Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱིམ་པས་འདུལ་བ་ཤེས་ན་སུ་ལ་གནོད།

Posted on 2009-08-272009-08-27 By ཡེ་ཤེས་ 49 Comments on ཁྱིམ་པས་འདུལ་བ་ཤེས་ན་སུ་ལ་གནོད།

05_tibetan_monk
འདུལ་བ་མ་ཤེས་འདུལ་བསྟན་ཅི་ལྟར་བསྲུང་། །
འདུལ་བ་མ་གླེང་འདུལ་བ་ཅི་ལྟར་ཤེས། །
འདུལ་བ་མ་བྲིས་འདུལ་བ་ཅི་ལྟར་སྤེལ། །
འདུལ་བ་མ་རྙོག་འདུལ་སྡོམ་ཅི་ལྟར་བཟོ། །
འདུལ་བ་གླེང་སློང་འདུལ་དཀྲུག་ཡིན་གྱུར་ན། །
འདུལ་བའི་གཞུང་ལ་སློབ་སྦྱོང་བྱེད་ཞོར་དུ། །
འདུལ་བའི་ཆོས་རྩོད་བྱེད་པའི་དགེ་སྦྱོང་དག །
འདུལ་བསྟན་དཀྲུག་པའི་དྭངས་མར་ཅིའི་མི་འགྱུར། །
འདུལ་བའི་སྲུང་མཚམས་ཞིབ་ཅིང་ཕྲ་བ་དེ། །
འདུལ་འཛིན་རྣམ་པར་སྐད་ཆ་དྲིས་པ་དང་། །
འདུལ་བ་སྲུང་དཀའི་གནས་ལུགས་བརྗོད་པ་དེ། །
འདུལ་བསྟན་དཀྲུག་པའི་སྐད་ཆ་ཡིན་དོགས་མེད། །
བརླ་བར་རྒྱོ་ན་སྡོམ་པ་གནས་པ་དང་། །
རྒྱོ་དུས་ཤུབས་གྱོན་སྡོམ་པ་འཆོར་བ་འདིའི། །
གསང་བའི་ས་མཚམས་སུ་དང་གང་གིས་ཤེས། །
ཞིབ་ཏུ་དཔྱད་ན་ལུང་ཙམ་མ་གཏོགས་མེད། །
ལུང་དེའི་ནང་ནའང་དེ་དུས་འགྱིག་མེད་པས། །
འགྱིག་ཤུབས་གྱོན་ན་འཆོར་ཞེས་གང་ནས་གསུངས། །
འགྱིག་ཤུབས་གྱོན་ན་སྡོམ་པ་འཆོར་བའི་ཚེ། །
བརླ་ཡི་ཤ་སྐྱི་འགྱིག་ལས་ལྡབས་ཀྱིས་འཇིགས། །
གངས་སེང་ཤམ་བྷ་ལ་དང་ཡེ་ཤེས་སོགས། །
ཨ་རིའི་དཔེ་སྐྲུན་ཚན་པས་དངུལ་གྱི་ཆེད། །
བོད་པའི་ནང་ཆོས་ལག་ལ་ཡོང་ཚད་དང་། །
ཨ་ཁུ་སྟོན་པའི་སྒྲུང་ཡང་པར་དུ་བཏབ། །
དེ་བཞིན་གྲྭ་ས་ཆེན་པོ་སེ་ར་ནས། །
སུད་སིའི་བན་ཆུང་དོན་རྐྱེན་བྱུང་བའི་རྗེས། །
བཙན་བྱོལ་སྤྱི་ཚོགས་འདིའི་ནང་གྲྭ་པ་ཡི། །
གསང་བ་ཟེར་བ་གསང་ཐབས་མེད་པར་གྱུར། །
ད་དུང་གསང་བ་ཡིན་སྐད་ཉི་མའི་འོད། །
ལག་པས་འགེབ་འདོད་མང་ཞིག་ཡོད་མོད་ཀྱང་། །
རང་རང་ངལ་བའི་རྒྱུ་ལས་གསང་བ་དག །
ད་ལྟའི་དུས་འདིར་གསང་བ་མིན་པར་གྱུར། །
གསང་བ་མ་ཤེས་གོང་དེར་གསང་སྒྲོག་གི །
ཉེས་པ་ཞེས་བྱ་འཇིག་རྟེན་འདིར་གྲགས་མོད། །
གསང་བ་ཀུན་གྱིས་ཤེས་པའི་མཇུག་ཐོགས་སུ། །
གསང་བ་གཉིས་པ་ཡོད་མདོག་མ་བྱེད་ཅིག །
ཐེག་དམན་སྡེ་བར་འདུལ་བའི་ཆོས་ཞེས་པ། །
སོ་ཐར་སྡོམ་པའི་རབ་དབྱེར་གོ་བ་དང་། །
འདུལ་བ་སྲུང་དང་འདུལ་བ་དཀྲུག་ཅེས་པའང་། །
སོ་ཐར་རིས་བདུན་མ་གཏོགས་འགྲེལ་བཤད་མེད། །
བོད་པའི་སྤྱི་ཚོགས་སྡོམ་པ་གསུམ་ལྡན་འདིར། །
འདུལ་བའི་བསྟན་པ་སོ་ཐར་རིས་བདུན་དང་། །
བྱང་སྡོམ་སྔགས་སྡོམ་སྡོམ་པ་གསུམ་དུ་གོ །
སྡོམ་པའི་བགྲོ་གླེང་ཐོས་ན་ཅིས་མི་འགྲིག །
རྒད་པོ་རྒད་མོར་སྐྱབས་འགྲོའི་སྡོམ་པ་ཡོད། །
གསར་བུ་གསར་མོར་མི་དགེ་བཅུ་སྤོང་ཡོད། །
སྔགས་པ་རྣམས་ལ་བྱང་སྡོམ་སྔགས་སྡོམ་ཡོད། །
འདི་ཚོས་མི་ཚངས་སྤྱོད་སྐོར་ཐོས་ན་ཆོག །
ཡང་གཅིག་ཐེག་དམན་སྡེ་བའི་ཕ་ས་སྟེ། །
སིང་ག་ལ་རུ་ཁྱིམ་པས་རབ་བྱུང་གི །
སྡོམ་པ་གང་ཡིན་ཤེས་པས་གང་བྱུང་གི །
སྤྱོད་པ་བྱེད་ས་མེད་ཅེས་དགེ་ཆོས་གསུངས། །
འདི་ལ་བརྟགས་ན་འདུལ་བའི་བཅས་མཚམས་ཚོ། །
སྐྱ་སེར་གཉིས་ཀས་ཤེས་ན་ཆོས་མཐུན་དང་། །
ཆོས་མི་མཐུན་པའི་སྤྱོད་ལམ་འདི་འོ་ཞེས། །
ཁྱད་པར་འབྱེད་པའི་ལམ་བཟང་རྙེད་པར་འགྱུར། །
དེ་མིན་བོད་ཀྱི་གྲྭ་པས་ཤ་ཟ་ཞེས། །
རྒྱ་ཡུལ་སོགས་ནས་འཇིགས་སུ་རུང་བར་བལྟ། །
དེ་ཡང་བོད་བརྒྱུད་འདུལ་བར་རྣམ་པ་གསུམ། །
དག་པའི་ཤ་བཟའ་གནང་བ་མ་ཤེས་ལན། །
དཔེར་ན་ཁྱིམ་པ་ཞིག་གིས་དགེ་སློང་གི །
ལྷག་མ་བཅུ་གསུམ་གང་ཡིན་ཤེས་གྱུར་ན། །
ཁུ་བ་འབྱིན་པ་ཙམ་གྱིས་དགེ་སློང་གི །
སྡོམ་པ་ཉམས་པ་མེད་པའི་ཚུལ་ཡང་རྟོགས། །
དེ་མིན་ཁུ་བ་འབྱིན་བཞིན་སྡོམ་བརྩོན་གྱི། །
ཚོགས་པའི་གྲས་སུ་ཡོད་པའི་གྲྭ་གཟུགས་འདི། །
གྲྭ་པ་ཡིན་ནམ་མིན་ཞེས་ཐེ་ཚོམ་གྱིས། །
དགེ་བློ་མང་ཞིག་འགག་པའི་སྒོ་ཆེན་ཕྱེ། །
གྲྭ་པས་མི་གསོད་མི་ཆོག་ཁྱིམ་པས་ཤེས། །
གྲྭ་པས་རྐུས་བྱས་མི་ཆོག་ཁྱིམ་པས་ཤེས། །
གྲྭ་པས་རྒྱོ་རྒྱག་མི་ཆོག་ཁྱིམ་པས་ཤེས། །
གྲྭ་པས་རྫུན་བཤད་མི་ཆོག་ཁྱིམ་པས་ཤེས། །
འདི་ལྟར་རྩ་བ་བཞི་བོ་ཁྱིམ་པས་ཤེས། །
འདི་ལྟར་འདུལ་བའི་གཞི་རྩ་ཁྱིམ་པས་ཤེས། །
ལྷག་མ་བཅུ་གསུམ་ལ་སོགས་ཁྱིམ་པ་ཡིས། །
ཤེས་ན་ཉེས་པ་ཅི་ཞིག་འཕོག་པར་འགྱུར། །

གླུ་གཞས།, གསར་འགྱུར།, དཔྱད་རྩོམ། Tags:ཨཨཨ

Post navigation

Previous Post: ༄། །མདུན་བསྐྱོད་དགོས་ན་བློས་གཏོང་གྱིས།།
Next Post: ༧གོང་ས་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་རྒྱུ་རེད།

Comments (49) on “ཁྱིམ་པས་འདུལ་བ་ཤེས་ན་སུ་ལ་གནོད།”

  1. རྣག་ཁྲག says:
    2009-08-27 at 4:04 pm

    ཀླུ་སྨྱོན་རྒན་པོ་ཆགས་པས་འཔར་ནས་ཐལ།།
    དབྱིན་རྒན་མོ་ཞིག་རག་ནས་ཡོད་ཚོད་རེད།།
    འདུལ་བའི་གཞུང་ཞིག་བཤད་ཁུལ་བཤད་ཁུལ་ལས།།
    དོན་ལ་རང་གི་མཚང་ཞིག་སྟོན་ནས་འདུག།
    མི་ཐེག་སྡོམ་པ་ཤོར་རྒྱུ་དཔེ་ཞིག་རེད།།
    དེ་ལ་སྐོར་ནས་བཤད་པ་ཨུ་རེ་ཐུག།
    ཐད་ཀར་བཤད་པ་དྲང་མོའི་སྲོལ་ཞིག་རེད།།
    ཤོར་ཉེན་ཆེ་བའི་སྡོམ་པ་གཏོང་ལ་ཐོངས།།
    ཤོར་ཟིན་ཡོད་ན་མ་གསང་ཤོད་ལ་ཐོངས།།
    མངོན་ལྐོག་ལས་དེ་གཉེར་བ་དོན་རེ་ཆུང་།།
    ཀླུ་སྨྱོན་ཆགས་སྨྱོན་ས་མཐའི་མྱི་སྨྱོན་ཁྱོད།།
    ཆགས་ནད་བཙན་པོས་ཟིན་ཏེ་ཤི་ནས་འདུག།

  2. རིག་པའི་རལ་གྲི། says:
    2009-08-27 at 11:22 pm

    །སངས་རྒྱས་བསྟན་པ་གནས་དང་མི་གནས་དེ། །དམ་ཆོས་འདུལ་བ་གནས་མིན་ལ་རག་པས། །བསྟན་སྟོན་གཉིས་ཚོགས་འདུལ་བ་ཤེས་འདོད་ན། །འདུལ་བ་འཛིན་པའི་ཆོས་གྲྭ་འགྲིམ་ན་ལེགས།

    །ཞལ་ལག་བཟོ་ས་ཐབ་ཚང་ནང་ལ་འོས། །གཤང་གཅིན་དོར་ས་བརྟེན་འབྲེལ་ཁང་པར་མཚམས། །གྲོངས་ཚིགས་སྨྲ་ས་སྐྱ་བོའི་ཚོགས་ན་ལེགས། །འདུལ་བ་གླེང་ས་འདུལ་འཛིན་དབུས་ན་འཐད།

    །ལམ་དང་ལུགས་སྲོལ་རྭ་བ་བརྒལ་བ་ལས། །སངས་རྒྱས་འདུལ་བ་དཀྲུགས་ཚབ་ཆེ་བ་མེད།
    །མ་ཤེས་དྲིས་ན་དེ་དོན་སེམས་ལ་ཞོགས། །ཤེས་ནས་བཟོས་ནའང་དེ་དོན་ཡང་ཡང་སོམ

  3. རིག་པའི་རལ་གྲི། says:
    2009-08-27 at 11:25 pm

    མི་ཤེས་པ་དང་མ་གུས་པ་རྣམས་ཀྱིས་གསང་དགོས་ལ་མི་གསང་། མི་གསང་དགོས་པ་དེ་གསང་གིན་འདུག་པས། ཤེས་ཤིང་གུས་པ་རྣམས་ཀྱང་དེ་དེ་བཞིན་དུ་བྱེད་པ་འཚལ་ལོ་ཞེས་པ་འདི་ལ་རིམ་གྱིས་ཞུས་ཆོག།

  4. གཡུ་མཚོ། says:
    2009-08-28 at 1:23 am

    །ལམ་དང་ལུགས་སྲོལ་རྭ་བ་བརྒལ་བ་ལས། །སངས་རྒྱས་འདུལ་བ་དཀྲུགས་ཚབ་ཆེ་བ་མེད།
    །མ་ཤེས་དྲིས་ན་དེ་དོན་སེམས་ལ་ཞོགས། །ཤེས་ནས་བཟོས་ནའང་དེ་དོན་ཡང་ཡང་སོམ

  5. མིའུ་ཕྲུག says:
    2009-08-28 at 2:55 am

    ཡུན་གྱིས་འགྲོགས་པའི་དམ་ཆོས་འདུལ་བའི་ཁྲིམས།།
    གནང་བཀག་བཅས་པའི་ཚུལ་ལས་མ་བརྒལ་ཀྱང་།།
    དུང་སེམས་འདྲེ་ལ་བཅོལ་བའི་བཙུན་པ་ཞིག།
    ད་གཟོད་ཚུལ་འཆོས་བརྫུན་གྱིས་རྒྱ་ལས་གྲོལ།།

  6. hello says:
    2009-08-28 at 10:17 am

    ཨ་རོ

  7. hello says:
    2009-08-28 at 10:19 am

    གྲོགས་པོ་ཚོ

  8. yeshe says:
    2009-08-28 at 1:03 pm

    དབྱིན་ཇིའི་སྐད་དུ་ཧ་ལོ་ཧ་ལོ་ཟེར། །
    བོད་པའི་སྐད་དུ་ཨ་རོ་ཨ་རོ་ཟེར། །
    ཧ་ལོ་ཨ་རོ་གཉིས་ལ་དཔྱད་པ་ན། །
    ཧ་ཨ་ར་ལ་བཞི་དང་ན་རོ་གཉིས། །
    ཡ་མཚན་ཆེ།

  9. ཀླུ་སྨྱོན། says:
    2009-08-28 at 1:34 pm

    དྲ་གྲོགས་རིག་པའི་རལ་གྲི་ལགས་ནས། །
    ཉམས་འགྱུར་ནོར་བུས་སྤྱི་གཙུག་སྤུད་པའི་ཀླུ། །སྙན་ངག་རོ་ཡིས་མྱོས་ནས་སྨྱོ་བའི་བུ།
    །གཤེ་ཡང་མི་གཤེ་དགེ་སྦྱོང་ཆོས་ཀྱིས་བརྒྱན། །ཧེ་རུ་ཀ་པ་ཁྱེད་པ་ལ་ཡིད་རེ་དགའ། །
    ཞེས་བྲིས་འདུག་པའི་ལན་དུ།
    ཀ་དག་གནས་ལུགས་ད་རུང་མ་རྟོགས་ཐལ། །
    ཁ་ཏོན་དགེ་སྦྱོར་ཉིན་རེར་མ་ཆགས་ཐལ། །
    ག་ལེར་འདང་རེ་རྒྱག་གི་ཡོད་མོད་ཀྱང་། །
    ང་རུ་འཛིན་པའི་འཛིན་པ་མི་ཞིག་གི །
    ཅ་ཅོ་ཡིད་བརྟན་མེད་པའི་ཀ་རྩོམ་རེ། །
    ཆ་རྒྱུས་ཡོད་མེད་ཀུན་གྱི་ཁ་ན་འདུག །
    ཇ་ཡུན་ཙམ་རེར་འདི་དང་ག་ཡང་ཞེས། །
    ཉ་ཉོག་རྩོམ་ཡིག་འབྲི་བར་ང་རང་དགའ། །

  10. ཏྲེ་ཤོ་ལེགས says:
    2009-08-28 at 1:58 pm

    ་ཁྱིམ་པ་རྣམས་ཀྱིས་འདུལ་བ་ཤེས་མི་ཆོག ་ ཞེས་པའི་བཙན་བཀའ་གཏོང་མཁན་ཡང་མེད་ལ། མ་ཤེས་གནོད་མེད་ཤེས་ན་ཕན་ཅི་ཡོད།་ རྒྱལ་བ་ཤ་ཀྱ་ཐུབ་པའི་དགོངས་བཅུད་ཀྱི། སོ་སོར་ཐར་པའི་སྡོམ་པ་འདི་ཉིད་ནི། སངས་རྒྱས་བསྟན་པའི་རྨང་གཞི་འདི་ལ་བརྟེན། སྟོན་པ་རང་ཉིད་ངོ་ཚབ་བྱེད་པས་ན།་ འདི་ཉིད་འགྲིབ་ན་སངས་རྒྱས་བསྟན་པ་འགྲིབ། ་ འདི་ཉིད་འཕེལ་ན་བསྟན་པ་འཕེལ་འགྱུར་བས། བློ་ལྡན་རྣམས་ཀྱིས་འདི་ལ་བརྩོན་ཤིང་ཨང་། ཁྱེད་ཀྱི་རྗོད་བྱེད་ཚིག་ལ་བལྟས་པས་ན། སངས་རྒྱས་བསྟན་ལ་ཤ་ཚ་ཡོད་མདོག་གིས། གྲྭ་གཟུགས་འགའ་རེས་བྱེད་པས་བྱ་ངན་འགའ། གྲྭ་པ་སྤྱི་ལ་ཡོད་ཚུལ་འཁྱོག་བཤད་ཀྱིས།་ དགེ་འདུན་སྤྱི་ལ་སྨད་ར་འཕྱ་སྨད་དང་། སངས་རྒྱས་བསྟན་པ་འདི་ལ་རྨ་འབྱིན་པས།་ འདུལ་བསྟན་དཀྲུག་པ་འདི་ལས་ཅི་ཞིག་དགོས།་ བསྟན་དཀྲུག་སྡིག་རྒན་ཡིན་པ་གདོན་མི་ཟ། ཁྱེད་ཀྱིས་བཤད་སྟངས་ཚིག་ལ་ཕ་བལྟས་ན། ལྟོ་ཙམ་ཆེད་དུ་དགོན་པའི་སྒྲིག་ལ་ཞུགས། ཆོས་དད་མེད་པའི་ཆོས་པའི་གྲལ་ལ་འཇུག། སྲུང་འདོད་མེད་པའི་སྡོམ་པ་ཞུ་འཁུལ་བྱས།་ ཐ་མ་རྒྱུད་ཀྱི་བསླབ་པའི་ཚུལ་ཁྲིམས་དེ། རྒན་མོའི་སྟུ་ནང་ཤོར་མཁན་ཡིན་པར་གོ། །ཧ་ཧ་ཧ་ཧ

  11. ཀླུ་སྨྱོན། says:
    2009-08-28 at 2:03 pm

    བསྟན་པའི་རྩ་བ་འདུལ་བ་དང་། །
    བསྟན་པའི་སྙིང་པོ་སྟོང་པ་ཉིད། །
    བསྟན་པའི་ཉིང་ཁུ་གསང་སྔགས་ཞེས། །
    དཔྱོད་ལྡན་དག་གི་ཁ་ལ་འགྱུ། །

  12. ཀླུ་སྨྱོན། says:
    2009-08-28 at 2:05 pm

    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི། །
    ཕྱེད་ཀ་གྲྭ་ཟུར་ཡིན་པ་འདྲ། །
    དེས་ན་གྲྭ་པ་གྲྭ་ཟུར་གཉིས། །
    གྲྭ་རྟ་ཤེས་པ་འདྲ་འདྲ་རེད། །

  13. ཀླུ་སྨྱོན། says:
    2009-08-28 at 2:06 pm

    སྤྱི་ཚོགས་ཤིག་གི་ངོ་གདོང་དང་། །
    རྩོམ་ཡིག་ཅིག་གི་བརྗོད་བྱ་གཉིས། །
    དོན་གྱི་འབྱར་རྩིས་སྦྱར་བ་ན། །
    དགོད་རྒྱུ་ཡོང་ལ་ངུ་རྒྱུའང་ཡོང་། །

  14. ཀླུ་སྨྱོན། says:
    2009-08-28 at 2:09 pm

    མུན་པའི་ཁྲོད་དུ་སྤྱོད་པ་དེ། །
    ཉི་མའི་འོག་ནས་བྲིས་པ་དེ། །
    ཉིན་མཚན་བར་ནས་སྦས་པ་དེ། །
    མི་མང་ཚང་མས་ཤེས་པ་དེ། །

  15. ཀླུ་སྨྱོན། says:
    2009-08-28 at 2:11 pm

    མི་ཚངས་སྤྱོད་ཀྱི་ས་མཚམས་དེ། །
    མི་བུ་ཞིག་གིས་གླེང་བ་དེ། །
    མི་རྒན་འགའ་རེས་བསྡིགས་པ་དེ། །
    མི་ཡི་གཤིས་ཀ་ཡིན་པ་དེ། །

  16. ཀླུ་སྨྱོན། says:
    2009-08-28 at 2:13 pm

    དུང་གི་ཀ་བ་གཤིབས་པ་དེ། །
    ཁ་ཡི་ཆུ་ཡིས་བརླན་པ་དེ། །
    མཛེས་མ་མི་དགོས་རྩ་བ་དེ། །
    གླེང་ན་ངོ་ཚ་ཡིན་པ་དེ། །

  17. ཀླུ་སྨྱོན། says:
    2009-08-28 at 2:15 pm

    རྟགས་མཚུངས་འདྲེས་པའི་རིག་གཞུང་དེ། །
    བརྩེ་བའི་མཚོ་མོ་ཟབ་པ་དེ། །
    སྔ་མོ་ཞིག་ནས་དར་བ་དེ། །
    ས་ཆ་ཀུན་ན་དར་བ་དེ། །

  18. མིའུ་ཕྲུག says:
    2009-08-28 at 2:27 pm

    ཨ་མདོའི་ཡུལ་གྱིས་ཨ་ལགས་དེས།།
    ཨ་ཕྲུག་བདག་ལ་ཨ་མཚར་རྩེད།།
    ཨ་ཁུའི་བཀའ་བཞིན་ཨ་ཕོས་བསྒྲུབས།།
    ཨ་རི་སླེབས་ནས་ཨ་ལན་མེད།།
    ཨ་ཁུ་ཀླུ་སྨྱོན་གྱིས་ང་བརྗེད་ཚར་སོང་བ་འདྲ་འོན་ཀྱང་ང་ཚོ་གཉིས་ཀྱི་དེ་་་་་་་

  19. ཀླུ་སྨྱོན། says:
    2009-08-28 at 2:33 pm

    གར་ཡོད་ཤེས་དང་མ་ཤེས་ཁྱད་པར་ལས། །
    གར་སོང་ས་ནས་གྲོགས་པོ་བརྗེད་པ་མེད། །
    གང་ལྟར་ཨ་རིའི་ཡུལ་ནས་མི་ཚེ་ཟད། །
    གན་དང་འདི་ཞེས་དྲན་པའི་ཀློང་ན་མང་། །

  20. ཀླུ་སྨྱོན། says:
    2009-08-28 at 2:39 pm

    གྲོགས་པོ་ལ་ལ་ལུག་གི་རིལ་མ་བཞིན། །
    གྲོག་རོང་ཆུ་བོའི་ནང་ན་ནག་ཐར་ཐར། །
    གྲོགས་པོ་འགའ་རེ་ཐག་རིང་སྐར་མ་བཞིན། །
    གྲང་ངར་མུན་པའི་ཀློང་ན་འདར་སིག་སིག །

  21. ཀུན་དགའ་ says:
    2009-08-28 at 2:42 pm

    དགེ་ཆོས་མོ་ལ་ཆགས་པདང་།
    ཀླུ་སྨྱོན་གྲ་རྟ་དགའ་བ་གཉིས།།
    སྤྱི་ཚོགས་ཐོག་ཏུ་ངོམ་གྱུར་ན་།།
    དགའ་བསུ་ནམ་ཡང་བྱེད་དོན་མེད།།

  22. མིའུ་ཕྲུག says:
    2009-08-28 at 2:46 pm

    ཨ་མཚར་ཞིག་གིས་ཨ་ཁུ་འཁྲུལ་སོང་ལགས།།
    ཨ་ཕོ་བདག་གིས་ཨ་ལགས་མཇལ་མ་མྱོང་།།
    ཨ་མདོ་ཡུལ་ནས་ཨ་ཁུ་སྨྱོན་པ་ཡང་།།
    ཨ་རིར་སླེབས་ནས་ཨ་ལགས་རིན་པོ་ཆེ།།

  23. ཀླུ་སྨྱོན། says:
    2009-08-28 at 2:51 pm

    བོད་པའི་ཆོས་རིག་འདི་ཡི་བཀའ་དྲིན་གྱིས། །
    བོད་པ་གར་སོང་ཕྱི་མིས་གདེང་འཇོག་བྱེད། །
    བོད་རྒན་ང་ལ་ཇི་ལྟར་བོས་ཀྱང་རུང་། །
    བོད་དོན་སེམས་ནས་ནམ་ཡང་བརྗེད་རེ་སྐན། །

  24. མིའུ་ཕྲུག says:
    2009-08-28 at 2:55 pm

    མི་ཤེས་ཤེས་ཁུལ་བྱེད་པའི་མི་འུ་ཕྲུག།
    མི་རིགས་འདི་ལ་ཞེན་ཆགས་མི་དམན་པས།།
    མི་རིགས་འདི་ལ་བརྒོལ་བའི་མི་ངན་དག།
    མི་འདོད་སྐད་ཆ་མི་བཤད་རང་དབང་ཅི།།

  25. མིའུ་ཕྲུག says:
    2009-08-28 at 3:01 pm

    ཧ་ཧ་ཨ་ཁུ་ཀླུ་སྨྱོན་ལགས་དྲ་ཐོག་ཏུ་བཞུགས་ཡོད་པ་འདྲ་ངས་ཁྱེད་ངོ་མི་ཤེས་ཡང་ཁྱེད་ཀྱིས་རྩོམ་རིགས་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན་ང་ད་ལྟར་ཁྱེད་དང་ཐག་ཉེ་བ་ཞིག་ལ་ཡོད་k.terton@gmail.comའདི་ངའི་གློག་འཕྲིན་ཁ་སྦྱང་ཡིན་འཚམས་འཚམས་འབྲེལ་བ་གནང་རོག་

  26. མེ་སྒྱོགས་རྒྱ་མཚོ། says:
    2009-08-28 at 3:10 pm

    མི་ཤེས་ཤེས་ཁུལ་ངལ་བར་བསྟེན་པ་ལས།།
    མི་ཤེས་ཤེས་བྱའི་གནས་ན་བརྩོན་པར་གྱིས།།
    མི་ཤེས་ཤེས་བཞིན་མི་ལ་བསླབ་པ་ལས།།
    མི་ཤེས་ཤེས་འཆལ་སྨྲ་བ་སྤོང་རོགས་གྱིས།།

  27. སྒོམ་སྡེ་ལྷ་རམས་པ། says:
    2009-08-28 at 3:41 pm

    ཅུང་ཟད་རེ་ལྟོས་འཆའ་སའི་རབ་བྱུང་ཡང་། །
    འདོད་ཡོན་ལོག་འཚོས་སྨྱོས་ཏེ་གང་བྱུང་སྨྲ། །
    རང་གིས་བཟའ་མི་ཕོད་པར་སྐྱབས་ཡུལ་ལ། །
    འབུལ་བའི་ཁྱིམ་པ་འདི་དག་སྙིང་རེ་རྗེ། །

    ཐུབ་པའི་བསྟན་འདི་འཆི་ཁའི་མར་མེ་ལྟར། །
    ཤིན་ཏུ་ཉག་ཕྲར་གྱུར་པའི་ཚུལ་འདི་ལ། །
    གཟིགས་ཏེ་སྐྱ་སེར་སྤྱི་དང་སོར་མོ་བས། །
    གང་གཟབ་བྱོས་ཞེས་ལག་གཉིས་ཐལ་མོ་སྦྱོར། །

  28. ཀླུ་སྨྱོན། says:
    2009-08-28 at 3:53 pm

    དྲ་གྲོགས་མིའུ་ལགས། ཉིད་ཀྱི་ཞལ་བྱང་གནང་བར་ཐུགས་རྗེ་ཆེ་ཞུ། བལྟས་ཚོད་ལ་ཉིད་ཨ་རིའམ་ཁེ་ན་སྒྲ་ལྟ་བུར་བཞུགས་པ་འདྲ། གང་ལྟར་ཉིད་ལྟ་བུའི་གྲོགས་པོ་གང་མང་ཞིག་གི་རྒྱབ་སྐྱོར་འབའ་ཞིག་ལ་བསྟེན་ནས་ང་རང་ད་ལྟ་བར་དུ་འཇིག་རྟེན་མི་ཡུལ་འདིར་འཚོ་གནས་ཐུབ་ཙམ་བྱུང་།

  29. རྩེ་རྒྱལ་ says:
    2009-08-28 at 6:54 pm

    ཨ་ཁུ་ཀླུ་སྨྱོན་སྡོམ་ཚེ་རིང་བ་དེ།ཨིན་ཆུང་མིའུ་ཕྲུག་བརླ་ཤ་འཇམ་པའི་དྲིན། ཁ་འོག་ཁུ་བས་ཨོང་ཁུག་བརླན་བརླན་དེ། ཁ་ཞེ་མཚུངས་ན་ཁ་དྲོ་ཟེར་རན་ཡིན།

  30. འདྲེ་རིག་ལྡན། says:
    2009-08-29 at 7:02 am

    ཧ ཧ ཧ ཧ ཧ ཧ ཧ
    གཏམ་མཚར་པོ་རྩེ་རྒྱལ་གླེང་ནས་འདུག
    དོན་ཟབ་མོ་ཀླུ་མིའུ་གོ་ཡོད་ངེས།
    ཆོས་འཇིག་རྟེན་བྱ་བ་གང་ཡིན་ཡང་།
    དོན་རྟེན་ཅིང་འབྲེལ་བ་དོན་དངོས་རེད།

    ཨ་ལ་ལ་་་་ལ་ལ་ཧོ་་་་

  31. རྩེ་རྒྱལ་ says:
    2009-08-29 at 1:26 pm

    གླུ་སྙན་མོ་རྩ་ཐང་ལུག་རྫིས་ལེན།
    ངག་གླུ་མོའི་མིང་གྲགས་དེ་ལ་མེད།
    རྒྱོ་སྐྱིད་པོ་གྲ་རྒན་རྒོད་པོས་རྒྱག
    མིང་ཆགས་སྤྱོད་སྤངས་ཤེས་ད་དུང་འབོད།

    སྲིད་པ་མཛོད་ཀྱི་གཞུང་ཆེན་དུ།
    སྲིད་ལ་མི་སྲིད་སྲིད་པ་དང༌།
    སྲིད་མིན་སྲིད་ཀྱི་སྲིད་པ་སོགས།
    སྲིད་པའི་རྣམ་གྲངས་འདི་ཀོ་བདེན།

  32. ཆོས་འཕེལ། says:
    2009-08-29 at 1:48 pm

    །ཀླུ་སྨྱོན་ཡེ་ཤེས་གཞོན་ནུ་ཟླ་མེད་མཁའ་འགྲོ་མཚོ།
    །ཁྱིམ་པར་འདུལ་བ་བསླབ་ན་སློབ་མཁན་ཉེས་བཅས་དང་།
    །ཁྱིམ་པར་ཕན་མེད་གནོད་པར་འགྱུར་བ་མ་གསུངས་སམ།
    །སྙམ་པའི་འཕྱང་མོ་ཉུག་ཀྱང་བརྗེད་ངན་ཀློང་དུ་ཐིམ།

  33. ཀུན་དགའ་ says:
    2009-08-30 at 12:26 am

    ཀླུ་སྨྱོན་ཨ་མདོའི་ཡུལ་ནས་ཕེབས་པ་དང་།།
    ཀླུ་སྨྱོན་གདན་ས་ཡོན་རེང་མ་བཞུག་པ་།།
    ཀླུ་སྨྱོན་མདོ་སྔགས་གཞུང་ལ་མ་སྦྱང་པ་།།
    ཀླུ་སྨྱོན་ཨ་རའི་ཡུལ་ཕེབས་པ་ཐོས་།།

    ཀླུ་སྨྱོན་དངུལ་ལ་དགའ་མིན་གང་ཡིན་ཆོག་།།
    ཀླུ་སྨྱོན་འཁྲིག་སྤྱོད་རིགས་ལ་ཆེས་དགའ་ཏེ་།།
    ཀླུ་སྨྱོན་འཁྲིག་སྤྱོད་རྩམ་པའི་ལོ་རྒྱུས་མང་།།
    ཀླུ་སྨྱོན་ནུབ་ཕྱོགས་ཕེབས་དོན་དེ་རང་ཡིན།།

    ཀླུ་སྨྱོན་མགོ་སེར་ཡུལ་དུ་ཕེབས་པ་ནས་།།
    ཀླུ་སྨྱོན་མཚན་མཐུན་ཆགས་སྤྱོད་རིགས་པ་ཡི།།
    ཀླུ་སྨྱོན་དགེ་རྒན་ཡིན་པ་བདེན་མིན་ཆོག།།
    ཀླུ་སྨྱོན་ཨ་ལགས་ཡིན་པ་ཡང་མཚན་མེད།།

  34. ཨ་རིག་གླེན་རྒན says:
    2009-08-30 at 1:29 am

    ལ་ལས་ཨ་ལགས་ཀླུ་སྨྱོན་ཟེར།།
    ལ་ལས་ཨ་ཁུ་ཀླུ་སྨྱོན་ཟེར།།
    ལ་ལས་ཀླུ་སྨྱོན་བསྟན་དགྲ་ཟེར།།
    ལ་ལས་ཀླུ་སྨྱོན་བསྟན་འཛིན་ཟེར།།
    ཀླུ་སྨྱོན་ང་ཡི་ཨ་ལགས་ཡིན།།
    ཀླུ་སྨྱོན་ང་ཡི་ཕུ་བོ་ཡིན།།
    ཀླུ་སྨྱོན་ང་ཡི་གྲོགས་པོ་ཡིན།།
    ངོ་མ་བཤད་ན་ངོ་ཤེས་ཡིན།།
    ཀླུ་སྨྱོན་ཨ་རིར་སླེབས་པ་ངོ་མ་རེད།།
    ཀླུ་སྨྱོན་ཨ་ལགས་ཡིན་པ་རྫུས་མ་རེད།།
    ཀླུ་སྨྱོན་འཁྲིག་པར་དགའ་བ་ངོ་མ་རེད།།
    ཀླུ་སྨྱོན་སྒོར་ལ་དགའ་བ་ཚོད་དཔག་རེད།།
    ཀླུ་སྨྱོན་ཨ་ཁུ་བྱས་པ་ངོ་མ་རེད།།
    ཀླུ་སྨྱོན་ཨ་ལགས་བྱས་པ་འཇོན་ཐང་རེད།།
    ཀླུ་སྨྱོན་དགོན་ལ་ཕྱིན་པ་མང་པོ་རེད།།
    ཀླུ་སྨྱོན་དགོན་པར་བསྡད་པ་ཉུང་ཉུང་རེད།།
    ཀླུ་སྨྱོན་ཆོས་ལ་དགའ་བ་དགོས་དབང་རེད།།
    ཀླུ་སྨྱོན་ཆོས་ལ་དད་པ་རྫུན་མ་རེད།།
    ཀླུ་ཡིས་འདུལ་བ་ཀློག་པ་ངོ་མ་རེད།།
    ཀླུ་ཡིས་འདུལ་བ་ཤེས་པ་རྫུན་མ་རེད།།
    ཀླུ་ཡིས་ནང་ཆོས་སྦྱང་བ་ངོ་མ་རེད།།
    ནང་དོན་སེམས་ལ་འདྲེས་བ་རྫུན་མ་རེད།།
    ཀླུ་ཡིས་སློབ་སྦྱོང་བྱས་པ་ངོ་མ་རེད།།
    ཀླུ་ཡིས་བློ་སྦྱོང་བྱས་པ་རྫུན་མ་རེད།།
    ཀླུ་སྨྱོན་རྩོམ་ལ་དགའ་ངོ་མ་རེད།།
    དོན་ལ་ཁ་ཕྱོགས་མེད་པ་ངོ་མ་རེད།།
    ཀླུ་སྨྱོན་སྨྱོན་པ་ཡིན་པ་རྫུན་མ་རེད།།
    སྨྱོན་པ་འདྲ་བོ་ཡིན་ངོ་མ་རེད།།

  35. ཨ་རིག་གླེན་རྒན says:
    2009-08-30 at 1:34 am

    འདི་ངའི་གྲོགས་མཆོག་ཀླུ་སྨྱོན་གྱི་མི་གཤིས་དང་འབྲེལ་པས་མང་པོ་བཤད་འདོད་མ་བྱུང་།
    མང་པོ་ཤེས་འདོད་པའི་དྲ་གྲོགས་མང་ན་ཞིབ་ཏུ་གླེང་ཆོག

  36. ཨ་རིག་གླེན་རྒན says:
    2009-08-30 at 1:37 am

    མ་ཡིལ་ཟེར་ནི་མེད་ན།།མི་ཡིལ་ཤུས་ན་གཅིག་མེད།།ཟེར་པའི་དཔེ་རུ་འགྱུར་ན་ཆོ་མི་འདུག་ག

  37. མིའུ་ཕྲུག says:
    2009-08-30 at 2:07 am

    ཡ་ཨ་ལགས་ད་ཡིན་ན་གླེན་རྒན་འདིས་གཅིག་བཟོ་ངོ་མ་རེད།

  38. མིའུ་ཕྲུག says:
    2009-08-30 at 2:08 am

    ད་ཁྱོད་ལ་དགྲ་མང་ཀི།

  39. ཀླུ་སྨྱོན། says:
    2009-08-30 at 11:21 am

    ཧོར་འཇིགས་ལྟ་བུར་སྡོད་མ་ཤེས་པ་མིན། །
    རབ་གསལ་ལྟ་བུར་བསྟུན་མ་ཤེས་པ་མིན། །
    རང་གི་གཤིས་ཀ་ངོ་མ་མ་སྦས་པས། །
    འདི་ན་མཁས་བླུན་ཀུན་གྱིས་དགྲ་རུ་འཛིན། །

  40. yeshe says:
    2009-08-30 at 11:39 am

    དེང་དུས་སློབ་གྲྭ་དག་ན་དགེ་སློང་གིས། །
    སྙན་ངག་མེ་ལོང་དམར་ཁྲིད་བྱེད་པ་དང་། །
    དྲ་ངོས་འདི་ནས་མི་ཚངས་སྤྱོད་ཀྱི་སྐོར། །
    འཛེམ་མེད་གླེང་བའི་ཉེས་པ་འདྲ་བར་སེམས། །

  41. མིའུ་ཕྲུག says:
    2009-08-30 at 12:47 pm

    མི་མཁས་མཁས་ཉམས་སྟོན་པའི་ཨ་ལགས་འདིས།།
    མི་འུ་ཕྲུག་གི་གཏམ་ལ་མི་གསན་པ།།
    མི་དགོས་མི་ཚངས་སྤྱོད་ཚུལ་དམར་རྗེན་སྨྲས།།
    མི་རྣམས་དགྲ་རུ་ལངས་ཚེ་འགྱོད་ཀྱང་ཕྱིས།།

  42. ཀུན་དགའ་ says:
    2009-08-30 at 12:53 pm

    ཀླུ་སྨྱོན་རིགས་གནས་ཤེས་པ་ཀུན་གྱི་བསྟོད།།
    ཀླུ་སྨྱོན་སྤྱོད་པ་སྡུག་པ་ཀུན་གྱི་གླིང་།།
    ཀླུ་སྨྱོན་ཟེར་བ་གང་ལྟར་མི་འདི་ལ་།།
    ཀླུ་སྨྱིན་ཅེས་པའི་མིང་གི་མ་འགྲིག་ཐ།།

  43. ཀུན་དགའ་ says:
    2009-08-30 at 1:59 pm

    སྐྱབས་བཅོལ་འདི་ན་བོད་ཡིག་ཤེས་མཁན་ཉུང།།
    ཁེ་ཕན་དོན་གནད་གང་ཡིན་ངས་མི་ཤེས་།།
    དུས་དེབ་ཚགས་པར་མང་པོའི་གར་ལྟིང་དུ།།
    སྨྱོན་པའི་མིང་སོགས་སྨྱུག་མིང་སྣ་ཚོགས་མཐོང།།

    བེ་སྨྱོན་ཟེར་བ་བེ་རི་དགེ་བཤེས་དང།།
    ཀླུ་སྨྱོན་ཟེར་བ་ཨ་ལག་ཀླུ་སྨྱོན་རེད།།
    ཁོང་གཉིས་ཕེལ་ཆེར་སྙན་གྲགས་ཆེ་བ་འདུག་།།
    གང་ལྟར་ཨ་རའི་སླད་མཁན་ཁོང་གཉིས་རེད།།

    ཁོང་གཉིས་བོད་ཡིག་ཤེས་པ་འདྲ་ན་ཆོག།།
    ཁོང་གཉིས་བོད་ཞིན་ཡོད་པ་གཅིག་ན་ཆོག།།
    ཁོང་གཉིས་དངུལ་ལ་དགའ་བ་བདེན་ན་ཆོག་།།
    ཁོང་གཉིས་འགྱོན་ཐང་མི་འདྲ་ཀུན་གྱི་མཐོང།།

    ཀླུ་སྨྱོས་ཨ་ལག་བཟོ་ན་མ་ཕན་གི་།།
    ཀླུ་སྨྱོན་དབྱིན་མོར་དགའ་ན་མ་ཕན་གི།།
    ཀླུ་སྨྱོན་ལམ་འགྲོ་མེད་པའི་གནས་ཚུལ་འདི་།།
    ཀླུ་སྨྱོན་་གཞན་ལ་མི་བཤད་གསང་བ་ཡིན་།།

  44. འཛེར་མ་ར་མགོ། says:
    2009-08-31 at 1:32 pm

    གྲྭ་ལོག་གྲྭ་བའི་ཞབས་འདྲེན་ཞེས། །ཀུན་གྱི་ཁ་ལ་རླུང་ལྟར་གྲགས། །ངོ་ཚ་ཡེ་ནས་མེད་བའི་བུས། །བོད་མིའི་གཤིས་བཟང་གཏན་ནས་བྲལ། །ཨ་མ་དབྱིན་མོའི་སྟུ་ཁ་ནས། །འདོད་པའི་སྨྱོ་ཆུ་རྡག་རྡག་ནས། །གང་བྱུང་སྨྲ་བའི་བུ་ངན་ཁྱོད། །ཨ་ཕས་གོ་ན་བློ་སེམས་ཕམ། །ཨ་མས་གོ་ན་མགོ་བོ་སྨད། །ཨ་ཁུས་གོ་ན་སྙིང་རྩ་འཕར། །བུ་ཁྱོད་སྐྱེས་པས་སྐྱེས་གོ་ཆོད། །གྲྭ་ས་ཆེན་མོའི་ཆོས་རྭ་ན། །རྩོད་པ་སྣ་གཅིག་མ་བརྒྱབ་པར། །གྲྭ་བ་ཐམས་ཅད་ཁྱོད་ལྟ་བུས། །ཉིན་མཚན་ཕོ་རྒྱོ་རྒྱབ་བསྡད་མཁན། །ཡིན་ན་སངས་རྒྱས་བསྟན་པ་དག །རིང་བོར་མི་འགོར་མཉམ་ངེས་བས། །དེ་ཕྱིར་ཁྱེད་ཉིད་ཆོས་གྲར་ནས། །ཐོན་པ་ང་ཚོའི་ལམ་འགྲོ་ཡིན། ཧ་ཧ་ཧ་་་

  45. yeshe says:
    2009-08-31 at 1:38 pm

    བདག་ལ་སྡིགས་བཞིན་བོད་ཡིག་དར་བ་དང་། །
    བདག་ལ་སྨོད་བཞིན་ཧི་གཟུགས་འཕེལ་གྱུར་ན། །
    བདག་གིས་ལག་པ་གཉིས་པོ་ཐལ་སྦྱར་ནས། །
    བདག་ལ་སྨོད་ཅེས་ཁྱོད་ཚོར་ཞུ་བ་འཐེན། །

  46. ཨ་རིག་གླེན་རྒན says:
    2009-08-31 at 3:03 pm

    རྭ་མོན་ཐོ་སྐྱེས་ན་གམིག་གི་བདུད།།

  47. ཨ་རིག་གླེན་རྒན says:
    2009-08-31 at 3:29 pm

    སངས་རྒྱས་བསྟན་པའི་རྗེས་འབྲང་ལགས།།
    འདུལ་བ་གསར་བའི་བྱེད་པོ་ལགས།།
    དུས་རབས་ཉི་ཤུའི་མྱི་དམར་ལགས།།
    དགེ་ལུགས་ཚང་གི་འདུལ་འཛིན་ལགས།།
    སྔ་འགྱུར་ཚང་གི་རྟོགས་ལྡན་ལགས།།
    བཀའ་བརྒྱུད་ཚང་གི་གྲུབ་ཐོབ་ལགས།།
    མོ་ལྷ་རྩིས་གསུམ་རང་འབབ་ལགས།།
    འཆད་རྩོད་རྩོམ་གསུམ་ཐོགས་མེད་ལགས།།
    ཟ་རྒྱག་སྤྱོད་གསུམ་ཚོད་མེད་ལགས།།
    ཨ་མདོའི་ཡུལ་གྱི་ཨ་ཁུ་ལགས།།
    མཚོ་སྔོན་ས་ཡི་མཁས་དབང་ལགས།།
    ཀླུ་ཚང་དགོན་པའི་དགེ་སློང་ལགས།།
    དགའ་ལྡན་དགོན་པའི་དགེ་བཤེས་ལགས།།
    ཀླུ་འབུམ་ཚང་གི་སྨྱུག་ཐོག་ལགས།།
    ཨ་རི་ཚང་གི་ཨ་ཕ་ལགས།།
    ལུས་ངན་ཨ་མའི་གཅེས་ཕྲུག་ལགས།།
    ཧ་དང་ཨ་ཁུའི་ངོ་ཚ་ལགས།།
    གླེན་རྒན་ང་ཡི་སློབ་དཔོན་ལགས།།

  48. ཨ་རིག་གླེན་རྒན says:
    2009-08-31 at 3:33 pm

    སངས་རྒྱས་བསྟན་པའི་རྗེས་འབྲང་ལགས།།
    འདུལ་བ་གསར་བའི་བྱེད་པོ་ལགས།།
    དུས་རབས་ཉི་ཤུའི་མྱི་དམར་ལགས།།
    དགེ་ལུགས་ཚང་གི་འདུལ་འཛིན་ལགས།།
    སྔ་འགྱུར་ཚང་གི་རྟོགས་ལྡན་ལགས།།
    བཀའ་བརྒྱུད་ཚང་གི་གྲུབ་ཐོབ་ལགས།།
    མོ་ལྷ་རྩིས་གསུམ་རང་འབབ་ལགས།།
    འཆད་རྩོད་རྩོམ་གསུམ་ཐོགས་མེད་ལགས།།
    ཟ་རྒྱག་སྤྱོད་གསུམ་ཚོད་མེད་ལགས།།
    ཨ་མདོའི་ཡུལ་གྱི་ཨ་ཁུ་ལགས།།
    མཚོ་སྔོན་ས་ཡི་མཁས་དབང་ལགས།།
    ཀླུ་ཚང་དགོན་པའི་དགེ་སློང་ལགས།།
    དགའ་ལྡན་དགོན་པའི་དགེ་བཤེས་ལགས།།
    ཀླུ་འབུམ་ཚང་གི་སྨྱུག་ཐོག་ལགས།།
    ཨ་རི་ཚང་གི་ཨ་ཕ་ལགས།།
    ལུས་ངན་ཨ་མའི་གཅེས་ཕྲུག་ལགས།།
    ཧ་དང་ཨ་ཁུའི་ངོ་ཚ་ལགས།།
    གླེན་རྒན་ང་ཡི་སློབ་དཔོན་ལགས།།

    སངས་རྒྱས་བསྟན་པའི་རྗེས་འབྲང་ལགས།།
    འདུལ་བ་གསར་བའི་བྱེད་པོ་ལགས།།
    དུས་རབས་ཉི་ཤུའི་མྱི་དམར་ལགས།།
    དགེ་ལུགས་ཚང་གི་འདུལ་འཛིན་ལགས།།
    སྔ་འགྱུར་ཚང་གི་རྟོགས་ལྡན་ལགས།།
    བཀའ་བརྒྱུད་ཚང་གི་གྲུབ་ཐོབ་ལགས།།
    མོ་ལྷ་རྩིས་གསུམ་རང་འབབ་ལགས།།
    འཆད་རྩོད་རྩོམ་གསུམ་ཐོགས་མེད་ལགས།།
    ཟ་རྒྱག་སྤྱོད་གསུམ་ཚོད་མེད་ལགས།།
    ཨ་མདོའི་ཡུལ་གྱི་ཨ་ཁུ་ལགས།།
    མཚོ་སྔོན་ས་ཡི་མཁས་དབང་ལགས།།
    ཀླུ་ཚང་དགོན་པའི་དགེ་སློང་ལགས།།
    དགའ་ལྡན་དགོན་པའི་དགེ་བཤེས་ལགས།།
    ཀླུ་འབུམ་ཚང་གི་སྨྱུག་ཐོག་ལགས།།
    ཨ་རི་ཚང་གི་ཨ་ཕ་ལགས།།
    ལུས་ངན་ཨ་མའི་གཅེས་ཕྲུག་ལགས།།
    ཧ་དང་ཨ་ཁུའི་ངོ་ཚ་ལགས།།
    གླེན་རྒན་ང་ཡི་སློབ་དཔོན་ལགས།།

  49. ཐུབ་མིང་པས། says:
    2010-02-05 at 12:29 pm

    ཁ་བརྡའི་དྲྭ་ཐོག་གི་སྤུན་ཟླ་ཚོ། ཁྱེད་ཅག་གི་ཁ་བརྡ་བྱེད་རྒྱུ་དེ་དག་ནི་དོན་མེད་ཀྱི་རྙོག་གླེང་དང་། སྤྱི་སྒེར་གྱི་སྐྱོན་གླེང་། སྐྱུག་བྲོ་བའི་བཙོག་གཏམ་ཁོ་ན་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme