Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱད་དུ་འཕགས་པའི་བུད་མེད་ཀྱི་ལོ་རྒྱུས། ཡ་མཚན་དངོས་བྱུང་གི་དཔང་རྟགས་གསོན་པོ།

Posted on 2015-01-052015-01-05 By ཁ་བརྡ 2 Comments on ཁྱད་དུ་འཕགས་པའི་བུད་མེད་ཀྱི་ལོ་རྒྱུས། ཡ་མཚན་དངོས་བྱུང་གི་དཔང་རྟགས་གསོན་པོ།

བསྒྱུར་འབྲི་བྱེད་མཁན་མི་གསོན་པོ།

 

སྤྱི་ལོ་༡༨༨༨ལོར་པེན་ཀིན་སློབ་གྲྭས་ཧེ་ལན་དང་དགེན་ཨན་ལགས་གདན་ཞུས་བྱས། སློབ་གྲྭ་དེའི་ཁོར་ཡུག་དང་འཚོ་བ་ལ་ཧེ་ལེན་ཧ་ཅང་དགའ། ཉིན་ལྟར་ལོང་བ་གྱུར་པའི་སློབ་ཕྲུག་མང་པོ་མཉམ་དུ་རྩེ་རིགས་སྣ་ཚོགས་ལ་རོལ་རྒྱུ་ཡོད་པ་མ་ཟད་དེ་ལས་ཀྱང་ཆེས་དགའ་འོས་པ་ཞིག་ལ་ཡིག་རྟགས་འབུར་ལྡན་གྱི་དེབ་བརྒྱ་ཕྲག་ཁ་ཤས་ཀློག་རྒྱུ་ཡོད་པ་དང་། ཆེད་ལས་དགེ་རྒན་མང་པོས་དམིགས་བསལ་ཅན་གྱི་བྱེད་ཐབས་བེད་སྤྱད་ནས་སློབ་ཁྲིད་བྱས་པས་ཧེ་ལེན་ལ་བློ་བསྐྱེད་ཀྱང་ཆེན་པོ་བྱུང་། ཧེ་ལེན་དང་ཨན་ལགས་པེར་ཀིན་སློབ་གྲྭ་ནས་ཁྱིམ་དུ་ལོག་རྗེས་ཧེ་ལེན་གྱིས་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱེད་ཀྱི་ཡོད་ལ་སྐབས་འགའ་རེར་དགེན་ཨན་ལགས་དཀའ་ལས་ཁ་ནས་སློབ་མི་ཐུབ་པའང་བྱུང་། འོན་ཏེ་ཧེ་ལན་གྱིས་ད་དུང་ཡང་ཁ་གྲག་ཐུབ་ཀྱི་མེད་པས་དགེན་ཨན་གྱིས་ཧེ་ལན་ལ་སྐད་ཆ་བཤད་རྒྱུ་སློབ་འདོད་སྐྱེས་ནས་ཇི་ལྟར་བསླབས་ཀྱང་ལམ་ལྷོང་མ་བྱུང་བས་མོས་ཧེ་ལེན་ཁྲིད་ནས་བྷོ་སི་ཏྲོམ་དུ་ཡོད་པའི་དགེ་རྒན་ཆེན་མོ་སཱ་ར་ཧྥུ་ལེར་འཚོལ་དུ་སོང་། དགེ་རྒན་ཆེན་མོ་འདི་ཉིད་ནི་འོན་ལྐུགས་ཅན་རྣམས་ལ་སྐད་བརྡ་སློབ་མཁན་གྱི་ཆེད་ལས་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་སློབ་ཁྲིད་ལྟར་ཧེ་ལན་གྱིས་ཐོག་མར་མི་གཞན་གྱི་མགྲིན་པ་དང་ལྕེ་མཆུ་སོགས་ལ་རེག་སྟེ་སྐད་ཆ་ཇི་ལྟར་བཤད་ཀྱི་ཡོད་པ་སློབ་སྦྱོང་བྱས། རིང་པོ་མི་ཐོག་པར་མོས་མི་གཞན་གྱིས་ཁ་ལ་རེག་ཏེ་སྐད་ཆ་གང་ཞིག་བཤད་པ་ཧ་གོ་ཡང་མོ་རང་ཉིད་ཀྱིས་དངོས་སུ་སྐད་ཆ་བཤད་མ་ཐུབ། ཧེ་ལེན་གྱིས་སེམས་ཤུགས་མ་ཆགས་པར་ཉིན་ལྟར་ལྕེ་མཆུ་སྐམ་པོ་རུ་མ་སོང་བར་དུ་སྐད་ཆ་བཤད་རྒྱུར་འབད་བརྩོད་དང་སློབ་སྦྱོང་བྱས་པས།

ཉིན་ཞིག་མོའི་ཁ་ནས་voice སྐད། said,བཤད་པ། It is warm འདི་དྲོན་པོ་ཞིག་རེད། སོགས་ཚིག་གྲུབ་འདི་དག་དངོས་སུ་ཁ་ནས་ཐོན། འོན་ཏེ་སྒྲ་གདངས་གསལ་པོ་རང་མེད་པས་གཞན་གྱིས་གོ་བ་ལེན་པ་ཧ་ཅང་དཀའ། གང་ལྟར་མོས་སྐད་ཆ་བཤད་ཐུབ་པ་དེ་མོ་རང་ལ་བལྟོས་ན་སེམས་པ་དགའ་སྤྲོ་སྐྱེས་ཆོག་པའི་གནད་དོན་ཞིག་ཡིན་མོད། ཆེས་ཕངས་པ་ཞིག་ལ་མོས་བཤད་པའི་སྐད་ཆ་གོ་ཐུབ་མཁན་དགེན་ཨན་ལགས་ལྟ་བུར་རེ་ཟུང་ལས་མེད། ཕྱིས་སུ་རྒྱལ་ཕྱི་ནང་དུ་ཧེ་ལན་གྱིས་བཀའ་སློབ་གནང་སྐབས་དགེན་ཨན་ལགས་སོགས་ཀྱིས་སྐད་བསྒྱུར་བྱེད་དགོས་པ་བྱུང་ཡོད། དེ་ལྟར་ཧེ་ལེན་གྱི་སྐད་གྲགས་ཉིན་བཞིན་རྒྱས་ཏེ་ཚགས་པར་ཁང་དང་གསར་འགྱུར་ལས་རིགས་ཁག་གི་ནང་དུ་གླེང་གཞི་གཙོ་གྲས་སུ་གྱུར། ཨ་རི་སྲིད་འཛིན་༢༢པ་དང་༢༤པ་སྟེ་ཐེངས་གཉིས་བཞུགས་མྱོང་མཁན་གྱི་ཁྲིམས་རྩོད་པ་ཆེན་མོ་གྷོ་རོ་ཝེར་སྐབས་དེ་སྲིད་འཛིན་ལས་ཐོག་ཡིན་པས་ཁོང་གིས་ཀྱང་ཧེ་ལེན་སྲིད་འཛིན་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་མཇལ་འཕྲད་བྱས། སྲིད་འཛིན་གྱི་ལྕམ་སྐུ་ཞབས་དང་ཧེ་ལན་གཉིས་ཆེས་ཉེ་བའི་གྲོགས་མོ་བསྒྲིགས་པས་ཕྱིས་སུ་ཧེ་ལན་ལ་ལས་དོན་མང་པོའི་ཐད་དུ་རྒྱབ་སྐྱོར་བྱས་ཡོད། ཧེ་ལན་ལ་མཇལ་འཕྲད་ཞུ་མཁན་གྱི་མི་སྣ་ཧ་ཅང་མང་ལ་ཉིན་ལྟར་སྐུ་མགྲོན་རྒྱུན་མི་ཆད། འོན་ཏེ་སུ་ཞིག་དང་མཇལ་འཕྲད་བྱས་ན་ཧེ་ལན་ལ་ཕན་ཐོགས་རོགས་རམ་ཡོང་མིན་ཐད་དགེན་ཨན་གྱིས་ཐག་གཅོད་བྱེད་ཀྱི་ཡོད། སྐབས་འདི་དག་ཏུ་སློབ་སྟོན་པ་ཆེན་མོ་ཨེ་ལེཀ་སི་ཨན་དར་ཡང་མཇལ་འཕྲད་བྱས་ཡོད་པ་མ་ཟད་ཁོང་ནི་ཧེ་ལན་ལ་དགེ་རྒན་ཚོལ་དགོས་པའི་ཆེས་ཐོག་མའི་སློབ་སྟོན་པ་དེ་ཡིན་པས་ཧེ་ལན་གྱི་མི་ཚེ་ལ་བཀའ་དྲིན་ཤིན་ཏུ་ཆེ། སློབ་སྟོན་པ་ཁོང་ནི་ཆེས་ཐོག་མའི་ཁ་པར་བཟོ་མཁན་ཡིན་པ་དང་འོན་པ་རྣམས་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་ཀྱང་ཡིན་པས་ཁོང་གིས་ཧེ་ལེན་ལ་ལམ་སྟོན་མང་པོ་གནང་བས་ཧེ་ལན་ཡང་ཁོང་ལ་ཧ་ཅང་བརྩེ་བ་ཟབ།

ཧེ་ལེན་གྱིས་སློབ་སྦྱོང་ལ་འབད་བརྩོན་དང་ལྷན་དུ་ཉིན་ལྟར་རྩེད་རིགས་འདྲ་མིན་རྩེ་བ་དང་། རྟ་གཞོན་པ། རྐང་འཁོར་གཞོན་པ། ཁྱི་ཁྲིད་དེ་གོམ་པ་རྒྱབ་པ། ཆུ་བརྐྱལ་རྒྱབ་པ་སོགས་བྱེད་ཀྱི་ཡོད་ལ་མོས་ད་དུང་མ་འོང་པ་སློབ་ཆེན་འགྲིམ་རྒྱུའི་འཆར་གཞི་བཟུང་དེ་དགེན་ཨན་ལགས་ལ་ང་རྗེས་སུ་ཧཱ་ཝར་སློབ་ཆེན་འགྲོ་རྒྱུ་ཡིན་ཞེས་བཤད། དགེན་ཨན་གྱིས་ཧེ་ལེན་སློབ་ཆེན་དུ་འགྲོ་རྒྱུ་ནི་མི་སྲིད་པའི་གནད་དོན་ཞིག་རེད་སྙམ་ཡང་ཧེ་ལེན་གྱི་སེམས་ཤུགས་ལ་དོ་ཕོག་མི་འགྲོ་བའི་ཆེད་ཧཱ་ཝར་ནི་སློབ་ཕྲུག་བུ་ཁོ་ནི་ཆེད་དུ་ཡིན་ཕྱིར་ཁྱོད་རང་འགྲོ་དགོས་མ་རེད་ཅེས་བཤད། སྐབས་དེར་འཛམ་གླིང་ན་སྙན་གྲགས་ཆེ་བའི་ཧཱ་ཝར་སློབ་ཆེན་ནི་སློབ་ཕྲུག་བུ་ཁོ་ནའི་ཆེད་དུ་ཡིན་པ་དང་། དེའི་ཉེར་འགྲམ་དུ་ཡོད་པའི་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་རེ་སྦྲི་ཁེལ་ཨི་ཧྥེ་ནི་སློབ་ཕྲུག་བུ་མོ་ཁོ་ནའི་ཆེད་དུ་རེད། གཙུག་ལག་སློབ་ཆེན་དེ་གཉིས་ཨ་རི་ཙམ་དུ་མ་ཟད་འཛམ་གླིང་ཡོངས་སུ་སྐད་གྲགས་ཧ་ཅང་ཆེ། ཧེ་ལེན་གྱིས་ལོ་ངོ་བཞིའི་རིང་དུ་སློབ་སྦྱོང་ཧུར་ཐག་བྱས་པས་ཡར་རྒྱས་ཆེན་པོ་ཕྱིན་ནས་མོ་རང་གི་རེ་བ་དང་རྨི་ལམ་ལྟར་རེ་སྦྲི་ཁེལ་ཨི་ཧྥེ་གཙུག་ལག་སློབ་ཆེན་དུ་འཛུལ་རྒྱུའི་སྙན་ཞུ་ཕུལ། འོན་ཏེ་སློབ་ཆེན་གྱི་མགོ་གཙོས་ཧེ་ལན་གྱི་སྙན་ཞུ་ཕྱིར་སློག་བྱས་ནས་དེ་ནི་སློབ་གྲྭས་བསྒྲུབ་མི་ཐུབ་པའི་ཆ་རྐྱེན་ཞིག་རེད་བཅས་བརྗོད། ཧེ་ལན་གྱིས་སླར་ཡང་སྙན་ཞུ་དང་སྦྲག་སློབ་གྲྭའི་མགོ་གཙོ་ལ་དམིགས་བསལ་གྱི་ཞུ་ཡིག་ཕུལ་ནས་ང་ལ་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་ཤིག་སྩོལད་རོགས་གནང་། གལ་སྲིད་ངས་དངོས་གནས་སློབ་སྦྱོང་གི་རྗེས་མ་ཟིན་ཚེ་གུས་མོ་རང་བཞིན་གྱིས་ཕྱིར་འཐེན་བྱེད་ཆོག་ཅེས་བཤད།

སློབ་གྲྭའི་མགོ་གཙོས་ངོས་ལེན་བྱས་པ་ལྟར་སྤྱི་ལོ༡༨༩༠ལོར་ཧེ་ལེན་སློབ་ཆེན་ལ་དངོས་སུ་འཛུལ་ཞུགས་བྱས། སློབ་ཆེན་གྱི་འཚོ་བ་དང་སློབ་སྦྱོང་གི་གནས་བབ་སོགས་ཧེ་ལེན་ལ་བལྟོས་ན་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། འཛམ་གླིང་དུ་སྐད་གྲགས་ཡོད་པའི་སློབ་ཆེན་དེའི་སློབ་ཕྲུག་རྣམས་ནི་འབད་བརྩོན་ཆེ་ཞིང་སློབ་སྦྱོང་གི་གནས་ཚད་ཡར་རྒྱས་ཧ་ཅང་མགྱོགས་སྟབས་འོན་ལོང་གཉིས་ལྡན་གྱི་བུད་མེད་གཅིག་གིས་དེ་རྗེས་ཟིན་པར་བྱེད་རྒྱུ་ནི་ཡིད་ལ་འཁོར་མི་ཐུབ་པ་ཞིག་ལོས་ཡིན། འོན་ཏེ་དགེན་ཨན་གྱིས་འཛིན་གྲྭའི་ནང་དུ་མཁས་དབང་སློབ་ཁྲིད་པ་དག་གིས་གང་ཞིག་ཁྲིད་པ་དེ་མཛུབ་བརྡ་བརྒྱུད་ཧེ་ལེན་གྱི་ལག་མཐིལ་དུ་འབྲི་བ་དང་རྗེས་མ་ཟིན་པ་རྣམས་འཛིན་གྲོགས་གཞན་གྱིས་ཟིན་བྲིས་ལས་བཤུས་ནས་ཧེ་ལན་ལ་ནང་སྦྱོང་བྱེད་དུ་བཅུག། དེ་ལྟར་འབད་པ་བརྒྱ་དང་ངལ་བ་སྟོང་གིས་སྤྱི་ལོ༡༩༠༤ལོར་ཧེ་ལེན་སློབ་མཐར་ཕྱིན་ནས་ཚད་མཐོ་བའི་སློབ་ཐོན་གྱི་ལག་ཁྱེར་ཐོབ། འདི་ནི་འཛམ་གླིང་ཐོག་གི་འོན་ལོང་གཉིས་ལྡན་གྱི་སློབ་མ་ཞིག་མཐོ་སློབ་ལས་ཐོན་པ་ཐེངས་དང་པོ་དེ་ཡིན་ལ་ལོ་རྒྱུས་ཐོག་ཏུ་གཟི་བརྗིད་ཅན་གྱི་ཟིན་ཐོ་གསར་པ་ཞིག་ཀྱང་བཀོད་པ་ཡིན། ཧེ་ལན་མཐོ་སློབ་ཏུ་ཡོད་དུས་བུད་མེད་ཀྱི་ཁྱིམ་ཟེར་བའི་དུས་དེབ་ཁང་གིས་མོ་རང་གི་ལོ་རྒྱུས་འབྲི་རྒྱུའི་རེ་སྐུལ་བྱས་པ་ལྟར་རྩོམ་སྒྲིག་པ་རྗོན་མེ་སི་དང་མཉམ་འབྲེལ་གྱིས་ངའི་མི་ཚེའི་ལོ་རྒྱུས་ཞེས་པའི་དེབ་གཅིག་བྲིས། འདི་ནི་ཧེ་ལན་གྱི་མི་ཚེ་ནང་དུ་གཟི་བརྗིད་དང་རིན་ཐང་ཕུན་སུམ་ཚོགས་པའི་དེབ་བཅུ་བཞི་བྲིས་པའི་དེབ་དང་པོ་དེ་ཡིན།

དེབ་དེའི་ཡོང་བབ་དངུལ་སྒོར་རྣམས་ཀྱིས་སློབ་ཐོན་རྗེས་སུ་བྷོ་སི་ཏྲོན་དུ་ཁང་པ་ཞིག་ཉོས་ཏེ་དགེན་ཨན་དང་ལྷན་ཁྱིམ་གཞིས་གསར་པ་བཙུགས། མོས་རང་ཉིད་དང་དགེན་ཨན་ལགས་བདག་སྐྱོང་བྱེད་རྒྱུའི་ཆོད་སེམས་བརྟན་པོ་དང་དེ་བཞིན་དབང་པོ་སྐྱོན་ཅན་དག་ལ་རོགས་སྐྱོར་བྱེད་རྒྱུའི་འཆར་གཞི་བྱས། དེ་དག་གི་ཆེད་དུ་དེབ་རིན་གྱི་དངུལ་གཅིག་པུས་མ་འདང་ནས་མོས་ཡོང་བབ་ཀྱི་ཆེད་དུ་ཡུལ་སྐོར་བྱེད་རྒྱུའི་གྲབ་སྒྲིག་བྱས། མངའ་སྡེ་མི་འདྲ་བ་མང་པོའི་ནང་དུ་དབང་པོ་སྐྱོན་ཅན་དང་འོན་ལོང་རྣམས་ཀྱི་མྱོང་ཚོར་དང་འབྲེལ་བའི་གཏམ་བཤད་རིམ་པར་བྱས་པས་མིང་མང་ལ་སེམས་འགུལ་ཐེབས་ནས་རྒྱབ་སྐྱོར་དང་རོགས་རམ་ཐོབ། འོན་ཏེ་མོའི་ལས་འཆར་དང་བསྡུར་ན་ད་དུང་དངུལ་གྱི་དཀའ་ངལ་ཡོད་སྟབས་དགེན་ཨན་དང་ཧེ་ལན་གཉིས་ཀྱིས་སླར་ཡང་ཡུལ་སྐོར་བྱས་ཏེ་ཧེ་ལན་གྱི་མི་ཚེ་དང་འབྲེལ་བའི་དངོས་སྒྲུང་འཁྲབ་སྟོན་དང་ལྟད་མོ་བ་དག་གིས་དྲི་བ་རྣམས་ལ་ལན་འདེབས་སོགས་བྱས། འཁྲབ་སྟོན་དེ་ལ་ཧེ་ལན་དགའ་སྤྲོ་སྐྱེས་ཀྱང་དགེན་ཨན་ལགས་འཁྲབ་སྟོན་བྱེད་རྒྱུ་ལ་ཐང་ཆད་པ་མ་ཟད་མི་མང་གིས་ཀྱང་དེ་ཙམ་དགའ་མོས་མ་བྱས། ཧེ་ལན་གྱིས་རང་ཉིད་ཀྱི་ལས་འཆར་ཡར་རྒྱས་གཏོང་རྒྱུའི་ཆེད་ཨ་རི་ལོང་བའི་ལྷན་ཚོགས་ནང་དུ་ལས་ཞུགས་བྱས། ལོང་བ་དང་བུད་མེད་ཀྱི་ཐོབ་ཐང་དེ་བཞིན་ཤེས་ཡོན་གྱི་ཆེད་དུ་མོས་གཏམ་བཤད་དང་ལས་འགུལ་མང་དུ་སྤེལ། ལོ་གསུམ་ནང་དུ་ས་གནས་བརྒྱ་དང་ཉེར་གསུམ་ཙམ་དུ་མི་འབོར་ཉིས་འབུམ་ལྔ་ཁྲི་ཙམ་ལ་གཏམ་བཤད་བརྒྱུད་སྐུལ་བྱས་པས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་ཐོབ།

རིམ་བཞིན་ཧེ་ལན་གྱི་སྙན་གྲགས་རྒྱལ་ཁོངས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་མང་པོས་གདན་ཞུས་བྱས། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དང་དེ་བཞིན་ནུབ་ཕྱོགས་ཡུ་རོབ་སོགས་སུ་ཆེད་བསྐྱོད་ཀྱིས་གཏམ་བཤད་དང་ལས་འགུལ་སྤེལ་ཏེ་ཉམ་ཐག་གི་དབང་པོ་སྐྱོན་ཅན་སྟོང་ཕྲག་མང་པོ་ལ་རོགས་སྐྱོར་བྱས་པར་བརྟེན་ཧེ་ལན་ལ་ཨ་རི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟེངས་རྟགས་སོགས་ཚོགས་པ་དང་སྒྲིག་འཛུགས་མང་པོས་བྱ་དགའ་དང་གཟེངས་རྟགས་ཕུལ། ཁྱད་པར་དུ་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་ཏྲེམ་པེལ་སློབ་ཆེན་གྱིས་ཧེ་ལན་དང་དགེན་ཨན་གཉིས་ཆར་ལ་མཁས་དབང་གི་ཕྱག་ཁྱེར་ཕུལ་སྐབས་དགེན་ཨན་གྱིས་ཁོ་མོས་གང་ཞིག་བསྒྲུབས་པ་དག་ནི་ཧེ་ལན་གྱི་རྣམ་དཔྱོད་དང་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན་སྟབས་ལག་ཁྱེར་འདི་ཧེ་ལན་ཁོ་ན་ལས་ང་ལ་མི་དབང་ཞེས་ལག་ཁྱེར་མ་བཞེས་པས་དེ་ཡོད་ཀྱི་མཁས་དབང་དང་སློབ་ཕྲུག་དེ་བཞིན་ལྟད་མོ་བ་ཡོང་ནས་ཨན་གྱི་ལག་ཁྱེར་མ་བཞེས་བར་དུ་གཞེངས་ནས་ཕྱག་བརྡབ་པའི་ཐལ་སྒྲ་འཚམས་མ་བཞག་པས་དགེན་ཨན་གྱིས་ལེན་དགོས་བྱུང་། སྐབས་འདི་དག་ཏུ་དགེན་ཨན་གྱིས་ཧེ་ལན་གྱི་དྲུང་ཡིག་ལྟ་བུའི་ལས་འགན་ཁུར་ཏེ་དངུལ་གྱི་ཡོང་བབ་འགྲོ་སོང་ཆ་ཚང་འགན་ཁུར་བྱེད་ཀྱི་ཡོད་ལ་མོ་རང་ནམ་ཡང་ཧེ་ལེན་དང་ཁ་བྲལ་མྱོང་མེད།

འོན་ཏེ་སྟབས་མི་ལེགས་པ་ཞིག་༡༩༣༦ལོ་དབྱར་སྟོད་ཙམ་ནས་དགེན་ཨན་གྱིས་ནད་གཞི་སྡུག་ཏུ་ཕྱིན་ནས་རིང་པོར་མི་འཚོ་སྨན་པས་ཀྱང་ཐག་བཅད། ཨ་རི་ལོང་བའི་ལྷན་ཚོགས་ནས་ཧེ་ལན་དང་འབྲེལ་འགྲིས་ཟབ་ཅིང་རྒྱུས་ཡོད་ཅན་གྱི་བུ་མོ་པོ་ལིས་ཧེ་ལེན་ལ་དྲུང་ཡིག་གསར་བསྐོས་སོགས་བྱས། ལོ་དེའི་སྤྱི་ཟླ་བཅུ་པའི་ཚེས་༢༠ཉིན་དགེན་ཨན་ལགས་དགུང་ལོ་༧༠་ལ་སོན་སྐབས་ཧེ་ལན་དང་བཅས་པའི་འཇིག་རྟེན་ལས་ཁ་ཡོངས་སུ་བྲལ། དགེན་ཨན་ལགས་དགོངས་པ་རྫོགས་ཉིན་ཧེ་ལན་གྱིས་མོའི་ལག་དམ་པོར་འཆང་ཞིང་ཡུན་རིང་ལ་མ་བཏང་། འོན་ཏེ་ཚེ་སྲོག་ནི་ལས་དབང་གི་བསྒྱུར་བཀོད་ལས་སུ་ལའང་དབང་དུ་མེད་པས་ཐབས་ཤེས་ཡོངས་སུ་བྲལ། ཧེ་ལན་གྱིས་ཁོ་མོ་ལོ་ངོ་གཉིས་ལ་སོན་དུས་འཇིག་རྟེན་གྱི་འོད་སྣང་ལན་གཅིག་བོར་སོང་། ད་ལན་འཇིག་རྟེན་གྱི་འོད་སྣང་གཉིས་པ་དེ་ཡང་བོར་སོང་ཞེས་ངུ་སྐད་ཤོར། ཉིན་དེ་ནས་ཧེ་ལན་རང་ཁྱིམ་དུ་སྡོད་འདོད་མེད་པས་ལས་དྲུང་པོ་ལིས་དང་ལྷན་རྒྱལ་ཁམས་གང་སར་ཕེབས་ཏེ་གཏམ་བཤད་དང་ལས་དོན་མུ་མཐུད་བསྒྲུབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གདན་ཞུས་ལྟར་རྒྱལ་ཁབ་༣༩གྱི་ནང་དུ་ཧེ་ལེན་གྱིས་ལས་འགུལ་དང་གཏམ་བཤད་བྱས་ཡོད་ལ་ལོང་བ་གཙོ་བོ་གྱུར་པའི་དབང་པོ་སྐྱོན་ཅན་མི་སྣ་ཁྲི་ཕྲག་ལས་བརྒལ་བ་ལ་རོགས་སྐྱོར་དང་ཞབས་འདེབས་ཞུས་ཡོད།

འཛམ་གླིང་དམག་ཆེན་གཉིས་པའི་གོང་དུ་ཧེ་ལེན་འཇའ་པན་སྲིད་གཞུང་གིས་གདན་ཞུས་ལྟར་འཇའ་པན་དུ་ཕེབས་ཏེ་ལོང་བ་གཙོ་བོར་གྱུར་པའི་མི་མང་ལ་བཀའ་སློབ་ལམ་སྟོན་བསྩལ་བས་འཇའ་པན་སྲིད་གཞུང་གིས་ཧེ་ལན་ལ་ཆེ་མཐོང་གི་གཟེངས་རྟགས་བྱ་དགའ་སོགས་ཕུལ་ཏེ་གཞུང་དམངས་གཉིས་ཀའི་ངོས་ནས་དགའ་བསུ་ཆེན་པོ་ཐོབ། ཧེ་ལན་ཨ་རི་ལ་འབྱོར་ཟིན་པའི་རྗེས་སུ་འཇའ་པན་དམག་གིས་གནམ་ཐོག་ནས་ཨ་རི་ལ་རྒོལ་བརྡུང་བཏང་ཞིང་ཧ་ཝ་ཡེ་གྲུ་གཟིངས་འབབ་ཚུགས་སུ་འབར་རྫས་རྒྱབ་ནས་མི་མང་༢༠༠༠ཙམ་རྐྱེན་ལམ་དུ་བཏང་བས་ཧེ་ལན་གྱི་འཇའ་པན་སྲིད་གཞུང་གིས་ལས་ཀ་ཐབས་སྡུག་དེ་ལྟར་བྱེད་རྒྱུ་བསམ་བློ་ནང་དུ་འཁོར་མ་མྱོང་ཞེས་བློ་ཕམ་དང་སྡུག་ཡུས་བཤད། དམག་ཆེན་གཉིས་པའི་སྐབས་ཀྱི་ཨ་རིའི་ཡུལ་དམག་རྨས་མ་དམག་འཁྲུག་གི་སྐབས་སུ་དབང་པོ་སྐྱོན་ཅན་བྱུང་བ་རྣམས་སེམས་གསོ་དང་སློབ་གསོ་སྟེར་བའི་ཆེད་དུ་ཧེ་ལན་གདན་ཞུས་བྱུང་བ་ལྟར་དེར་ཕེབས་ཏེ་དབང་པོ་ལ་སྐྱོན་ཤོར་ནས་སེམས་སྡུག་གིས་རང་སྲོག་གཅོད་རྩིས་བྱེད་མཁན་དམག་མི་རྨས་མ་མང་པོས་ཧེ་ལེན་གྱི་ཉམས་མྱོང་དང་ལོ་རྒྱུས་འབྲེལ་བའི་སློབ་སྟོན་གྱིས་སེམས་ཤུགས་རྙེད་དེ་སྡུག་བསྔལ་ལས་གྲོལ་ཐུབ་པར་བྱུང་། ཧེ་ལན་གྱིས་མུན་ནག་གི་ཕྱི་རོལ་སོགས་གྲགས་ཅན་གྱི་དེབ་མང་པོ་བརྩམས་པའི་ཆེས་ཐ་མའི་དེབ་ངའི་དགེ་རྒན་ཨན་ལགས་ཟེར་བའི་དགེན་ཨན་གྱི་མི་ཚེའི་ལོ་རྒྱུས་ཀྱི་དེབ་དེ་འཇུག་གྲིལ་ནས་ཡུན་རིང་མ་སོང་བར་མོ་རང་དགུང་ལོ༨༨ཀྱི་འཁྲུངས་སྐར་ཚེས་ལ་ཉིན་ཉེ་ཤུ་ལས་མེད་པའི་སྤྱི་ལོ༡༩༦༨ཟླ༦ཚེས་༡ཉིན་མོ་རང་འཇིག་རྟེན་འདི་ནས་ཡོངས་སུ་གཟིམས་སོང་།། །།

སྔ་མའི་འབྲེལ་ཐག  https://www.khabdha.org/?p=63000

ངོ་སྤྲོད།

Post navigation

Previous Post: དེང་དུས་ཕ་མས་ཕྲུ་གུར་བལྟ་སྐྱོང་བྱེད་སྟངས་ལ་དཔྱད་པའི་ཀ་བཤད་༢༤པ།
Next Post: བོད་འཚོལ་བ།

Comments (2) on “ཁྱད་དུ་འཕགས་པའི་བུད་མེད་ཀྱི་ལོ་རྒྱུས། ཡ་མཚན་དངོས་བྱུང་གི་དཔང་རྟགས་གསོན་པོ།”

  1. ཀླུ་སྨྱོན། says:
    2015-01-06 at 12:24 am

    གྲུབ་ཐོབ་དང་ཡིག་སྒྱུར་བ་གཉིས་ཀ་རེད་འདུག སྐྱབས་སུ་མཆི།

  2. ཇུས་ཏོག says:
    2015-01-06 at 1:56 am

    ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
    སྐལ་བ་བརྒྱར་ཡང་ཆུད་མི་ཟ་།
    ཚོགས་ཤིང་དུས་ལ་བབས་པ་ན་།
    འབྲས་བུ་སྨིན་པ་ཉིད་དུ་རྒྱུར་།
    རྒྱུ་རྣམས་ཐམས་བཅས་རྐྱེན་ཡིན་ཏེ་།
    མདུན་མའི་རྩེ་ལ་རབ་ཏུ་གནས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme