Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱུང་རྟགས་གཉིས།

Posted on 2016-03-162016-03-16 By ཁ་བརྡ 1 Comment on ཁྱུང་རྟགས་གཉིས།

འབྲི་སྐལ་ལྡན།
 
སྤྱིར་ཁྱུང་ཆེན་ཞེས་པའི་འདབ་ཆགས་འདི་འཇིག་རྟེན་འདིར་སྐྱེ་མྱོང་མིན་གང་ཡིན་ཡང་། གངས་ཅན་ལྗོངས་སུ་གནས་པའི་མི་བུ་དག་གིས་འདི་ལ་རིན་ཐང་དང་གུས་སྲོལ་ནི་བྱ་ཚོགས་གཞན་ལས་ཆེས་མཐོ་བ་ཡིན་ཏེ། ཁ་དཔེ་ལ་ཡང། ཁྱུང་ཆེན་མཁའ་རུ་ལྡིང་ཡང་། ཀླུ་བདུད་ཟིལ་གྱིས་གནན། ཞེས་བྱ་འདི་གཞན་དང་མ་འདྲ་པའི་ཁྱད་ཆོས་དང་ནུས་པ་ལྡན་ཡོད་པར་བཤད་བཞིན་ཡོད་ལ། སྔོན་གྱི་ལོ་རྒྱུས་ལས་ཀྱང་ཕྱི་ལོ་མ་བྱུང་གོང་གི་མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་ནས་ཞང་ཞུང་རྒྱལ་ཕྲན་གྱི་དམག་དར་གྱི་རྟགས་སུ་བཀོད་དེ་བོད་མི་ཚོས་གུས་བཀུར་དང་གཟི་བརྗིད་ལྡན་པའི་མཚོན་རྟགས་ཤིག་ཏུ་ངོ་འཛིན་བྱས་པར་སྙམ།
འདི་ལོ་ཕྱི་ལོ་2016 བོད་མིའི་སྤྱི་འཐུས་འོས་མི་གཉིས་ཀྱི་མཚོན་རྟགས་ལ་ཁྱུང་ཆེན་བཞག་པར་མཐོང་དུས། ངའི་སེམས་ལ་མཚོན་རྟགས་འདི་བཞག་པས་འོས་མི་གཉིས་ལ་བསམ་ཞིབ་ཅུང་བྱ་འདོད་ངང་གིས་སྐྱེས་ཀྱང་། དཔྱད་ཡིག་ཉུང་བ་དང་དུས་ཡུན་ཐུང་བ། རང་ཉིད་ལ་གནས་ཚད་དམན་པ་སོགས་ཀྱིས་རྐྱེན་བྱས་ཏེ་རྩོམ་འདི་ཡག་པོ་ཞིག་བྱུང་མིན་གང་ལྟར་ཡང་། རང་གིས་གང་ཤེས་འབྲི་བར་སྤྲོ།

དང་པོ། དབུས་གཙང་སྤྱི་འཐུས་འོས་མི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རེད། ཁོང་ནི་མི་ལོ་ཉི་སྟོང་ལྷག་གི་ཡར་སྔོན་ནས་བར་ཁམས་སྤོ་དཀར་རྣམ་སྡེ་པའི་ཁྱིམ་གཞིས་ནས་གོམ་ཁ་སྒྱུར་ཏེ། ལྷོ་ཁ་རུ་བོད་ཁ་སྙ་དྲུག་གི་རྒྱལ་ཕྲན་ལ་དབང་སྒྱུར་བྱས་ཏེ་ཁྲི་མིང་གཉའ་ཁྲི་བཙན་པོ་བཏགས་པ་ནས་ཟུང་བོད་ཁམས་ཡོངས་ལ་དབང་བྱེད་པའི་བཙན་པོའི་ཁྱིམ་བརྒྱུད་ཅིག་ཏུ་སྐྱེས་ཤིང་། སྔོན་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ལ་རྒྱུན་ལས་དང་ཚོགས་གཙོ་གཞོན་བཅས་ཕྱག་ལས་སྣ་མང་གནང་བ་མ་ཚད། ལང་ཕྱོགས་བརྟན་ལ་ནུས་པ་ལྡན་པའི་བོད་ཀྱི་བུད་མེད་ཚད་ལྡན་ཞིག་དང་། སྦྱངས་པ་བཟང་ལ་སེམས་ཤུགས་ལྡན་པའི་བོད་ཀྱི་གཞོན་སྐྱེས་ཁྲོད་ནས་སྤྱི་ཚོགས་སྣེ་ཁྲིད་པ་ཞིག་ཀྱང་ངོས་འཛིན་བཞིན་ཡོད། རང་ཉིད་ཟླ་བ་བདུན་ཙམ་ཚོགས་སྡེ་གཅིག་ཏུ་བསྡད་ནས་ཞིབ་ལྟ་བྱས་སྐབས་ཁོང་ལ་ཁྱད་ཆོས་ཡག་ཤོས་ཤིག་ཚང་བ་ནི། ཁོ་མོས་གཞིས་ཆགས་ཁག་གི་དཀའ་སྡུག་ཤེས་པ་མ་ཚད་གསར་འབྱོར་ཚོའི་དཀའ་སྡུག་ལ་དོ་སྣང་དང་གསར་འབྱོར་རྙིང་འབྱོར་ཁྱད་མེད་ཐོག་དཀའ་ངལ་སེལ་ཐབས་བྱ་འདོད་ཤུགས་དྲག་ལྡན་པའི་བུད་མེད་ཤེས་ལྡན་མ་ཞིག་ཏུ་མཐོང་། བསམ་པ་འདི་ནི་དེང་སྐབས་བོད་མིའི་སྤྱི་ཚོགས་འགན་ཁུར་བ་ཚོ་ལ་ངེས་པར་ལྡན་དགོས་པ་ཞིག་རེད། མ་ལྡན་ཚེ་བོད་ཕྱི་ནང་གཉིས་ཁ་འཐོར་ཡ་འཐོར་བཏང་བས་ཆེས་ཉེན་ཁའི་རང་བཞིན་དུ་གནས་ཡོད།

གཉིས་པ། མདོ་སྟོད་སྤྱི་འཐུས་འོས་མི་ངག་དབང་ཐར་པ་ལགས་རེད། ཁོང་ནི་བར་ཁམས་སོག་རྫོང་དུ་སྐྱེས་ཤིང་། བཙན་བྱོལ་དུ་འབྱོར་ནས་བཟུང་སློབ་ལ་བརྩོན་ཏེ་རིམ་པ་བཞིན་ས་གནས་ཆུ་སྒང་དང་དབུས་ཆུ་བཞི་སྒང་དྲུག དྷ་ས་ས་འཐུས་ཚོགས་གཙོ། སྦྲ་སོག་འབྲི་གསུམ། བོད་ཀྱི་བང་ཆེན་རྩོམ་སྒྲིག་དང་བང་ཆེན་གསར་འགོད་པ་སོགས་ཚོགས་སྡེ་མང་པོ་ཞིག་གི་རྒྱུན་ལས་དང་ཚོགས་གཙོ། དྲུང་ཆེ་བཅས་ཀྱི་ལས་རིགས་འདྲ་མིན་ལ་འགན་ཁུར་བྱས་པའི་ཉམས་མྱོང་ཡོད་པ་མ་ཚད། བོད་ཕྱི་ནང་གཉིས་ཀྱི་དཀའ་སྡུག་ཞིབ་ཕྲ་ཤེས་མཁན་གྱི་གཞོན་སྐྱེས་ནུས་ལྡན་ཞིག་རེད། ཁོང་དང་ལྷན་དུ་ལོ་ཡུན་གསུམ་ལྷག་རིང་ཚོགས་པ་གཅིག་གི་རྒྱུན་ལས་བྱས་ནས་བསྡད་ཀྱང་། ད་ལྟ་སྤྱི་འཐུས་ལས་ཐོག་པ་དག་ལས་ལྷག་པ་མ་གཏོགས་དམན་པའི་ཚོར་སྣང་མ་བྱུང་ལ། བོད་ཕྱི་ནང་གཉིས་ཀྱི་བདེ་སྡུག་གྲོས་ཚོགས་སུ་གསལ་བཤད་ཐུབ་ངེས་རེད། དེའི་ཕྱིར་ང་དང་དྲྭ་འབྲེལ་ཡོད་པའི་དབུས་གཙང་དང་མདོ་སྟོད་གཉིས་ཀྱི་མི་བུ་དག་གིས་ཁོང་གཉིས་ལ་ལོ་འདིར་འོས་ཤོག་རེ་འབུལ་ཐུབ་ན། བོད་ཕྱི་ནང་གཉིས་སུ་གནས་པའི་མི་མང་རྣམས་ཀྱི་དཀའ་སྡུག་དག་སྔར་བས་ཆེས་མང་བ་ཞིག་གྲོས་ཚོགས་ར་བ་རུ་སླེབས་ཏེ། བོད་མི་མི་རེ་ངོ་རེའི་དཀའ་ངལ་དག་སེལ་ཐབས་ཞིག་གསར་དུ་འཚོལ་ཐུབ་པའི་རེ་བ་བྱེད་ཆོག་པར་སྙམ། དེ་ལ་བསམ་ནས་དྲྭ་ཐོག་འདིར་ཕུལ་ཡོད། རྣམ་པ་ཚོས་ཞིབ་གཟིགས་གནང་རོགས།

On Aug 10, 2015 10:43 PM, “Drikalden tibet” <drikalden2013@gmail.com> wrote:
སྟོང་ལོ་གཉིས་པའི་གནམ་ལོ་བཅུ་དྲུག་ལོའི་སྲིད་སྐྱོང་འཚོལ་བ། འབྲི་སྐལ་ལྡན་གྱིས།

དེང་སྐབས་དགའ་འོས་པ་ཞིག་ལ་བོད་མི་ཚོས་མང་གཙོའི་ལམ་དུ་དངོས་སུ་འཇུག་སྟེ་རང་རང་བློ་ལ་བབས་པའི་ 2016 ལོའི་སྲིད་སྐྱོང་རེ་འཚོལ་བཞིན་པ་ལྟར། གུས་པ་རང་ཉིད་ཡང་དགའ་གུས་སྤྲོ་གསུམ་གྱི་སྒོ་ནས་དོ་སྣང་དང་ངལ་བ་མི་ཉུང་བ་ཞིག་བྱས་ཀྱང་བཀྲ་སེང་གཉིས་ལས་གཞན་པའི་འོས་འཚམས་ཀྱི་སྲིད་སྐྱོང་ཞིག་འདི་ལོར་རྙེད་མ་སོང་། གཅིག་བྱས་ན་རང་ཉིད་ཤེས་ཚད་ཞན་དྲགས་པ་དང་མཐོང་རྒྱ་ཆུང་དྲགས་པས་ཡིན་རྒྱུ་རེད། གང་ལྟར་སྤྱི་ཚོགས་འདིའི་ཁྲོད་ནས་མིག་མདུན་དུ་ལམ་ལམ་ཤར་ཡོང་བ་ནི་འཇོན་ཐང་གི་དཔུང་པ་བསྡུར་ཏེ་ཡོང་སྐབས། སུ་ཞིག་གིས་འགྲན་མི་ནུས་པའི་ཕོ་རྒོད་འདི་གཉིས་ཡིན། འདི་གཉིས་ལས་གཞན་པའི་འོས་མི་འགའ་ཤས་ཡོད་པ་རྣམས་ལ་དགའ་གུས་དང་རྒྱབ་སྐྱོར་ཡོད་ཀྱང་ལོ་འདིའི་སྲིད་སྐྱོང་འོས་བབ་དང་མི་དམངས་སེམས་བདེ་ཡོང་བའི་འོས་མི་ཞིག་ཏུ་མཐོང་མ་ཐུབ།

གང་ཡིན་ཞེ་ན། འགའ་ཤས་ལོ་རྒྱུས་དཔྱད་པར་དཀའ་བ་དང་འགའ་རེས་འཇོན་མིན་ཚོད་མི་ཐེག་པ་སོགས་ཀྱིས་འབྲི་བར་མ་ནུས་པས་མཚམས་འདི་ནས་མི་འཇོག་དཀའ་མེད་བྱུང་། རང་གིས་བདམས་ཟིན་པའི་མི་བུ་འདི་གཉིས་ལ་ཡང་དབྱེ་ཞིབ་མི་ཉུང་བ་རེ་བྱས་མཐར། བསྐྱར་ལྟ་རེ་བྱས་ཏེ་བཤད་ན། ད་ལྟའི་སྲིད་སྐྱོང་མཆོག་ནི་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་ཡིན་པ་མ་ཚད། ཀུན་གྱིས་མཁས་དབང་ཞེས་མཚན་སྙན་འབྲུག་ལྟར་གྲགས་པ་ཞིག་དང་འབུམ་རམས་པའི་མཚན་སྙན་དངོས་སུ་ཐོབ་པའི་མི་བུ་ཁྱད་པར་འཕགས་པ་ཞིག་ཡིན་པ་ལས་ད་ག་སའི་མི་སྣ་ཞིག་ཁྱོན་ནས་མ་ཡིན།

ཁོང་གིས་ལོ་ཤས་ནང་ཕྱག་ལས་གང་མང་གནང་ཡང་ཞབས་འདྲེན་དང་ངོ་ཚ་དགོས་པའི་གནས་ཚུལ་མ་ཐོན་ཀྱང་། ང་རང་ཉིད་ཀྱི་རེ་བ་ལྟར་དུ་བྱས་ན་སྔོན་མའི་འཛིན་སྐྱོང་ལས་ཕྱོགས་རྣམས་རྒྱུན་གནས་ཐོག་འཛིན་སྐྱོང་གསར་པའི་ཐད་ལས་གཞི་གསར་པ་ཁ་གསལ་གོ་བདེ་མང་དག་གྲོས་ཚོགས་སུ་ཕུལ་ཏེ། བོད་པའི་སྤྱི་ཚོགས་སུ་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་སྔོན་དང་མི་འདྲ་པར་ལེགས་བཅོས་གང་མང་ཡོང་བ་དང་། ཁོང་གིས་གསུངས་པ་བཞིན་བཙན་བྱོལ་དུ་ཆེད་ལས་སློབ་མ་མང་པོ་གསོ་སྐྱོང་དང་། དེའི་ཁྲོད་དུ་བོད་པའི་རིག་གཞུང་ཐད་ཆེད་ལས་པ་མི་ཉུང་བ་ཞིག་གསོ་སྐྱོང་དང་ལྷག་ཏུ་ཁོང་གིས་བཏོན་པའི་ལྟ་གྲུབ་གསུམ་ལ་དམིགས་བསལ་གྱིས་ལས་གཞི་གང་མང་ཞིག་ཡོད་རེ་བྱས་ཀྱང་ལོ་ཆེན་བཞིའི་ནང་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བོད་ཕྲུག་ཚོར་སློབ་ཡོན་སྤར་ཆ་ཙམ་ལས་གཞན་རྣམས་ལ་ལས་གཞི་ཕལ་ཆེར་མཐོང་དུ་མེད་པ་ལྟ་བུར་སྣང་བ་མ་ཟད། སྲིད་སྐྱོང་གིས་བྱ་དགའ་སྤྲོད་ཚུལ་ལ་བསམ་ན་ཁོང་གིས་རང་རིག་ལ་དགའ་ཞེན་ཅུང་ཆུང་དྲགས་པའི་ཚུལ་སྣང་ཡང་ཤུགས་ཆེན་སྐྱེས་བྱུང་།

བོད་རྒྱ་གྲོས་མོལ་ཐད་ལ་ཡང་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་གསུངས་པ་ལྟར་བློ་ཁ་གང་བའི་བྱེད་སྟངས་ཞིག་གཏན་ནས་མ་རེད་སྙམ། ཡིན་ན་ཡང་ངས་སྔོན་དུ་རྒྱབ་སྐྱོར་བྱས་པ་ནོར་བར་མ་བསམ་ཡང་། ལོ་འདིའི་འོས་ཤོག་དེ་ཁོང་ལ་འབུལ་རྩིས་མེད་པ་རང་བཞིན་དུ་གྱུར་སོང་། དེའི་ཕྱིར་འདི་ལོའི་འོས་ཤོག་གཅིག་རང་ཡོད་པ་དེ་ཉིད་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་ཕྱོགས་སུ་གཡོ་བར་གྱུར། འདི་ལྟར་གཡོ་དོན་འདི་ཡང་ཕྱོགས་སུ་ལྷུང་བའི་འཐེན་ཤུགས་ཤིག་གིས་དེད་པ་མིན་ལ་འཐོམ་ནས་ལྐུག་པ་ཨུ་ཚུགས་ཀྱིས་དེད་པ་དེ་བས་མིན། འདི་ལ་གུས་པ་མི་ཆུང་ལ་དཔག་པའི་སེམས་ཆུང་དང་དོན་དངོས་ལ་དཔག་པའི་རེ་བཟང་རེ་མཐོང་ནས་མདོར་ན་རྒྱུ་མཚན་ཁྱད་པར་བ་འགའ་ཤས་ཤིག་གི་སྒོ་ནས་ཡིན། དེ་ཡང་ཁོང་སྲིད་སྐྱོང་འོས་དམིགས་ཐོབ་ན་སྔོན་གྱི་རེ་དམིགས་དེ་དག་བསྒྲུབ་རེ་གཅིག་མཚུངས་ཐོག ཁོང་ཐོབ་ན་དམིགས་བསལ་དགེ་མཚན་གཞན་ཡང་མང་པོ་མཐོང་སྟེ།
དཔེར་ན། 1 བོད་པའི་མི་རབས་གསར་པ་ཚོས་སྤོབས་སེམས་དང་བཅས་ཏེ་གཅིག་རྗེས་གཉིས་མཐུད་དུ་རྒྱ་དམར་གཞུང་ལ་འགྲན་ནུས་པའི་བརྡ་ལན་གསལ་པོར་ཞིག་སྤྲོད་ཐུབ། རྒྱུ་མཚན་ནི་ཁོང་ནི་སྲིད་སྐྱོང་བློ་བཟང་སེང་གེ་ལས་འཇོན་ཐང་དང་ཤེས་ཚད། ཉམས་མྱོང་གང་གི་ཐད་ནས་ཞན་པ་ཞིག་གཏན་ནས་མིན་པས་སོ།།

2 གཞིས་ལུས་མི་དམངས་ཀྱི་བློ་སེམས་འཁོར་བའི་བཙན་བྱོལ་གཞུང་འདི་ཉིད་མི་གཅིག་གཉིས་ཞིག་གིས་འཛིན་པ་ལས་གཞན་འཛིན་ཐུབ་མཁན་མེད་པར་རློམ་པའི་ལྟ་ཚུལ་མང་དག་ཡོད་པ་རྣམས་རང་བཞིན་གྱིས་མེད་པར་འགྱུར་བ་དང་། འཇོན་མཁན་མང་པོ་ཡོད་པའི་དཔང་རྟགས་ཡང་གསལ་པོ་སྟོན་ཐུབ།

3 ང་ཚོས་རེ་སྒུག་བྱེད་བཞིན་པའི་བོད་རྒྱའི་གྲོས་མོལ་དང་བོད་ཕྱི་ནང་གཉིས་སུ་སྟོང་པར་གནས་པའི་དཔལ་འབྱོར་ལམ་ལུགས་སམ་ཡང་ན་དཔལ་འབྱོར་འབྱུང་ཁུངས་གསར་སྐྲུན་ཐུབ་པར་རེ། གང་ཞེ་ན་ རང་ཉིད་དཔལ་འབྱོར་ལ་དགའ་དྲགས་པ་ཙམ་གྱིས་མ་ཡིན་པར། ཉེར་གཅིག་དུས་འདིར་ཆབ་སྲིད་བརྟན་ལྷིང་དང་རིག་གནས་ཡར་རྒྱས། མི་རིགས་རྒྱུན་གནས་སོགས་མདོར་ན་བོད་མིའི་རྩ་དོན་འགྲུབ་མིན་ནི་དཔལ་འབྱོར་གྱི་ནུས་ཤུགས་ལ་ཧ་ཅང་གི་རག་ལུས་པས་ཁོང་ལ་འོས་ཆོས་ལྡན་པ་མ་ཟད། ཁོང་ནི་ཆབ་སྲིད་ལ་ཡང་གོ་རྟོགས་ཚད་མཐོ་པོར་སླེབས་ཡོད་པ་སྔོན་གྱི་མི་ལོ་ཉི་ཤུའི་ནང་ལོ་བཞི་ལྔ་ཙམ་ལས་ཕར་ཆེར་ཆབ་སྲིད་འཛིན་སྐྱོང་དང་ཁྲིམས་ལུགས་ལག་བསྟར་ཐོག་ཕྱག་ལས་གནང་སྟེ་སྙན་གྲགས་ཀྱི་སྡིངས་ཆ་མཐོ་པོ་འདི་ཟིན་ཡོད་པས་གསལ་རྟོགས་ཐུབ་པ་ཞིག་ཡིན་པར་སྙམ། ལྷག་ཏུ་བོད་པ་ཟེར་བ་ཞིག་ས་སྒང་འདིའི་སྟེང་དུ་གནས་མིན་གྱི་འགག་རྩར་ཐུག་པའི་བོད་མིའི་རིག་གཞུང་ལ་དགའ་གུས་དང་རིན་ཐང་མཐོང་བའི་ཐོག་ཡར་རྒྱས་གཏོང་འདོད་ཀྱི་འདུན་པ་ལྡན་པའི་མི་བུ་ཁོང་ལྟ་བུ་ཞིག་སྲིད་སྐྱོང་གི་ས་མིག་ཐོབ་ན་སྔར་ལས་ལྷག་པའི་གྲུབ་འབྲས་ཤིག་འབྱུང་ཐུབ་པ་ལས། རང་རིག་དང་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་གང་འཚམས་ཞིག་མེད་ཚེ་བོད་རྒྱའི་གྲོས་མོལ་ཡང་ཇི་ལྟར་བྱེད། དེའི་ཕྱིར་སྔོན་དང་རྗེས་གང་ལ་བལྟས་ཀྱང་ང་ལ་དབང་བའི་འོས་ཤོག་འདི་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་སུ་འབུལ་འདོད་པ་ལས་གཞན་ལ་མི་འབུལ་རྒྱུས་བློ་ཐག་བཅད་ཟིན་པ་ཡིན།། །།
ཁོང་གི་དགོངས་གཞི་རླབས་ཆེན་དག་མྱུར་འགྲུབ་ཡོང་བའི་རེ་སྨོན་དང་བཅས་རེ་ཞིག་འདི་ནས་མཇུག་བསྡུས་ཡོད།

ཕྱི་ལོ་2015 ཟླ་ 08 ཚེས་10 ཉིན་ལ་ཕུལ།།

ངོ་སྤྲོད།

Post navigation

Previous Post: བློ་བཟང་སེང་གེའི་མདུན་གྱི་དཀའ་ངལ།
Next Post: སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བ།

Comments (1) on “ཁྱུང་རྟགས་གཉིས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-03-17 at 1:49 am

    དིང་སང་ཚན་རིག་དང་མཐུན་བྱ་ཁྱུང་ནི། ཆུ་སྦྲུལ་གསོན་པོ་འཛིན་ཐུབ་མཁན་གྱི་བྱ་རྒོད་ཀྱི་རིགས་ཅིག་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme