Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཚོ་མི་མིན།

Posted on 2016-03-042016-03-04 By ཁ་བརྡ 21 Comments on ཁྱེད་ཚོ་མི་མིན།

ལྷ་རྒོད།

 
ནང་ཁུལ་གྱི་འཐབ་རྩོད་འདི་དག་ཐད་ཀར་དགྲ་བོ་ལ་སྤེལ་ཐུབ་ན་ཅི་མ་རུང་། ཕྱོགས་རིས་ཀྱི་གཡུལ་འཁྲུག་འདི་དག་མེས་པོའི་དགྲ་བོ་དང་འགྲན་ནུས་ན་ཅི་མ་རུང་། གཡོ་ཁྲམ་གྱི་སྤྲ་ལག་འདི་དག་དམར་པོའི་དཔུང་དང་བསྡུར་ནུས་ན་ཅི་མ་རུང་། ཁ་ལྕེ་ཡི་ཚིག་མཚོན་འདི་དག་ཕ་བསད་ཀྱི་ཤན་པ་ལ་གཡུག་ནུས་ན་ཅི་མ་རུང་། སྨྱུག་རྩེ་ཡི་གར་སྟབས་འདི་དག་རྒྱལ་སྤྱིའི་ཁྲིམས་སར་བསྒྱུར་ཐུབ་ན་ཅི་མ་རུང་།

དྲང་བདེན་དང་གནས་ལུགས་ལ་ཐུག་དུས་དཔྱོད་ཤེས་ཀྱི་བློ་མིག་ཞར་ར་ཅན་པོ། ཕྱོགས་རིས་དང་གཡོ་ཁྲམ་ཙམ་ལས་ཅི་ཡང་མི་ནུས་པའི་རང་རིགས་ཀྱི་ཞབས་འདྲེན་པ་ཁྱེད་ཅག་གིས་ནི། ངའི་ཆོལ་ཁ་དང་། ངའི་ཆོས་ལུགས། ངའི་ལུང་ཚན་མ་གཏོགས་གང་ཡང་མཐོང་མི་ནུས།

རྒྱུ་མཚན་དེའི་ཕྱིར། ཁྱེད་ཅག་ནི་མང་གཙོའི་བཀག་རྡོ་ཡིན་ལ། ཡར་རྒྱས་ཀྱི་གཉའ་གནོན་ཡིན། མདུན་བསྐྱོད་ཀྱི་འགོག་རྐྱེན་ཡིན་ལ། ཆིག་སྒྲིལ་གཏོར་བྱེད་ཀྱི་འབར་རྫས་ཡིན། མི་རིགས་ཀྱི་ཞབས་འདྲེན་ཡང་ཡིན། ཡིན་ནའང་ད་དུང་རང་མགོ་རུལ་ཟིན་ཀྱང་དྲི་ངན་རང་སྣས་མི་ཚོར་བའི་བཙན་བྱོལ་བའི་ཞབས་འདྲེན་ཡིན་ལ། འཇིག་རྟེན་མི་ཡི་ཞབས་འདྲེན་ཡང་ཡིན།

ཁྱེད་ཚོ་ནི་སྒོ་ཁའི་ཁྱི་རྒན་ལས་ཀྱང་ཐབས་སྐྱོ་བ་ཡིན་ཏེ། སྒོ་ཁའི་ཁྱི་རྒན་གྱིས་ནི་རང་ཉིད་ཀྱི་བདག་པོ་སུ་ཡིན་ངོས་ཟིན་ལ། དེ་ལ་དགའ་ཞེན་དང་རོགས་རམ་བྱེད། ཁྱེད་ཚོས་ནི་ཕྱོགས་རིས་ཀྱི་འདམ་རྫབ་རེ་མཐོང་ཚེ་ཁྱི་སྤྱང་ངུ་ངུ་བྱེད་ཀྱིན་ཡོད་ལ། རང་ཕྱོགས་མ་ཡིན་པའི་ཕུལ་བྱུང་གི་སྐྱེས་བུ་རེ་མཐོང་དུས་སྡུག་སྙིང་གས་གྲབས་ཀྱང་བྱེད་ཀྱིན་ཡོད།

ཁྱེད་ཚོས་རང་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་རྐུན་མ་དང་ཇག་པ་ཞིག་ཡིན་ཡང་དཀར་འདོན་བྱེད་པར་ཐེ་ཚོམ་མེད་ལ། རང་ཉིད་དང་མི་མཐུན་པའི་སྐྱེས་ཆེན་སུ་ཞིག་མཐོང་ནའང་ཆོ་ངེ་འདོན་པར་དེ་ལས་ཀྱང་ཐེ་ཚོམ་མེད། མདོར་ན། ཁྱེད་ཚོ་ནི་དྲང་བདེན་དང་གནས་ལུགས་མཐོང་བའི་དཔྱོད་ཤེས་ཀྱི་མིག་ཟུང་དབེན་པའི་ལོང་བ་ཡིན་ལ། ལ་རྒྱ་དང་རིགས་ཞེན་བོར་བའི་བོང་རྒན་ཙམ་ལས་ཅི་ཡང་མིན།

རྩོམ་ཡིག་འདི་ནི་སྤྱི་དོན་ཁ་འཁྱེར་དང་སྒེར་དོན་ཅན་གྱི་ཁྱི་རྒན་དག་ལ་དམིགས་ནས་བྲིས་པས། སྐྱ་སེར་དབྱེར་མེད། རིགས་རུས་དབྱེར་མེད། གྲལ་རིམ་དབྱེར་མེད། དགྲ་གཉེན་དབྱེར་མེད། ཆོལ་ཁ་དང་ཆོས་ལུགས་རིས་མེད་སོགས། མདོར་ན་སྐྱེ་བོ་སུ་ཞིག་གི་སྙིང་ན་སོང་ན། བློར་མ་བབས་སོང་ན། ཁོང་ཁྲོ་སོང་ན། གང་ལྟར་བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ལ་མི་འདོད་པའི་སྐྱེ་བོ་ཡོངས་ལ་དམིགས་ནས་བྲིས་པར་ངོས་ཟིན་པར་བྱོས། མདོར་བསྡུས་ན་ཁྱེད་ཚོ་མི་མིན།།

སྣ་ཚོགས།

Post navigation

Previous Post: ཀློག་པ་ལས་འབྲི་རྒྱུ་མང་མི་ཉན་པ་ནི་ཞིབ་འཇུག་གི་རྩ་དོན་ཞིག་རེད།
Next Post: དབྱངས་འབོད།

Comments (21) on “ཁྱེད་ཚོ་མི་མིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 8:59 am

    ང་ནི་ཁྱེད་ཁྱི་མི་སྐད་ལ་དགའ། ཁྱོད་ནི་ཁྱི་མིན།

  2. ཨ་ཁུ་འབྲོག་པ། says:
    2016-03-04 at 9:56 am

    གནད་ལ་འཁེལ་བའི་ཁ་ཏ། སྙིང་ནད་སངས་ལེ་འདྲ་གཅིག་གདའ། དྲག་ཞན་ཚང་མར་འཕོག་པའི་རེ་བ་ཡོད། ང་ལ་ནི་སྙིང་སྟེང་དུ་ཕོག་སོང་། ཨ་ར་ར།

  3. ལུང་ཤོར། says:
    2016-03-04 at 10:49 am

    འཕོག་ན་ཕན་པའི་རྟགས་རེད།

  4. ཟླ་བ། says:
    2016-03-04 at 11:10 am

    དུས་ཐོག་ཆར་པ།

  5. ཀློང་ཆུང་ says:
    2016-03-04 at 6:45 pm

    བཙན་བྱོལ་བ་ཚོར་རེ་བ་ཆད་སོང་། ད་ཁྱོད་ཚོ་མི་གསོད་རྟ་འཁྱེར་གང་བྱེད་ཀྱང་བྱོས། ངའི་རེ་བར་རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ་བོད་ལ་ལོག་ཕེབས། བློ་སེང་དང་སྤེན་ཚེ། ཁོང་ཚོའི་རྒྱུག་ཁྱི་ཚོ་ཡག་པོ་ཞིག་འཐབ་ཆུག

  6. ༄།།སྟར་བུ་དམར་བོ། says:
    2016-03-04 at 10:34 pm

    སྐད་ཆ་འདི་གཟས་ནས་འཕངས་ས་དག་གི་གནད་ཐོག་ལ་ཕོག་འདུག་སྟེ། ཕོག་ས་ཕོག་དགོས་ས་ཚོ་ནི། སྤྱི་ཚོགས་ཀྱི་གད་སྙིགས་དང་གླེན་པ་མུན་འཐོམས། དཀར་ནག་གོ་ལོག་ཏུ་མཐོང་མཁན་ཤ་སྟག་ཡིན་པས། ཁོ་བ་ཚོར་ཕོག་ཡོད་པ་དང་འཕངས་ཡོད་པ་ཤེས་ཀྱིན་མེད་པར་མ་ཟད། ད་དུང་། གཞན་ཞིག་ལ་ཕོག་གིན་ཡོད་པར་བསྒོམས་འདུག་པས། ཅུང་ཙམ་བློ་ཕམ་པོ་རེད་འདུག་ལ། གད་མོ་ལངས་པ་ཞིག་ཀྱང་རེེད། ཧུ་ཧུ་ཧུ། དེ་བས་སྐུ་ཉིད་ཀྱི་མདའ་མོ་རྣོན་པོ་དེས་དགོས་དོན་ཏག་ཏག་གྲུབ་མེད་ཚོད་རེད།

  7. ༄།།སྟར་བུ་དམར་བོ། says:
    2016-03-04 at 10:40 pm

    སྐལ་རྡོ་གཉེར་ཕྱག་ཡ། རྡོ་འཕངས་ཚད་ཀུན་པོ་ཁྱེད་ཀྱིས་དམུར་དགོས་པ་ཨེ་ཡོད། རྡོ་རེད་ཚང་མ་རུས་སྒོང་མ་རེད་ཡ།

  8. དགྲ་འདུལ། says:
    2016-03-06 at 1:18 am

    ད་ལྟ་ངོ་མ་བཤད་ན་ང་ཚོས་བསམ་བློ་གཏོང་དགོས་པ་ནི་ མི་སུ་ཡིན་པ་དང་ཁྱི་སུ་ཡིན་པ་དེ་རེད།

  9. དགྲ་འདུལ says:
    2016-03-06 at 1:32 am

    མཚོ་ནག་པ་ ད་ལྟ་བོད་ལ་ཚོན་ན་ཕྱོགས་གང་ཐབས་ནས་བོད་ཀྱི་རིག་གཞུང་ལ་གཙོ་བོར་བཟུང་ནས་རྒྱུད་འཛིན་བྱེད་མཁན་དེ་ནི་མི་ཡིན་པ་རེད། དཔེར་ན་ཟམ་གདོང་རིན་པོ་ཆེ་འདྲ།

  10. ཨ་མཆོག་རྡོ་བྷ། says:
    2016-03-06 at 2:34 am

    དེང་སྐབས་ང་ཚོ་བོད་ལ་མི་མེད་པ་རེད་། ཉམས་མྱོང་གཏན་ནས་མེད་པའི་མི་ཞིག་ཀྱང་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་གོ་གནས་ལ་འཛེགས་ཡོད།

  11. ཆོས་སྒྲོན། says:
    2016-03-06 at 3:50 am

    ཁྱི་དེ་ཚོས་རང་ཉིད་སྒེར་ལས་དང་པོ་བྱས་ནས། མི་མང་ལ་དཔལ་འབྱོར་ཐད་ནས་རོགས་རམ་དང་འཚོ་སྣོན་བྱས་ཐུབ་པའི་ཁས་བླངས་གཅིག་ཀྱང་མེད། སེམས་སྐྱོ་སོང་།

  12. རྣམ་རྒྱལ says:
    2016-03-06 at 4:24 am

    བློ་སེང་ནི་ཨ་རིའི་ཧྭ་ཝར་སློབ་ཆེན་ནས་ཐོན་པའི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཞིག་རེད། ནུབ་ཕྱོགས་སྟོབས་རྒྱས་རྒྱལ་ཁབ་ནས་ལོ་གང་མང་ཞིག་ལ་སློབ་གཉེར་བྱས། རང་དབང་དང་དམངས་གཙོ་ལ་མཁས་བའི་མི་ཞིག་ཡིན། བོད་མིའི་མ་འོངས་པའི་རེ་བ་ཡིན།

  13. མེ་ཏོག་བཀྲ says:
    2016-03-06 at 4:25 am

    རང་ཞེན་པ་རྒྱུ་མཚན་འགྲོ་ས་མེད་པ་དག་གིས་བཀླགས་ན་ཕན་ངེས། འོན་ཀྱང་རེ་བ་ཅང་མི་མཐོང་།

  14. ཆར་པ says:
    2016-03-06 at 5:53 am

    མི་དེ་ཚོས་ཤེས་ཡོན་ཆུ་ཚད་མཐོན་པོར་སོན་ཡོད་ཀྱང་སྲོག་ཆགས་ཀྱི་རང་གཤིས་ད་དུང་དོར་མེད། སྲིད་སྐྱོང་འོས་འདོན་ལ་ཁོ་ཚོ་ཟས་མ་ལོན་པའི་ཁྱི་བཞིན་རུས་པ་གཅིག་མཐོང་སོང་བ་ན་ཚང་མས་རུས་པ་དེ་ལ་མཆོངས་སོང་།
    ཁྱེད་ཚོ་ནི་སྒོ་ཁའི་ཁྱི་རྒན་ལས་ཀྱང་ཐབས་སྐྱོ་བ་ཡིན་ཏེ། སྒོ་ཁའི་ཁྱི་རྒན་གྱིས་ནི་རང་ཉིད་ཀྱི་བདག་པོ་སུ་ཡིན་ངོས་ཟིན་ལ། དེ་ལ་དགའ་ཞེན་དང་རོགས་རམ་བྱེད། ཁྱེད་ཚོས་ནི་ཕྱོགས་རིས་ཀྱི་འདམ་རྫབ་རེ་མཐོང་ཚེ་ཁྱི་སྤྱང་ངུ་ངུ་བྱེད་ཀྱིན་ཡོད་ལ། རང་ཕྱོགས་མ་ཡིན་པའི་ཕུལ་བྱུང་གི་སྐྱེས་བུ་རེ་མཐོང་དུས་སྡུག་སྙིང་གས་གྲབས་ཀྱང་བྱེད་ཀྱིན་ཡོད།

  15. བྱམས་པ། says:
    2016-03-06 at 6:14 am

    བློ་སེང་ལ་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་དོན་ཤེས་བྱར་རང་རྐྱ་མི་ཐུབ་པ།
    དེ་མིན་ཁྲིམས་རྩོད་པའི་ཡིག་རྒྱུགས་ཀྱང་འཕྲོད་མེད།

  16. གཡག་རྒན says:
    2016-03-06 at 8:21 am

    བོད་ཟེར་བ་མྱི་རེད་ལ་ཁྱི་རེད།
    རང་རྒྱལ་བརྒྱུད་རྫོགས་དུས་མྱི་རེད་ལ་ཁྱི་རེད།
    གྲུབ་མཐས་ནང་འཁྲུག་བྱེད་དུས་མྱི་རེད་ལ་ཁྱི་རེད།
    རང་ས་རང་ལུས་འཆོར་དུས་མྱི་རེད་ལ་ཁྱི་རེད།
    བླ་མ་བཙོན་ན་འཇུག་སྐབས་མྱི་རེད་ལ་ཁྱི་རེད།
    རང་དམངས་མེ་ལ་བསྲེགས་རྗེས་བྲོ་གར་འཁྲབ་པ་མྱི་རེད་ལ་ཁྱི་རེད།
    མང་གཙོ་ཐལ་ལ་འདེད་ནས་ལམ་ལུགས་སྨྲ་བ་མྱི་རེད་ལ་ཁྱི་རེད།
    མྱི་ཡིན་ཁྱི་ཡིན་དེ་འདྲ་རེད།
    གླུ་ཨ་ལ་ལ་མོ་ཨ་ལ་ལེན།

  17. ཁུ་བྱུག says:
    2016-03-06 at 8:27 am

    མང་གཙོའི་བཀག་རྡོ་ཡིན་ལ། ཡར་རྒྱས་ཀྱི་གཉའ་གནོན་ཡིན། མདུན་བསྐྱོད་ཀྱི་འགོག་རྐྱེན་ཡིན་ལ། ཆིག་སྒྲིལ་གཏོར་བྱེད་ཀྱི་འབར་རྫས་ཡིན། མི་རིགས་ཀྱི་ཞབས་འདྲེན་ཡང་ཡིན། ཁྱི་རྒན་དེ་ཚོ།

  18. ཆོས་སྐྱོང་། says:
    2016-03-06 at 8:36 am

    ད་ཆ་བོད་གཞུང་ནས་མ་འོངས་སྲིད་སྐྱོང་གི་འགྲན་རྩོད་ནང་ཞུགས་བཞིན་པའི་སྐབས་འདིར་བོད་ཕྱི་ནང་ས་གནས་གཉིས་ནས་བོད་ཀྱི་ན་གཞོན་གཉིས་ཀྱིས་རང་སྲོག་བློས་གཏོང་སོང་། དེ་ནས་ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་རང་ཉིད༢༠༡༦ ལོར་སྲིད་སྐྱོང་འོས་འདེམས་བྱེད་པར་ཆེད་དུ་དམངས་ཚོགས་དང་མཉམ་དུ་གླུ་གཞིས་ལེན་འདུག དེ་མཐོང་པ་ན་ཡིད་སེམས་སྐྱོ་སོང་། དུས་འདི་འདྲ་ཞིག་ལ་ཁོའི་བྱ་བ་འདི་འདྲ་བྱས བོད་མིའི་སྐྱིད་སྡུག་མ་ཤེས་ནི་རེད འདི་འདྲའི་སྲིད་སྐྱོང་མེད་ན་བཟང་། བོད་ལ་དགོས་པའི་སྲིད་སྐྱོང་ཁོ་བོ་མིན།

  19. ནག་ཐུག says:
    2016-03-07 at 1:06 am

    བོད་མི་མང་ཤས་ཀྱིས་
    དཔའ་བོ་དཔའ་མོ་དག་ལ་
    མྱ་ངན་ཡང་ཡང་ཞུ་འདུག
    འོན་ཀྱང་
    ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེས་
    གླུ་གཞིས་ཀྱི་ངང་ནས་
    མྱ་ངན་བྱེད་ཀྱིན་འདུག
    ཨ་ཧ་ཧ
    སེམས་པ་སྡུག་སྡུག

  20. ཨ་མཆོག་རྡོ་བྷ། says:
    2016-03-07 at 3:00 am

    བློ་བཟང་སེང་གེ་ལགས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་པ་ལ་འགྲེལ་ལོག་མ་རྒྱགས། ང་ཚོ་ཁྱེད་རང་གི་འགྲེལ་བཤད་རྫུན་མ་དེ་རིགས་ལ་སུན་སོང་། ཁྱེད་རང་གིས་འོས་ཤོག་སློང་རྒྱུ་ཨང་དང་པོར་བཞག་ནས། རྒྱལ་གཅེས་པ་ཚོའི་རོ་ཐོག་ནས་རྟ་རྒྱུགས་པའི་བྱེད་སྟངས་དེ་ང་ཚོས་ལོ་རྒྱུས་ཀྱི་ཟིན་ཐོ་ནས་གསལ་པོར་སྡོད་པ་ཞིག་བཟོ་རྒྱུ་ཡིན། འདི་ནི་ཁྱེད་རང་ལ་དམའ་འབེབས་བྱས་པ་མ་ཡིན་པར། ཁྱེད་རང་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དམའ་འབེབས་བྱས་པའི་བྱུང་བ་ཞིག་ཆགས་ཆགས་ཡོད། མ་འོངས་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་མཁན་མི་ཡོང་བའི་ཆེད་དུའང་ཡིན།

  21. ཚེ་རིང་ཤ་ལོ says:
    2016-03-08 at 3:24 am

    ད་ནི་འདིར་ཚོགས་དྲ་འབུ་རྣམས་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་ཨ་འཁོན་འཁོན་རེས་མ་བྱེད། ཨ་མཐུན་མཐུན་པོ་བྱས་སྡོད། བློ་བཟང་སེང་གེ་སེང་རེད།། རང་ལ་དམ་ཚིག་ལྡན་ན།། ཁྱི་རུ་འགྱུར་བ་མི་སྲིད།། རང་མི་བདེན་ཁར་ཤི་སོང་།། རང་གི་ཁེ་ཕོག་བསམ་ནས།། སྐད་ངག་གླུ་རུ་གྱེར་ནས།། ཕྱག་ཞབས་གཞས་ཆུང་འཁྲབ་སོང་།། མི་ཤེས་ཉེས་མེད་ཡིན་ན།། ཐོས་རྒྱ་རྒྱ་རུ་སོང་།། ཤེས་བཞིན་སྣང་མེད་བཞག་ན།། འདས་པོའི་རྣམ་ཤེས་ཉམས་ཆུང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme