Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ།

Posted on 2010-09-112010-09-12 By ཀླུ་ 23 Comments on ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ།

བང་ཆེན་ཚང་གི་ནུབ་ཁའི་ཉི་གཞོན་གྱི་ཟིན་བྲིས་ནས་དྲངས

katri1

སྣ་ཚོགས།

Post navigation

Previous Post: དྲུག་གསུམ་བཅོ་བརྒྱད།
Next Post: ༄།། ཨལ་བྷིར་གྲི་ཨ་ཡེན་སི་གྲན། (Albert Einstein) སྔ་མའི་འཕྲོ།

Comments (23) on “ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ།”

  1. ཟུར་མཁར་བ། says:
    2010-09-09 at 2:56 pm

    བློ་བཟང་སེང་གི་རྒྱབ་སྐྱོར་བྱེད་མཁན་ཞིག་གི་ངོས་ནས་ཁོང་ལ་འོས་གྲངས་མང་ཐོབ་ན་སོང་ཨང་བསམ་པའི་ོདངངས་སྐྲག་ཅིག་མ་གཏོགས་རྩོམ་ཡིག་འདི་ལ་རྒྱུ་མཚན་གཞན་མི་འདུག འོས་སུ་ལ་འཕེན་དང་མི་འཕེན་དེ་རྒྱ་ཆེ་མི་མང་གི་ལག་པར་ཡོད་དུས་སྡུག་སྐད་བརྒྱབ་ཅང་དེ་ཙམ་ཕན་པ་མེད་ལ། སྐབས་རེར་བྱེད་སྟངས་འདིའི་རིགས་ཀྱིས་བློ་བཟང་སེང་གེ་ལ་ཕན་ལས་གནོད་ཆེ་བའང་ཡོང་སྲིད།
    དེང་སྐབས་སྤྱི་ཚོགས་ནང་བློ་བཟང་སེང་གེའི་ཁ་གཏད་ངོ་མ་དེ་སྤེན་པ་ཚེ་རིང་ཆགས་རྒྱུ་ཡིན་པའི་གླེང་སློང་ཤུགས་ཆེར་ཡོད་པ་ལས་མི་ཚང་ཆེན་པ་ཟེར་པའི་འོས་མི་གཉིས་མིན་པ་ཇེ་གསལ་དུ་འགྲོ་བཞིན་འདུག་པའང་དགོངས་ལ་འཇགས་པར་མཛོད་ཨང་།

  2. མེ་ཏོག་དཀར་པོ། says:
    2010-09-09 at 2:57 pm

    རྩོམ་མིག་ཡ་གཅིག་མ་ལ་ཕྱག་འཚལ་ལོ།།

  3. lhu says:
    2010-09-12 at 11:55 am

    རྩོམ་མིག་ཡ་གཅིག་མ་རེད་རྩོམ་དང་ཆ་ཚང་བཀོད་ཡོད་ཀྱང་དྲ་དཔོན་གྱིས་དོགས་ནས་འཐེན་པ་འདྲ་གང་འྟར་རྩོམ་ཆ་ཚང་གཤམ་གྱི་འདི་རེད་གཟིགས་རོགས་་་་་་་་་་
    ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ།
    >>>>>>>>>>>>>>བང་ཆེན་ཚག་གི་ནུབ་ཁའི་ཉི་གཞོན་གྱི་ཟིན་བྲིས་ནས་དྲངས
    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཟིང་ཟིང་འུར་འུར་བྱེད་བཞིན་པ་ནི། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་སྐོར་རེད། དེ་ཡང་ཚོགས་པ་ཁག་གི་འདྲ་མི་འདྲའི་འཁྲབ་སྟོན་དང། མི་སྒེར་གྱི་འཁྲབ་སྟོན་སོགས་འཁྲབ་སྟོན་གྱི་རིགས་མི་འདྲ་བ་དང། འཁྲབ་སྟོན་གྱི་རྣམ་པ་མི་འདྲ་བ། འཁྲབ་སྟོན་གྱི་རྒྱ་ཁྱོན་མི་འདྲ་བ། འཁྲབ་སྟོན་གྱི་ཤུགས་ཚད་མི་འདྲ་བ་བཅས་མདོར་ན་དེ་རིང་ཁ་སང་གི་སྤྱི་ཚོགས་ནི་ ༢༠༡༡ ལོའི་འོས་གཞིའི་སྐོར་གྱི་འཁྲབ་སྟོན་གྱི་རྣམ་འགྱུར་འདྲ་མིན་སྟོན་བཞིན་པའི་ སྒང་རེད།
    འཁྲབ་སྟོན་དེ་དག་གི་ནང་ནས་ཆེས་སྟོབས་ཤུགས་ཆེ་བའི་འཁྲབ་སྟོན་པ་གཉིས་ནི་ རྒྱ་རི་ཚང་དང། བཀྲས་མཐོང་ཚང་རེད། ཁྱིམ་ཚང་དེ་གཉིས་ནི་བཙན་བྱོལ་བའི་ལོ་རྒྱུས་ཐོག་སྐད་གྲགས་ཆེན་པོ་ཡོད་མཁན་ ཞིག་རེད་ལ་ད་དུང་བཙན་བྱོལ་སྤྱི་ཚོགས་དེ་གཡོ་འགུལ་ཆེན་པོ་གཏོང་གི་ཡོད། རྩ་བ་ནས་གཡོ་འགུལ་གཏོང་གི་ཡོད་ལ་ཡལ་ག་དང་ལོ་མ་སོགས་ལའང་གཡོ་འགུལ་གཏོང་བཞིན་ ཡོད། ད་ལོའི་བཀའ་ཁྲིའི་འོས་གཞིའི་ནང་དུ་མི་སྣ་འདྲ་མིན་བྱུང་བའི་ནང་ནས་ལོ་གཞོན་ ཤོས་དང་ཤེས་ཡོན་གྱི་ཐོག་ནས་སྐད་གྲགས་ཆེ་ཤོས་དེ་བློ་བཟང་སེང་གེ་ཆགས་ཡོད་ལ། སྤྱི་ཚོགས་ནང་དུའང་བློ་བཟང་སེང་གེ་ལ་མཐོང་དང་ཆ་འཇོག་གང་འཚམས་སླེབས་པའི་ སྐབས་སུ་དབུས་གཙང་དབུས་རྒྱུན་ལས་ཀྱི་མིང་ཐོག་ནས་བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་གཅིག་པུ་བཀའ་ཁྲིའི་འོས་མིར་བཏོན་ནས་འཁྲབ་སྟོན་གཅིག་བྱས་པ་དང། དེ་ནས་ཚོགས་གཞོན་རྒྱ་རི་སྒྲོལ་མས་གསར་འགོད་གསལ་བསྒྲགས་བྱས་ནས་བཀའ་ཁྲིར་ལངས་ འདོད་ཡོད་སྐོར་འཁྲབ་སྟོན་གཅིག་བྱས་སོང། མོ་རང་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོས་པའི་སྐོར་གྱི་དྲི་བ་ལ་ལན་གསལ་པོ་ཞིག་ མ་བརྒྱབས་པ་དང། ད་དུང་བོད་མི་ཕྱི་རྒྱལ་དུ་གཏོང་རྒྱུའི་ཐད་བསམ་བློ་གཏོང་དགོས་སྐོར་གྱི་སྐད་ ཆ་སྙིང་རྗེ་པོ་གསུངས་འདུག དེ་བཞིན་སྔོན་མ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ ཚགས་པར་ནང་དུ་འབྲི་མྱོང་མཁན། བཀྲས་མཐོང་གི་གཉེན་ཉེ་མཁས་དབང་འཇམ་དབྱངས་ནོར་བུས་ཀྱང་བློ་བཟང་སེང་གེ་མར་ གཡུགས་ཐབས་ཆེད་དུ་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ལུགས་ཀྱི་འུར་སྒྲ་སྒྲོག་གི་ ཡོད་པའི་གོ་ཐོས་ཀྱང་བྱུང། མདོར་ན་འདི་དག་ཚང་མ་འཁྲབ་སྟོན་པ་རྩེ་གྲ་རྐྱང་རྐྱང་རེད།

    འདས་པའི་བཙན་བྱོལ་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། རྒྱ་རི་ཚང་རྒྱགས་པ་ཆགས་པ་དང། བཀྲས་མཐོང་ཚང་དབང་ཐང་འཕེལ་བའི་བཀའ་དྲིན་ནི། བོད་གཞུང་གི་གཞུང་དངུལ་ལྐོག་ཟ་བྱས་པའི་རྒྱུ་མཚན་ཡིན་སྐོར་ཡོངས་གྲགས་ཆགས་ ཡོད། འོན་ཀྱང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཁྲིམས་ཐོག་སོགས་ནས་ཁོང་ལ་ནག་ཉེས་ ཡོད་པའི་ར་སྤྲོད་བྱུང་བ་དེ་འདྲ་མེད་ནའང། སྤྱི་ཚོགས་ནང་དུ་གླེང་ཕྱོགས་ཆེན་པོ་དེ་འདྲ་བྱུང་དུས་བཀྲས་མཐོང་གི་ངོས་ནས་ ནག་མེད་ཉེས་འཛུགས་བྱས་སྐོར་ར་སྤྲོད་ཁ་གསལ་ཞིག་བྱེད་དགོས་ངེས་ཡིན་ཡང། ད་ལྟ་བར་ཁུ་སིམ་མེར་བསྡད་པ་ལས་དེའི་སྐོར་གང་ཡང་མ་བཤད་པས་སྤྱི་ཚོགས་ནང་དུ་ ཁོང་གིས་ལྐོག་ཟ་དངོས་སུ་བྱས་པའི་དོགས་པ་ཆེ་རུ་འགྲོ་ཡི་ཡོད།

    རྒྱ་རི་པདྨ་རྒྱལ་པོ་ཉི་ཧོང་གི་དོན་གཅོད་བྱས་པའི་སྐབས་སུ་བདེ་སྲུང་ལས་ཁུངས་ ཀྱིས་ཐེ་ཝན་གཞུང་ལ་ཨ་སྒོར་འབུམ་བཞི་བཅུའི་འཆར་གཞི་ཞིག་པདྨ་རྒྱལ་པོ་བརྒྱུད་ ཕུལ་སྐབས། རྗེས་སུ་ཨ་སྒོར་འབུམ་ཉེར་ལྔ་སྤྲད་ཀྱང་ལྷག་མ་འབུམ་བཅོ་ལྔ་གར་སོང་མེད་པར་ཆགས་ པ་དང། བདེ་སྲུང་ལས་ཁུངས་དང་པདྨ་རྒྱལ་པོའི་དབར་བྱུང་སོང་གི་རྩིས་ཁྲ་གང་ཡང་མེད་པ་ དང། ཐའེ་ཝན་གཞུང་གིས་དངུལ་དེ་དག་པདྨ་རྒྱལ་པོ་བརྒྱུད་ནས་སྤྲད་པ་མ་གཏོགས་སྐབས་ དེའི་བདེ་སྲུང་བཀའ་བློན་བཀྲ་ཤིས་དབང་འདུས་དངུལ་སྤྲོད་ལེན་གྱི་ནང་དུ་མེད་པ་ ཞིབ་འཇུག་ཚོགས་ཆུང་གིས་གསལ་པོ་ཤེས་ཡོད་པ་རེད། དེར་བརྟེན་ཨ་སྒོར་ག་ཚོད་རག་མིན་པདྨ་རྒྱལ་པོས་གང་བཤད་མ་གཏོགས་གཞན་ཕུ་འདེད་ བྱེད་ས་གང་ཡང་མེད་པར་ཆགས་པ་རེད། དེ་བཞིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་བོད་ཀྱི་མགྲོན་ཁང་ཉམས་གསོ་ཙམ་ བྱེད་པའི་ཆེད་དུ་ཧིན་སྒོར་འབུམ་མང་པོ་བཏང་བའི་རྙོག་གྲ་དང། རྒྱ་རི་པདྨ་རྒྱལ་པོས་ཐའེ་ཝན་ནས་བཏང་བའི་དངུལ་གྱི་རྙོག་གྲ། ལ་དྭགས་ནས་ར་ཡི་ཁུ་ལུའི་སྐོར་གྱི་རྙོག་གྲ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དཔལ་འབྱོར་བཀའ་བློན་བྱས་སྐབས་ཀྱི་དཔལ་འབྱོར་ གྱི་རྙོག་གྲ་དང། དེ་རྗེས་བཀའ་ཁྲིའི་ལས་ཡུན་མ་རྫོགས་གོང་ནས་དགོངས་པ་ཞུས་ནས་ཨ་རིར་ཕྱིན་པ་ སོགས་ལ་བལྟས་ན། ཡང་བསྐྱར་བཀའ་ཁྲིར་འོས་བབ་ཡོད་པའི་མི་ཞིག་རྩ་བ་ནས་ཆགས་ཀྱི་མེད་ལ། འདི་ཚོའི་སྐོར་ད་དུང་བསྔོག་ན་དྲི་མ་ཇེ་ཆེ་འགྲོ་རྒྱུ་ལས་གང་ཡང་མེད།

    འོན་ཀྱང་འཁྲབ་སྟོན་པ་མཁས་པ་འདི་ཚོས་འཁྲབ་པའི་ཟློས་གར་ནི། རྒྱབ་བརྟེན་མཐུག་ཅིང་གཏིང་ཟབ་ལ་ཁུག་སོ་དང་ཉམས་འགྱུར་མང་པོ་ཡོད་པ་ཡིན་དུས། སྤྱི་ཚོགས་ནང་དུ་ནུས་མེད་ཅིག་དང། ནག་པོ་ཞིག་ཏུ་འགྱུར་ཐུབ་ཀྱི་མེད། བློ་བཟང་སེང་གེ་ལྟ་བུ་ཆེན་པོ་སུ་ཞིག་གི་རྒྱབ་རྩ་མེད་པ་དང། རྒྱབ་ལྗོངས་སུ་བྲག་རི་དང་རྫ་རི་གང་ཡང་མེད་མཁན་ཞིག་ཡིན་དུས། ནོར་འཁྲུལ་ཏོག་ཙམ་ཤོར་ན་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་ངེས་རེད་ལ། ནོར་འཁྲུལ་ཆུང་ཆུང་ཡིན་ཡང་ཆེན་པོ་ཞིག་ཏུ་བསྒྱུར་ནས་བགེགས་བསྐྲད་པ་བཞིན་ མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོང་ཞིག་ཟེར་ནས་ཐལ་ལྕག་ཤུགས་ཆེན་པོས་བརྡབ་ངེས་རེད། ང་ཚོའི་སྤྱི་ཚོགས་ཀྱི་ངོ་གདོང་གི་རྣམ་པ་འདི་འདྲ་ཞིག་རེད། སྐྱོན་གཞན་བཏགས་ས་མེད་དུས། ད་སྐབས་བློ་བཟང་སེང་གེ་འགོག་པའི་སྐད་ཆ་གཙོ་བོ་ནི་ཉམས་མྱོང་མེད་རབས་གླེང་བ་ དེ་རེད། མ་གཞི་ཉམས་མྱོང་ཟེར་བ་ནི་ལས་ཀ་བྱས་ནས་ཉམས་མྱོང་གསོག་རྒྱུ་ཞིག་ཡིན་པ་ལས། ལས་ཀ་མ་བྱས་སྔོན་ནས་ཉམས་མྱོང་ཡོད་མཁན་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད་པ་ ཞིག་རེད། མདོར་ན། འཁྲབ་སྟོན་འདི་དག་གི་བརྒྱུད་རིམ་དང། སྟོབས་ཤུགས་ཚང་མ་རེ་རེ་ནས་ཕྱོགས་བསྡོམས་བྱེད་ཡོང་དུས་བློ་བཟང་སེང་གེ་བཀའ་ཁྲིར་ཐར་ས་མེད་པར་སྒོ་ཆེན་གཡས་གཡོན་གཉིས་ནས་བཙིར་བསྡད་ཡོད་པ་གཞི་ནས་ཤེས་ཀྱི་རེད།།

  4. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 1:08 am

    བློ་བཟང་སེངྒེ་ལ་དངོས་གནས་དཀའ་ངལ་ཏོག་ཙམ་འཕྲད་ཡོད་ས་རེད་ཁྱིམ་ཚང་ཆེན་པོ་གཉིས་ཀྱིས་བར་ལ་ལྷུང་བ་མ་ཟད་སྤེན་པ་ཚེ་རིང་གིས་ཀྱང་མིའི་ཁར་བརྒྱུགས་ནས་ཡང་བློ་བཟང་སེངྒེ་ལ་བར་ཆད་ཆེན་པོ་བཟོས་སོང་།

  5. བཟོད་པ་ལྷ་རྩེ་ says:
    2010-09-13 at 8:21 am

    བློ་བཟང་སེངྒེ་ལགས་ཀྱི་བཀའ་མོས་ལ་དཔྱད་པ་ཞིག་བྱས་པ་ཡིན་ན་མགོ་འདྲེན་དང་ལྟ་སྒོ་ཡོད་མཁན་དག་ལ་མཁེ་བཟང་ཆེ་བཞིན་ཁེས་མེད་ཉམས་ཆུང་བའི་མི་མང་ནི་ག་རེ་བྱས་ཀྱང་བྱས་གསུང་གི་འདུག
    ཁོང་གི་བསྒྲུབ་བྱ་གསུམ་གསུང་ཡོད་པའི་དང་པོ་ནི་རབ་གསུམ་རབ་ལ་བྱུང་ན་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་འབད་པ་བྱ་རྒྱུ་ཡིན་ཟེར་བ་བལྟ་བུ་ནི་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་འཕེབས་ལྟར་བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་རྒྱབ་བསྐྱོར་ཐོབ་རེའི་དམིགས་ཡུལ་བཅངས་བ་ལས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་མིན་པ་གསལ་པོ་རེད།
    གཉིས་པ་ནི་ཁོང་གི་གསར་བཏོད་བཞེས་པ་དེ་ཡང་དེང་དུས་ཀྱི་གཞོན་ནུ་ཆབ་སྲིད་ཀྱི་ཁ་ཕྱོགས་བོར་བའི་གང་དྲན་ལག་ཏུ་ལེན་པ་མི་རིགས་དང་རིགས་གནས་མི་སེམས་པ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་འཕེལ་དང་འཕེལ་བཞིན་པ་དེ་དག་གི་འདོད་བློར་བསྟུན་ནས་གསུང་པ་ལས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་མིན།
    གསུམ་པ་རང་མགོ་རང་ཐོན་ཞེས་པ་དེ་ནི་དངོས་གནས་ཁོང་གི་ལོ་མང་རིང་དཀའ་དཔྱད་འབད་པ་དུ་མས་བསགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་གང་ལ་ཞེ་ན་ད་བར་མི་ལོ་དུ་མའི་རིང་ལངས་ཕྱོགས་འདི་བཟུང་ནས་ཨ་རིར་བཞུགས་པ་ནི་ཀུན་གྱི་མཁྱེན་གསལ་མ་རེད་པས། ཧཧ

  6. གངས་ལྷ། says:
    2010-09-13 at 8:54 am

    ཁྱིམ་ཚང་ཆེན་པོ་གསུམ་ཟེར་བའི་སྐད་ཆ་དེ། བློ་བཟང་སེང་གེས་སྦྱིན་བདག་དང་སློབ་སྟོན་བྱེད་སའི་བང་ཆེན་གསར་ཤོག་དང་། དེའི་ལས་བྱེད་ཚོས་བཟོས་པའི་དཀྲོག་གཏམ་ཞིག་རེད། དེའི་རྩ་བའི་དམིགས་ཡུལ་ནི། བོད་ཀྱི་སྤྱི་ཚོགས་ནང་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་པའི་རྒྱ་རི་ཚང་དང་བཀྲས་མཐོང་ཚང་ལ་མིང་ངན་བཟོས་ཏེ། བང་ཆེན་གྱི་སྦྱིན་བདག་བློ་བཟང་སེང་གེ་ཡང་སླེབས་པ་བྱེད་རྒྱུ་དེ་རེད། ཁྱིམ་ཚང་གཉིས་ཀྱི་ནང་བཙིར་མ་བཙིར་གྱི་སྐད་ཆ་མེད། རྒྱ་ཆེའི་མང་ཚོགས་ཀྱིས་ཐད་ཀར་འོས་བླུགས་ནས་བདམས་ཡོང་གི་རེད། འོས་རག་ས་མ་རེད་དྲན་དུས། འདི་ལྟར་མིང་ཆད་བཟོས་ཡོང་གི་ཡོད་རེད། མཐར་གཏུགས་ན། བློོ་བཟང་སེང་གེས་སྤྲད་པ་དང་བཙལ་བའི་ཨ་སྒོར་ཁ་ཤས་ལ་ཐུག་ཡོད་རེད།

  7. གངས་ལྷ། says:
    2010-09-13 at 8:59 am

    ངས་བལྟས་ན། བུད་མེད་མང་པོས་རྒྱ་རི་སྒྲོལ་མ་བདམས་ཀྱི་རེད། གསར་འབྱོར་མང་པོས་ཀྱང་རྒྱ་རི་སྒྲོལ་མ་བདམས་ཀྱི་རེད། ད་དུང་ཁམས་པ་མང་པོས་ཀྱང་རྒྱ་རི་སྒྲོལ་མ་བདམས་ཀྱི་རེད། གཞིས་ཆགས་མང་པོས་ཀྱང་ཁོང་བདམས་ཀྱི་རེད། གང་ཡིན་ཟེར་ན། ཁོང་ཚོར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐུབ་མཁན་དང་ནུས་པ་ཆེ་ཤོས་དེ་རྒྱ་རི་སྒྲོལ་མ་རེད། དེར་བརྟེན་རྒྱ་རི་སྒྲོལ་མའི་གོང་ལ་སུ་ཡང་མེད་ལ་ཁོང་ལ་རྒྱལ་ཁ་ཐོབ་རྒྱུར་ཐེ་ཚོམ་ཞེ་དྲག་མི་འདུག

  8. migmar dorjee says:
    2010-09-13 at 11:26 am

    ཁྱིམ་ཚང་ཆེན་པོ་གསུམ་དང་གཉིས་སོགས་དགོས་དབང་གི་སྤྱི་ཚོགས་ནང་རྙོག་གྲ་ཆེད་བཟོ་ཙམ་རེད། ཁྱིམ་ཚང་གསུམ་དེས་བོད་བསྟན་སྲིད་ཉག་ཕྲའི་སྐབས་རང་མགོ་གང་ཐོན་མ་བྱས་པར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕྱག་རོགས་གང་ཐུབ་ཞུས་པ་ལས་སྐབས་དེར་བཙན་བྱོལ་གཞུང་ལ་བག་མེད་ལོངས་སྤྱོད་བྱེད་རྒྱུའི་དཔལ་འབྱོར་གང་ཡང་མེད་པ་ཚང་མས་ཤེས་གསལ་རེད། དྦཡིན་སྐད་ཤེས་པའང་ཁ་ཤས་ལས་མེད། དེ་དུས་བསྟན་འཛིན་དགེ་བྱེད་ལགས་ཀྱིས་སྐུ་སྒེར་ཡིག་ཚང་དུ་ལྕགས་ཚ་དུས་སྐམ་པའི་དཔེ་ལྟར་དབྱིན་ཡིག་གི་ཕྱག་ལས་གནང་ཡོད། པད་མ་རྒྱལ་པོ་ལགས་ཀྱི་སྐོར་དེ་མི་ངན་ཁག་གཅིག་གིས་བོད་གཞུང་གི་གསང་བའི་ཕྱག་ལས་ཕྱིར་བསྒྲགས་བྱེད་རྒྱུར་དམིགས་ནས་བཟོས་པའི་ལས་ཀ་སྐྱུག་བྲོ་བོ་ཞིག་རེད། པད་མ་ལགས་ཀྱིས་སྐབས་དེའི་དངུལ་རྩིས་སྒོར་རེ་རེ་ནས་གསལ་བཤད་བྱས་ན་གསང་བའི་གནས་ཚུལ་དེ་ག་འདྲ་ཞིག་ཆགས་ཀྱི་རེད། འདི་ལྟར་བསམ་བློ་བཏང་ན་གོ་བ་ལོན་ཚོད་རེད། བཀྲས་མཐོང་བསྟན་རྣམ་ལགས་ཀྱིས་གཞུང་དངུལ་ལྐོག་ཟོས་བྱས་སྐོར་གཞི་མེད་དཀྲོག་གཏམ་རང་རེད། དེའི་སྐབས་ལྡི་ལི་མ་ཇུ་ནུ་ཀ་ཀྲི་ལའི་སྒྲོལ་མ་ཟ་ཁང་དུ་ཁ་ལག་བཟའ་སྐབས་དེའི་སྐོར་མི་ཁ་ཤས་ཀྱིས་གླེང་སློང་བྱས་སོང་། བལ་ཡུལ་ནས་ཡོང་བ་ཡིན་ཟེར་བའི་མི་ལོ་ན་ཡར་ཙམ་སོན་པ་ཞིག་གིས་བསྟན་འཛིན་རྣམ་རྒྱལ་ཟེར་བ་དེས་གཞུང་དངུལ་ཕོན་ཆེན་པོ་དེ་འདྲ་ཟོས་འདུག དཔེ་མི་སྲིད་པའི་སྡུག་ཅག་རེད་བརྗོད་སོང་། ངས་ཁོང་ལ་གཞུང་དངུལ་ག་ཚོད་ཟོས་ཡོད་དམ་ཞེས་དྲིས་པར་འབུམ་བདུན་བརྒྱ་སྐོར་རེད་ཟེར། དེ་ལ་དཔང་རྟགས་གང་ཡོད་དམ་བརྗོད་པར། ལྟོ་ཕད་ནས་ཤེས་བྱ་ཚགས་པར་ཞིག་བཏོན་ནས་འདི་བོད་གཞུང་གི་ཚགས་པར་རེད། འདི་ལ་གསལ་ཡོད་ཟེར། ངས་ཤེས་བྱ་ཚགས་དེབ་དེ་ཚུར་བླངས་ནས་བསྟས་པ་ཡིན། དེར་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲི་གནང་སྐབས་ཀྱི་སྔོན་རྩིས་ནང་གཏོང་ཡོང་ཁ་མ་འཐབ་པའི་སྐོར་ལས་ལྐོག་ཟོས་སྐོར་ཚིག་གཅིག་མི་འདུག ངས་དེའི་སྐོར་ཁོང་ལ་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་པར། ཁོང་གིས། ང་ལ་བལ་ཡུལ་དུ་མི་ཚོས་དེ་སྐོར་ཚགས་པར་འདིར་འཁོད་ཡོད་པ་རེད་བཤད་བྱུང་། དེར་བརྟེན་ངས་ཚགས་པར་འདི་ཉར་བ་ཡིན་ཟེར། ད་ཁྱེད་ནས་འགྲེལ་བཤད་བྱས་པས་ངས་ཧ་གོ་སོང་ཐུགས་རྗེ་ཆེ་བརྗོད་བྱུང་། གནས་ཚུལ་དངོས་འབྲེལ་ལས་བརྫུན་བཟོ་བྱས་པ་མིན། དེ་བཞིན་བཀྲས་མཐོང་ལགས་ནས་འདིའི་སྐོར་ཉེ་ཆར་རང་གསུངས་དོན། དེ་འདྲའི་གནས་ཚུལ་གང་ཡང་ཡོག་མ་རེད། དོན་དག་ག་རེ་ཡིན་ནམ་སྐབས་དེར་དམངས་གཙོ་ཚགས་པར་ནང་གནས་ཚུལ་དེ་འདྲ་ཞིག་བཀོད་པ་རེད། འགོད་མཁན་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་ཁོང་གཉིས་རེད། ཁོང་རྣམས་ད་བཞུགས་ཡོད་པ་རེད། བཀའ་འདྲི་གནང་ན་འགྲིག་གསུངས་ཡོད་པས་དེ་འདྲ་ཁུངས་སྐྱེལ་གནང་རྒྱུ་ཡོད་ན་སྐབས་དེར་ཚགས་ཤོག་ཏུ་འགོད་མཁན་ནས་ཁུངས་སྐྱེལ་དང་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་པོ་རེད། བསྟན་རྣམ་ལགས་ཀྱིས་འདིའི་སྐོར་ཆེད་དུ་དག་སེལ་ཆེད་ཁྲིམས་གཏུགས་སོགས་མི་གནང་བ་ནི་དཀྲོག་གཏམ་དང་། བརྫུན་བཟོ། འཆལ་གཏམ་ཡོད་ཚད་ལ་ཁ་ཡ་བྱེད་པ་དོན་མེད་དུ་དགོངས་པ་ལས་གནོངས་ཡོད་ནས་མིན་པ་གསལ་པོ་རེད། དེ་འདྲའི་གནས་ཚུལ་མེད་སྟབས་དབུས་གཙང་ཆོལ་ཁ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་རྒྱ་ཆེའི་བོད་རིགས་མང་པོས་ཁོང་བཀའ་ཁྲིའི་འོས་མིར་བདམས་པ་འདིས་ཁོང་ལ་དེ་འདྲའི་མཚན་ཤས་མེད་པ་ར་སྤྲོད་འདི་ལྷག་མི་དགོས་སོ།།

  9. ཤ་རུས་གཅིག་པ། says:
    2010-09-13 at 11:31 am

    ངོ་མ་རྒྱལ་སྤྱིའི་བསམ་བློ་དང་ལྡན་པའི་མཁས་དབང་བློ་བཟང་སེང་གེ་ལྟ་་བུ་ཞིག་ད་ལྟ་བཙན་འབྱོར་བོད་པའི་སྤྱི་ཚོགས་ནང་ཁྱོན་ནི་མཐོང་རྒྱུ་མི་འདུག།
    འོན་ཀྱང་མི་རྒྱུ་དབང་གསུམ་ཡོད་པའི་སྐུ་ངོ་འདི་ཚོའི་གོ་སྐབས་དེ་ཕྲོ་ལག་བཏང་ས་རེད།
    ད་དུང་རྒྱ་སྒྲོལ་མ་ལྟ་བུ་ཞིག་བཀའ་ཁྲི་ལ་སླེབས་ན་ངོ་མ་བོད་པ་མི་ཟད་ཐེབ་པ་ཡིན་ཀྱི་རེད།
    མི་བསམ་ཡོད་ཞིག་ཡིན་ན་མཁས་དབང་བློ་བཟང་སེང་གེ་ལ་འོས་ཤོག་ཕེན་རོགས་ཞུ་རྒྱུ་ཡིན།
    གངས་ལྷ་ཟེར་པ་འདིའི་སྐད་ཆ་ལ་ཉན་རྒྱུ་ཅང་མི་འདུག།

  10. སེར་ཆེན says:
    2010-09-13 at 11:32 am

    ང་རང་ཡང་བུད་མེད་ཀྱི་ཆ་ཤས་ཞིག་ཡིན་མོད།འོན་ཀྱང་ངས་རྒྱ་གར་གྱི་མི་སེར་ཡིན་པའི་རྒྱ་རི་སྒྲོལ་མ་བཀའ་ཁྲི་མི་འདེམས་ཆག་ཆོད་ཡིན།རྒྱུ་མཚན་ནི་ནམ་རྒྱུན་བོད་པའི་འདུན་ཅོག་སྟེང་ནས་སེམས་ཤུགས་དང་ལ་རྒྱ།སྤོབས་པ་ཡོད་ཁུལ་གྱིས་ངུ་ཤོར་བགོད་ཤོར་གསུངས་བཤད་གནང་བསྡད་པ་ཡིན་ན་རྒྱ་གཞུང་གིས་ལྟད་པོ་ཆེ་རོགས་རེད།གཙོ་བོ་དྲང་བདེན་དང་ཞི་བདེ་ལ་དགའ་བས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་མཐུད་ཚགས་ཚུད་བྱེད་ཐུབ་མཁན་གྱི་མི་སྙིང་སྟོབས་ཅན་ཞིག་དགོས་གལ་ཆེའོ།ངའི་བཀའ་ཁྲི་ནི་བློ་བཟང་སེང་གེ་ལས་གཞན་མ་འདསོོ།།

  11. སྐྱབ་བཅོལ་བ། says:
    2010-09-13 at 11:38 am

    རྒྱ་རི་སྒྲོལ་མ་བཀའ་ཁྲི་ལ་སླེབས་ན་ངས་རང་བཙན་པ་སི་མེ་བསྲེགས་གཏོང་གི་ཡིན། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ལ་མགོ་བཏགས་ན་རག་ན་བཏགས་ཀྱི་ཡིན།

  12. སྐྱབ་བཅོལ་བ། says:
    2010-09-13 at 11:42 am

    གངས་ལྷ་ལགས། ཁྱིམ་ཚང་ཆེན་མོ་གསུམ་ཟེར་བའི་མིང་ཚིག་འདི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེས་ཐོག་མར་བཏགས་པའི་ཐ་སྙད་ཅིག་རེད་འདུག ཐ་སྙད་འདི་བློ་བཟང་སེང་གེས་ཨ་སྒོར་དང་འབྲེལ་བ་ཡོད་མ་རེད།

  13. སྐྱབ་བཅོལ་བ། says:
    2010-09-13 at 11:49 am

    migmar dorjeeལགས།
    ༼བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲི་གནང་སྐབས་ཀྱི་སྔོན་རྩིས་ནང་གཏོང་ཡོང་ཁ་མ་འཐབ་པའི་སྐོར་ལས་ལྐོག་ཟོས་སྐོར་ཚིག་གཅིག་མི་འདུག༽ བྱུང་སོང་ཁ་མ་འཐབ་པ་ལས་ལྷག་གི་ཁུངས་སྐྱེལ་ཞིག་དགོས་ཡ་ཡོད་མ་རེད། བྱུང་དངུལ་ནང་ནས་སོ་སོའི་དངུལ་ཁུག་ནང་བཅུག་བཞག་དུས་བྱུང་སོང་གཉིས་ཁ་འཐབ་ཐབས་ཡོད་མ་རེད་ལོ།

  14. ཤ་རུས་གཅིག་པ། says:
    2010-09-13 at 12:21 pm

    སྐྱབ་བཅོལ་ལགས་དངོས་གནས་ཡག་པོ་གསུང་སོང་མི་འདི་ཚོ་བཀའ་ཁྲི་སླེབ་ན་བོད་གཞུང་རྒྱ་མི་ལ་བཙོང་ནས་རྒྱ་སྒོར་མང་ཙམ་བྱུང་ན་ཕྱི་རྒྱལ་ལུང་པ་ཞིག་ལ་གྲོད་ཁོག་གནམ་ལ་གཏན་ནས་ཉལ་སྡོད་རྒྱུ་རེད།

  15. སྐྱབ་བཅོལ་བ། says:
    2010-09-13 at 12:22 pm

    ད་བལྟས་དུས་འདི་འདྲ་རེད་བཞག བོད་ཆོལ་ཁ་གསུམ་ཐུན་མོང་གིས་གུས་བརྩི་དང་ཡིད་ཆེས་ཡོད་ས་དེ་བློ་བཟང་སེང་གེ་རེད་འདུག བྱས་ཙང་ཁོང་ཚོ་གྲོས་སུ་བསྡུར་ཏེ་བཀྲ་མཐོང་དབུས་གཙང་ཡིན་པས་མི་མང་ཤོས་ཀྱི་བཀྲས་མཐོང་ལ་འོས་བླུགས་ཤག་བྱས། རྒྱ་རི་སྒྲོལ་མ་ལང་ནས་མདོ་སྟོད་མིང་མང་གི་འོས་ཁ་གཏོར་ཐབས་དང་། སྤེན་པ་ཚེ་རིང་ལང་ནས་མདོ་སྨད་མི་མང་གི་འོས་གཏོར། དེ་ནས་བློ་བཟང་སེང་གེའི་འོས་གྲངས་ཉུང་དུ་སོང་ནས་བཀྲས་མཐོང་ལ་འོས་ཐོབ་ཤག་བྱས། བཀྲས་མཐོང་བཀའ་ཁྲི་ཐོབ་ན་ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཁེ་བཟང་སྤྲོད་འཆར་བྱས་པ་རེད། ཨོ་རེད་ཆབ་སྲིད་ཟེར་བ་དེ་འདི་འདྲ་ཞིག་ཡིན་གྱི་རེད་ཡ།

  16. མེ་ཏོག་དཀར་པོ། says:
    2010-09-13 at 12:41 pm

    བློ་བཟང་སེང་གེ་ལ་འོས་ཐོབ་ན་ཁོང་བཀའ་ཁྲི་གནང་རིང་ངའི་བོད་མིའི་དཔྱ་ཕྲལ་དེབ་རྩིས་འབུལ་ཞུ་གི་ཡིན། རྩེད་མོ་ཡིན་ད་

  17. ཤ་རུས་གཅིག་པ། says:
    2010-09-13 at 12:48 pm

    མཁས་དབང་བློ་བཟང་སེང་གེས་བཀའ་ཁྲི་ལས་གནས་ཁུར་བའི་རིང་ལ་བོད་རང་དབང་ཐོབ་རྒྱུར་འབད་རྩོན་བྱས་ན་དོན་ལྡན་གྱི་འབྲས་བུ་ཞིག་ཐོབ་མི་ཡོང་ངེ་བསྙམ།

  18. ཚྭ་སྒང་ཕོ་ཉ། says:
    2010-09-13 at 7:46 pm

    migmar dorjee ལགས་ལ་ཞུ་རྒྱུ།
    ཁྱེད་ཀྱིས་བསྟན་འཛིན་རྣམ་རྒྱལ་གྱིས་གཞུང་དངོས་ཟོས་མེད་པའི་སྐོར་བལ་ཡུལ་ཀྱི་བོད་མི་དེ་ལ་ར་སྤྲོད་གསལ་པོ་བྱས་ཡོད་སྐོར་བཤད་གཏང་ལ་ལྟས་ན་ཁྱེད་ཀྱིས་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད་པ་མཚོན་གྱི་འདུག་པས་ཅི་ནས་ཀྱང་དེའི་སྐོར་ངས་གནས་ཚུལ་ཁ་ཤས་མི་འདྲི་དཀའ་མེད་བྱུང། ཐོག་མར་དྲི་རྒྱུ་་་གཏོང་ཡོང་ཁ་མ་འཐབ་པ་བྱུང་དགོས་དོན་གང་ལ་ཐུག་པ་རེད་་་་་གཏོང་མང་སོང་བ་རེད་དམ་་་་་་ཡང་ན་ཡོང་རྒྱུ་མང་སོང་བ་རེད། གཏོང་མང་སོང་བ་ཡིན་ན་་་་་་་་གཏོང་འཛིན་གསལ་པོ་མེད་ན་ཡང་ངག་ཐོག་ནས་ལས་དོན་འདིའི་ཐོབ་ལ་འདི་འདྲ་གཏོང་དགོས་བྱུང་སྐོར་བསལ་བཤད་གཅིག་ཀྱང་བྱེད་མི་ཐོབ་པར་ནག་ཐོམ་མེ་དེ་འདྲ་བྱུང་དོན་གང་ཡིན་ནམ། མ་ཚད་འཇམ་དབྱངས་ནོར་བུ་དང་ལྷག་བསམ་ཚེ་རིང་གཉིས་ཀྱིས་དེའི་སྐོར་དམངས་གཙོ་ཚག་པར་ཐོག་བཀོད་ཡོད་ན་བཀོད་དོན་གང་ཡིན་ནམ་བཀྲས་མཐོང་ལ་ནག་ཉེས་མེད་པའི་ཤེས་བྱེད་དུ་བཀོད་པ་ཡིན་ནམ་ཡང་ན་ནག་ཉེས་ཡོད་པའི་ཤེས་བྱེད་དུ་བཀོད་པ་ཡིན་ནམ། མི་དེ་གཉིས་བོད་པའི་སྤྱི་ཚོགས་ཐོག་ཤེས་ཡོན་དང་ལྷག་བསམ་རང་ལུགས་ཡོད་པའི་བོད་མི་ཞིག་ཡིན་པར་རྩོད་མེད་ཡོང་གྲགས་ཡིན་ལ་བཙན་བྱོལ་སྤྱི་ཚོགས་འདིའི་ཐོག་ལྗིག་ཁོག་ཏོག་ཙམ་ཡོད་པའི་མི་སྣ་གཉིས་མ་ཡིན་ནམ།
    ད་དུང་དེའི་སྐབས་བོད་གཞུང་གྲོས་ཚོགས་སུ་སྤྱི་མཐུས་པདྨ་བདེ་ལེགས་ཀྱིས་དྲི་བ་བཅུ་གཉིས་སྟོན་པ་ལ་བཀྲས་མཐོང་གིས་ལན་མི་འདེབས་པ་ཁ་རོག་གེ་སྡད་དགོས་དོན་གང་ཡིན་ནམ། དེའི་རྗེས་ནང་མི་ལ་དཀའ་ངལ་ཡོད་སྐོར་བརྗོད་ནས་བཀའ་ཁྲི་དགོང་པར་ཞུས་པ་མ་ཡིན་ནམ། ལན་གསལ་པོ་ཡོད་པ་མཁྱེན་
    དེ་དག་ནི་སྤྱི་ཚོགས་ཐོག་ཡོངས་གྲགས་ཀྱི་སྐད་ཆ་ཡིན་པས་བཀོད་པ་ཡིན། ད་དུང།

  19. སེར་ཆེན says:
    2010-09-14 at 6:37 am

    ཕྲན་ནས་མཆན་བྲིས་པར་དག་མཆན་མ་ཐོབ་པ་ཡིན་ནམ་གང་རེད་སླེབས་མ་སོང་།

  20. ten zin pema says:
    2010-09-14 at 11:49 am

    ད་
    རྣམས་པ་ཚོ་ཡར་བཤད་་མ་བཤད་ལྡོག་ལྡོག།
    ང་ཚོ་ལ་སྐབས་གསུམ་པའི་བཀའ་ཁྲི་མི་འཇོན་ཐང་ཅན་དང་ལྷག་བསམ་ཅན་ཞིག་དགོས་བ་
    དངོས་ནས་རེད།
    འོན་ཀྱང་ང་ཚོ་བཙན་བྱོལ་སྦྱི་ཚོགས་ནང་མི་ཁ་ཤེས་ཤིག་གིས་ཁྱིམ་ཚང་གཉིས་གསུམ་
    ཞིག་གི་རྩོད་གཞི་ཡིན་པ་འདྲ་བོ་བཤད་འདུག་པས།
    ཕྲན་གྱིས་དེ་འདྲ་བོ་མཐོང་མ་སོང་།གང་ཡིན་ཟེར་ན།
    བཀའ་ཁྲི་སྐབས་དང་བོ་་དང་གཉིས་པ་སྐབས་ལ་འང་རྙོག་དྲ་དེ་རིགས་ཅིག་ཀྱང་བྱུང་
    མེད་པ་གསལ་བོ་ཡིན་པ་མ་ཟད། རྣམས་པ་ཚོ་ལ་ཞུ་མ་དགོས་པ་ཞིག་རེད།
    དེ་ལས་དྲ་གྲོགས་ཚོ་སྐབས་གསུམ་པའི་བཀའ་ཁྲི་ལོ་ན་གཞོན་པའི༸གོང་ས་མཆོག་གིས་
    བཀའ་དགོངས་བཞིན་འཚེ་བ་མེད་པ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་ཐུབ་མཁན་ཞིག་
    འདེམས་དགོས་པ་གལ་ཆེན་པོ་རེད།

  21. དབྱར་ཁབ་ཀུན་བཟང། says:
    2010-09-15 at 4:32 am

    བཀའ་བློན་ཁྲི་པ་ཟེར་བ་དེ་གང་ཟག་སོ་སོས་བསམ་བློས་དཔྱད་འཇུག་བྱས་ཏེ་འདེམས་དགོས་པ་ལས།
    གཞན་གྱི་གཡོ་འོག་ཏུ་འགྲོ་རྒྱུ་མེད། མི་ཚང་མའི་ཁ་ནས་བཀའ་བློན་གྱི་འོས་ཚད་དེ་པུས་དག་པོ་ཞིག་དགོས་ཟེར་མཁན་ཀྱང་ཀྱང་རེད།
    འོན་ཀྱང་དོན་ངོ་མའི་རང་ཉིད་དགའ་ས་མ་བཏོགས་ཁག་པོ་འདྲ་རེད་ཤག
    འདི་ནས་ཁྱིམ་ཚང་ཆེ་པོའི་སྐད་ཆ་བཤད་མཁན་དེ་ལཌྷའང་ཕྱོགས་ལྷུང་གི་ན་ཚ་ཞིག་ཡོད་པ་གསལ་པོ་རེད།
    མདོར་ན་རང་རང་སོ་སོའི་བསམ་བློ་མཐོང།

  22. ཁ་རུ་ཁ་ཐུག says:
    2010-09-16 at 3:23 am

    མིའི་བསམ་ཚུལ་མཚོན་པའི་རྩོམ་ཡིག་འདྲ་མིན་འབྲི་གི་རེད་ལ། འབྲི་སྲིད་པ་རེད། མཐའ་མའི་ཐག་གཅོད་དམ། དཔྱད་ཞིབ་དེ་རང་གིས་བྱེད་རྒྱུ་དེ་གནད་འགག་རེད།
    ཁྱོད་ཀྱིས་དེ་ལྟར་བྲིས་འདུག་ཟེར་ནས། ནད་མ་ཁྱོག་པར་དགག་པ་བརྒྱབ་ཀྱང་དེ་ཙམ་ཕན་ཐོགས་ཡོད་མརེད། གྲོགས་པོ་ཚོ།

  23. མགོ་ལོག་གངས་བུ་བསམ་འགྲུབ། says:
    2010-09-16 at 6:03 pm

    ངའི་ཤ་རུས་ཁྲག་རྒྱུན་བོད་ནས་སྐྱེས་ཤིང་། སེམས་ཀྱི་གཏད་སོ་གཞིས་ལུས་མི་མང་གི་བདེ་སྡུག་ཡིན་ལ། བཙན་བྱོལ་རང་རིགས་ལ་རེ་བའི་མིག་འབུར་བལྟ་བཞིན་ཡོད། བོད་ཀྱི་བཀའ་བློན་བསྐོ་བའི་འགན་དབང་བོད་རིགས་མི་མང་ཡོད། དེ་ཡང་ཆོལ་ཁ་ཆོས་ལུགས་སོགས་ཀྱི་ཕྱོགས་བཟུང་ནས་འདེམས་ཤོག་འཕེན་པ་ནི་ཆེས་བླུན་པོ་ཕྱོགས་རེས་ཀྱི་མིག་ཟུང་ཅེ་རེ་ལོང་བ་དག་གི་སྤྱོད་ཚུལ་ལས་གཞན་གང། ངོ་མ་བཤད་ན་ངའི་བསམ་ཚུལ་ལ་མཁས་དབང་བློ་བཟང་སེང་གེ་ནི་དེང་དུས་འོས་ཤིང་འཚམས་པའི་བཀའ་བློན་ཞིག་ཏུ་འདུག་སྙམ་དང་། ཁོང་ལ་འོས་ཤོག་ཐོབ་པར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་དང་མཆོག་གསུམ་གསོལ་འདེབས་བྱེད་བཞིན། འདི་ལ་རྒྱུ་མཚན་མང་པོ་དྲངས་རྒྱུ་ཡོད་པ་རེ་ཞིག་དེ་ཙམ་བྱེད། གང་ལྟར་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུ་ཐུབ་དང། བོད་སྤྱི་བའི་བདེན་དོན་སྒྲུབས་པ་ལ་ལྷག་བསམ་ཤེས་འཇོན་ཡོད་པ་ཞིག་རྒྱུར་གལ་གནད་ཆེ་པོ་རེད་སྙམ། ་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme