Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་<<སྒྲ་དེབ་བློ་གསལ་མིག་འབྱེད།>>ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག

Posted on 2020-08-122020-08-14 By ཁ་བརྡ 2 Comments on ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་<<སྒྲ་དེབ་བློ་གསལ་མིག་འབྱེད།>>ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག

རེ་མདོ་སེངྒེ།

དང་པོ། སྤྱི་བཤད།

༄༅།། མིའི་རིགས་ཡོངས་རྫོགས་ལ་རང་ཉིད་གསོན་པའི་འདུན་པ་ཉག་ཅིག་ཡོད་པ་ནི། མ་འོངས་པའི་རེ་བ་དང་འཆར་སྣང་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས། རེ་བ་ནི་མིའི་ཚེ་སྲོག་གསོན་གནས་ཐུབ་པའི་གཞི་རྟེན་ངོ་མར་གྱུར་ཡོད་པ་འདིར་བསྐྱར་དུ་གཏན་ཚིགས་འགོད་པའི་ངལ་བ་མི་བྱ། འོན་ཀྱང་རེ་བ་དང་མ་འོངས་པ་ནི་རང་ཉིད་ཀྱིས་རྒྱུ་ཚོགས་སྐྲུན་སྟངས་ལ་རག་ལུས་པ་ཞིག་མ་གཏོགས། སྐྱིད་ཉལ་དལ་སྡོད་ཀྱི་མི་ཚེ་ལ་མ་འོངས་པ་དང་རེ་འབྲས་ལེགས་པོ་རང་བཞིན་གྱིས་ཡོང་བ་མི་སྲིད་པ་བཞིན། བོད་མི་རིགས་སྤྱིའི་མ་འོངས་པ་དང་ལས་དབང་གི་ཁ་སྟབས་ལ་མཚོན་ན་ཡང་ཆོས་ཉིད་འདིའི་རྒྱ་ལས་མ་བརྒལ་བ་ཡིན་པས། བོད་མི་རིགས་ཀྱི་མ་འོངས་པའི་གནས་སྟངས་ནི་ད་ལྟའི་མི་རབས་རྒན་པ་རྣམས་ཀྱི་གནང་ཕྱོགས་སྤྱི་དང། ལྷག་པར་དུ་མི་རབས་ཕྱི་མ་རྣམས་གསོ་སྐྱོང་བྱེད་སྟངས་དང་མིག་ལྟོས་བཞག་ལེགས་ཉེས་ལ་ལྟོས་ཤིང་རག་ལུས་པ་ཡིན། དེར་བརྟེན་ང་ཚོའི་མ་འོངས་པའི་རེ་བ་ནི་སྒེར་པ་སོ་སོའི་ལྟོ་གོས་གཏམ་གསུམ་རྐྱང་པ་ཞིག་མིན་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྔ་ཕྱིར་བསྩལ་པའི་དགོངས་དོན་ལྟར། བོད་མི་གཞོན་སྐྱེས་རྣམས་མི་རིགས་རང་གི་ངོ་བོ་དང་ཁྱད་ཆོས་ལྡན་པའི་བོད་མི་རྣལ་མ་ཞིག་དང། ཤེས་ཡོན་འདབ་ཤོག་ཉིས་ལྡན་གྱི་མི་རབས་སྤུས་ཚད་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ན། སྔ་སྲོལ་ད་ལམ་དུ་གྱུར་པའི་བྱེད་སྟངས་འདི་ཙམ་གྱིས་ཡོང་དཀའ་བར་སྣང་བས། བོད་མི་མི་རེ་ངོ་རེས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་མི་རིགས་འདིའི་མ་འོངས་པའི་གནས་སྟངས་ལེགས་འགྱུར་གྱི་ལས་གཞི་སྣ་ཚོགས་རྩོམ་དགོས་པ་ནི་བྱོལ་དུ་མི་རུང་བའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།

གཉིས་པ། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་བོད་ཡིག་ཀློག་དེབ་གསར་རྩོམ་གྱི་རྒྱབ་ལྗོངས།

བོད་མི་རིགས་འཛམ་གླིང་གི་ཡུལ་གྲུ་སྣ་ཚོགས་སུ་ཁ་འཐོར་ནས་ལོ་ངོ་དྲུག་ཅུ་ལྷག་ཕྱིན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་བའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་དང་རྨད་དུ་བྱུང་བའི་མཛད་བྱུས་ལ་བརྟེན་ནས། ཧི་མ་ལ་ཡའི་ཕར་རྒྱབ་ནས་དྲག་གནོན་དང་གདུག་རྩུབ་ཆེན་པོས་གཏོར་བཤིག་ཅི་ཙམ་བཏང་ཡང། འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་གི་གནས་སྟངས་སྤུས་ཚད་དང་རིན་ཐང་གང་ཅིའི་ཐད་ནས་ཕུན་ཚོགས་བརྒྱ་ལྡན་གྱི་རང་བཞིན་དུ་གོང་སྤེལ་མཛད་ཐུབ་ཡོད།

འོན་ཀྱང་ད་ལྟའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་སྐད་དག་པོ་བཤད་ཐུབ་མཁན་ཤིན་ཏུ་དཀོན་ཞིང། ཉིན་རེའི་འཚོ་བ་དང་སྤྱོད་ལམ་གྱི་གོམས་གཤིས་མང་ཆེ་བ་ཡུལ་ལུང་དེ་དང་དེའི་སྤྱི་ཚོགས་ཀྱི་ངོ་བོར་ཐིམ་བཞིན་པ་དང། ཐ་ན་རང་གི་ཕ་ཡུལ་ཙམ་ཡང་ཤེས་མཁན་དཀའ་བའི་དངོས་ཡོད་གནས་སྟངས་འདི་དག་ལ་གཞིགས་ན། བོད་ཀྱི་མི་རིགས་ཀྱི་མ་འོངས་པ་ནི་སྔར་ལས་ཀྱང་ཤིན་ཏུ་དངངས་སྐྲག་གི་རང་བཞིན་དུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅིང། ལྷག་པར་དུ་ད་ལྟའི་བོད་ཕྱི་ནང་གི་སྤྱི་ཚོགས་ཀྱི་འགྱུར་བའི་གནས་སྟངས་ལ་བལྟས་ན། མི་ཐོག་གསར་པའི་གཞོན་སྐྱེས་མང་པོ་ཞིག་གིས་རང་ཉིད་གང་ནས་ཡིན་པ་དང། རང་ཉིད་སུ་ཞིག་ཡིན་པ་ཙམ་ཡང་ཤེས་མཁན་དཀའ་བའི་མིག་སྔའི་གནས་སྟངས་འདི་འདྲའི་སྐབས་ལ། ཁོང་ཚོར་རང་གི་ཡབ་མེས་གོང་མ་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས་བརྒྱུད་ལམ་སྣ་ཚོགས་ནས་ཤེས་ཐབས་བྱ་དགོས་པ་དང། ཡབ་མེས་ཁོང་རྣམ་པའི་རྣམ་ཐར་དང་ལོ་རྒྱུས་ཤེས་པའི་ཐོག་ནས་ཁོང་རྣམ་པའི་མཛད་སྤྱོད་ལ་ཁ་མིག་ཡར་ལྟ་བྱ་དགོས་པའི་གལ་གནད་ངོ་སྤྲོད་བྱ་བ་ནི། མི་རབས་འདིས་རང་ཉིད་ངོས་ཟིན་པ་དང། རང་གི་ཡབ་མེས་གོང་མ་རྣམས་ལ་སྤོབས་པ་འབྱུང་བ། མི་རིགས་འདིའི་ཚེ་སྲོག་སྐྱོབ་པ་བཅས་ཀྱི་ཐབས་ལམ་ཁྱད་པར་ཞིག་ཏུ་གྱུར་ཡོད་པར་མཐོང།

འོན་ཀྱང་དེང་སང་གི་གཞོན་སྐྱེས་ཁྲོད་དུ་སྐྱེས་ཆེན་གོང་མ་དེ་ཚོའི་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་དང་གླེགས་བམ་ཆེན་པོ་དག་ལ་སློབ་སྦྱོང་བྱེད་མཁན་ཤིན་ཏུ་དཀོན་ཞིང། ཁོང་རྣམ་པའི་རྒྱ་ཆེ་བའི་མཛད་སྤྱོད་ཡོངས་རྫོགས་ལ་མིག་ལྟོས་བྱེད་ཐུབ་མཁན་མི་སྲིད་པའི་ཚོད་དུ་གྱུར་ཡོད། རྒྱུ་མཚན་དང་རྒྱབ་ལྗོངས་འདི་དག་ལ་བརྟེན་ནས་ཁོ་བོས་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་དང་གླེགས་བམ་ཆེན་པོ་དག་ལས་ངེས་པར་མིག་ལྟོས་བྱེད་དགོས་པ་སྟེ། སྐྱེས་ཆེན་ཁོང་རྣམ་པའི་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དང། གསན་བསམ་སློབ་གཉེར་ལ་དཀའ་སྤྱད་སྡུག་རུས་ཇི་ལྟར་གནང་བ། བསམ་བློ་དང་ཀུན་སྤྱོད་ཀྱི་སྨིན་ཚད་ཡོངས་སུ་རྫོགས་ཏེ་ས་སྟེང་དུ་གྲགས་པའི་དོན་དམ་གྱི་མཁས་པར་གྱུར་ཀྱང། ཆེ་མདོག་དང་ཁེངས་དྲགས་ཀྱི་དྲི་མ་ཙམ་ཡང་མེད་པར་ཞི་ཞིང་དུལ་བའི་སྤྱོད་ལམ་གྱིས་ཀུན་ནས་མཛེས་པར་བརྒྱན་པའི་སྤྱོད་ལམ་ཁྱད་པར་བ། ཐ་ན་རང་གི་སྦྱངས་ཡོན་དང་སྐུ་ཚེ་བཅས་ཡོད་ཚད་ཀྱི་ཡོད་ཚད་བོད་མི་རིགས་དང། བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་བློས་བཏང་མཛད་པའི་ཚུལ་ཏེ། མདོར་ན། བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་གི་གི་སྐུ་ཚེའི་རྣམ་ཐར་གྱི་ཁྲོད་ནས་ཤུགས་རྐྱེན་ཆེ་ཞིང་བག་ཆགས་ཟབ་པའི་བྱུང་བ་དམིགས་བསལ་བའི་རིགས་ཁོལ་ཕྱུང་གིས་ཤིན་ཏུ་གོ་བདེ་ཞིང། ཚིག་ཚོགས་ཉུང་བ། གཏམ་བརྗོད་ཟློས་གར་གྱི་རྩོམ་ཐབས་སྤྱད་ནས་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པ་གཏམ་རྒྱུད་བརྒྱའི་བདག་ཉིད་ཅན་འདི་འབྲི་བའི་འབད་བརྩོན་བྱས།

འདས་པའི་ལོ་ངོ་བཞིའི་རིང་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་བོད་ཡིག་ཀློག་དེབ་འདི་དག་རྒྱ་གར་དུ་པར་ཐེངས་གཉིས་དང། བོད་ནང་དུ་པར་ཐེངས་གཉིས་ཏེ་བསྡོམས་བོད་ཕྱི་ནང་གཉིས་སུ་པར་སྐྲུན་ཐེངས་བཞི་བྱས་ཏེ། བོད་པ་རང་གི་སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔག་པའི་འགྲེམས་སྤེལ་རྒྱ་ཆེ་ཙམ་བྱུང་འདུག་ཅིང། བོད་ཕྱི་ནང་གཉིས་ཀ་ནས་བོད་ཡིག་ཀློོག་དེབ་འདི་དག་གིས་ཕན་ཐོགས་བྱུང་ལུགས་ཡིག་ངག་གཉིས་ཐོག་ནས་བློ་སྟོབས་འཕེལ་གཞིའི་སྐད་བསྐུར་དང་རྩོམ་ཡིག་ཇི་སྙེད་བྱུང་བར་བརྟེན་བྱས་པ་རྗེས་མེད་མ་སོང་བའི་སྤྲོ་བ་བརྟས།

 

གསུམ་པ། བོད་ཡིག་གི་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱ་དགོས་པའི་རྒྱུ་མཚན།

གོང་དུ་བཤད་པ་ལྟར་འཛམ་གླིང་གང་སར་ཁ་འཐོར་གྱི་ཚུལ་དུ་ཡོད་པའི་བོད་རིགས་རྒན་གཞོན་མང་ཆེ་བར་དྲ་རྒྱའི་ཆ་རྐྱེན་འཛོམས་པར་བརྟེན། བོད་ཡིག་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱས་ཏེ་དྲ་ལམ་དུ་རིན་མེད་ཀྱིས་འགྲེམས་སྤེལ་ཞུ་ཐུབ་ན། འཛམ་གླིང་གི་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར་སྒྲ་དེབ་འདི་དག་བརྒྱུད་ནས་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་དག་པོ་ཤེས་ཐུབ་པ་དང། བོད་ཀྱི་སྐྱེས་ཆེན་མང་པོའི་རྣམ་ཐར་དང་ལོ་རྒྱུས་ཤེས་པར་ཕན་ནུས་ངེས་ཅན་ཐོན་ཐུབ་པར་མ་ཟད། ཡབ་མེས་གོང་མ་རྣམས་ཀྱིས་རང་གི་སྐད་ཡིག་དང་དེའི་བརྒྱུད་ལམ་དུ་ཡོད་པའི་ཆོས་དང་རིག་གཞུང་ལ་གསན་བསམ་སློབ་གཉེར་ཇི་ལྟར་གནང་བ། ཁོང་རྣམས་ཀྱིས་སྐུ་ཚེར་ཧྲིལ་པོར་དཀའ་སྤྱད་སྡུག་རུས་ཆེན་པོས་སྦྱངས་པ་མཛད་པའི་ཤེས་ཡོན་དེ་དག་ཀྱང། སྒེར་པའི་འཚོ་ཐབས་དང་དཔལ་འབྱོར་འཚོལ་སྒྲུབ་ལྟ་བུའི་རང་དོན་ཉི་འཚེ་བའི་ཆེད་དུ་མ་བཏང་བར། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་ཀྱི་དོན་དུ་རང་ཉིད་བློས་བཏང་མཛད་པའི་ཚུལ་བཅས་གསལ་པོར་རྟོགས་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་པ་དང། བོད་ཡིག་ལྟ་ཀློག་མི་ཐུབ་མཁན་ནམ་ཡང་ན་དུས་ཚོད་ཀྱི་བྲེལ་བའི་དབང་གིས་དཔེ་དེབ་ལྟ་ལོང་མེད་མཁན་དག་ལ་མཚོན་ན་ཡང། འགྲོ་ཞོར་འདུག་ཞོར་དང་ལས་ཀའི་ཞོར་དུ་སྒྲ་དེབ་འདི་དག་ལ་ཉན་ཚེ། སྤྱིར་བཏང་གི་རོལ་དབྱངས་དང་གཞས་ཚིག་སྣ་ཚོགས་ལ་ཉན་པ་དང་མི་འདྲ་བར། སྒྲ་དེབ་འདི་དག་བརྒྱུད་ནས་བོད་ཀྱི་སྐྱེས་ཆེན་མང་པོའི་རྣམ་ཐར་དང་ལོ་རྒྱུས་ཤེས་རྟོགས་ཐུབ་པ་དང་མཉམ་དུ། གནའ་སྔ་མོའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་དང་འཚོ་བའི་གོམས་གཤིས་སོགས་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་མི་ཆོས་ཀྱི་སྤྱོད་ཚུལ་མང་པོ་ཞིག་ལ་རང་བཞིན་གྱིས་རྒྱུས་ལོན་ཐུབ་པ་ཡོང་བ་དང། བོད་ཁམས་སྤྱིའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ཀྱང་ལས་སླ་པོས་ཤེས་རྟོགས་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན།

གོང་དུ་བཀོད་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་འདས་པའི་ལོ་གཅིག་ཙམ་གྱི་གོང་ནས་ཁོ་བོའི་བསམ་པར། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཡིག་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱེད་ཐུབ་ན་སྙམ་པའི་འདུན་པ་ཤུགས་ཆེན་པོ་ཡོད་ཀྱང། ལས་གཞི་འདི་ལག་བསྟར་བྱ་བར་མི་སྣའི་རྒྱུ་ཆ་ཚད་ལྡན་འཛོམས་དགོས་པའི་ཐོག དཔལ་འབྱོར་གྱི་འགྲོ་སོང་ཡང་གང་འཚམས་ཆེན་པོ་ཡོད་པ་ཞིག་ཡིན་པས། སེམས་ལ་ཉར་བའི་འདུན་པ་རེ་ཞིག་མངོན་འགྱུར་བྱེད་མ་ཐུབ་པར་ད་བར་དུ་ལྷག

ཉེ་ལམ་ཕྱི་ཟླ་དྲུག་པའི་ནང་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་སྐུ་ངོ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ལ་ལས་གཞི་འདི་ཞིབ་ཏུ་ངོ་སྤྲོད་ཞུས་པའི་སྐབས། སྐུ་ངོ་ཁོང་གིས་ལས་གཞི་འདི་ད་ལྟའི་དངོས་ཡོད་དགོས་མཁོ་དང་འཚམས་ཤིང། བོད་ཕྱི་ནང་གཉིས་ཀའི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང། རྣམ་ཐར་ལོ་རྒྱུས་ཤེས་རྟོགས་ཐུབ་པར་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་མི་ཉམས་རྒྱུན་གནས་ཡོང་བར་ཡང་ཕན་ཐོགས་ལྡན་པའི་ལས་འཆར་གལ་ཆེན་ཞིག་ཏུ་འདུག་པས། ལས་གཞི་འདིའི་ཐོག་ཨ་རིའི་བོད་ཀྱི་ཐེབས་རྩའི་ངོས་ནས་རོགས་དངུལ་མཐུན་འགྱུར་གནང་གི་ཡིན། ཞེས་འཕྲལ་མར་ཞལ་བཞེས་ཐོབ་པ་ནས་ལས་བྱེད་བསྡུ་སྐོང་གིས་ལས་གཞི་དངོས་སུ་འགོ་འཛུགས་བྱས།

གོང་དུ་བཤད་པ་ལྟར་ཀློག་དེབ་འདི་བོད་ཀྱི་སྐྱེས་ཆེན་སུམ་ཅུ་སོ་བཞི་དང་འབྲེལ་བའི་གཏམ་རྒྱུད་བརྒྱའི་བདག་ཉིད་ཅན་ཞིག་ཡིན་པས། ད་ཐེངས་<<སྒྲ་དེབ་བློ་གསལ་མིག་འབྱེད་>>ཀྱི་ཞལ་དབྱེ་མཛད་སྒོ་དང་བསྟུན་ནས་ཐོན་མི་སམ་བྷོཊ་དང་འབྲེལ་བའི་གཏམ་རྒྱུད་གསུམ་དང། བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བཻ་རོ་ཙ་ན་དང་འབྲེལ་བའི་གཏམ་རྒྱུད་བཅུ། གཡུ་ཐོག་ཡོན་ཏན་མགོན་པོ་དང་འབྲེལ་བའི་གཏམ་རྒྱུད་བཞི་བཅས་གཏམ་རྒྱུད་ཉི་ཤུ་རྩ་གཅིག་སྒྲ་དེབ་ཏུ་སྒྲིག་སྦྱོར་ཟིན་འདུག་པ་དེ་རིང་དངོས་སུ་སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུས་ཟིན་ཞིང། མ་འོངས་པར་རིམ་གྱིས་ཉིན་བཅུ་རེའི་མཚམས་སུ་གཏམ་རྒྱུད་གསུམ་རེ་དྲ་ལམ་དུ་འགྲེམས་སྤེལ་ཞུ་འཆར་ཡོད་ལགས་ན། ཐུགས་སྣང་ཡོད་མཁན་ཚོས་ Tibetan Audiobooks ཞེས་པའི་ཡོ་ཊོབ་ཆའ་ནར་གྱི་དྲ་ཐག https://www.youtube.com/channel/UC8c2MsnUrMPDZ5JS2T7hALA འདི་བརྒྱུད་ནས་གསན་གཟིགས་ཡོང་བའི་རེ་སྐུལ་ཞུ་ཞིང། མདོར་ན། <<ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་སྒྲ་དེབ་བློ་གསལ་མི་འབྱེད་ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག>>

ངོ་སྤྲོད།

Post navigation

Previous Post: ནམ་མཁའ་ལྡིང་། རྒྱའི་སློབ་དཔོན་ཝན་ཚིག །
Next Post: རྒྱ་གར་གློག་བརྙན་(Aap Ki Kasam) ཁྱེད་རང་ཚད་བཙུགས་ཞེས་པའི་གླུ་ཞིག

Comments (2) on “ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་<>ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག”

  1. ཀརྡོ་རབ་འབྱམས་པ་ says:
    2020-08-13 at 10:53 am

    བེ་རི་འཇིགས་མེད་ཀྱིས།
    ་
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽དཔེ་ཚོགས་ཆེན་མོའི་མཛད་པ་པོ་མཁས་དབང་རྣམས་ཀྱི་མཚན་གཞུང་།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་དང་པོ།
    ཐོན་མི་སམྦྷོ་ཊ། འགོས་ཆོས་གྲུབ། ས་པཎ་ཀུན་དགའ་རྒྱལ་མཚན། དབུས་པ་བློ་གསལ་རྩོད་པའི་སེང་གེ ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ལོ་ཆེན་ནམ་མཁའ་བཟང་པོ། ཟུར་མཁར་བ་བློ་གྲོས་རྒྱལ་པོ། དཔའ་བོ་གཙུག་ལག་ཕྲེང་བ། གོ་རམས་པ་བསོད་ནམས་སེང་གེ སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས། ལོ་ཆེན་འགྱུར་མེད་བདེ་ཆེན།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་གཉིས་པ།
    པྲ་ཏི་རིན་ཆེན་དོན་གྲུབ། སྨན་ལུང་པ་བློ་མཆོག་རྡོ་རྗེ། དབྱངས་ཅན་དགའ་བའི་བློ་གྲོས། རྔ་རྒོད་ནམ་མཁའ་སེང་གེ ཅོ་ནེ་གྲགས་པ་བཤད་སྒྲུབ། དགེ་འདུན་རིན་ཆེན།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་གསུམ་པ།
    རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། དབྱངས་ཅན་སྙེམས་པའི་བློ་གྲོས། དགའ་བཞི་བ་བསྟན་འཛིན་དཔལ་འབྱོར། རིག་འཛིན་ཀུན་གྲོལ་གྲགས་པ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཞི་པ།
    སི་ཏུ་ཆོས་ཀྱི་འབྱུང་གནས། མཁྱེན་རབ་ཡོན་ཏན་རྒྱ་མཚོ། ཆུ་བཟང་སྤྲུལ་སྐུ། རིན་ཆེན་གྲུབ་མཆོག བློ་བཟང་རྒྱལ་མཚན་སེང་གེ
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ལྔ་པ།
    ལྕང་སྐྱ་རོལ་པའི་རྡོ་རྗེ། སྐལ་བཟང་བསྟན་དར། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཤཱཀྱ་རིན་ཆེན།བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཨ་ལག་ཤ་བསྟན་དར་ལྷ་རམས་པ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་དྲུག་པ།
    དངུལ་ཆུ་དྷརྨ་བྷ་དྲ། བཤད་སྒྲུབ་ཆོས་ཀྱི་སེང་གེ དཔལ་ལྡན་ཤེས་རབ། གཞན་ཕན་ཆོས་ཀྱི་སྣང་བ། ཀརྨ་མཁན་པོ་རིན་ཆེན་དར་རྒྱས། མཁན་པོ་འཆི་མེད། ངག་དབང་དཔལ་འབྱོར། བསོད་ནམས་ཚུལ་ཁྲིམས། བསྟན་འཛིན་འཕྲིན་ལས་འོད་ཟེར། ཚེ་བརྟན་རྡོ་རྗེ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བདུན་པ།
    དབྱངས་ཅན་གྲུབ་པའི་རྡོ་རྗེ། པཎ་ཆེན་ཆོས་ཀྱི་ཉི་མ། དཀའ་ཆེན་རྡོ་རྗེ་རྒྱལ་མཚན། དཀའ་ཆེན་པདྨ། རྡོ་རྗེ་རྒྱལ་པོ། ངག་དབང་ཕུན་ཚོགས། ཚ་སྤྲུལ་ངག་དབང་བློ་བཟང་།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བརྒྱད་པ།
    ལྷག་བསམ་བསྟན་པའི་རྒྱལ་མཚན། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས། བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། ཟུར་མང་པདྨ་རྣམ་རྒྱལ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་དགུ་པ།
    རྗེ་དྲུང་སྤྲུལ་སྐུ་འཕྲིན་ལས་བྱམས་པ་འབྱུང་གནས། ཆོས་རྗེ་དཔའ་བོ། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། རྩིས་ཟུར་རྒྱ་མཚོ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ། མཁན་པོ་འཆི་མེད། སྨྱོ་ཤུལ་མཁན་པོ་ཨ་འཕྲིན། མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། མཁན་པོ་ཐུབ་བསྟན་བརྩོན་འགྲུས། དབྱངས་ཅན་ངག་གི་དབང་ཕྱུག
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་པ།
    གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། བློ་བཟང་དབང་ཕྱུག
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་གཅིག་པ།
    རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་དཔལ་ཡེ་ཤེས་རྒྱལ་མཚན།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་གཉིས་པ།
    དཀར་དྲུང་པདྨ་རྡོ་རྗེ། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན། དཀའ་ཆེན་བསྟན་འཛིན་འཇིགས་མེད་དབང་ཕྱུག ངག་དབང་ཕུན་ཚོགས།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་གསུམ་པ།
    གཞན་ཕན་འཕྲིན་ལས་རྡོ་རྗེ། མཁན་པོ་ཚེ་རིང་དཔལ་འབྱོར།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་བཞི་པ།
    རྒྱལ་ཚབ་ཀུན་བཟང་བློ་གྲོས། ཧོར་བཙུན་བསྟན་འཛིན་བློ་གྲོས།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅོ་ལྔ་པ།
    ཚུལ་ཁྲིམས་རྒྱལ་མཚན། ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ། སྨྲ་དབང་ཀུན་དགའ་བློ་གྲོས། ཞུ་ཡས་ཉི་མ་གྲགས་པ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་དྲུག་པ།
    ཐེག་མཆོག་ཡེ་ཤེས་རྡོ་རྗེ། ཉན་ཤུལ་མཁྱེན་རབ་འོད་གསལ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་བདུན་པ།
    ཚེ་ཏན་ཞབས་དྲུང་། རྡོ་རྗེ་རྒྱལ་པོ། ཧོར་ཁང་བསོད་ནམས་དཔལ་འབར།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅོ་བརྒྱད་པ།
    དམུ་དགེ་བསམ་གཏན་རྒྱ་མཚོ། དོན་གྲུབ་རྒྱལ། མི་ཉག་བུ་ཕྲུག
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་བཅུ་དགུ་པ།
    ལོ་ཆེན་སྐ་བ་དཔལ་བརྩེགས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ས་པཎ་ཀུན་དགའ་རྒྱལ་མཚན།ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ། ངག་དབང་གྲགས་པ། ཞྭ་དམར་དཀོན་མཆོག་ཡན་ལག དགེ་སློང་ངག་དབང་རྣམ་རྒྱལ། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། གཡའ་བཟང་པ་མཁས་བཙུན་དབང་པོ། དབྱངས་ཅན་དགའ་བའི་བློ་གྲོས། ནམ་མཁའ་ཡེ་ཤེས། བྱམས་གླིང་པ་བསོད་ནམས་རྣམ་རྒྱལ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉི་ཤུ་པ།
    དཔལ་ཁང་ལོ་ཙཱ་བ། ཁུ་ནུ་བླ་མ་ནོར་བུ་དབང་རྒྱལ། མཁན་པོ་ཐུབ་བསྟན་སྙན་གྲགས།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉེར་གཅིག་པ།
    ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ། རིན་ཆེན་མི་འགྱུར་རྒྱལ་མཚན། ཅོ་ནེ་གྲགས་པ་བཤད་སྒྲུབ། དབྱངས་ཅན་གྲུབ་པའི་རྡོ་རྗེ། ངག་དབང་ཡོན་ཏན། དཀའ་ཆེན་པདྨ། དབྱངས་ཅན་རོལ་པའི་འོ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ། ནོར་བུ་བསྟན་འཛིན།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉེར་གཉིས་པ།
    བསམ་གཏན་བྷིཀྵུ། ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན། བསྟན་འཛིན་རྣམ་རྒྱལ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཟུར་མང་པདྨ་རྣམ་རྒྱལ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉེར་གསུམ་པ།
    ཐོན་མི་སམྦྷོ་ཊ། ལྕེ་ཁྱི་འབྲུག་སོགས། དྲན་པའི་ཡེ་ཤེས་གྲགས་པ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། པཎ་ཆེན་ཤཱཀྱ་མཆོག་ལྡན། རོང་ཟོམ་ཆོས་བཟང་། བསོད་ནམས་རྩེ་མོ། ས་སྐྱ་པཎྜི་ཏ། ཡོལ་ལོ་ཙྪ་བ་རྡོ་རྗེ་དབང་ཕྱུག དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔལ་ལྡན་བྱང་ཆུབ་རྩེ་མོ། ཐུབ་བསྟན་ཆོས་དར།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉེར་བཞི་པ།
    སུམ་པ་ཡེ་ཤེས་དཔལ་འབྱོར། པཎ་ཆེན་ཤཱཀྱ་མཆོག་ལྡན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། དབྱངས་ཅན་གྲུབ་པའི་རྡོ་རྗེ། རིན་ཆེན་རྒྱལ་མཚན། བློ་བཟང་དབང་ཕྱུག བློ་ལྡན་ཤེས་རབ། འབྲུག་པདྨ་དཀར་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
    ༼བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།༽པོད་ཉེར་ལྔ་པ།
    དབུས་པ་བློ་གསལ་རྩོད་པའི་སེང་གེ ཨ་ལག་ཤ་ངག་དབང་བསྟན་དར། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། དབྱངས་ཅན་གྲུབ་པའི་རྡོ་རྗེ། སྐྱོན་སྟོན་རིན་ཆེན་བཀྲ་ཤིས། དགེ་སློང་པདྨ་བློ་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ་རྣམས་སོ། །
    བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉེར་ལྔ་ཅན་འདིའི་ནང་སུམ་རྟགས་སྐོར་པོད་བཅོ་བརྒྱད་དང་། དག་ཡིག་སྐོར་པོད་བཞི།བརྡ་སྤྲོད་སྤྱི་དོན་སྐོར་པོད་གཉིས། བརྡ་གསར་རྙིང་སྐོར་པོད་གཅིག་བཅས་བཞུགས་སོ། །

  2. བསོད་ནམས། says:
    2020-08-15 at 5:11 pm

    གྲྭ་བ་ཚོས་ཕྲུ་གུ་མི་སྐྱེས་བས་འཇིག་རྟེན་ནས་གསོན་པོ་རུ་མུ་མཐུད་དུ་ཅི་ལྟར་འདུག་དགོས་རེད་དམ། རིགས་རྒྱུད་རྩ་སྟོང་བྱ་བྱེད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme