Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཕེབས་ཤུལ་དུ།

Posted on 2020-10-182020-10-18 By ཁ་བརྡ 2 Comments on ཁྱེད་ཕེབས་ཤུལ་དུ།

གངས་དཀར་སེམས།
 
ཁྱེད་ང་ཚོ་དང་ཁ་བྲལ་སོང་།
ལོ་རྒན་ ༩༤ མི་ཡུལ་འདིར་བཞུགས་རྗེས།
ཁ་སང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན།
ཁྱེད་ཕྱིའི་རྒྱལ་ཁབ་ཏུ་སྐུ་གྲོངས་པ་རེད།
ངས་མ་ཎི་ཁ་ནས་འདོན་བཞིན།
སླར་མིག་ནས་མཆི་མ་ཤོར་བཞིན།
དགུང་ལོ་གོ་བཞིའི་ནང་གི་བགྲང་བྱ་སོ་གྲངས་ཙམ།
མུན་ནག་གི་བཙོན་དུ་ཚུད་མྱོང་བའི་ཁྱེད་ཀྱི་ལོ་རྒྱུས་ལ།
ཕྱི་དྲན་ཐེངས་ཤིག་བྱས།

ངས་དཀར་གཙང་གི་གུས་བཀུར་མཐོན་པོས།
ཁྱེད་ཡུལ་གྱར་གྱི་ལྟེ་གནས་སུ་མཇལ་བའི་བསྐལ་བ་བྱུང་མྱོང་།
ངས་ཁྱེད་ཀྱི་ལོ་རྒྱུས་རྒྱ་རྩོམ་དུ་བསྒྱུར་བསམ་པ་ཞིག་ཡོད་ཀྱང་།
དེ་མངོན་འགྱུར་མ་བྱུང་བ་དེ་ངའི་འགྱོད་ས་གཅིག་ཡིན།

རང་རིགས་ལ་བཞག་པའི་བྱས་རྗེས་རླབས་ཆེན་དེའི་རྗེས་སུ།
ཁྱེད་ཞལ་ཟོལ་མེད་ཀྱི་འཛུམ་མདང་དེ་དང་།
ཁྱེད་ཐུགས་གངས་དཀར་ལྟ་བུའི་ལྷག་བསམ་རྨ་མེད་དེ།
སྔར་བཞིན་ཉམས་མེད་པ་ནི།
ང་ལ་མཚོན་ན་ཁྱེད་སྐུའི་རིན་ཐང་ཆེ་ཤོས་ཡིན།

ཚང་མས་ཆབ་སྲིད་ཀྱི་རླུང་གཡུག་ཕྱོགས་དང་འབྲེལ།
རང་སོ་སོའི་ཁུངས་ལུང་བཙལ་ནས།
ཕྱོགས་གཏོགས་ཀྱི་ཁེ་བཟང་ལ་འུར་ཆེ་ཞིང་།
རིགས་སྤྱིའི་མཐུན་མོང་གི་མཐུན་སྒྲིལ་ལ་རྨ་བཟོ་སྐབས།
ཁྱེད་ཀྱིས་རྒྱལ་བའི་དགོངས་བཞེས་ལྟར།
ནུབ་ཕྱོགས་པའི་ཤེས་བྱར་འཇོན་པའི་གཞོན་དར་ཞིག
ང་ཚོའི་དཔོན་ལ་བསྐོས་ན་བཟང་ལུགས་གསུངས་སོང་།

ཁྱེད་སླར་ཕྱི་རྒྱལ་གཉིས་པ་ཞིག་ལ་ཕེབས།
ངུ་བྲོ་བའི་གནས་སྟངས་ཤིག་གིས།
ཡང་ངའི་སེམས་པར་རྨ་ཁ་བཟོས།
དགོང་ལོའི་བབས་དང་།
སྐུ་ཚེའི་མྱོང་ཚོར་དེ་དག་གིས།
ཁྱེད་ལ་སླར་རང་དབང་ལུང་པ་ཟེར་བ་འདི་ནས།
དཀའ་ངལ་དེ་འདྲ་ཞིག་མྱོང་དགོས་པ་རྩ་བ་ནས་མེད།
གནས་སྟངས་དེ་ལེགས་ཉེས་ཅི་ཞིག་ཡིན་ཡང་།
ངས་རྒྱུ་མཚན་གང་ཡང་རྩད་གཅོད་འདོད་མེད།
ཁྱེད་ལ་སླར་ཐུགས་ཕམ་བཟོས་པ་དེར་ངས་བཟོད་མ་ཐུབ།
ངས་སྐད་ངག་འདར་ཞིང་།
གྲོས་ཚོགས་ཀྱི་ར་སྐོར་དེར་ཁྱེད་ཀྱི་ངལ་བའམ།
ཁྱེད་ཐུགས་ཕམ་དགོས་བཟོས་པ་ཚོར།
ངར་སྐད་ཀྱིས་འཁང་ར་ཐེངས་གཅིག་བསྒྲགས།

ཁྱེད་ལ་ངོ་མ་ཁག་མེད།
ངས་ཀྱང་ད་ལྟའི་ཆར།
ཕྱི་རྒྱལ་མགོ་སེར་ལུང་པ་འདི་ནས།
རང་རིགས་ཀྱི་བཟང་སྤྱོད་དང་ལ་རྒྱ་ངོ་མ་དེ།
སྤྲིན་ཕུང་ལྟར་ཡལ་བཞིན།
ཕྱོགས་རྟོགས་ཚོའི་དགོས་མཁོ་དང་།
ཆབ་སྲིད་ཀྱི་ལག་ཆར་བསྒྱུར་བའི།
གནས་སྟངས་སྐྱུར་མོ་དེ་མྱོང་བཞིན་ཡོད།
ཡ་རབས་བཟང་སྤྱོད་ཁ་ཙམ་ལ་འཁྱེར་ནས།
རྒྱ་བཙོན་དུ་བསྡད་མྱོང་ཞེས་བགྲང་བྱ་བརྩིས་ཏེ།
ཁེངས་དྲེགས་ཀྱི་རང་མདོག་བཏོན་མཁན།
སྒེར་གྱི་འདོད་དོན་སྒྲུབ་ཕྱིར།
མ་རབས་སྤྱོད་ངན་ལུས་ཀྱིས་ངོམས་ཅིང་།
དོན་དམ་པའི་རང་རིགས་ཀྱི་ལ་རྒྱ་དང་བཟང་པོར།
གཏོར་གཤིགས་གཏོང་མཁན་ད་དུང་ཡང་།
ང་ཚོའི་སྤྱི་ཚོགས་སུ་ཡོད་པ་ཁྱེད་ཀྱིས་མཁྱེན་ཡོད་ངེས།

དེའི་རྐྱེན་གྱིས།
ངས་ཁྱེད་ཀྱི་དྲང་བདེན་གཡོ་ཟོལ་བྲལ་བའི།
མི་གཤིས་ཀྱི་རིན་ཐང་དེ།
སླར་ཡང་གསེར་གྱི་ལྷུན་པོ་ཡིན་པ་རྟོགས་བྱུང་།
ཁྱེད་ཕེབས་ཤུལ་དུ།
ངས་མ་ཎི་འབྲུ་དྲུག་བགྲང་བཞིན།
ངས་སེམས་ཀྱི་སྡུག་ཚོར་མྱོང་བཞིན།
ཅིའང་ཞུ་མི་ཐུབ་པ་འདི།
ངའི་ཐ་ཤལ་གྱི་གནས་སྟངས་གསོན་པོ་ཡིན།
ཁྱེད་ཀྱང་རྒན་རབས་ལྷག་བསམ་ཟོལ་མེད་ཅན་གཞན་ལྟར།
སླར་ཡང་ང་ཚོའི་རྩ་བའི་བླ་མ་དང་མཉམ།
གངས་ཅན་པའི་ཕ་ས་མ་གཞིས་སུ།
ཕྱིར་བདེ་བའི་སྒོ་ནས་ཕེབས་མ་ཐུབ་པ་དང་།
རང་རིགས་ཀྱི་དོན་དམ་པའི་བྱང་སེམས་ཀྱི་ཤུལ་འཛིན་ནས།
བླ་སྲོག་འཁོར་ས་གངས་ཅན་པའི་ཞིང་དུ།
བདེ་སྐྱིད་དང་རང་དབང་གི་སྐུ་ཚེའི་མཇུག་སྐྱོང་མ་ཐུབ་པ་ནི།
ཕྱི་ནས་མཐོང་མི་ཐུབ་ཅིང་།
གཞན་གྱིས་ཚོར་མི་ཤེས་པའི།
གཏིང་རིམ་ནས་མྱོང་བཞིན།
བཟོད་མི་ཐུབ་པའི་ང་ཚོའི་སྡུག་གི་ཟུག་གཟེར་གཞན་ཞིག་ཡིན།

༢༠༢༠ ཟླ་ ༡༠ ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་དོན་དམ་གྱི་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་སྐུ་གྲོངས་པའི་སྐྱོ་གནས་ཐོས་རྗེས་ཨོ་གླིང་རང་ཤག་ཏུ་བྲིས།

སྙན་ངག

Post navigation

Previous Post: དུས་མ་ཡིན་པའི་འཆི་བ་ལས་ཟློག་པའི་ཐབས།
Next Post: སྲིད་སྐྱོང་འོས་མི་སྐལ་རྡོར་རོབ་གླེང་།

Comments (2) on “ཁྱེད་ཕེབས་ཤུལ་དུ།”

  1. བསམ་ཤེས། says:
    2020-10-18 at 11:16 pm

    མིང་དོན་མཚུངས་པའི་དཔའ་བོ་ལ། ལུས་ངག་ཡིད་ཀྱིས་ཕྱག་འཚལ་ནས། སླར་ཡང་བོད་ལ་སྐུ་སྐྱེས་ནས། གངས་ཅན་པ་རྣམས་འདྲེན་གྱུར་ཅིག

    ཁྱོད་ཀྱི་བློ་སྟོབས་ཇོ་མོ་གླང་། ཁྱོད་ཀྱི་ལྷག་བསམ་གངས་ཏི་སེ། ཁྱོད་ཀྱི་ལ་རྒྱ་གཉན་ཆེན་ཐང་། ཁྱོད་ཀྱི་གདུང་བཞེན་ཨ་མྱེས་རྨ། ཁྱེད་ཀྱི་གཟི་ལྗིད་ཁ་བ་དཀར།

  2. ཀརྡོ་རབ་འབྱམས་པ་ says:
    2020-10-19 at 1:01 am

    སྟ་ནག་ཕེབས་སྐྱེལ་གུས་ཚིགས་སུ།
    ་
    གངས་ལྗོངས་བོད་ཀྱི་རི་སུལ་དུ།
    གངས་སེང་མི་འདུག་མ་ཟེར་ཅིག
    སྟ་སྣ་འཇིགས་མེད་བཟང་པོ་དེ།
    གངས་སེང་མིན་ན་ག་རེ་རེད།
    ་
    ལྷ་ས་ས་བོད་ཀྱི་རྒྱལ་ས་རུ།
    དཔའ་བོ་མི་འདུག་མ་ཟེར་ཅིག
    སྟ་སྣ་འཇིགས་མེད་བཟང་པོ་དེ།
    དཔའ་བོད་མིན་ན་ག་རེ་རེད།
    ་
    བོད་རིགས་མིའུ་དུང་དྲུག་ལ།
    དཔའ་མཛངས་མི་འདུག་མ་ཟེར་ཅིག
    སྟ་སྣ་འཇིགས་མེད་བཟང་པོ་དེ།
    དཔའ་མཛངས་མིན་ན་ག་རེ་རེད།
    ་
    ལ་རྒྱ་ཡོད་མཁན་ཁྱོད་ལ་ཟེར།
    རང་བཙན་རྩོད་མཁན་ཁྱོད་ལ་ཟེར།
    དབུས་ལམ་རྩོད་མཁན་ཁྱོད་ལ་ཟེར།
    དལ་འབྱོར་དོན་ལྡན་ཁྱོད་ལ་ཟེར།
    ་
    གཞིས་བཞུགས་བྱས་རྗེས་ཁྱོད་ཀྱིས་བསྟན།
    བཙོན་ཟུར་ལམ་ཁན་ཁྱོད་ཀྱིས་བསྟན།
    མི་ལུས་ཚེ་མཐར་ཁྱོད་ཀྱིས་བསྟན།
    ཕྱི་རྒྱལ་གོ་སྟབས་ཁྱོད་ཀྱིས་བསྟན།
    ་
    ཁྱེད་ཕེབས་པའི་ཕེབས་ཤུལ་དུ།
    བུ་ང་ཡང་སེམས་ཤུགས་འཕེལ།
    ཁྱེད་ཕེབས་པའི་ཕེབས་ཤུལ་དུ།
    མི་ང་ཡང་ལ་རྒྱ་རྒྱས།
    ་
    ཁྱེད་ཕེབས་པའི་ཕེབས་ཤུལ་དུ།
    བོད་རང་བཙན་རྩོད་མཁན་མང་།
    ཁྱེད་ཕེབས་པའི་ཕེབས་ཤུལ་དུ།
    བོད་དབུས་ལམ་འགྲོ་མཁན་མང་།
    ་
    ཁྱོད་གསོན་དུས་བོད་མི་ཡོངས་ཀྱིས་བཀུར།
    ཁྱོད་ད་ལྟ་འདས་པར་མྱ་ངན་གུས་དུད་ཞུ།
    ཁྱོད་ལས་དུས་བོད་རིགས་ཡོངས་ཀྱིས་དགའ།
    ཁྱོད་ད་ལྟ་འདས་པར་མྱ་ངན་གུས་དུད་ཞུ།
    ་
    ཀརྡོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme