རྒྱས་ཀྱི་གནས་སྟངས་འདི་ལ་བློ་སྤོབས་སྐྱེས་བཞིན་ཡོད་པ་མ་ཟད། ད་ལྟའི་གནས་སྟངས་འདི་བཞིན་མུ་མཐུད་གནས་དགོས་ཤིང་ཡང་རྩེར་འགྲོ་དགོས་ན་དེ་ནི་ད་ལྟའི་སྲིད་གཞུང་སྟེ་གུང་ཁྲན་ཏང་གི་སྣེ་ཁྲིད་དང་ལམ་སྟོན་ཁོ་ནའི་འོག་འགྲོ་དགོས་པའི་གནས་ལུགས་དེ་ཤེས་ཀྱི་ཡོད།
    རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ཐད་ནས་བཤད་ན། ང་ཚོའི་ངོས་ནས་བཤད་ན་ལོག་ལམ་ཞིག་རེད་ཟེར་ཆོག་མོད། རྒྱ་ནག་མི་དམངས་ཀྱིས་དེ་ལྟར་མཐོང་གི་མེད། གནས་ཚུལ་ཁ་ཤས་ཤིག་གི་ཐོག་ནས་དྲང་བདེན་མིན་པ་ཁོ་ཚོའི་མི་མང་བོ་ཞིག་གིས་དངོས་སུ་ཤེས་ཀྱི་ཡོད་ན་ཡང་དེ་ཡང་ཁོ་ཚོར་མཚོན་ན་དགོས་མཁོ་ཞིག་ཡིན་པ་ཤེས་ཀྱི་ཡོད། རྒྱལ་ཁབ་ཡར་རྒྱས་སུ་འགྲོ་དགོས་ན་ནང་ཁུལ་མཐུན་སྒྲིལ་དགོས་ལ་མཐུན་སྒྲིལ་དེ་ནི་ཡར་རྒྱས་ཀྱི་སེམས་རྩ་དང་མི་རིགས་ཀྱི་ལ་རྒྱ། ཡར་སྐུལ་གྱི་ཁ་ཏ་སློབ་གསོ། གཡས་གཡོན་གྱི་སྣང་ཚུལ་བཅས་ལ་རག་ལས་པ་དང་དེ་ཡང་མདོར་བསྡུས་ན་དྲིལ་བསྒྲགས་ཀྱི་ནུས་པར་རག་ལས་ཡོད་པ་ཤེས་ཀྱི་ཡོད། དེ་བས་དེ་ལྟའི་སྲིད་གཞུང་གི་དྲིལ་བསྒྲགས་ནི་ཁོ་ཚོར་མཚོན་ན་ལོག་ལམ་ཞིག་གཏན་ནས་མ་ཡིན་པར་མ་ཟད་ལེགས་ལམ་མཐར་ཐུག་དེ་ཡིན། སྲིད་གཞུང་གི་བྱེད་སྟངས་འདི་དག་ལ་བརྟེན་ན་ད་བཟོད་ཁོ་ཚོའི་མངོན་འདོད་དེ་འགྲུབ་ཀྱི་རེད་ལ། སྲིད་གཞུང་གི་བྱེད་སྟངས་འདི་དག་ལ་བརྟེན་ནས་ད་བཟོད་ཁོ་ཚོར་མི་རིགས་ཀྱི་ལྟ་བའི་གོ་རྟོགས་འདི་ཐོབ་པ་ཤེས་པ་རེད། དེ་བས་ཁོ་ཚོར་སྲིད་གཞུང་གི་འགོ་ཁྲིད་དང་སྲིད་གཞུང་གི་བྱེད་སྟངས་ཐད་ལ་མོས་གུས་རྣམ་དག་ཡོད་པ་སྨྲ་ཅི་དགོས།

  9. མགོན་པོ་ཕྱག་གཉིས་པ། says:
    2010-01-27 at 2:37 pm

    ཁྱོད་སུ་ཡིན་ལགས།
    དེ་ག་རང་རེད། ཁྱེད་ཀྱིས་བཤད་པ་དེ་ཚང་མ་ ཁོ་ཚོ་མི་རིགས་གཞན་པའི་ཐོབ་ཐང་ལ་ངོས་ལེན་བྱེད་ཐུབ་པའི་ཚད་ལ་སླེབས་མེད་པའི་རྟགས་གཅིག་རེད། ད་རུང་རྟགས་གཞན་པ་ཡང་ཡོད་པ་རེད།

  10. ཁྱོད་སུ་ཡིན། says:
    2010-01-27 at 2:53 pm

    ཁ་བརྡ་དྲ་ཚིགས་འདི་ཅི་རེད། གློ་བུར་དུ་རྩོམ་པ་པོའི་མིང་བརྗེ་དང་ཐལ། ངོ་རྒོལ་ཡོད། མིང་སྔོན་གྱི་དེ་རང་འཇགས་འཇོག་རོགས་གནོངས།

  11. ཁྱོད་སུ་ཡིན། says:
    2010-01-27 at 2:58 pm

    བཀྲ་ཤིས་ལགས། ཁྱེད་ཀྱི་བསམ་ཚུལ་འདི་བཀའ་ཤག་གིས་གཟིགས་ཀྱི་ཡོད་ན་

  12. ཁ་བརྡ་ཚང་། says:
    2010-01-27 at 5:53 pm

    ཁྱོད་སུ་ཡིན་ལགས།
    ཐོག་མའི་ཆར་། “ཁྱོད་སུ་ཡིན་”ཟེར་བ་འདི་རྩོམ་འབྲི་བའི་མིང་ཡིན་མིན་ལ་ང་ཚོ་ཐེ་ཚོམ་བྱུང་།
    དུས་དེབ་ཟིན་བྲིས་སུ་ཁྱེད་ཀྱིས་”བསྟན་འཛིན་ཤེས་རབ་”ཀྱི་མིང་ཐོག་ནས་རྩོམ་འདི་གཉིས་བཀོད་འདུག
    དེར་བརྟེན། དངོས་མིང་དེ་འདི་རུ་བཀོད་པ་ཡིན། རྩོམ་པ་པོས་དངོས་མིང་འགོད་པར་ང་ཚོས་དགའ་བསུ་བྱེད་བཞིན་ཡོད།
    དེ་རིང་བསྐྱར་དུ། ཁྱེད་ནས་གློག་འཕྲིན་བཏང་སྟེ་རྩོམ་པ་པོའི་མིང་”ཁྱོད་སུ་ཡིན་”ལ་བཅོས་རོགས་ལབ་འདུག་པས་དེ་ལྟར་བྱས་ཡོད་ལགས།

  13. རྩམ་དགའ་ says:
    2010-01-27 at 7:47 pm

    ཁྱོད་སུ་ཡིན་ལགས་ཀྱི་འབྲི་སྟངས་ངོ་མས་ཡག་པོ་འདུག་ཐུགས་རྗེ་ཆེ། ད་རུང་འདི་བཞིན་འབྲི་གནང་རོགས་ཁ་དྲོ་བཀྲིས་ཤིས།

  14. རྩམ་དགའ་ says:
    2010-01-27 at 8:15 pm

    བོད་རྒྱའི་དཀའ་ངལ་སེལ་དགོས་ན་བོད་གཞུང་གིས་སྐྱབས་མགོན་རིན་པོ་ཆེ་རྒྱ་ནང་ལ་ཕེབས་རྒྱུའི་འབད་བརྩོན་གནང་ན་ལེགས།

  15. lala says:
    2010-01-27 at 8:24 pm

    ༡༠༽ lala ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
    ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme