Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཚོས་ང་ཚོའི་མིག་མདུན་གྱི་མ་འོངས་པ་འཕྲོག་པ་རེད།

Posted on 2019-01-162019-01-16 By ཁ་བརྡ No Comments on ཁྱེད་ཚོས་ང་ཚོའི་མིག་མདུན་གྱི་མ་འོངས་པ་འཕྲོག་པ་རེད།

མཚོ་སྒོ་ཕོ་ཉ།

ངའི་མིང་ལ་(Greta Thunberg)གྷིར་ཏྰ་ཐན་ལྦག་ཟེར་བ་དང་ད་ལོ་ལོ་བཅོ་ལྔ་ཡིན། ངའི་སྐྱེས་ཡུལ་(Sweden)སིའུ་ཀྲན་ཡིན། ད་ལྟ་ངས་དྲང་བདེན་གྱིས་ཐོག་ནས་གནམ་གཤིས་ཆེད་དུ་སྐད་ཆ་ཤོད་ཀྱི་ཡིན། མི་མང་ཆེ་བས་(Sweden)སིའུ་ཀྲན་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ལབ་ཀྱི་ཡོད་རེད། དེ་ནི་ང་ཚོས་གང་བྱས་པའི་གནད་དོན་ཞིག་མ་རེད། ཡིན་ནའང་ཁྱེད་ཚོས་གནད་དོན་ཆུང་ཆུང་ཞིག་གི་འགྱུར་ལྡོག་རྩ་བ་ནས་གཏོང་འདོད་མེད་པ་ངས་ཤེས་རྟོགས་བྱུང། གལ་སྲིད་སློབ་ཕྲུག་ཁ་ཤས་ཀྱིས་སློབ་གྲྭར་མི་འགྲོ་བར་འཛམ་གླིང་གང་སར་གསར་འགྱུར་བཟོ་ཐུབ་ན་ང་ཚོ་ཚང་མས་མཉམ་དུ་ཅི་ཞིག་དགོས་པ་དེ་བསྒྲུབ་ཐུབ།

ཡིན་ནའང་དེ་འདྲ་བྱེད་པ་ལ། གནས་ཚུལ་བཟང་ངན་ཅི་ཞིག་ཏུ་འགྱུར་ཡང་ང་ཚོས་སྐད་ཆ་གསལ་པོ་ཤོད་དགོས། ཁྱེད་ཀྱིས་རང་བྱུང་ཁོར་ཡུག་དེ་དཔལ་འབྱོར་ཁོ་ན་མཐའ་མེད་དུ་སྐྱེད་འཕེལ་ཡོང་འགྱུར་སྐད་ཆ་ཤོད་ཀྱིན་ཡོད། གང་ཡིན་ཟེར་ན་སོ་སོའི་སྙན་གྲགས་མེད་པར་འགྱུར་བའི་འཇིགས་སྣང་ཡོད་པས་རེད། ཁྱེད་ཀྱི་བསམ་ཚུལ་ངན་པ་ཁ་ཤས་དང་། ལྷན་དུ་མདུན་སྐྱོད་བྱེད་དགོས་པའི་སྐད་ཆ་ཁོ་ན་བཤད་པས་ང་ཚོས་མདུན་དུ་ཟང་ཟིང་འདི་འདྲ་བྱུང་བ་རེད། རྣམ་དཔྱོད་ལྡན་པའི་བྱ་བ་ཅི་ཞིག་བྱས་ཀྱང་དེ་ལ་ག་དུས་ཡིན་རུང་ཛ་དྲག་གིས་བཀག་འགོག་བྱེད་ཀྱི་ཡོད། ཁྱེད་རང་ལ་དེ་ལྟ་བུ་བརྗོད་རྒྱུ་ནར་སོན་ཡོད་མ་རེད། ད་དུང་ཁྱེད་རང་ཚོའི་འགན་ཁུར་དེ་ཡིས་ང་ཚོ་ཕྲུ་གུ་ཞིག་ཡིན་པ་སྣང་མེད་དུ་འཇོག་གི་ཡོད་རེད།

ཡིན་ནའང་ངས་རང་ཉིད་སྙན་གྲགས་ཡོང་རྒྱུར་གཅེས་སྤྲས་བྱེད་ཀྱི་མེད། ངས་དྲང་བདེན་གྱིས་ཐོག་ནས་གོ་ལ་ཡོངས་ཀྱི་གནམ་གཤིས་ལ་སེམས་ཁུར་བྱེད་བཞིན་ཡོད། ང་ཚོའི་སྲིད་པའི་དཔལ་ཡོན་དེ་མི་ཉུང་ཤས་ཤིག་གིས་མ་དངུལ་ཧ་ཅང་འབོར་ཆེན་བཟོ་རྒྱུའི་ཆེད་དུ་མུ་མཐུད་ནས་གོ་སྐབས་སྤྲད་དེ་ཁོང་ཚོའི་འདོད་བློ་སྐོང་དུ་འཇུག་གིན་འདུག ང་ཚོའི་སྐྱེ་ལྡན་འཚོ་གནས་དེ་དམར་མཆོད་བྱས་པ་ལས་ངའི་ཕ་ཡུལ་ལྟ་བུའི་ཕྱུག་བདག་རྣམས་རྒྱས་སྤྲོས་ངང་འཚོ་གནས་ཐུབ་ཀྱིན་ཡོད། དཀའ་ངལ་མང་ཆེ་བ་རེ་ཟུང་གི་རྒྱས་སྤྲོས་ལ་བརྟེན་ནས་བྱུང་བ་རེད།

གལ་སྲིད་ང་ལ་ཕྲུ་གུ་བྱུང་ན།༢༠༧༨ལོར་ང་ལོ་༧༨ཟིན་པའི་སྐྱེས་སྐར་དེ་ཁོང་ཚོས་ང་དང་ལྷན་དུ་གཏོང་སྲིད་པ་ཞིག་རེད། གཅིག་བྱས་ན་ཁོང་ཚོས་ཁྱེད་ཚོའི་སྐོར་ལ་བཀའ་འདྲི་གནང་སྲིད་པ་ཞིག་རེད། གཅིག་བྱས་ན་ཁོང་ཚོས་ང་ཚོའི་ལས་ཀ་ཞིག་བྱེད་རྒྱུའི་དུས་ཚོད་འདང་ངེས་ཤེས་པ་ཡོད་བཞིན་དུ་ད་དུང་མ་གནང་བ་ཅི་ཡིན་ནམ་ཞེས་སྐད་ཆ་འདྲི་སྲིད་པ་ཞིག་རེད། ཁྱེད་ཚོས་སོ་སོའི་ཕྲུ་གུ་ལ་ཡོད་ཚད་བརྩེ་བ་ཡོད་རབས་ཤོད་བཞིན་ཡོད། འོན་ཀྱང་ཁྱེད་ཚོས་ཁོང་ཚོའི་མིག་མདུན་གྱི་མ་འོང་པ་འཕྲོག་པ་རེད། ཁྱེད་ཀྱིས་ཅི་ཞིག་བྱེད་དགོས་མིན་དོ་སྣང་བྱེད་འགོ་མ་ཚུགས་པའི་བར་དེ་བས་ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་ཞིག་སྲིད་ཀྱང་དེར་རེ་བ་མེད། ང་ཚོས་ལྟ་ཚུལ་མ་འཛིན་པར་གཉན་འཕྲང་གི་དུས་ཚོད་དེ་ལས་རྣམ་པར་རྒྱལ་མི་ཐུབ། དུས་ཚོད་དེ་གཉན་འཕྲང་རང་དུ་གནས། ང་ཚོས་ས་འོག་ནས་ཐོན་པའི་གནའ་དངོས་རྣམས་བདག་ཉར་བྱེད་དགོས་པ་མ་ཟད་གཅིག་མཚུངས་ཀྱིས་དོ་སྣང་སྤྲོད་དགོས། གལ་སྲིད་ལམ་ལུགས་ནང་དུ་ཚུད་པའི་དཀའ་ངལ་དེ་དག་བསེལ་བའི་ཐབས་ལམ་ཞིག་རྙེད་སྲིད་ན། གཅིག་བྱས་ན་ལམ་ལུགས་དེ་ཉིད་ང་ཚོས་ངེས་པར་དུ་འགྱུར་ལྡོག་གཏོང་དགོས། ང་ཚོ་འདིར་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱི་དོ་སྣང་ཡོང་བའི་རེ་འབོད་བྱེད་པར་ཡོང་བ་མིན། འདས་པའི་ལོ་ཟླའི་ནང་ཁྱེད་ཚོས་ང་ཚོ་སྣང་མེད་དུ་བསྐྱུར་བྱུང་ལ། སླར་ཡང་སྣང་མེད་དུ་གཞོག་གི་རེད། ང་ཚོས་དུས་ཚོད་ལ་ཆ་ཡང་གཏོང་བའི་དུས་ཚོད་དེ་འདས་ཟིན་པ་རེད། ཁྱེད་ཚོར་འདོད་པ་ཡོད་རུང་མེད་རུང་ང་ཚོ་འདིར་འགྱུར་ལྡོག་ཞིག་ཡོང་བར་། བརྡ་ལན་སྤྲོད་དུ་བཅར་བ་ཡིན། དོན་དངོས་ཀྱི་དབང་ཆ་ནི་མི་དམངས་ལ་དབང་ཡོད། ཐུགས་རྗེ་གནང། །

སྒྱུར་རྩོམ་འདི་ནི་སུའི་ཀྲན་ནས་ཡིན་པའི་ལོ་བཅོ་ལྔ་ཅན་གྱི་གནམ་གཤིས་ལས་འགུལ་བ་(Greta Thunberg)གྷིར་ཏྰ་ཐན་ལྦག་ལགས་ཀྱིས་ཕྱི་ལོ་༢༠༡༨ ཟླ་བ་༡༢་པའི་ཚེས་༡༣་ཉིན་འཛམ་གླིང་གཉམ་འབྲེལ་རྒྱལ་ཚོགས་སུ་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་སྐབས་གནང་བའི་གཏམ་བཤད་དེ་རང་སྐད་དུ་བསྒྱུར་བ་འོ།

https://www.democracynow.org/2018/12/13/you_are_stealing_our_future_greta
.

གསུང་བཤད།, འགྱུར་རྩོམ།

Post navigation

Previous Post: ཨ་མ་རིན་པོ་ཆེའི་ཞབས་བརྟན་ཚེ་དབང་སྒྱུ་འཕྲུལ་རོལ་མོ་སྒྲ་སྙན་ཞེས་བྱ་བ།
Next Post: མིར་ཛ། གྷ་ལིབ་ཀྱི་སྙན་རྩོམ་འགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme