Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་ཚོས་སྤྱི་འཐུས་རྙེད་སོང་ངམ།

Posted on 2010-09-142010-09-14 By ཁ་བརྡ་ 21 Comments on ཁྱོད་ཚོས་སྤྱི་འཐུས་རྙེད་སོང་ངམ།

རྡུལ་ཕྲན།

དེ་རིང་ངས་དྲ་གྲོགས་ཚོར་དྲི་བ་སྤྱིར་བཏང་བ་རེ་འདྲི། “ཁྱོད་ཚོས་སྤྱི་འཐུས་རྙེད་ཡོད་དམ། “ཟེར་བའི་དྲི་བ་འདི་ཡིན། འདི་ལ་དྲི་བ་སྤྱིར་བཏང་བ་ཟེར་དགོས་དོན་ནི། ད་སྔ་བར་འུ་ཚོས་བཀའ་སྤྱི་བཙལ་ནས་ཉིན་མང་པོ་འགོར་ཚར་པས། འུ་ཚོས་བཀའ་སྤྱི་གླེང་ནས་ཡུན་རིང་པོ་འགོར་ཚར་བས། ད་ནི་ཁྱོད་ཚོས་བཀའ་ཁྲི་རྙེད་ཚར་ཞིང་སྤྱི་འཐུས་ཀྱང་རག་ཡོད་པའི་ཚོད་རྩིས་བྱས་པ་ཡིན།

ཁྱོད་ཚོས་སྤྱི་འཐུས་བཙལ་བའི་རྒྱུད་ལམ་ཁྲོད་ནས་གནད་དོན་ཅི་ཞིག་ལ་རེག་ཐལ། ཁྱོད་ཚོས་རང་ཉིད་ཀྱི་རེ་བ་དང་འདོད་པའི་ཁ་ཕྱོགས་དང་མཐུན་པའི་སྤྱི་འཐུས་ཡང་དག་ཅིག་རག་བྱུང་ངམ། ཁྱོད་ཚོས་སྤྱི་འཐུས་འཚོལ་བའི་རྒྱུད་རིམ་ཁྲོད་ད་ལྟའི་སྤྱི་འཐུས་ལ་དགོས་ངེས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཆ་རྐྱེན་དག་མཐོང་བྱུང་ངམ།
ཁྱོད་ཚོས་སྤྱི་འཐུས་ནི་བོད་ཀྱི་རྩ་དོན་དང་མ་འོངས་པའི་ཆགས་འཇིག་བཅས་ལ་ཐད་གར་འབྲེལ་བ་ཡོད་པའི་གནད་འགག་འགངས་ཆེན་ཞིག་ཡིན་པ་གཟིགས་བྱུང་ངམ། སྤྱི་འཐུས་ནི་མི་མང་གི་མངོན་འདོད་དང་དུ་ལེན་ཕོད་མཁན་ཞིག་ཡིན་དགོས་པ་མ་ཟད། བོད་དང་རྒྱ་ནག་གི་གནས་སྟངས་དང་འགྱུར་བ། ལོ་རྒྱུས་བཅས་ལ་རྒྱུས་མངའ་ཤིན་ཏུ་ཟབ་པའི་ཤེས་ཆེན་པ་དག་ཡིན་དགོས་པ་ཚོར་གྱི་འདུག་གམ།

ད་ལྟའི་སྐབས་སུ་མི་སྒེར་དང་ཚོགས་སྒེར་མང་པོ་ཞིག་གིས་སྤྱི་འཐུས་ཀྱི་འོས་མི་བཏོན་པའི་མི་བོ་ཆེ་དེ་དག་གི་གདོང་ལ་ཞིབ་ཏུ་ལྟ་དུས། མང་དག་ཅིག་ནི་ཆབ་སྲིད་ཀྱི་ཤེས་ཚད་དང་། བསམ་བློའི་རྒྱང་ཤེད་ཐུབ་མཁན་དག་རེད་མི་འདུག་པ་མ་ཟད། ཁྱད་པར་བོད་ནང་གི་གནས་བབ་དང་རྒྱ་ནག་གི་ཆབ་སྲིད་འགྱུར་བ།
སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་མཁན་གྱི་མི་ཆེན་རྫིག་མདོག་སྟོན་མཁན་དག་རེད། འདི་དག་གིས་ནི་འུ་ཚོར་རེ་བ་གསོན་པོ་ཞིག་ཁྱེར་ཡོང་མི་ཐུབ་པ་ཚོད་དཔག་བྱེད་ཐུབ་གི

དེ་དག་ལ་བསམ་ནས། གལ་སྲིད་ད་སྔ་སྤྱི་འཐུས་མ་རྙེད་པར་ལུས་ཡོད་མཁན་སུ་ཞིག་ཡོད་ན། ཁྱོད་ཚོས་གྲོས་ཚོགས་ར་བའི་ནང་དུ་རྒྱ་ནག་གི་ཆབ་སྲིད་གནས་བབ་དང་རྒྱག་ནག་གི་ཁྲིམས་ལུགས་བཅས་ལ་སོ་ལྟ་བྱེད་ཐུབ་མཁན་གྱི་སྤྱི་འཐུས་ཤིག་ཨེ་རག་ལ་ཉམས་འཇོག་གནང་རོགས་ཞེས་ཞུ་རྒྱུ་དང་། ལྷ་རབ་བྱུང་ན་རྒྱ་ནག་དང་རྒྱལ་སྤྱི།
བོད་ཀྱི་མིག་སྔའི་གནས་བབ་བཅས་ལ་ཉམས་ཞིབ་ཀྱི་ཤེས་ཚད་འདང་ངེས་ཀྱི་མི་དང་། བསམ་བློའི་རྒྱང་ཤེད་ཚུགས་པའི་མི་ཞིག་ཨེ་རག་ལ་ལྟ་ཐུབ་ན། འུ་ཚོའི་དཀའ་ངལ་དངོས་ལ་ཕན་པར་འགྱུར་བའི་རེ་བ་ཅུང་ཆེ། དེ་མིན་གྲོས་ཚོགས་ར་བ་ནས་ཨུ་ཚུགས་དང་། ཕྱོགས་འཐེན། རུས་གཅོད་བཅས་བྱེད་པའི་ཞར་ལ། རང་ཉིད་ལ་ཤ་ཞེན་དང་ལ་རྒྱ་ཡོད་མདོག་གིས་རྒྱ་ནག་ཕྱོགས་ལ་ཁ་ཤོམ་འཐེན་པ་དང་།
དོན་མེད་པའི་རྫིག་རྫིག་སྟོན་པ་དག་ནི་ཤེས་ལྡན་ཁྲེལ་བའི་རྒྱུ་ལས་མི་འདུག་པས་ད་ལྟ་འུ་ཚོས་ཅིས་ཀྱང་ཡིད་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: ལོ་བཅུ་བདུན་རྗེས་གྱི་ཐུག་འཕྲད།
Next Post: ཨ་རིའི་གསང་དབང་ལས་ཁུངས་ཀྱིས་བོད་དོན་ཐོག་བཏང་བའི་འགྲོ་སོང་རྣམས་འདིར་འདུག

Comments (21) on “ཁྱོད་ཚོས་སྤྱི་འཐུས་རྙེད་སོང་ངམ།”

  1. རྨ་ཆུའི་རླབས་སྒྲ་ says:
    2010-09-14 at 8:53 pm

    ངའི་མདོ་སྨད་ཀྱི་སྤྱི་མཐས་རེག་ཐ།
    ད་ལྟས་ཚོགས་གཙོ་སྤེན་པ་ཚེ་རིང།
    ཆབ་བྲག་ལྷ་མོ་སྐྱབས།
    བསྟན་འཛིན་མཁས་གྲུབ༼ཡབ་གཞིས༽
    བསྟན་འཛིན་དོན་ཡོད།
    འཕེལ་རྒྱས་སྒྲོལ་མ།
    ཚེ་རིང་གཡུ་སྒྲོན།
    རྒྱ་རོང་ཟླ་བ་ཚེ་རིང།
    རྨ་ཆུའི་སྒྲོན་དཀར་སྐྱབས།
    གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
    བོད་གཞུང་འོས་སྡུད་ལྷན་ཁང་གིས་ཕྱག་རོགས།༼དེའི་མིང་དྲན་མ་སོང༽བཅས་རྙེད་སོང་ག་འདྲ་འདུག།

  2. འབྲོག་ཆོས། says:
    2010-09-15 at 12:36 am

    ཕུན་ཚོགས་ལགས། རེད་འདུག ཁྱེད་ཀྱིས་བཤད་པ་ལྟར། སྤྱིར་ཡིན་ན་སྤྱི་འཐུས་མང་པོ་ཞིག་རྙེད་དགོས་གི་རེད། ཡིན་ནའང་། ངས་ནི་སྤྱི་འཐུས་གཅིག་ལས་རྙེད་མ་སོང་། ཁོང་ནི་མི་མང་གི་སེམས་ན་ཡོད་ཀྱང་། འོས་ཤོག་གི་མདུན་ན་མངོན་པར་མི་གསལ་བའི་ཨ་ཚོགས་ཚང་ཡིན། མངོན་གསལ་དེ་ཅིའི་ཕྱིར་ཆགས་ཀྱིན་མེད་པ་ཧ་གོ་མ་སོང་། ཧཧཧཧཧ་་་་་་དངོས་གནས་དགོས་བྱད་རེད་ཡཱ།

  3. ཟུར་མཁར་བ། says:
    2010-09-15 at 12:48 am

    རག་སོང་རག་སོང་། མདོ་སྨད་ནས་བསྟན་འཛིན་མགོན་པོ་རག་སོང་། མདོ་སྟོད་ནས་བསོད་ནམས་སྟོབས་རྒྱལ་རག་སོང་། དབུས་གཙང་ནས་ཀརྨ་ཆོས་འཕེལ་རག་སོང་། བོན་ནས་སྨོན་ལམ་མཐར་ཕྱིན་རག་སོང་། དགེ་ལུགས་ནས་ཐུབ་བསྟན་འཕེལ་རྒྱས་རག་སོང་། ས་སྐྱ་ནས་ཚེ་རིང་པོ་རག་སོང་། ཧཧཧཧཧཧཧཧཧཧཧཧཧཧཧཧ་ད་ཨེ་ཉན་གི

  4. ཆོས་དབྱངས་སྒྲོལ་མ says:
    2010-09-15 at 3:47 am

    མདོ་སྨད་སྤྱི་འཐུས་ལ་བསྟན་འཛིན་མགོན་པོ་ལས་ལྷག་ཅིག་མེད་ཡ་ཁོང་ནི་དྲང་བདེན་དང་ཁ་རུ་ཁ་ཐུག་ཅིག་སོང་ཙང་ཁོའི་འཁྲིས་སུ་མི་སུས་ཞིག་གིས་ཝ་མོ་ལྟ་བུར་གཡོ་སྒྱུ་འཁྲབ་ག་ལ་ཐུབ།
    ཀླུ་ཁར་བྱམས་ལ་གྲུབ་རྟགས་འདྲ་མི་ཡོད་ཙང་མདོ་སྨད་སྤྱིའཐུས་ལ་སླེབས་ན་སྤྱི་འཐུས་ཀྱི་མི་འཕྱན་བཟོ་བ་ལས་ཕན་ཐོགས་ཅི་ཡང་མེད།།

  5. ཤེལ་དཀར་ལེགས་བཤད། says:
    2010-09-15 at 4:31 am

    སྤྱི་འཐུས་རག་ཁག་པོ་འདུག་ད།གང་ཡིན་ཟེར་ན་སྤྱི་འཐུས་ཚོས་ཡོང་ཁོངས་ཆོལ་ཁ་དང་ཆོས་རྒྱུད་ཡིན་རུང་སྤྱི་འཐུས་ཆགས་ཚར་བའི་རྗེས་སུ་བོད་མི་མང་གི་སྤྱི་འཐུས་དགོས་ངེས་ཡིན།་འོན་དེ་འདྲའི་སྤྱི་འཐུས་དཀོན་པོ་འདུག་་དེ་མ་ཟད་སྤྱི་འཐུས་དེ་ཚོ་གསར་སྟོད་དང་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་དེའི་ཐོག་སྐྱོད་ཐུབ་པར་འབད་བརྩོན་གནང་མཁན་ཞིག་ངེས་པར་དགོས་པ་ཡིན་ཡང་དེ་འདྲ་ཞིག་ཁག་པོ་རེད་འདུག་རྣམ་པ་ཚོ་གཟིགས་དང་རྒྱང་འདབས་ན་ཡོད་པའི་འོས་མིག་བརྒྱ་ཆ་ག་ཚོད་དེ་ལྟ་བྱེད་ཐུབ་འདུག་་སུའི་ཕྱོགས་རེས་དང་འཐེན་འཁྱེར་རང་སྲུང་འགོག་རྒོལ་བྱེད་འཆར་གྱི་རྨངས་གཞི་ལྡན་འདུག་གཞི་གང་འདྲ་རེད་འདུག་ཚང་མའི་མཁྱེན་གསལ་སོང་ང་ལ་སྤྱི་འཐུས་ཉུང་ཤས་ཤིག་ལས་རག་མ་བྱུང་།ད་དུང་འཚོལ་བཞིན་ཡོད་དྲ་གྲོགས་གོང་གི་རྨངས་གཞི་དེ་དག་བྲལ་བའི་འོས་མིག་རེ་ཡོད་ན་འགོད་རོགས་གནང་དེར་རྒྱབ་བསྐྱོར་ཞུ་རྒྱུར་ཁྱད་པར་ཡོང་སྲིད།་

  6. དབང་འདུས། says:
    2010-09-15 at 4:52 am

    ཟུར་མཁར་བ་ཞེས་པ་དེར་གཅིག་བཤད་ན་འདོད། སྤྱིར་མིང་ལ་ཁྲིམས་སྲོལ་ལྟར་རྩོད་པ་བྱ་རྒྱུ་ཡོད་མེད་མི་ཤེས་ཀྱང་གུས་ལུགས་ཀྱི་ངོས་ནས་རྣ་བར་འཇགས་སྟངས་ལ་ཁྱད་པར་ཞིག་ཡོད་པ་འདྲ་ན། ཁྱེད་ཀྱིས་ཅི་ཕྱིར་རང་ཉིད་ཀྱི་མིང་དུ་ཟུར་མཁར་བ་ཞེས་བྲི་གི་ཡོད།

    བལྟས་ཚོད་ལ་སྐུ་ཉིད་བོད་ལུགས་གསོ་རིག་དང་འབྲེལ་ཡོད་ཅིག་ཡིན་ས་རེད། བྱས་ཙང་། བོད་ལུགས་གསོ་རིག་སྐོར་ནས་ཆེད་ལས་པའི་ཉམས་ཀྱིས་རྩོམ་ཡིག་སྤེལ་བ་དང་མཆན་འབྲི་བ་སོགས་བྱས་ན་ཕན་ཆེ་བ་དང་མིག་ལ་མཛེས་པོ་འདུག དེ་མིན་ཟུར་མཁར་བའི་མཚན་གྱི་སྙན་པ་དཀར་པོ་དེ་གང་སར་ཁུར་ནས་འབྲེལ་བ་དང་རྒྱུས་ཡོད་མེད་གང་སར་མ་འཁྱམས་ན་ལེགས་པ་འདྲ་ཞིག་འདུག་

  7. ཅོ་ཅོ says:
    2010-09-15 at 6:15 am

    རྡུལ་ཕྲན་ལགས་ཁྱོད་རང་མི་དྲང་ཚུགས་ཐུབ་མཁན་ཞིག་ཡིན་ས་རེད་དགའ་བསུ་ཞུ།
    དེ་མིན་དེང་སང་དྲ་ངོས་སུ་དོན་མེད་ཀྱི་འཆལ་གཏམ་མང་ལ་བོད་བསྟན་སྲིད་ལ་ཤ་ཞེན་ཅན་གྱི་
    སྐད་ཆ་ཉུང་གི་
    དྲ་བ་འདི་དག་སྤྱི་ཚོགས་སྣེ་ཁྲིད་མཁན་ཞིག་ཡོང་དགོས་རྒྱུ་ཡིན་ཡང་དེ་ལས་ལྡོག་སྟེ་སྤྱི་ཚོགས་དཀྲུགས་ཤིང་རྒྱག་མཁན་གྱི་ཕྱོགས་སུ་མང་གི་
    ངས་ད་ལྟ་སྤྱི་འཐུས་དང་བཀའ་བློན་སྐོར་ལ་བསམ་གཞིགས་བྱེད་བཞིན་ཡོད་པས་འོས་མི་འདྲ་ཆགས་པོ་འདྲ་
    འདུག་ལབ་རོགས།

  8. རྡུལ་ཕྲན། says:
    2010-09-15 at 9:15 am

    དྲ་གྲོགས་ཚོ་ཡོང་བར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག ད་ལྟ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་འདེམས་ལ་ཉིན་ཁ་ཤས་ལས་མེད་སྟབས། འུ་ཚོ་སུས་ཀྱང་རང་ཉིད་ལ་དབང་བའི་བཀའ་སྤྱི་དག་རྙེད་པར་གྱིས་ཤིག་ཟེར་རྒྱུ་ཡིན།
    དེའི་འཕྲོ་ནས་བཀའ་སྤྱི་སུ་ཞིག་བདམས་ཚར་བའི་རྗེས་ལ་གྲག་མེད་འགུལ་མེད་དུ་མ་འདུག་པར་རང་ཉིད་ཀྱིས་བདམས་ཚར་བའི་བཀའ་སྤྱི་གཉིས་ལ་ལྟ་སྐུལ་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཀྱིས་མང་གཙོ་ཟེར་པའི་ཐོབ་ཐང་ཆཚང་ཞིག་བེད་སྤྱོད་གཏོང་ཤེས་སོང་བ་རེད། ཅེས་ཀྱང་ཞུ་འདོད་བྱུང་།

  9. ten zin pema says:
    2010-09-15 at 10:58 am

    xxxxx

  10. དར་ཀན་ཐཱ་ཇིའི། says:
    2010-09-15 at 11:17 am

    ༡༽མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ་ནས།། མི་ཕོ་གང་དྲག་མདུང་སོ་གཤིབ་འདྲ་ཡོད།། འོན་ཀྱང་སྤྱི་འཐུས་ཚད་ལྡན་མི་རེག་པའི།། དཀའ་ཁག་ལོ་རེ་བཞིན་དུ་ཇེ་ཆེ་རེད།། འདི་ནི་རང་གི་ལྷག་བསམ་ཟོལ་མེད་ཀྱིས།། གསར་རྙིང་འདེམས་སྒྲུག་འགའ་ཞིག་བྱས་ན་ཡང་།། སྤྱི་འཐུས་ས་བོན་དྲུག་ལས་མ་རྙེད་ཐལ།། དྲང་ཚུགས་ཅན་གྱི་རྒྱ་ཆེའི་སྤུན་ཟླ་རྣམས།། ཤེས་ཡོན་ཆེ་ཞིང་མི་གཤིས་བརླིང་པ་དང་།། རང་ཚུགས་བརྟན་ཞིང་རྩ་དོན་གཞོལ་བ་དང་།། ཆོས་དང་ཆོལ་ཁའི་ཟུག་གཟེར་མེད་པ་ཡི།། འབྱུང་འགྱུར་སྤྱི་འཐུས་ཚད་ལྡན་ཡོང་བའི་ཆེད།། གང་ལ་ཡོད་ཀྱང་འདི་ན་འཐུད་རོགས་གནང་།།
    ༢༽
    ཨོ་རྒྱན་སྟོབས་རྒྱལ་བསོད་ནམས་སྟོབས་རྒྱལ་གཉིས།།བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ལེགས།། ཁོང་ན་སེམས་གཅིག་ཡོད་པའི་དཔང་རྟགས་བསྟན།། བོད་ལ་ལྷག་བསམ་ཡོད་པ་ད་རེས་གསལ།། བདེ་བ་རྡོར་དབང་སྒ་པ་ཆོས་དབང་གཉིས།། ཡར་འཕང་བྲག་ལ་ཕོག་པའི་སྐག་སྒྲ་མེད།། མར་འཕང་ཆུ་ལ་ཕོག་པའི་རྙོག་སྒྲ་མེད།། ད་ནི་རྐུབ་སྟེགས་ཕྲོག་བརླག་མ་བྱེད་རོགས།། དབུ་དཀར་ཚང་གི་མཛེས་མ་གཡུ་སྒྲོན་ལགས།། ཆེད་ལས་མཁས་པའི་གོ་སྒྲིག་བྱེད་པ་སོགས།། སྤྱི་ལ་ཕན་པའི་ལས་ཀ་བྱས་པ་ལེགས།། འོན་ཀྱང་སྤྱི་འཐུས་དགོས་ངེས་ངས་མ་མཐོང་།། དེ་ལྟར་མདོ་སྟོད་སྤྱི་འཐུས་རྙིང་པ་ལྔས།། སྒེར་གྱི་ངོས་ནས་བོད་དོན་སྒྲུབ་རོགས་གནང་།།

    ༣༽གསེར་རྟ་ཚུལ་ཁྲིམས་འབའ་བ་སྐལ་རྒྱལ་གཉིས།། རྒྱ་བོད་གཉིས་ཀྱི་རིག་གཞུང་ཤེས་པ་དང་།། གཞིས་བྱེས་གཉིས་ཀྱི་སེམས་ཁམས་རྒྱུས་ལོན་ཆེ།། དྲང་ཚུགས་བརྟན་པས་མགོ་ནག་ཡོངས་ལ་མཁོ།། འཇུ་ཆེན་ཚང་གི་དཀོན་མཆོག་ཆོས་སྒྲོན་འདི།། མི་གཤིས་དྲངས་ཤིང་སྐད་ཆ་ཐད་བབ་སྨྲ།། ངོ་བསྟོད་མེད་ཅིང་རང་ཉིད་མི་སྒྲགས་པས།། སླར་ཡང་བུད་མེད་རྐུབ་སྟེགས་ལོ་གསུམ་ཟུངས།། བྲག་ཡབ་ལུང་པའི་མཛེས་མ་གངས་ལྷ་མོ།། རྒྱ་བོད་གཉིས་ཀྱི་སྐད་རིགས་ལྷུག་ལྷུག་འཆད།། ངོ་ཚ་སྨིན་ཞིང་ཁ་ཁོག་སྦ་གསང་མེད།། རྩྭ་ཐང་བུ་མོ་གྲོས་ཚོགས་ར་བར་ཕེབས།།
    ལི་ཐང་འཇམ་བཟོད་སྤོས་ཆུང་ལྷ་དར་གཉིས།། བོད་ཀྱི་རིག་གཞུང་ཕྱོགས་ལ་སྤྱན་དཀྱུས་རིང་།། རྒྱ་ཡི་ཆབ་སྲིད་སྐོར་ལ་དཔྱད་པ་ཟབ།། དེ་རིང་མི་མང་འཐུས་ཚབས་འདེམས་ན་བསམ།། དེ་ལྟར་མདོ་སྟོད་སྤྱི་འཐུས་གསར་པ་དྲུག། རང་ཉིད་བློས་ཐོངས་སྤྱི་དོན་སྒྲུབ་རོགས་གནང་།།
    ༤༽སྐྱུ་ར་དཔལ་རྡོ་གཡག་རྒན་སྨན་པ་རེད།། ནང་ཆེན་ཨ་རྡོ་མི་རྒན་ཧོན་ལོག་རེད།། ཀོང་པོ་ཕུར་བུ་གྱོད་རྒན་ལོ་ལོན་རེད།། སློབ་སྦྱོང་མེད་པའི་མི་རྒན་ཁྱུ་གཅིག་རེད།། ཤེས་ཡོན་མེད་ཀྱང་འདོད་རྔམ་ཆེ་བ་ལ།། ཁྱོད་ཚོས་མདོ་སྟོད་སྤྱི་འཐུས་ཉན་ལེ་མིན།།

  11. དར་ཀན་ཐཱ་ཇིའི། says:
    2010-09-15 at 11:23 am

    གོང་གི་འཕྲོས། ༥༽གྲྭ་པ་སྲིད་དོན་ཅན་དེ་མ་འདེམས་རོགས།། ཆོས་དང་ཆབ་སྲིད་གཉིས་ཀ་རླུང་ལ་བསྐུར།། རྒན་པོ་མཁོན་སེམས་ཅན་དེ་མ་འདེམས་རོགས།། རང་དོན་གཞན་དོན་གཉིས་ཀ་ཆུ་ལ་གཡུག། མདོར་ན་རྙོག་དྲ་ཅན་དེ་མ་འདེམས་རོགས།། གྲོས་ཚོགས་ར་བ་ཧཱུཾ་དང་ཕཌ་ཀྱིས་བཀང་།། འདི་ནི་ང་ཡི་སེམས་པ་ཕྱུང་བ་ཡིན།། ཁ་བ་ཅན་བའི་བརྩེ་དུངས་ཡིན།། ཆོལ་ཁ་དབྱེ་བ་མེད་པའི་ཉམས་ལེན་ཡིན།། ཕོ་མོ་ཁྱད་པར་མེད་པའི་མགུལ་སྲུང་ཡིན།།
    ལེའུ་དང་པོ་རྫོགས་སོ།།

  12. དར་ཀན་ཐཱ་ཇིའི། says:
    2010-09-15 at 11:25 am

    ཁ་བ་ཅན་ལ་བཅངས་པའི་བརྩེ་དུངས་ཡིན།། ཞེས་བཅོས་རོགས།

  13. སྐྱབ་བཅོལ་བ། says:
    2010-09-15 at 11:26 am

    ངས་བཀའ་ཁྲི་གཅིག་དང་། མདོ་སྟོད་སྤྱི་འཐུས་བཅུ་ཐམ་པ་རག་སོང་།
    བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ཡིན།
    སྤྱི་འཐུས་མི་བཅུ།
    ༡༽ ཟམ་གདོང་རིན་པོ་ཆེ།
    ༢༽ གསེར་རྟ་ཚུལ་ཁྲིམས།
    ༣༽ འབའ་པ་སྐལ་བཟང་རྒྱལ་མཚན།
    ༤༽ འཇུ་ཆེན་བུ་མོ་དཀོན་མཆོག བུ་མོ་དང་པོ།
    ༥༽ མ་གཞི་བསོད་ནམས་དབང་མོ། བུ་མོ་གཉིས་པ།
    ༦༽ ལི་ཐང་འཇམ་དབྱངས་བཟོད་པ།
    ༧༽ ཚུལ་ཁྲིམས་བསྟན་འཛིན།
    ༨༽ བདེ་བ་ཚང་རྡོ་རྗེ་དབང་འདུས།
    ༩༽ བྲག་གཡབ་གངས་ལྷ་མོ།
    ༡༠༽ ངག་དབང་ཐར་པ།

  14. སྐྱབ་བཅོལ་བ། says:
    2010-09-15 at 11:31 am

    རྨ་ཆུའི་རླབས་སྒྲ་ལགས། མདོ་སྨད་སྤྱི་འཐུས་ནང་སྤེན་པ་ཚེ་རིང་ག་རེ་རེད། བཀའ་ཁྲི་རེད་དམ་སྤྱི་འཐུས་རེད། མི་གཅིག་གིས་འོས་གཉིས་ལེན་ཆོག་གི་རེད་པས།

  15. ཀརྨ་བསམ་འགྲུབ། says:
    2010-09-15 at 11:40 am

    ངས་ཀྱང་སྤྱི་འཐུས་དང་བཀའ་ཁྲིའི་སྐོར་ལ་བསམ་འཆར་ཁ་ཤས་ཤིག་འདོན་ཆོག་པར་བགྱིས།
    ཅུང་ཙམ་སྡོད་དང་བསམ་བློ་ཞིག་གཏོང་རྒྱུ་ཡིན།

  16. ཀརྨ་བསམ་འགྲུབ། says:
    2010-09-15 at 12:21 pm

    བཀའ་ཁྲི་བློ་བཟང་སེང་གེ་ཡིན།

    ང་རང་མདོ་སྨད་ཀྱི་ཡིན་པས་གཞན་བྱུསགཏོགས་ཡོད་པ་མ་རེད། དེའི་ཕྱིར་མདོ་སྨད་ཀྱི་སྤྱི་འཐུས་ཚོ་དོན་རྒྱུ་ཡིན། ཀླུ་མཁར་བྱམས། རྨོག་རུ་བསྟན་པ། ཀུན་ཐར་དོན་འགྲུབ། སིང་ཆུ་གངས་རི། རྒྱ་རིགས་ཐར། བསྟན་འཛིན་དོན་འགྲུབ། སངས་རྒྱས་སྐྱབས།

    བུད་མེདགཉིས་ནི། ཚེ་རིང་ཆུང་བདག་དང། དབྲ་རྩ་སྐལ་བཟང་ལྷ་མོ་གཉིས་ཡིན།

    གཞན་ཆོས་ལུགས་སྤྱི་འཐུས་ཡང་གཞན་ལ་བྱུས་གཏོགས་མེད་ང་རང་གི་ཆོས་བརྒྱུད་ཀྱི་བེ་རི་འཇིགས་མེད་དབང་རྒྱལ་དང། ས་རཱ་བསོད་ནམས་རྒྱལ་མཚན་གཉིས་ཡིན།

  17. རྨ་ཆུའི་རླབས་སྒྲ་ says:
    2010-09-15 at 3:24 pm

    ངའི་སྐུ་ངོ་སྤེན་པ་ཚེ་རིང་ལགས་བཀའ་བློན་ལ་ང་རང་དངོས་ནས་འོས་འཕེན་འདོད་མེད།
    འོས་སྔོན་འགྲོ་ལ་བལྟས་ནས་དངོས་གཞི་ལ་བསམ་བློ་གཏོང་གིས་ཡིན།།

  18. སྐྱབ་བཅོལ་བ། says:
    2010-09-16 at 5:59 am

    ཅོ་ཅོ་ལགས། ༼ཡང་སྤྱི་འཐུས་གྲུབ་ཆ་མ་ཚང་ནས་འཚོགས་འདུ་ཕྱིར་འགྱང་བྱས་འདུག༽ ཟེར་བ་འདི་གནད་དོན་ཅི་ཞིག་གི་ཐོག་ནས་རེད། ཕྱིར་འགྱངས་བྱེད་དགོས་དོན་གྲུབ་ཆ་མ་ཚང་བས་ཡིན་ན་འཚོགས་འདུ་ཆ་ཚང་ཕྱིར་འཐེན་བྱས་པ་ག་ལ་ཡིན། ཡིན་གྱི་མ་རེད། དོན་ཏག་ག་རེ་ཕྱིར་འཐེན་བྱས་པ་རེད་གསལ་བཤག་ཅིག་གནང་རོགས།

  19. ཅོ་ཅོ says:
    2010-09-16 at 10:36 am

    སྐྱབས་བཅོལ་བ་ལགས་
    ན་ནིང་གི་ལོ་ལ་གྲུབ་ཆ་མ་ཚང་བའི་སྐོར་དེ་ངས་མ་བཤད་ཀྱང་ཁྱོད་ཀྱི་ཤེས་གསལ་རེད་
    ད་ཆར་ཡང་གྲུབ་ཆ་མ་ཚང་ནས་ཆུ་ཚོད་གསུམ་པ་ལྷག་ཙམ་བར་དུ་ཕྱིར་འཐེན་བྱས་འདུག་
    ད་འདི་ཚོ་ཆ་འཇོག་བྱེད་ཡག་ཁག་པོ་རེད་འདུག་
    དེ་ལས་ད་ལོ་སྤྱི་འཐུས་གསར་པ་ལ་ཆོས་རྒྱུད་དང་ཆོལ་ཁ་སོ་སོ་ནས་མི་ཤེས་འཇོན་ཅན་གདམས་
    དགོས་ཀྱི་འདུག་མ་རྟོགས་ཁ་བདེ་བོ་དང་དངུལ་མང་པོ་ཙམ་གྱི་མགོ་སྐོར་འོག་ལ་ཚུད་ན་ས་ཡ་དྲུག་ལ་
    གྱོང་རག་འགྲོ་གི་འདུག
    སྐྱབས་བཅོལ་བ་ཚང་མ་ད་རེས་མ་ནོར་ད་རེས་མ་འཆུགས་ད་རེས་མགོ་བསྐོར་འོག་ལ་མ་འགྲོ།

  20. འཇམ་དཔལ་རྣོན་པོ། says:
    2010-09-16 at 12:23 pm

    དེ་རིང་ཉིན་གུང་སྤྱི་འཐུས་ཁ་ཤས་བཞེས་ལགས་ལ་ཕེབས་ཏེ་ཚོགས་དུས་སུ་ཏག་ཏག་སླེབས་མ་ཐུབ་པའི་དབང་གིས་གྲོས་ཚོགས་ཆུ་ཚོད་གསུམ་པ་དབར་ཕྱིར་འཐེན་བྱས་འདུག

  21. དར་ཀན་ཐཱ་ཇིའི། says:
    2010-09-18 at 10:41 am

    ༡༽མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ་ནས།། མི་ཕོ་གང་དྲག་མདུང་སོ་གཤིབ་འདྲ་ཡོད།། འོན་ཀྱང་སྤྱི་འཐུས་ཚད་ལྡན་མི་རེག་པའི།། དཀའ་ཁག་ལོ་རེ་བཞིན་དུ་ཇེ་ཆེ་རེད།། འདི་ནི་རང་གི་ལྷག་བསམ་ཟོལ་མེད་ཀྱིས།། གསར་རྙིང་འདེམས་སྒྲུག་འགའ་ཞིག་བྱས་ན་ཡང་།། སྤྱི་འཐུས་ས་བོན་དྲུག་ལས་མ་རྙེད་ཐལ།། དྲང་ཚུགས་ཅན་གྱི་རྒྱ་ཆེའི་སྤུན་ཟླ་རྣམས།། ཤེས་ཡོན་ཆེ་ཞིང་མི་གཤིས་བརླིང་པ་དང་།། རང་ཚུགས་བརྟན་ཞིང་རྩ་དོན་གཞོལ་བ་དང་།། ཆོས་དང་ཆོལ་ཁའི་ཟུག་གཟེར་མེད་པ་ཡི།། འབྱུང་འགྱུར་སྤྱི་འཐུས་ཚད་ལྡན་ཡོང་བའི་ཆེད།། གང་ལ་ཡོད་ཀྱང་འདི་ན་འཐུད་རོགས་གནང་།།
    ༢༽
    ཨོ་རྒྱན་སྟོབས་རྒྱལ་བསོད་ནམས་སྟོབས་རྒྱལ་གཉིས།།བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ལེགས།། ཁོང་ན་སེམས་གཅིག་ཡོད་པའི་དཔང་རྟགས་བསྟན།། བོད་ལ་ལྷག་བསམ་ཡོད་པ་ད་རེས་གསལ།། བདེ་བ་རྡོར་དབང་སྒ་པ་ཆོས་དབང་གཉིས།། ཡར་འཕང་བྲག་ལ་ཕོག་པའི་སྐག་སྒྲ་མེད།། མར་འཕང་ཆུ་ལ་ཕོག་པའི་རྙོག་སྒྲ་མེད།། ད་ནི་རྐུབ་སྟེགས་ཕྲོག་བརླག་མ་བྱེད་རོགས།། དབུ་དཀར་ཚང་གི་མཛེས་མ་གཡུ་སྒྲོན་ལགས།། ཆེད་ལས་མཁས་པའི་གོ་སྒྲིག་བྱེད་པ་སོགས།། སྤྱི་ལ་ཕན་པའི་ལས་ཀ་བྱས་པ་ལེགས།། འོན་ཀྱང་སྤྱི་འཐུས་དགོས་ངེས་ངས་མ་མཐོང་།། དེ་ལྟར་མདོ་སྟོད་སྤྱི་འཐུས་རྙིང་པ་ལྔས།། སྒེར་གྱི་ངོས་ནས་བོད་དོན་སྒྲུབ་རོགས་གནང་།།

    ༣༽གསེར་རྟ་ཚུལ་ཁྲིམས་འབའ་བ་སྐལ་རྒྱལ་གཉིས།། རྒྱ་བོད་གཉིས་ཀྱི་རིག་གཞུང་ཤེས་པ་དང་།། གཞིས་བྱེས་གཉིས་ཀྱི་སེམས་ཁམས་རྒྱུས་ལོན་ཆེ།། དྲང་ཚུགས་བརྟན་པས་མགོ་ནག་ཡོངས་ལ་མཁོ།། འཇུ་ཆེན་ཚང་གི་དཀོན་མཆོག་ཆོས་སྒྲོན་འདི།། མི་གཤིས་དྲངས་ཤིང་སྐད་ཆ་ཐད་བབ་སྨྲ།། ངོ་བསྟོད་མེད་ཅིང་རང་ཉིད་མི་སྒྲགས་པས།། སླར་ཡང་བུད་མེད་རྐུབ་སྟེགས་ལོ་གསུམ་ཟུངས།། བྲག་ཡབ་ལུང་པའི་མཛེས་མ་གངས་ལྷ་མོ།། རྒྱ་བོད་གཉིས་ཀྱི་སྐད་རིགས་ལྷུག་ལྷུག་འཆད།། ངོ་ཚ་སྨིན་ཞིང་ཁ་ཁོག་སྦ་གསང་མེད།། རྩྭ་ཐང་བུ་མོ་གྲོས་ཚོགས་ར་བར་ཕེབས།།
    ལི་ཐང་འཇམ་བཟོད་སྤོས་ཆུང་ལྷ་དར་གཉིས།། བོད་ཀྱི་རིག་གཞུང་ཕྱོགས་ལ་སྤྱན་དཀྱུས་རིང་།། རྒྱ་ཡི་ཆབ་སྲིད་སྐོར་ལ་དཔྱད་པ་ཟབ།། དེ་རིང་མི་མང་འཐུས་ཚབས་འདེམས་ན་བསམ།། དེ་ལྟར་མདོ་སྟོད་སྤྱི་འཐུས་གསར་པ་དྲུག། རང་ཉིད་བློས་ཐོངས་སྤྱི་དོན་སྒྲུབ་རོགས་གནང་།།
    ༤༽སྐྱུ་ར་དཔལ་རྡོ་གཡག་རྒན་སྨན་པ་རེད།། ནང་ཆེན་ཨ་རྡོ་མི་རྒན་ཧོན་ལོག་རེད།། ཀོང་པོ་ཕུར་བུ་གྱོད་རྒན་ལོ་ལོན་རེད།། སློབ་སྦྱོང་མེད་པའི་མི་རྒན་ཁྱུ་གཅིག་རེད།། ཤེས་ཡོན་མེད་ཀྱང་འདོད་རྔམ་ཆེ་བ་ལ།། ཁྱོད་ཚོས་མདོ་སྟོད་སྤྱི་འཐུས་ཉན་ལེ་མིན།།
    ༥༽གྲྭ་པ་སྲིད་དོན་ཅན་དེ་མ་འདེམས་རོགས།། ཆོས་དང་ཆབ་སྲིད་གཉིས་ཀ་རླུང་ལ་བསྐུར།། རྒན་པོ་མཁོན་སེམས་ཅན་དེ་མ་འདེམས་རོགས།། རང་དོན་གཞན་དོན་གཉིས་ཀ་ཆུ་ལ་གཡུག། མདོར་ན་རྙོག་དྲ་ཅན་དེ་མ་འདེམས་རོགས།། གྲོས་ཚོགས་ར་བ་ཧཱུཾ་དང་ཕཌ་ཀྱིས་བཀང་།། འདི་ནི་ང་ཡི་སེམས་པ་ཕྱུང་བ་ཡིན།། ཁ་བ་ཅན་ལ་བཅངས་པའི་བརྩེ་དུངས་ཡིན།། ཆོལ་ཁ་དབྱེ་བ་མེད་པའི་ཉམས་ལེན་ཡིན།། ཕོ་མོ་ཁྱད་པར་མེད་པའི་མགུལ་སོ།།སྲུང་ཡིན།།
    ལེའུ་དང་པོ་རྫོགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme