Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་ཐོག་མ།

Posted on 2013-03-102013-03-10 By ཁ་བརྡ་ 28 Comments on ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་ཐོག་མ།

འབའ་སྲས།

ཞལ་རས་མཇལ་ནས་ཟླ་བ་གཅིག་ལ་ཉེ།།
གསུང་སྐད་མ་ཐོས་བདུན་ཕྲག་གསུམ་ཙམ་འགོར།།
ཡིག་འབྲེལ་ཙམ་ལས་གསུང་སྐད་མ་ཐོས་ན།།
ཉིན་མ་གང་པོར་སེམས་པ་སྟོང་བ་རེད།།

སྐད་ཆ་བཤད་པའི་འདོད་པ་ཨེ་ཡོད་དམ།།
མཛའ་གྲོགས་བསྒྲིག་ལ་མོས་མཐུན་ཡོད་དམ་ཅི།།
ཡོད་ན་མེད་མདོག་བསྟན་ནས་དུས་མ་སྐྱེལ།།
མི་ཚེ་འདི་ཡིས་ངེད་གཉིས་སྒུག་མི་སྲིད།།

མི་ཚེ་ཞིག་གི་ཁ་ཕྱོགས་ཁྱོད་ལ་ཡོད།།
བརྩེ་བ་ཞིག་གི་རྒྱབ་མདུན་ང་ལ་མཆིས།།
གཅིག་གི་དོན་དུ་གཅིག་ཤས་གཏོང་དགོས་པ།།
བྱིས་དུས་ཙམ་ནས་བདག་གི་ཡིད་ལ་འཁོར།།

བློས་གཏོང་ཆེན་པོའི་འགག་རྡོ་ཁྱོད་ལ་མེད།།
ངེད་གཉིས་བསྡུར་ན་དོར་རྒྱུ་ང་ལ་མང་།།
མང་བ་དོར་ཐུབ་བློ་སྤོབས་ང་ལ་ཡོད།།
ཆུང་ཆུང་དོར་བར་ངང་སྐྲག་ཁྱོད་མ་སྐྱེས།།

ཁ་ཡག་བཤད་མཁན་ཚང་མ་མཛའ་གྲོགས་མིན།།
འཕྲིན་ཡིག་འབྱོར་བ་ཐམས་ཅད་བརྩེ་བ་མིན།།
མིག་ཆུས་ཡི་གེ་བྲིས་པའི་མཛའ་འཕྲིན་ཞིག །
ད་བར་ཁྱེད་ལ་འབྱོར་ཡོད་འཕྱང་མོ་ཉུག །

སྡུག་ནས་མིག་ཆུ་ཤོར་བ་ང་ལ་མེད།།
སྐྱོ་ནས་ངུ་སྐད་འདོན་པ་བདག་ལ་དཀའ།།
དགའ་ནས་མིག་ཆུ་ཤོར་བའི་ཐིགས་པ་འདི།།
ཁྱེད་ལ་ཕུལ་བའི་བརྩེ་འཕྲིན་དང་པོ་ཡིན།།

མཛེས་མའི་ལང་ཚོ་རྒྱས་པ་མང་མང་མཐོང་།།
སྙན་པའི་སྐད་ཆ་ཐོས་པ་ཉུང་ཉུང་མིན།།
ལང་ཚོར་མ་རེག་སྙན་པའི་སྐད་མ་གོ།།
ཁྱེད་རང་གཅིག་བུ་ལྷག་ཡོད་ཁྱེད་ལ་དགའ།།

ལང་ཚོ་ཙམ་ལ་བདག་གིས་ཁྱིམ་མི་གཏོང་།།
ཁ་ཡག་དོན་ལ་རང་ཉིད་བརླག་མི་བྱེད།།
སྙིང་གི་ངོས་སུ་རི་མོ་སུས་བྲིས་ན།།
བདག་གི་ཐོད་པའི་ཁ་ཡིག་དེ་ལ་འབྲི།།

མདུན་ན་ཆུང་མ་རྗེས་ན་བུ་ཕྲུག་གི །
ཕ་རྒན་ཞིག་གིས་ལོ་ཆུང་བུ་མོ་ཁྱོད།།
དགའ་ནས་ངུ་བཞིན་བྲིས་པའི་སྙན་ངག་འདི།།
གཞན་གྱིས་མཐོང་ན་དགོད་ཅིང་འཕྱ་ཡང་སྲིད།།

ང་ལ་མཚོན་ན་འདི་དག་ཅི་ཡང་མིན།།
དགོད་ཅིང་འཕྱ་བ་སེམས་པའི་རྣམ་རྟོག་ཙམ།།
རང་ཉིད་མ་འཕྲད་རང་གིས་མི་ཤེས་པའི།།
བསླབ་བྱ་འདི་ནི་མཁས་བླུན་ཁ་ན་ཡོད།།

དགའ་སར་ཐུག་ན་དགའ་བ་མངོན་གྱུར་དགོས།།
ཀློག་གྱུར་རིག་པས་མངོན་སུམ་སྟེར་མི་བྱེད།།
ལྐོག་ཏུ་གནས་པའི་འདོད་པ་བདག་ལ་མེད།།
མངོན་སུམ་མིག་མཐོང་ཞིག་ལ་རེ་བ་ཆེ།།

བོང་བུས་སྟག་ལྤགས་གྱོན་ལ་དགའ་བོ་མེད།།
སྟག་གིས་ཝ་རྔ་འདྲུད་ལ་ལྟ་འདོད་མེད།།
ཕྱི་ནང་གཉིས་ཀྱི་ཁ་དོག་ངོ་མ་དེ།།
བལྟ་འདོད་ཡོད་ལ་གཞན་ལ་སྟོན་འདོད་མཆིས།།

དེས་ན་ཁྱོད་ཀྱང་དགའ་ན་དགའ་ཞེས་གསུངས།།
མི་ཚེ་གོ་རིམ་ཐད་ལ་གྲོས་ཁ་བྱེད།།
འགྲིག་གི་འདོད་ན་ཆ་འགྲིག་ཡང་འགྲིག་བྱེད།།
མི་འགྲིག་བསམས་ན་བདེ་མོ་འདི་ནས་འཇོག །

མཐའ་མའི་བདེ་མོ་མ་འཇོག་མི་ཚེ་རིང་།།
མྱུར་ཏུ་ཐག་གཅོད་མ་བྱེད་བསམ་བློ་ཐོངས།།
ངང་ཐུང་འབད་པས་བྱ་བ་མཐར་མི་ཕྱིན།།
ཕྱག་གཉིས་སྙིང་ཁར་བཞག་ནས་ཐུགས་སེམས་བཞེས།།

བདག་གི་འདས་སོང་ལོ་རྒྱུས་ཁྱོད་ཀྱིས་ཀློགས།།
ད་ལྟའི་གནས་སྟངས་ཐད་ལ་ཞིབ་འཇུག་བྱོས།།
འདས་པའི་ལོ་རྒྱུས་ནག་པོ་བདག་ལ་མེད།།
ད་ལྟའི་གནས་སྟངས་འདི་ཡང་སྐྱོ་བོ་མིན།།

བསམ་ཞིང་བསམས་ན་ཐག་གཅོད་ཁྱོད་ལ་དཀའ།།
ཁྱིམ་ཚང་དོར་ན་ཉེས་པ་བདག་ལ་ཆེ།།
རང་བཙན་དོན་ལ་རང་སྲོག་མེ་རུ་བསྒྲོན།།
ཆུང་ཆུང་དོར་ལ་འཇིགས་སྐྲག་ཅི་ལ་སྐྱེས།།

རང་གི་མངོན་འདོད་དེ་ནི་ཆེན་པོ་སྟེ།།
དེ་ཡི་དོན་ལ་ཆུང་བ་བློས་གཏོང་དགོས།།
ཆུང་བ་གཉེར་ཏེ་ཆེན་པོ་སྤང་བྱས་ན།།
མི་ཚེ་གང་བོར་འགྱོད་པའི་དོང་ལ་ལྷུང་།།

མི་ཚེ་མི་འགྱོད་ལམ་ཞིག་མཉམ་དུ་འཚོལ།།
ཉེས་པ་མི་འབྱུང་ཐབས་ཤིག་མཉམ་དུ་འཐེན།།
འདོད་དོན་འགྲུབ་ཅིང་གཞན་ལ་མི་རྩུབ་པའི།།
བཀྲ་ཤིས་སྨོན་ལམ་ཞིག་གི་འཕྲིན་འདི་སྤྲིངས།།

༡༠/༠༣/༡༣

སྙན་ངག

Post navigation

Previous Post: དེ་རིང་རྫ་སེར་ཤུལ་རྫོང་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བའི་གནས་ཚུལ།
Next Post: བུམ་པའི་ཁ་རྒྱན།

Comments (28) on “ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་ཐོག་མ།”

  1. ཐབས་ཇུས་ཅན says:
    2013-03-10 at 10:23 pm

    ཨ་ལ་ལ་ལ་་་་་་་་་་་་མྱོང་ཚོར་ཡོད་པའི་སྙན་ངག་ཡག་པོ་ཅིག་བྲིས་འདུག
    ཡིན་ཡང་འབའ་སྲས་ལགས་དངོས་སུ་དེ་འདྲ་གནང་ན་མི་འགྲིགས། གཟབ་གཟབ་གནང་རོགས།
    ཁྱེད་རང་གི་བཟའ་ཟླ་དེ་སྙིང་རྗེ་་་་་་་་་་་་་་་

  2. ཨ་ར་དཀར་པོ says:
    2013-03-10 at 10:44 pm

    ཧཧཧཧ་་་་་་་ད་འབའ་སྲས་ཁྱོད་སྨྱོས་པ་འདྲ། བསམ་བློ་ཡག་པོ་ཐོངས་མ་གཏོགས་ ཁོ་རེ།

  3. ཀླུ་སྨྱོན། says:
    2013-03-10 at 10:52 pm

    ཅིག་ཅིག་མུག་མུག་གི་ཆ་རྐྱེན་སྟོང་ཁར་ལོངས་པ་བརྩི་བ་ལས་བུ་མོ་དགའ་བའི་ཆ་རྐྱེན་གསུམ་པ་དེའི་གཅིག་འཛོམས་ན་ཡང་ཆོག་ཀྱང་། ལས་ངན་པོ་ཁྱོད་ལ་དེ་གསུམ་གྱི་གཅིག་ཀྱང་མི་ཚང་ནོ་སྡེ་གིས་གང་གིས་ཤེས།
    བུ་མོ་དགའ་བའི་ཆ་རྐྱེན་ཆེན་པོ་གསུམ་ནི་རིམ་བཞིན །
    དང་པོ།
    རྒྱུ་ནོར།
    གཉིས་པ།
    ཕོ་སྒོ།
    གསུམ་པ།
    མཇེ།

  4. ཀླུ་སྨྱོན། says:
    2013-03-10 at 10:52 pm

    མཇེ་ཆེན་པོ།

  5. འབའ་སྲས། says:
    2013-03-10 at 11:38 pm

    སྐྱོན་མེད། སྐྱོན་མེད་གྲོགས་པོ་ཚོ།

  6. འབའ་སྲས། says:
    2013-03-10 at 11:40 pm

    ཀློག་གྱུར་རིག་པ། ལྐོག་གྱུར་རིག་པ།

  7. འབའ་སྲས། says:
    2013-03-10 at 11:44 pm

    བུ་མོར་དགའ་ཡང་ཆུང་མ་མི་འདོར་བ།།
    གཞན་སྐད་སྦྱངས་ཀྱང་རང་སྐད་མི་འདོར་བ།།

    – ཆབ་བྲག་ཕོ་ཉས།

  8. གཅན་འོད་འབར། says:
    2013-03-11 at 12:14 am

    སྙན་གི ཆོག་ནི་རེད། བརྩེ་བ་ལ་བཀག་རྒྱ་ཡོད་ནི་མ་རེད་ལ། སུ་ཞིག་སུ་ལ་ཡང་དགའ་ཆོག་ནི་རེད།

  9. དགེ་བསམ། says:
    2013-03-11 at 1:12 am

    འབབ་སྲས་བརྩེ་དུང་སྙན་རྩོམ་འབྲི་ལ་མཁས།།
    ངོ་ནས་ཉམས་མྱོང་ཡོད་མེད་འཕྱང་མོ་ཉུག།
    ཀླུ་སྨྱོན་སྟུ་མཇེ་གླེང་ལ་ཤིན་ཏུ་དགའ།།
    ང་ོནས་ལོངས་སྤྱོད་བྱས་ཡོད་བདག་ཡིད་དོག།

  10. དགེ་བསམ། says:
    2013-03-11 at 1:21 am

    ངོ་ནས་མ་གསང་དྲང་པོར་བརྗོད་པ་ན།།
    རྒྱུ་ནོར་བརྩེ་དུང་ཡུན་རིང་བརྟན་པ་མིན།།
    མཇེ་ཆེ་བརྩེ་སེམས་ལྡན་ཞེས་བརྗོད་པ་རྫུན།།
    དོན་དམ་འཁྲིག་རྩལ་དག་ལ་རག་ལས་སོ།།

  11. གནམ says:
    2013-03-11 at 4:59 am

    མྱི་ཚེ་རྫོགས་པ་མི་ཤེས་འབའ་རྒན།
    ཧམ་པ་གཞོན་པར་ཤོར་བའི་ཆགས་རྒན།
    ཆགས་པ་བརྩེ་བར་འཁྲུལ་བའི་རྨོངས་རྒན།
    རྒན་མོ་བཞོན་པར་མ་རྩི་མྱི་རྒན།

  12. འབའ་སྲས། says:
    2013-03-11 at 9:06 am

    གཞོན་སྐྱེས་མཛེས་མའི་མིག་ཟུར་བདག་ལ་འཁྱུད།།
    ཕྲག་དོག་རྒན་པོའི་ན་སུག་སྙིང་ལ་བསླངས།།
    སྙན་པའི་སྙན་ངག་སོར་མོའི་རྩེ་ན་འཁྱུག །
    ཁྭ་ཏའི་གནམ་གྱི་ཐན་སྐད་འདི་ན་སྒྲོག །

  13. འདྲེ་རྐང་ཐོ། says:
    2013-03-11 at 11:25 am

    རྒན་མོའི་རུམ་ནས་རྨི་ལམ་སྐྱིད་པོ་རེ། །
    བུ་ཕྲུག་མདུན་ནས་འདང་རྒྱག་ལྕི་མོ་རེ། །
    སྟོང་འདང་སྟོང་གི་འཚོ་བའི་ར་བ་ནས། །
    ཐར་བའི་མི་ཞིག་གླིང་ན་ཡོད་མ་ཡིན། །

  14. འབའ་སྲས། says:
    2013-03-11 at 2:18 pm

    ཧ་ཧ་ཧ། འདྲེ་རྐང་ཐོས་བཤད་པ་བདེན།

  15. ཨ་ཕྱག་ཁྲག་འཐུང་། says:
    2013-03-11 at 3:23 pm

    བོད་ལ་རྒྱལ་པོ་མེད་པ་མིན། དེང་སང་བོད་ལ་རྒྱལ་པོ་མཆིས། ཆགས་པའི་རྒྱལ་པོ་རྣམ་གཉིས་ཡོད། ད་ལྟ་ཕྱི་གླིང་ཡུལ་དུ་བཞུགས། ཤཱཀྱའི་རྒྱལ་པོ་ཕེབས་ན་ཡང་། འབའ་སྲས་དང་ནི་ཀླུ་སྨྱོན་གཉིས། ཆགས་པའི་རྒྱལ་པོ་མ་རེད་ཅེས། ཕོད་པའི་ནུས་པ་ག་ལ་ཡོད། བྲིས་པ་ཐམས་ཅད་ཆགས་པའི་རིགས། བཤད་པ་ཀུན་པོ་ཆགས་པའི་སྐོར། འགྲོ་འདུག་གང་དག་ཆགས་པའི་ཆེད། བསམ་བློ་ཡོད་རྒུ་ཆགས་པས་འདྲེན། མྱོང་པ་ཚང་མ་ཆགས་པར་གྲུབ། ཆགས་པས་མྱོས་པའི་མི་རྒན་གཉིས། དགོངས་ལོ་རྒས་ན་ཇེ་སྨྱོ་རེད། འདོད་གཏམ་བཤད་ཀྱི་ཇེ་མང་འདུག བུ་མོའི་རྐུབ་ལ་ཇེ་རྒྱུག་རེད། བུ་མོའི་རྐུབ་ལ་རྒྱུག་དྲགས་ན། མི་དྲག་རེག་དུག་འཕོག་ཉེན་ཆེ། འདོད་ཆགས་རྒད་པོ་མགོ་ཆག་གཉིས། ད་ལྟ་རེག་དུག་མ་བྱུང་སྐབས་། ཕྲུ་གུ་དག་གིས་མ་བདའ་སྔོན། ཕྱི་གླིང་ཁྲིམས་ཀྱིས་མ་བསུས་གོང་། རང་ཚོད་རང་གིས་བཟུང་ན་དགའ།

  16. ངག་དབང་ says:
    2013-03-11 at 11:59 pm

    ༄། ནུ་འབོར་རབ་ཏུ་རྒྱས་པའི་དགའ་མ།
    བདེ་སྟོང་ཟུང་འཇུགས་འདྲེན་པའི་མྱུར་མ།
    བྷ་གར་བྱང་སེམས་འཐོར་བའི་བདེ་མ།
    ལིང་ག་ཁ་ལ་བཅུག་པའི་བཟའ་མ།
    བདེ་དགའ་ཐམས་ཅད་འབྱུང་གནས་སྐྱེས་མ།
    ཕོ་མཚན་གང་ཆེ་བསམ་པའི་གདམ་མ།
    སྟུ་སྤུ་ཤིན་ཏུ་རིང་བའི་འཐུགས་མ།
    བོད་པའི་བོ་མོ་འདི་ཚོ་མཛེས་མ།

  17. ངག་དབང་ says:
    2013-03-12 at 12:26 am

    བདེན་གི་བདེན་གི། དགའ་བའི་མཐའ་སུ་ཡིས་བཀག་ཏུ་མེད་། ་བུ་མོ་བུ་ལ་དགའ་ན་ཧྲ་གི། བུ་བོོ་མོ་ལ་དགའ་ན་འགྲིག་གི།
    བུ་བུ་ལ་དགའ་ན་ཆོག་ནེ། བོ་མོ་བོ་མོ་ལ་དགའ་ན་ཡག་ཀི། གྲྭ་པ་གྲྭ་པ་ལ་དགའ་ན་ཡག་ཀི།
    ཨ་ནེ་ཨ་ནེ་ལ་དགའ་ན་མཛེས་ཀི། དགའ་བ་ནི་བདེ་བ་ཀུན་གྱི་འབྱུང་གནས་རེད་ཨ།

  18. འབའ་སྲས། says:
    2013-03-12 at 1:50 am

    གནའ་བོའི་རྒྱལ་བོ་བཞིན་དུ་དེང་གི་ང་།།
    མཛེས་མ་བརྒྱ་ཡི་འཇམ་པོའི་ལང་ཚོ་ཡི།།
    མེ་ཏོག་རེ་ལ་སྙན་པའི་ངག་འགོད་དེ།།
    དབྱར་སྐྱེས་རྔ་སྒྲ་བཞིན་དུ་ལྡིར་འདི་སྐྱིད།།

  19. འབའ་སྲས། says:
    2013-03-12 at 2:04 am

    མཛེས་མར་དགའ་བའི་ཆགས་རྩོམ་བདག་གིས་འབྲི།།
    དབྱངས་གསལ་སོ་བཞི་བཀོད་སྤྱོད་བདག་གི་བྱེད།།
    ཆགས་རྩོམ་མིན་ན་བོད་ཡིག་མི་ཀློག་མཁན།།
    མང་ནས་མང་དུ་འཕེལ་འདི་མཁྱེན་པར་མཛོད།།

  20. གནམ says:
    2013-03-12 at 7:57 am

    ཁྱེད་ལ་ངོ་སྟོད་མེད་ན།
    ང་ལ་ངོ་མཚང་ཞིག།
    ཕར་ལ་སླབ་བྱ་གནངས་ན།
    ཚུར་ལ་ལྐུག་བརྡ་ཞིག།

    རྒན་མོ་ལངས་ཚོ་ཉམ་རོགས་རེད།
    གཅེས་ཕྲུག་རུམ་པའི་བདག་མ་རེད།
    སྐྱིད་སྡུག་བཤད་སའི་ཁ་ཡ་རེད།
    སྐྱུར་རྒྱུ་ཟེར་ན་བསོད་ཟད་རེད།

    མྱིག་ལ་ཐེགས་པའི་དམྱལ་བ་མ།།
    རྒད་པོ་བསླུ་བའི་གཤེན་མ་རེད།
    མདོ་ཟིན་མིན་པའི་རྩ་སྨྱོན་འདི།
    འདོམས་གྱི་དོན་ལ་ཤི་རྒྱུ་རེད།

  21. འབའ་སྲས། says:
    2013-03-12 at 8:24 am

    འདོམས་ཀྱི་མདོ་ནས་ཤི་བོའི་སྐྱེ་བོ་མེད།།
    ཡོད་ཀྱང་མིག་ཆུ་འདོན་པ་ཁྱོད་རང་མིན།།
    བདག་ལ་སྲོག་ལྟར་གཅེས་པའི་ཆུང་མ་ལ།།
    དོགས་ཟོན་མེད་ན་གནམ་ཁྱོད་ཅི་ལ་ངུ།།

  22. གནམ says:
    2013-03-12 at 9:14 am

    བཟའ་གསུམ་ཨ་མར་དགའ་བའི་བདགའ་མ་ཞིག།
    ཡོད་ནས་གཅེས་ནི་ཡོད་ན་ངས་མི་ཤེས།།
    རྒྱལ་ཁབ་ཡིན་ཡིན་ས་ན་སྲོལ་དེ་མེད།
    སྲོལ་ཡོད་མདོག་གིས་བོད་འདི་མྱིག་མ་སྟོན།

  23. འབའ་སྲས། says:
    2013-03-12 at 1:16 pm

    དོན་ལྡན་ཞིག་གི་སྣེ་མོ་ཨེ་མཐོང་ལྟོས།།
    དོན་མེད་ཁ་སྤུ་གཟེངས་ན་དགེ་བ་ཆུང་།།
    ཆེན་པོའི་དོན་ལ་འབད་པ་ཨེ་ཐུབ་ལྟོས།།
    ང་ཡི་མཇེ་ལ་བྱས་ཏོག་བྱས་ན་ཆུང་།།

  24. རྒད་པོ། says:
    2013-03-12 at 1:34 pm

    ཤར་ནུབ་ཀུན་ལ་བུད་མེད་ཀྱིས་གསེར་བཞིན་འཚོལ་བའི་ཕོ་ཀ་འདི་དག་རེད་འདུག འདི་གསུམ་འཛོམས་ན་ཛམ་གླིང་ཤར་ནུབ་གང་དུ་ཡོད་ཀྱང་བུད་མེད་ཀུན་གྱིས་དགའ་བར་བྱེད།

    ཕོ་བཟོ་དོད་པོ།
    ཕོ་བཟོ་དོད་པོ་དེ་ལས་གཙོ་བོ་གཟུགས་རིང་ཙམ་དང་ཁ་མིག་ཆེ་ཆུང་རན་པོ་ལ་མངོན་གསལ་ཆེ་བའི་མི་མཛེས་པ་མེད་པ་ལ། སོ་གདངས་དཀར་ཞིང་གྲལ་སྒྲིག་པ། སྐྲ་ཚོགས་མཐུག་པ།

    གཤིས་ཀ་སྣང་བ་ལ་འགྲོ་པོ།
    གཤིས་ཀ་ལ་གཙོ་བོ་ཁོག་པ་ཆེན་པོ་སྟེ། བོད་པས་མདའ་གཤོངས་དུང་གཤོངས་ཟེར་བ་ཞིག་ཡིན་དགོས་འདུག དེའི་སྟེང་ལ་བུད་མེད་ཀྱི་འཚོར་བ་ལ་འཁུར་ཆེན་པོ་ལེན་མཁན་དང་། སྐད་ཆ་ཉན་ཤེས་མཁན་ཞིག་དགོས་ཟེར

    ཤེས་ཡོན་དང་ལས་རིགས་ཡག་པོ། གོང་གི་ཆ་རྐྱེན་ཐོག་ལ་ལས་རིགས་དང་ཤེས་ཡོན་མཐོན་པོ་ཡིན་པ་སྟེ། ལས་རིགས་ལ། ཚོང་པ་ཁེ་བཟང་མི་ཆད་པ། ལས་རིགས་གཞན་སྨན་པ་དང་། རྩོམ་པ་པོ། སློབ་ཆེན་གྱི་དགེ་རྒན། དེ་བཞིན་ཁྲིམས་རྩོད་པ་དང་གློག་བརྙན་ཁྲབ་མཁན་དང་ཁྲིད་མཁན་ལེགས་ཟེར།

    གོང་གི་ཆ་རྐྱེན་གཉིས་ཙམ་འཛོམས་མཁན་ལ་ཡང་བུད་མེད་ཕལ་ཆེ་བས་དགའ་བར་གྲགས་སོ། འདི་ནི་འཛམ་གླིང་ཐོག་བུད་མེད་ཀྱིས་དགའ་ཤོས་བྱེད་པའི་ཁྱོ་གའི་ཆ་རྐྱེན་ཞིབ་འཇུག་བྱེད་པའི་རྩོམ་ནས་བཏུས་པའོ།

  25. འདྲེ་རྐང་ཐོ། says:
    2013-03-12 at 5:43 pm

    ཇུས་མེད་ཇུས་ལ་གོམས་པའི་ཀློག་མཁན་འགས། །
    ཇུས་སྐལ་མེད་སར་སྐེད་རིང་བསྲིངས་བྱས་ཏེ། །
    ཇུས་ལ་མཁས་པའི་འབར་སྲས་མཇེ་ངན་ལ། །
    ཇུས་ཏོ་བྱེད་པ་རང་ཉིད་ངལ་བའི་གནས། །

  26. དྲི་མེད་ལྷག་བསམ། says:
    2013-03-12 at 8:40 pm

    བུ་མོའི་རེ་བ། ཉེ་ཆར་ཉི་ཧོང་གི་སྤྱི་ཚོགས་ཚན་རིག་པ་ཞིག་གི་བཏོན་པའི་དེབ་ལ་བལྟས་པ་ཡིན། ཉི་ཧོང་ནི་ཆེས་དམངས་གཙོའི་རྒྱལ་ཁབ་ཅིག་དང་། ཆེས་འབྱོར་ལྡན་གྲལ་རིམ་གྱི་རྒྱལ་ཁབ་ཅིག་ཡིན། འབྱོར་བ་ལྡན་ཡང་རང་དབང་སྒེར་གཅོད་མི་གནང་། མི་མོ་རྣམས་ཀྱིས་བུ་ལ་རེ་བ་རྒྱག་ཚེ། ཆེན་པོ་བཞི་དང་ལྡན་པ་ཞིག་དགོས། ༡གཅིག་སློབ་སྦྱོང་ཆེན་པོ། སློབ་སྦྱོང་ཅན་ཡིན་ན་མི་ཚེའི་རིན་ཐང་ཤེས་ལ་མིག་རྒྱ་ཡངས་པོ་ཡོད། ༢དཔལ་འབྱོར་་ཆེན་པོ། སྤྱི་ཚོགས་ཀྱི་གོ་གནས་དང་། འཚོ་བའི་དཀའ་ངལ་བརྒྱ་ཆའི་༧༠་ཙམ་སེལ་ཐུབ། ༣་གཟུགས་སྟོབས་ཆེན་པོ། སྤྱི་ཚོགས་ཁྲོད་ཀྱི་མཐོང་སྣང་ལེགས་ཤིང་། བུ་མོ་ཚོར་སྤོབས་པ་སྟེར། ༤རིགས་རུས་ཆེན་པོ་འམ་བཟང་པོ། ཚེ་སྲོག་གི་གཞི་རྡུལ་ལེགས་ཤིང་། ཁྱིམ་རྒྱུད་ཀྱི་ནད་སོགས་དཀོན་པོ་ཡིན། ཉི་ཧོང་གི་དཔལ་འབྱོར་ཅན་དང་ཁྱིམས་རྒྱུད་བཟང་པོ་ཅན་གྱི་བུ་མོའི་རེ་སྨོན་རེ་ལྟ་བུ་ཞིག་རེད། མི་སེར་དཀྱུས་མ་རྣམས་ནི་དཔལ་འབྱོར་ཁོ་ན་ལ་ལྟ་མཁན་མང། ཉེ་ཆར་མི་ནག་དང་། ཨུ་རུ་སུ། ནཻ་པཱལ། རྒྱ་གར་བ་སོགས་ལ་གཉེན་སྒྲིགས་བྱེད་མཁན་ཚོར་བརྩེ་དུང་རང་དབང་ལ་གུས་བཀུར་བྱ་བ་ལས། ་ སྤྱི་ཚོགས་ཀྱི་ལྟ་སྟངས་དེ་ཙམ་ལེགས་རྒྱུ་མེད་ཅེས་འཁོད་འདུག གོང་གི་ཆེན་པོ་ལ་ཉི་ཧོང་སྐད་རང་དུ་མཐོན་པོ་ཞེས་བྲིས་འདུག

  27. འདྲེ་རྐང་ཐོ། says:
    2013-03-12 at 10:36 pm

    སྙན་ངག་རྒྱལ་བོས་འདྲེ་ངར་ཐེངས་ཤིག་ཉོན། །
    ལས་ཀྱིས་ཐོབ་པའི་རྒན་མོར་བརྩེ་བ་སྤྲོད། །
    གཅེས་པའི་བུ་ལ་བསམ་བློ་ཡག་པོ་ཐོངས། །
    མཇེ་ངན་འདི་ལ་རྒྱལ་ཁ་སྤྲོད་མི་ཉན། །

    མཚམས་རེར་མཛེས་མར་འཕྲད་ཀྱང་རྒྱོ་མིན་འདོད། །
    སྐབས་རེར་མོ་ཏོ་ལ་ཡང་རྒྱོ་འདོད་སྐྱེས། །
    གཏད་སོ་མེད་པའི་སེམས་པ་སྐྱག་ཕྲུག་འདིའི། །
    ཁ་ལ་ཡིད་ཆེས་མ་བྱེད་སྙན་ངག་པ། །

    ཕོ་ལོ་བཞི་བཅུར་ཟིན་ལ་ཉེར་ན་ཡང་། །
    རྒས་ཀྱི་མེད་པའི་དར་མའི་སེམས་པ་འདི། །
    ན་ཆུང་བུ་མོ་གང་ལ་ཤོར་སྲིད་ཀྱང་། །
    མཇེ་ཡིས་ལྕོགས་རྒྱུ་དཀའ་སེ་ཡིན་འགྲོ་ཨ། །

    ལངས་སྨན་འཐུང་ན་གཟུགས་པོར་གནོད་འགྲོ་ཟེར། །
    རྒྱོ་རྒྱུ་མང་ན་ན་ཚ་འགོས་ཡོང་ལ། །
    དྲན་རྒྱུ་མང་ན་སྡུག་ལ་གཏོད་འོང་བ་། །
    ལྟས་ངན་མཇེ་འདིའི་ཁ་ལ་ཐལ་གྱིས་མཆོད། །

    ལྷ་ཆེན་ཨུ་མའི་དོན་ལ་ཞབས་འདྲེན་བྱས། །
    གེ་སར་ཨ་སྟག་ལྷ་མོས་སྡུག་ལ་གཏད། །
    དུས་ཐུང་ཞིག་ལ་འཕྲད་པའི་བུ་མོ་དེས། །
    སྙན་ངག་པ་ཁྱོད་སྡུག་ལ་གཏོད་ན་ཐང་། །

    ཨ་ལ་རྩེད་མཚར་རྩེད་མོ་མེད་ས་ནས། །
    ཨ་ཅག་ལྷ་མོར་རྒྱོ་ཡང་མི་སྐྱིད་ཀི། །
    ཨ་ཁུ་སྙན་ངག་པ་ཡི་རྒྱལ་བོ་ལ། །
    ཨ་རིའི་ཡུལ་ནས་ཨ་མདོའི་སྐད་ཀྱིས་རྩེས། །

  28. འབའ་སྲས། says:
    2013-03-13 at 1:58 am

    ཧ་ཧ་ཧ་ཧ། འདྲེ་ངན་འདིས་སྐྱིད་པོ་ཞིག་བྲིས་ཡོད་ཀི། ལགས་སོ།། ལགས་སོ།། ཁ་ལེན་ཚིག་བརྩི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme