Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཀྱིས་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་བ་ཞིག་བྲིས་སོང།

Posted on 2021-04-272021-04-27 By འཚོ་བྱེད་བུ 3 Comments on ཁྱེད་ཀྱིས་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་བ་ཞིག་བྲིས་སོང།

ཆུ་རླངས་འབྲུག་བྱམས།

མི་མང་གིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ཅིང་མང་གཙོའི་ལམ་ནས་འོས་འཕངས་སྟེ་སྲིད་སྐྱོང་ལ་བདམ་ཐོན་བྱུང་པའི་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་གཏམ་བཤད་ཅིག་གི་ཁྲོད་ནས་རང་ཉིད་ལ་འོས་ཤོག་ཐོབ་ཆེད་མི་མང་གི་ཚེ་སྲོག་ལ་རྩེད་མོ་མི་རྩེད་རྒྱུ་དམ་བཅའ་བཞག་སོང། རྒྱ་ནད་ COVID 19 ནི་དུས་རབས་ཉེར་གཅིག་ནང་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་འཕྲོག་མཁན་ཞིག་ཏུ་གྱུར་ཡོད། ཉིས་སྟོང་ཉི་ཤུ་དང། 

ཉིས་སྟོང་ཉེར་གཅིག་ལོར་མི་མང་འདུ་འཛོམས་ཅི་ཙམ་བྱས་བ་དེ་ཙམ་གྱིས་ནད་ཡམས་དེ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པས་ན། སྲིད་སྐྱོང་གི་འོས་ཐོབ་ཆེད་ཕྱོགས་སྐྱོད་དུ་མི་འགྲོ་རྒྱུ་ཐག་གཅོད་གནང། ད་དུང་སྤེན་པ་ཚེ་རིང་ལགས་ཀྱིས་བཤད་རྒྱུར། ད་ཐེངས་ཀྱི་སྲིད་སྐྱོང་འོས་བསྡུའི་ཁྲོད་མིག་དཔེ་ཡར་བལྟ་བྱེད་ས་ཞིག་འཇོག་གི་ཡིན་ཅེས་ཁས་ལེན་དམ་བཅའ་བཞག་ཡོད། ཁ་དོན་ཚིག་ལ་གནས་པའི་ཕོ་རབ་ཅིག་ནི་སྐུ་ཞབས་སྤེན་པ་ཚེ་རིང་ལགས་རེད། ཁོང་ནི་ང་ཚོས་འོས་བླུགས་ནས་བདམ་པའི་འགོ་ཁྲིད་ཐེངས་གསུམ་པ་དེ་ཡིན།

ཁྱེད་གྱིས་ལོ་རྒྱུས་ཀྱི་ནང་དུ་ཟིན་ཐོ་གསར་བ་ཞིག་བྲིས་སོང། ང་ཚོ་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ནང་གི་མང་གཙོའི་ལམ་དུ་འགྲོ་མཁན་རྒྱལ་ཁབ་དེ་དག་ལ་ཡང་མིག་དཔེ་ཡར་ལྟ་བྱེད་ས་ཞིག་བཞག་སོང། ད་ལྟའི་བར་དུ་མང་གཙོའི་ལམ་ལུགས་ནང་བདམ་ཟིན་པའི་སྲིད་འཛིན་དང་སྲིད་བློན་གང་འདྲ་ཞིག་ཡིན་རུང། རང་ཉིད་ལ་འོས་ཐོབ་ཆེད་སྒོར་མོ་ས་ཡ་མང་པོ་བཏང་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་མ་སྤེལ་མཁན་སུ་གཅིག་ཀྱང་བྱུང་མེད། མི་མང་ལ་དངུལ་གྱིས་བསླུ་བྲིད་གཏོང་བ་དང། ཆབ་སྲིད་གྱི་དྲིལ་བསྒྲགས་སྤེལ་ནས་ཁེ་ཕན་མི་ལེན་མཁན་གྱི་སྲིད་དོན་པ་སུ་གཅིག་ཀྱང་བྱུང་མེད། འདི་ནི་འདས་པའི་མང་གཙོའི་ལམ་ལུགས་ཁྲོད་སྲིད་འཛིན་དང་སྲིན་བློན་གང་རུང་ཞིག་བདམ་པའི་སྐབས་སུ་དངུལ་གྱི་འགྲོ་སོང་གཏོང་བ་དང་ཆབ་སྲིད་དྲིལ་བསྒྲགས་བྱེད་པའི་ལམ་ལུགས་སྲོལ་ཞིག་ཏུ་གྱུར་ཡོད། ཡིན་ནའང། ཉིས་སྟོང་ཉེར་གཅིག་ལོར། བོད་ཀྱི་སྲིད་སྐྱོང་འོས་མིའི་ཁྲོད་ནས་སྒོར་གཅིག་ཀྱང་འགྲོ་སོང་མ་བཏང་བར་རྒྱལ་ཁ་ཐོབ་མཁན་ནི་སྐུ་ཞབས་སྤེན་པ་ཚེ་རིང་ལགས་རེད། 

ཁོང་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གྲོང་ཚོ་གསུམ་པ་ནས་ཕྱི་ལ་ཐོན་མེད་ལ། འོས་ཐོབ་ཆེད་མཐོ་རིམ་མི་སྣ་སུ་ཞིག་ལ་འབྲེལ་བ་ཡང་བྱས་མེད། འོན་ཀྱང། མི་མང་ལ་ཐད་ཀར་འབྲེལ་བ་བྱེད་སའི་བརྒྱུད་ལམ་གཅིག་ལས་མེད། དེ་ནི་ངོ་དེབ་རེད། བརྒྱུད་ལམ་གཅིག་དང་རྐུབ་སྟེགས་གཅིག་གི་སྟེང་ནས་གཏམ་བཤད་བྱས་ནས་སྲིད་སྐྱོང་གི་འོས་ཐོབ་མཁན་ད་ལྟའི་བར་དུ་ལོ་རྒྱུས་ནང་བྱུང་མེད། གཅིག་ཡོད་པ་ནི་སྐུ་ཞབས་སྤེན་པ་ཚེ་རིང་ལགས་རེད། ཁྱེད་རང་ཉིན་མཚན་གྱི་གོ་ལྡོག་ནས་སློང་མོ་བ་ནང་བཞིན་འོས་ཐོབ་ཆེད་རྒྱལ་ཁབ་འདྲ་མི་འདྲ་ལ་སོང་མེད་ལ། འོས་ཐོབ་ཆེད་མི་མང་བསླུ་བྲིད་འོག་ཏུ་འཇུག་ཐབས་ཀྱི་གཏམ་བཤད་ཚིག་གཅིག་ཀྱང་བཤད་མེད། ད་དུང། མི་མང་གི་ཚེ་སྲོག་ལ་འགན་འཁྱེར་པ་དང། COVID-19 ལ་རྐྱེན་བྱས་ནས་མི་མང་འདུ་འཛོམས་བྱེད་མི་ཆོག་པའི་བཀའ་རྒྱ་ལ་བརྩི་སྲུང་བྱས་ཡོད། 

ནམ་རྒྱུན་ང་ཚོས་བཤད་རྒྱུན་ལ། མིག་དཔེ་ཡར་བལྟ་ཞེས་པའི་བཤད་སྲོལ་ཞིག་ཡོད་མོད། ད་ལོར་སྲིད་སྐྱོང་འོས་མིའི་འགྲན་རྩོད་ཁྲོད་མིག་དཔེ་ཡར་བལྟ་བྱེད་ས་ཞིག་ཡོད་པ་ནི་སྐུ་ཞབས་སྤེན་པ་ཚེ་རིང་ལགས་རེད། ཁོང་ནི་རྒྱུ་དང་དབང་ཤུགས་གང་གི་འོག་ལ་ཡང་མགོ་མི་སྒུར་མཁན་ཞིག་དང། དངོས་ཡོད་དང་དྲང་བདེན་གཞི་ལ་བཞག་ནས་མི་མང་གི་མགོ་ཁྲིད་མཁན་ཞིག་རེད། ཁོང་ལ་སྤོ་ཉམས་མེད་ལ་ང་རྒྱལ་ནི་དེ་བས་ཀྱང་མེད། ཁོང་ལ་ཡོད་པ་ནི་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་དྲང་བདེན་གྱི་ལམ་ནས་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་བརྡར་ཤ་གཅོད་མཁན་ཞིག་རེད། ཕྱི་གསལ་ནང་གསལ་བྱེད་མཁན་ཞིག་རེད། མང་གཙོའི་ལམ་ལུགས་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་ཟེར་བ་འདི་ནི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ཚོའི་གྲོས་ཚོགས་འཚོགས་པའི་སྐབས་སུ་མི་མང་གིས་བརྙན་ལམ་ནས་ཐད་ཀར་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་བལྟ་ཐུབ། འདི་ནི་ཕྱི་གསལ་ནང་གསལ་ཟེར་བ་དེ་རེད། མང་གཙོའི་འགྲོ་ལུགས་རེད། ཧ་ཅང་གལ་ཆེན་པོ་རེད། 

དྲང་བདེན་མེད་ན་དངོས་ཡོད་གནས་ཚུལ་ཟེར་བ་ཞིག་ནམ་ཡང་ཡོད་མི་སྲིད། བྱས་ཙང། འགོ་ཁྲིད་ཀྱིས་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ལས་ཀ་བྱེད་པ་དང་གཏམ་བཤད་བྱས་པ་ཡིན་ན། མི་མང་ལ་སློབ་སྦྱོང་སྤྲོད་ཐུབ་པའི་ལམ་ཁ་ཡག་པོ་ཞིག་ཡོད་པ་རེད། སློབ་སྦྱོང་ཟེར་བ་དེ་དེབ་ཀློག་པ་དང་སློབ་གྲྭར་སྐྱོད་པ་ཙམ་ལ་གོ་མི་ཐུབ། འགོ་ཁྲིད་ཀྱིས་མི་མང་ལ་སློབ་སྦྱོང་ངེས་ཅན་ཞིག་སྤྲོད་ཐུབ། དེ་ནི་འགོ་ཁྲིད་གྱི་ལས་ཀ་དྲང་པོ་དང། ཕྱི་གསལ་ནང་གསལ། དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་ལས་ཀ་བྱེད་པ་དང། གཏམ་བཤད་བྱེད་པ་ཡིན་ན་མི་མང་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཡག་པོ་ཞིག་ཏུ་ཁྲིད་ཐུབ་པ་དང། མི་མང་ལམ་ཁ་ཡག་པོ་ཞིག་གི་ཐོག་ཏུ་འཁྲིད་རྒྱུ་ནི་གཞི་རྩའི་སྲིད་སྐྱོང་ངམ་འགོ་ཁྲིད་ཅིག་གི་འགན་འཁྲི་ཨང་དང་པོ་རེད། 

མང་གཙོའི་ལམ་ལུགས་ནང་སྲིད་འཛིན་ནམ་སྲིད་བློན་གྱི་དུས་ཡུན་ཚད་བཀག་བཟོས་ཡོད་པ་རེད། དེའི་རྒྱུ་མཚན་ནི་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་མི་ཡོང་བའི་ཆེད་དུ་རེད། མི་གཅིག་གམ་དེའི་རྒྱུད་འཛིན་པ་ཞིག་གིས་མུ་མཐུད་ནས་རྒྱལ་ཁབ་གྱི་དབང་ཆ་བཟུང་བ་ཡིན་ན། དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་ཡང་འདི་ནས་མགོ་འཛུགས་ཀྱི་ཡོད། བྱས་ཙང། ད་ལོར་སྲིད་སྐྱོང་འོས་བསྡུའི་ཁྲོད་མི་མང་གིས་འགན་འཁྱེར་བའི་ཐོག་ནས་བཀའ་ཤག་གསར་བ་བདམ་པ་དེ་ནི་ཧ་ཅང་རན་པ་ཞིག་རེད་དོ།

4/22/2021

བསམ་ཚུལ།

Post navigation

Previous Post: སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ།
Next Post: ཚེ་ཟད་མ་ཡིན་བར་ཚད་ངེས་པར་སེལ།

Comments (3) on “ཁྱེད་ཀྱིས་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་བ་ཞིག་བྲིས་སོང།”

  1. lobsang says:
    2021-04-27 at 4:26 am

    ཁོང་གི་འཛམ་གླིང་ཐོག་མིག་དཔེ་ཡག་པོ་ཞིག་གསར་ཏུ་བཞག་སོང་སྐྱབས་སུ་ཆེ་་་་་ཐུགས་ཇེ་ཆེ་ཞུ་

  2. པ་རྡོ་རེ། says:
    2021-04-29 at 1:39 am

    ད་ནི་ཁོང་གིས་༸རྒྱལ་བ་རིན་པོ་ཆེའི་མཛུབ་སྟོན་གནང་བའི་ལམ་ཁར་ཤར་སྐྱོད་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ད་ལོའི་འོས་ཤོག་སྐབས་སུ་ཡ་རབས་ཚུལ་ལྡན་དང་སོ་སོའི་དབང་ཆའི་འཐབ་རྩོད་ནང་མི་མང་མགོ་སྐོར་བསླུ་བྲིད་མ་གནང་བར་རྗེས་སུ་ཡི་རང་། མ་འོངས་གནང་དགོས་རྒྱུའི་ཚན་པ་འགའ་ནི།
    ༡། མ་འོངས་ལོ་ངོ་ལྔའི་རིང་བོད་མིའི་བཙན་བྱོལ་གཞུང་གི་ཁྲིམས་ཀྱི་དབང་སྒྱུར་ལ་ལོ་ངོ་བཅུ་ཙམ་ནས་ཧ་ཅང་གནོད་སྐྱོན་གཏོང་ཡོད་པས། དེར་བཟོ་བཅོས་ལག་བསྟར་ཚད་ལྡན་ཡོང་རྒྱུའི་འབད་རྩོལ་གནང་རྒྱུ།
    ༢། ལོ་ངོ་བཅུའི་ནང་དུ་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་ཧ་ཅང་ཤུགས་ཆེན་བཟོས་ཡོད་པས། དེ་ནུས་མེད་གཏོང་རྒྱུ།
    ༣། ལོ་ངོ་བཅུའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་ཡོན་གྱི་ཉིང་ཁུ་སྟེ་ཕྱི་རྒྱལ་སློབ་ཡོན་ལ་ཉེ་དགའ་ཕྱོགས་ལྷུང་དང་རང་གི་གཉེན་ཉེ་དུའམ་ཕྱོགས་གཏོགས་སུ་འཐོབ་རྒྱུའི་ཆེད་ཁྲིམས་འདྲ་མིན་ཡུད་ཙམ་ནང་བཟོས་ཏེ་གཡོ་ཁྲམ་སྣ་ཚོགས་ཀྱི་སྟེང་ནས་བོད་མི་དངོས་འབྲེལ་གྱི་ཤེས་ཡོན་ཅན་རྣམས་ལ་རག་རྒྱུ་དཀོན་པ་དང་། འབྲེལ་ཡོད་ཕྱོགས་གཏོགས་པ་དང་ལས་བྱེད་པའི་ནང་མིར་འཐོབ་ཀྱི་ཡོད་པ་རྣམས་འཐེར་འདོན་དང་། བོད་འདིའི་འཛུགས་སྐྲུན་ཆེད་ཤེས་ཡོན་ཅན་གྱི་བོད་མི་རྐྱང་མཁོ་བས་དེར་ཤུགས་གནོན་རྒྱག་གནང་རྒྱུ།
    ༤། གོང་གི་འབྲི་རྩོམ་ལས་འཕྲོས་ཏེ། ད་ནི་ཁྱེད་ཀྱི་སྲིད་སྐྱོང་གི་དུས་ཡུན་རིང་། མ་འོངས་སྲིད་སྤྱི་གཉིས་ཀྱི་འོས་ཤོག་སྐབས་སུ་མི་མང་མགོ་སྐོར་སླུ་བྲིད་ནང་མི་འགྲོ་བའི་ཆེད་དུ་སྒྲིག་ཁྲིམས་ཚད་ལྡན་ཞིག་དང་། རང་རང་གི་ཕྱོགས་གཏོགས་པ་རྣམས་ནས་ཁ་གཏད་པ་རྣམས་ལ་བརྒྱུད་ལམ་གང་ནས་ཀྱང་འཆལ་གཏམ་རིགས་སྤེལ་མི་ཐུབ་པའི་ཁྲིམས་བུ་ཆུང་བསྡམ་རྒྱུ་གལ་འགངས་ཆེ།
    ༥། འཛམ་གླིང་གི་འགྲོས་འདིར་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ལས་གཞན་མེད། ངོས་བོད་མི་རྣམས་ལའང་མི་གཅིག་ལ་འོས་གཅིག་གི་སྒྲིག་ཁྲིམས་བཟོ་རྒྱུ། དེ་བཟོས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ཀྱི་རྙོག་ཁྲ་ཕལ་ཆེར་ཞི་རྒྱུ་ཡིན་པ་ངེས་གཏན་ཡིན་པས་དགོངས་པ་གནང་རོགས་ཞུ།།

  3. namgyal says:
    2021-04-30 at 12:46 am

    སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་དོན་དངོས་ཐོག་མི་མང་རིང་གིས་འདེབས་འཐོན་བྱུང་བའི་རླབས་ཆེན་གྱི་འགོ་འཁྲིད་གཅིག་ཡིན་ལ་ད་ལྟའི་འཛམས་གླིང་འདིའི་ནང་ཆེས་རླབས་ཆེན་གྱི་མིག་དཔེ་ཡག་ཤས་དང་ཁོང་གིས་བོད་རིགས་གཅིག་པུ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་འཅུགས་ཐུབ་པའི་འོག་མཛམ་གླིང་ཡོངས་ལ་ཞི་བདེ་སྐྲུན་ཐུབ་པའི་སྔོན་བརྡ་ཤར་ཡོང་ཀྱིས་འདུག་ སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་ལགས་ཀྱི་མཛད་འཕྲིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ནས་སྐྱེ་འགྲོ་ཡོངས་རྫོགས་བདེ་བར་ཡོང་བ་ཤོགྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme