Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་བྱོན་ནས་ད་བར་གྱི་ཕ་ཡུལ། ༼བོད་འབྱོར།༽

Posted on 2012-09-16 By ཁ་བརྡ་ 8 Comments on ཁྱེད་བྱོན་ནས་ད་བར་གྱི་ཕ་ཡུལ། ༼བོད་འབྱོར།༽

རྩོམ་པ་པོཿ ལྷ་རྩེའི་ཁུ་བྱུག མཁོ་འདོན་པཿ སྐྱོ་བྲག་དགའ་དབང་།

བསྐལ་བཟང་མེ་ཏོག་ལ་ཕུལ།

དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ང་ཚོའི་མི་རྣམས་ཀྱང་དེ་སྔོན་དང་ཁྱོན་ནས་མི་འདྲ་བར་ལུས་སེམས་གང་ལའང་འགྱུར་བ་ཕོན་ཆེན་ཐེབས་ཡོད་པ་སྟེ། མི་རྣམས་བློ་མིག་དྲུང་མདོག་ཆེ་ཙམ་སོང་ཡོད་ཙང་སྔར་གྱི་དད་སེམས་དང་ཡིད་ཆེས་མར་མར་འགྲིབ་ཀྱིན་འདུག །དཔལ་འབྱོར་ནི་ཡར་རྒྱས་ཞེ་དྲག་སོང་ཡོད་ཀྱང་དཔལ་འབྱོར་སྤྱོད་སྒོ་ལ་ཆེས་རྨོངས་པ་སྟེ།

མི་རིགས་དང་སྐད་ཡིག་སོགས་ལ་རྒྱབ་སྐྱོར་ཉུང་ཙམ་རེད། རིགས་རུས་ཚོགས་པས་དཔལ་འབྱོར་གསེར་སྐུ་བཞེངས་རྒྱུའི་རྒྱབ་རྩར་དགོན་པས་ཐབས་བརྒྱ་ཇུས་སྟོང་འཐེན་གྱིན་འདུག །དཔལ་འབྱོར་ཡོད་ན་འཇིག་རྟེན་ཁ་ལོ་བསྒྱུར་བའི་འདུ་ཤེས་ཧ་ཅང་ཟབ་པས། ཚ་རླབས་དེ་ནི་མང་ཚོགས་དང་དགོན་པའི་བར་འགྲན་པ་བཞིན་མཆེད་ཀྱིན་འདུག །ལྷག་པར་དུ་དགོན་པའི་གྲྭ་ཚང་ནང་ལ་དཔལ་འབྱོར་ཤེད་ཤུགས་ཐེབས་ཆེ་བས་རྒྱུ་མེད་ནི་མི་ཀུན་གྱི་རྡོག་རོལ་བརྩིས་མེད་དུ་གཏོང་གིན་འདུག །སྒུལ་ཤུགས་དེས་ཀུན་གྱི་སེམས་ན་སྒོར་མོའི་ཡོང་སྒོ་རྐྱང་ལ་འབད་ཀྱིན་ཡོད། བོད་དོན་ཐད་ཅུང་ཟད་གོ་རྟོགས་བཟང་དུ་སོང་ཙམ་དང་། ལག་ཏུ་མི་ལོན་པའི་ཁ་སྦད་ནི་ཅི་བས་ཆེ་བ་འདུག །ཀུན་གྱིས་བགྲོ་གླེང་དང་། ཚོགས་པ་ཟེར་ནས་མང་དུ་བཤད་ཀྱི་ཡོད། སྟོན་པ་ཚང་གི་གསེར་བསྟན་འདི་མི་འགྱང་མྱུར་དུ་བཞི་ཤད་འགོད་པའི་རྟགས་དང་། རྒྱུ། རྐྱེན། ཉེར་ལེན། ཚང་མ་འཛོམ་ནས་འདུག །ལོ་ཡི་མུ་ཁྱུད་སྐོར་ཞིག་སོང་མཚམས་ལུས་ཡོང་བ་ནི་རྡོ་བརྐོས་ཀྱི་སྐུ་གསུང་ཐུགས་རྟེན་འདི་ཚོ་ཙམ་དང་། ད་ལྟར་འགྲན་གྱིན་པའི་ལྷ་ཁང་གོག་པོ་དང་། མཆོད་རྟེན་ཞིག་རལ་འདི་ཙམ་ཡིན་ས་རེད། གཞན་པའི་ང་ཚོའི་འཚོ་གནས་འདི་ཚོ་ནི་བཤམས་སྟོན་ཁང་དུ་བཀྲམ་རྒྱུ་ཙམ་ལས་ལུས་དཀའ་འདུག །སྔར་ཡོད་པའི་འཚོ་ཆས་དེ་ཚོ་ད་ལྟ་བཙལ་ཡང་རྙེད་དཀའ་བ་རེད། འབྲོག་པས་ནོར་ལུག་བཙོང་ནས་ཟད་ལ་ཉེ་ཞིང་། ར་ལུག་ནི་སྐྱོ་བྲག་ནས་རླངས་འཁོར་ཉིན་ལམ་སོང་ཡང་མཐོང་དཀོན་པོ་རེད། ནོར་ཡང་ཉུང་ཉུང་ལས་མི་འདུག །ཞིང་པའི་ཞིང་ས་ཕན་མེད་ཀྱི་ཤིང་གླེ་བས་གང་ནས་ཡོད། དགོན་བླ་གྲྭ་ཚང་མ་ལ་རླངས་འཁོར་མེད་ན་མིང་གྲགས་འགྲིབ་པ་ལ་བརྟེན་ནས་ད་ཆར་ང་ལྟ་བུའི་མེད་པོ་སྐོར་ཞིག་ལས། རླངས་འཁོར་ཁ་རྟགས་བཟང་ཤོས་ཏེ། ཁལ་མགོ་རྟགས་ཅན། སུམ་ཐིག་རླངས་འཁོར། ཤར་གཟིག་རླངས་འཁོར། དེང་རབས་རླངས་འཁོར་ལྟ་བུས་གང་འདུག །གྲྭ་ཆས་ཅན་ཁ་བཏོན་འདོན་མཁན་ལ་རྨོངས་དད་ཅན་དང་ཀླད་པ་ལྗང་གུ་ཅན་སོགས་ཀྱིས་འཛེར་གྱིན་འདུག །གྲྭ་པ་ཆོས་སེམས་ཅན། དྲང་བདེན་ཅན། ཉེ་རིང་མེད་པ། མི་གཞི་བཟང་བ། ཤེས་རབ་ཅན། ཆོག་ཤེས་ཅན། གུ་ཡང་ཅན་ནི་ཕར་ཆེ་ཡོད་དཀའ་འདུག །ལྐོག་གཡོ་ངན་སེམས་དང་། དབྱེན་དང་ཕྲ་མ་དག་ནི་དེང་སང་བླ་གྲྭ་དང་དགོན་སྡེ་ཚོའི་ཉམས་ལེན་གཙོ་བོ་ཡིན་ས་རེད། ཕྲན་ལ་གླེང་འོས་པའི་བྱ་བ་དཀར་པོ་བཙལ་ཡང་མི་རྙེད་པར་རང་རྒྱུས་རང་ལ་ཆེ་བས་ཞིབ་ཏུ་བསམ་ན། གཞན་ལ་བསམ་ནག་དང་། དབྱེན་སྦྱོར་ཕྱོགས་ཁག །མི་ལ་ཁྱད་གསོད་དང་། གླེང་ཕྱོགས་བཟོ་བའི་ལས་ཀ་ཅུང་ཙམ་ཡང་མེད། དེ་ནི་ཕར་ཆེ་ཕ་མ་བཟང་པོའི་གཤིས་ཀ་དང་། ཡང་ན་སྔར་ཆུང་དུས་སུ་བླ་མ་བཀའ་དྲིན་ཅན་དང་། དཔེ་ཆ་སློབ་གཉེར་སྐབས་སུ་མཆེད་གྲོགས་ཁྱེད་རྣམས་བཟང་བས་ཡིན་ས་རེད། དེ་ནི་ངའི་བཟང་ཕྱོགས་ཡིན། ལོ་རེ་ནས་ལོ་རེ་སོང་དུས་བཟང་སྤྱོད་ཀྱི་བྱ་བ་ཇེ་ཉུང་དང་། སྒེར་དོན་གྱི་འདོད་རྔམ་མེ་བཞིན་འབར་གྱིན་པ་འདིའི་ནང་དུ་ཁ་ཁོག་གཅིག་ཅིང་། ལས་འབྲས་ལ་བརྩི་བཀུར་ཡོད་མཁན་དག་ནི་གླེན་པ་ཁ་ནག་ཅིག་ཏུ་ངོས་འཛིན་གྱི་ཡོད་པ་འདྲ། སྔར་དང་མི་འདྲ་བར་ད་ལྟའི་མི་ལ་བཅོས་མིན་གྱི་འཛུམ་དང་། ལྷིང་འཇགས་ཀྱི་ངོ་བོ་མཐོང་རྒྱུ་ཉུང་ཞིང་། རང་གཞན་ཚང་མའི་སེམས་ལ་བྲེལ་ཟིང་གི་ཚོར་བས་བཙེས་ནས་འདུག །ནང་ཆོས་ཀྱིས་ལུས་སེམས་བཅིངས་གྲོལ་བཏང་མྱོང་བ་ཚད་མ་ཡིན་མོད། ད་ཆར་གཞོན་སྐྱེས་ཧམ་པ་ཅན་ཚོས་ཆོས་ནི་ལྕགས་སྒྲོག་དང་། གཉའ་ཤིང་ལ་ངོས་འཛིན་པ་མང་པོ་ཡོད། ལྟ་བ་གསར་རྙིང་གི་འཐབ་ར་འདི་ན་ལུས་སེམས་ཤིན་སྦྱང་གི་བདེ་བ་འདོད་མཁན་དག་ནི་མི་སྨྲ་དབེན་པར་བསྟེན་ན་ལེགས་པར་གོ་སོང་།
༢༠༡༢-༩-༡༦

སྣ་ཚོགས།

Post navigation

Previous Post: ༄༅།།བྷོ་ཊའི་ལྗོངས་ཀྱི་མཚན་བྱང་ལ་དཔྱད་པ་ཉུང་ངུ་།
Next Post: དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་གཟབ་རྒྱས་ཞུས་པ།

Comments (8) on “ཁྱེད་བྱོན་ནས་ད་བར་གྱི་ཕ་ཡུལ། ༼བོད་འབྱོར།༽”

  1. གནམ says:
    2012-09-16 at 9:50 am

    དེ་འདྲ་ཞིག་ཡིན་ན་ཡག་པོ་རེད། བྱ་བ་ཅི་ཞིག་ལས་ན་དང་པོ་རང་གཞན་ལས་རྒྱལ་དུ་འཇུག་པ་ནི་རྩ་བའི་དམ་བཅའ་རེད། དེ་ལ་འགྲན་རྩོད་དགོས་དང་དགོས། འདི་ནི་འཇིག་རྟེན་གསར་བའི་རྗེས་སྙེག་སྟངས་ཀྱི་གོམ་པ་དང་པོ་དེ་རེད། འཛམ་གླིང་ཡར་རྒྱས་ཅན་གང་ན་ཡང་དེ་ལྟར་ཉིན་དང་མཚན། ཟླ་དང་ལོ། ལོ་དང་ལོ་ལ་འཐམ་དེ་འགྲོ་དང་འགྲོ་བཞིན་པ་རེད། རྒྱུ་མཚན་དེའི་ཆེད་དུ་ཁྱིམ་ཚང་ནས་ཚོགས་སྡེ། ཚོགས་སྡེ་ནས་རྒྱལ་ཁབ་བརྒྱུད་ཕྱོགས་གང་ནས་ཡར་རྒྱས་ཀྱི་ངོ་བོར་འབུར་བཞིན་པ་འདི་རེད། དེ་ཡག་པོ་རེད། ཡིན་ན་ཡང་ང་ཚོའི་བོད་པ་ཚོ་གཞན་དང་མི་འདྲ་ས་ཞིག་ཡོད་ནོ། རང་རྒྱལ་བའི་ལས་ལ་མི་འབད་པར་གཞན་འདུལ་བའི་ལས་ལ་བརྩོན་པ་ནི་ང་ཚོའི་ཆེས་ཞན་ཆ་ཞིག་རེད། རང་གཞན་གཉིས་ཕུང་གི་བྱ་བ་རེད། དེའི་ཕྱོགས་ན་རྒྱལ་ཁ་ཞིག་མེད་པ་ཤེས་ནས། སྔར་ལྟར། འབྲོག་པས་རི་མགོ་ནས་གླུ་གྱེར་ནས་མི་ཉལ་བ། གྲྭ་བས་དགོན་པ་ནས་སྒོམ་བརྒྱབ་ནས་མི་ཉལ་བ། རོང་བས་རོང་ས་ནས་མེ་ཤིང་བསྒྲུག་ནས་མི་ཉལ་ཟེར་ན་དེ་ནི་གཏམ་བཟང་ཞིག་རེད། དེ་མིན་ཆོས་ལ་དད་པ་མེད་ཟེར་བ་དང་ཆོས་ཡག་པོ་མེད་རབས་བཤད་མཁན་གྱི་མི་བུ་ལ་སྐྲག་དགོས་པ་མ་རེད། དེ་དག་ལ་ཡ་མཚན་རིག་པའི་མིག་མེད་སོང་བ་རེད། དཀར་ནག་འབྱེད་པའི་བློ་མེད་སོང་བ་རེད། སྤྱི་ཚོགས་སྐྱོང་བའི་ཇུས་མེད་སོང་བ་རེད། མཐའ་སྔ། འདི་དག་གིས་སྐབས་རེར་རང་ཤི་རྒྱག་པ་དང་མཚམས་རེར་སྤྲང་བོར་སྡོད་པ་སོགས་རང་གཞན་སུ་ལ་ཡང་དགོས་མེད་ཞིག་དུ་ལྷག་འགྲོ་བས་ན་སྙིང་རྗེ་སྒོམ་དགོས་པ་ལས་དགྲ་ཟླ་ལ་ལངས་མི་ཉན། བོད་འདི་ཡར་རྒྱས་ཅན་ལ་འགྲོ་དགོས་ན། ས་ཐོག་གི་འབུ་གཅིག་པོ་བཏུས་ནས་ཡོང་ནི་ཞིག་མ་རེད། ད་ས་འོག་གི་གཏེར་ཡང་སྔོག་དགོས་པ་རེད། ཤུགས་རྒྱོབས།

  2. ལྷ་སྲས་ཐ་ཆུང་། says:
    2012-09-16 at 2:51 pm

    དེང་སང་གི་གྲྭ་བ་ཚོ་ཡིན་ན་དགོན་པ་ནང་ལ་སྒོམ་མི་རྒྱག་རང་རྒྱག་རེད། གཞུང་འབྲེལ་མིན་པའི་ཚོགས་པ་རེ་ཟུང་གི་བྱེད་སྟངས་ཀྱི་དབང་གིས་གྲྭ་ས་ཁག་ལ་སྒྲིག་གཞི་གསར་བ་ཞིག་བཟོ་ཡོད་པ་ནི་འདི་ལྟར་། གྲྭ་བ་སུ་དང་སུ་ཡིན་རུང་གཞུང་འབྲེལ་མིན་པའི་ཚོགས་པ་གང་རུང་དུ་ཞུགས་མི་ཆོག་པ་མ་ཟད་གཞུང་འབྲེལ་མ་གཏོགས་པའི་ཚོགས་པ་གང་ཞིག་ལས་འགུལ་སྤེལ་ཀྱང་ལས་འགུལ་ནང་དུ་ཞུགས་མི་ཆོག་པ་དེ་རེད། དེར་བརྟེན་སློབ་གཉེར་ལ་བརྩོན་བཞིན་པའི་གྲྭ་རྐྱང་དེ་ཚོ་་ཡིན་ནའང་རང་ཉིད་ཀྱི་མདུན་ལམ་ལ་བསམ་ཏེ་ཐོས་བསམ་སྒོམ་གསུམ་མི་བྱེད་རང་བྱེད་རེད།

  3. གནམ says:
    2012-09-16 at 11:59 pm

    རྐུབ་འཛུག་སའི་ལུང་པ་མེད་པར་སྒོམ་རྒྱག་གི་ཡིན་ཟེར་ན་འདོད་པ་རེད། ཡིན་ན་ཡང་། ང་ཚོ་ལ་རྒྱ་གར་ན་སྐྱབས་བཅོལ་ཐོབ་ཐང་མེད་པ་ཤེས་དགོས་པ་རེད། དེ་མིན་ན་ལུང་པ་གཞན་ལ་སྐྱབས་བཅོལ་དགོས་བ་རེད། ཡང་ན་རྒྱ་གར་གཞུང་ལ་སྐྱབས་བཅོལ་གྱི་བདག་དབང་བརྩོད་པར་ཡར་ལངས་བྱེད་དགོས་བ་རེད། འཆར་གཞི་གང་ཡང་མེད་པར་རང་མགོ་གཡོག་པ་ནི་བཙན་བྱོལ་མགོ་བདེ་བ་ཁ་ཤས་ཤིག་གིས་ང་ཚོ་འགྲོ་ས་དང་འདུག་ས་མེད་པའི་གནས་ལ་བསྐྱལ་དང་སྐྱོལ་བཞིན་པ་འདི་མགོ་ཚོས་ན་ཡག་པོ་ཡོད་པ་རེད། དེ་མིན་ཁོ་ཚོ་ཚང་མ་རྒྱལ་ཁབ་གཞན་ལ་འཕུར་ཆོག་ཆོག་རེད། དཀོན་མཆོག་གསུམ་ཤེས་བ་བཅོས། ཡང་ན་ང་དང་ཁྱོ་མི་ཟེར་བར་མཉམ་དུ་བོད་དོན་ལ་རྒྱུག་རྐྱང་བྱེད་དགོས་པ་རེད།

  4. མིག་ཤེལ་ says:
    2012-09-17 at 12:43 am

    ལོ་མང་རིང་མ་མཇལ་བའི་མཁན་པོ་དགའ་དབང་གིས་དོན་གནད་ཕན་གསུམ་ཚངབའི་་གསུངས་ཚིག་ཟབ་མོ་ཞིག་བཙལ་འདུག་པས་བཅོས་མེད་ཡིད་ཀྱིས་མངོན་པར་བསྟོད་དོ།

  5. ཉི་འོད་གྲོངས says:
    2012-09-17 at 8:04 am

    དགའ་ཝང་་ལགས་ལེགས་སོ།

  6. འཁྱམས་པོ།། says:
    2012-09-17 at 9:34 am

    ཡུན་རིང་གུས་པའི་སེམས་ནང་ཉར་བའི་རྡོག་ཁྲེས་ཆེན་པོ་དེ་ཡིག་ཐོག་ཇི་ལྟར་ཕབས་དགོས་མིན་མ་ཤེས་པའི་སྐབས་དེར་མཁན་ལགས་ཀྱིས་ཇི་མ་ཇི་བཞིན་བྲིས་གནང་འདུག་པས་སྙིང་དབུས་ནས་གུས་འདུད་དང་རྗེས་སུ་ཡི་རང་ཞུ་བ་ཙམ་མ་ཟད། དོན་དངོས་ཐོག་དེ་ག་རང་ཡིན་པའི་བཅོས་མིན་ཚོར་སྣང་གསོན་པོ་ཞིག་གུས་པ་ལའང་རྒྱུན་དུ་ཡོང་བཞིན་པ་ལགས།།

  7. གངས་དཀར་ says:
    2012-09-17 at 11:25 pm

    འདི་འདྲའི་བསྟན་པའི་ཉམས་རྒུད་སྐབས་བོད་ཀྱི་བླ་ཆེན་རྣམས་ནས་ཇི་ལྟར་འགོ་ཁྲིད་དང་ལམ་སྟོན་ཡོད། བོད་ཀྱི་བླ་ཆེན་མང་པོ་ཞིག་ནི་ཐོབ་ཐང་འདོད་ལ་འགན་ཁུར་མེད་པ་མང་བས་ད་ཅི་བྱེད

  8. རང་དབང་། says:
    2012-09-19 at 6:59 pm

    ལྷ་རྩེ་ཁུ་བྱུག་གིས་སྐྱོ་བྲག་དགའ་དབང་བརྒྱུད་ནས་སྐལ་བཟང་མེ་ཏོག་ལ་ཕུལ། ཧཧཧ སྐྱོ་བྲག་དགའ་དབང་དེ་ཕལ་ཆེར་མཁན་པོ་དགའ་དབང་ཟེར་བ་དེ་འདྲ། ལྷ་རྩེ་ཁུ་བྱུག་དང་སྐལ་བཟང་མེ་ཏོག་གཉིས་ནི་གསང་བའི་ལྐོག་གྱུར་རང་རེད། དེ་སྔ་སུས་ཀྱང་ཤེས་མྱོང་མེད་ལ་མ་འོངས་མ་ཡང་ཤེས་མཁན་ཡོང་མི་སྲིད། གལ་ཤེས་དགོས་ན་སྐྱོ་བྲག་དགའ་དབང་རང་འདྲི་དགོས། ང་རང་ནི་མ་ཤེས་ན་ཡང་ཁྱད་པར་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme