Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱད་ཆོས་ལྔ་ལྡན་གྱི་སྲིད་སྐྱོང་དང་། འཐུས་མི།

Posted on 2020-09-11 By ཁ་བརྡ 1 Comment on ཁྱད་ཆོས་ལྔ་ལྡན་གྱི་སྲིད་སྐྱོང་དང་། འཐུས་མི།

གཡུ་འབྲུག
 
ངེས་པར་དུ། ༡ ལོ་ན་དང་། ༢ ཤེས་ཡོན། ༣ ཉམས་མྱོང་། ༤ ལྷག་བསམ། ༥ བྱས་རྗེས་ཏེ་ཁྱད་ཆོས་ལྔ་ལྡན་གྱིས་དར་ལ་བབ་དགོས་པ་སྲིད་སྐྱོང་གཅིག་པུ་མ་རེད། ཆོས་བརྒྱུད་ཆོལ་ཁ་དང་བཅས་པའི་འཐུས་མི་རྣམས་ཉུང་མཐར་ཡང་། སྲིད་སྐྱོང་ལོ་ལྔ་བཅུ་དང་། སྤྱི་འཐུས་བཞི་བཅུ་ཡན་ཆོད་ལོངས་པ་འོས་བླུགས་མ་གཏོགས། ལོ་གཞོན་ཚོས་ཞབས་འདྲེན་བཞག་པ་ལས། ཞབས་འདེགས་ཞུས་པ་མ་མཐོང་། ཁྱད་ཆོས་ལྔ་པོ་མི་ལྡན་པའི་འཐུས་མི་དང་། སྲིད་སྐྱོང་གསར་རྙིང་མ་ལུས་གོ་སྐབས་མེད་པ་བཟོ་དགོས་རེད། འདས་པའི་ལོ་ཤས་ནང་གི་འཐུས་མི་ཚོར་ཆོས་ལུགས་དང་། ཆོལ་ཁའི་ཚབ་མཚོན་ནུས་པ་དཀོན་ནོ།།

༡ ལོ་ན་བཞི་བཅུ་དང་ལྔ་བཅུའི་གོང་དུ་ཕྱིན་དགོས་པ་རྒྱུ་མཚན་ཆེན་པོ་གཅིག སྲིད་སྐྱོང་གིས་དབུ་ཁྲིད་དགོས་རྒྱུའི་དཀའ་ཁག་ཆེ་ཤོས་འཐུས་མི་རྣམས་དང་། སྡེ་དཔོན་ཁག་གཙོར་བྱས་པའི་མང་ཚོགས་ལོ་ལྔ་བཅུའི་མན་ལ་ཡོད་མཁན་ཚོ་རེད། འཐུས་མིས་འགོ་ཁྲིད་དགོས་རྒྱུའི་མི་དམངས་མང་ཤོས་བཞི་བཅུ་མན་རྣམས་རེད། དེ་ཕྱིར་སྲ་བརྟན་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྲིད་སྐྱོང་དེ་ལོ་ལྔ་བཅུ་ཡང་ད་དུང་གཞོན་ཆེས་པ་འདྲ་བོ་རེད། ཤར་ནུབ་ཀྱི་སྲིད་འཛིན་ཕལ་མོ་ཆེ་ལོ་ན་དྲུག་ཅུའི་གཡས་གཡོན་ལས། ལྔ་བཅུའི་འོག་ལ་ཉུང་ཉུང་རེད། གཉིས་པ་ལོ་ན་བགྲེས་སོན་ཚོར་ལུས་ཀྱི་སྟེང་ལ་ཟ་མ་སྔོན་ལ་ཟོས་པའི་་རྟགས་དང་། ན་ཚོད་ཡོངས་སུ་སྨིན་པ། དཀའ་སྡུག་གི་གཉན་འཕྲང་བརྒལ་བའི་གཟི་བརྗིད་སོགས་མང་པོ་ཡོད།

༢ ཤེས་ཡོན་ནི་སློབ་གྲྭ་ཚད་ལྡན་གྱི་ལག་འཁྱེར་ཡོད་པ་གཞིར་བཞག་སྟེང་། ད་ལྟ་མིག་སྔར་ལྷག་བཞིན་པའི་བོད་ཀྱི་གནད་དོན་ཙམ་མ་ཡིན་པར་འདས་པ་དང་། མ་འོངས་པ། ད་ལྟའི་གནད་གསང་སྟེ། དུས་གསུམ་གྱི་འཕེལ་འགྲིབ་དང་། འགྱུར་ལྡོག་སོགས་ལ་ལྟ་ཤེས་པ་དང་། ཁྱད་པར་དུ་ཁ་སོང་ལས་ཀྱང་སང་ཉིན་གྱི་ཚད་གཞལ་ཤེས་མཁན་ཞིག་དགོས། བོད་དང་། ཧིན་དི། དབྱིན་ཇིའི་སྐད་ཡིག་གསུམ་ཚད་ལྡན་ངེས་པར་དུ་ཡོད་པ་ཞིག་དང་། བྱུང་ན་དེའི་སྟེང་དུ་རྒྱ་སྐད་ཤེས་པ་ཞིག་དགོས་ལ། བཟང་ངན་གང་བཤད་དགོས་ན་ཡང་མི་རིགས་དེའི་སྐད་ཡིག་ཤེས་ན། གནད་ལ་སྨིན་སྟངས་ཁྱད་པར་ཆེན་པོ་རེད།

༣ ཉམས་མྱོང་ནི་སྲིད་སྐྱོང་ཡིན་ན་བོད་ཀྱི་གཞིས་བྱེས་གཉིས་དང་། རྒྱལ་སྤྱིའི་གནས་སྟངས་གང་ལ་གང་མཚམས་ལག་ལ་བླང་མྱོང་བ་དང་། སྲིད་འབྱོར་རིག་གསུམ་མ་ལུས་པའི་ཐོག་ཉུང་མཐར་ལོ་ལྔ་རེར་བྱ་བ་གཉེར་ཏེ། སྲིད་ཀྱི་དབང་བསྒྱུར་དང་། འབྱོར་བའི་ཁེ་དཔོག ཤེས་ཡོན་གྱི་བློ་འབྱེད་ཇི་ལྟར་དགོས་མིན། གཞན་གྱི་ལམ་སྟོན་དང་། རང་གི་འཆར་སྣང་ཙམ་མ་ཡིན་པར་དངོས་སུ་ལག་ཏུ་བླངས་ཏེ་ངེས་ཤེས་སམ། མྱོང་བ་ཚད་ལྡན་ལོ་ལྔ་གསུམ་བཅོ་ལྔ་སོང་ཟིན་པ་ཞིག་དང་། འཐུས་མི་རྣམས་ཀྱང་རང་ཉིད་ས་ཕྱོགས་གང་གི་འཐུས་མི་ཡིན་ན། དེའི་ཁྱིམ་ཚང་རེ་རེའི་གནས་སྟངས་དང་། དཀའ་ངལ། དབུལ་ཕྱུག་སོགས་ལོ་མང་རིང་རྒྱུས་ལོན་བྱས་ཤིང་། གསལ་པོ་ཤེས་པ་ཞིག་དགོས།

༤ ལྷག་བསམ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེང་སང་གི་མི་ཕལ་མོ་ལྷག་བསམ་ཡོད་མཁན་དཀོན་པོ་རེད། ལྷག་བསམ་ལ་ཆོས་དཔལ་སྲིད་གསུམ་གྱི་འགྲེལ་སྟངས་སོ་སོ་རེད། སྲིད་དོན་གཞིར་བཞག་བྱས་ཏེ་བཤད་ན་རྒྱལ་ཁབ་དང་། མི་རིགས་ཀྱི་དོན་ཁ་ཞེ་གཉིས་མེད་ཀྱིས་བསྒྲུབས་ཏེ། རང་གི་མཚན་སྙན་གོང་མཐོར་གཏོང་ཐུབ་པ་ཞིག་དགོས་རེད། དེ་ལ་ཞེན་འཁོགས་དང་། ལ་རྒྱ་ཟེར་བ་རེད། ལ་རྒྱ་ཟེར་བ་དེ་རང་གི་རྒྱལ་ཁབ་དང་། མི་རིགས་ལ་ཆགས་ཞེན་ཆེ་ཞིང་། ཡོད་ཚད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཐུབ་པ་ལ་ཟེར། རང་དོན་ཁོ་ན་ཁ་ཞེ་གཉིས་མེད་ཀྱིས་འབད་དེ་རྒྱལ་ཁབ་དང་། མི་རིགས་ལ་ཕན་པར་རེ་ན་ཡོད་ཚད་སྟོང་པ་རེད། དུས་ནམ་ཡང་ཕན་ཐོགས་ཡོང་བ་ཞིག་མ་རེད།

༥ བྱས་རྗེས་ནི་སོང་ཟིན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བགྲང་བྱ་མང་པོ་རིང་ལས་འགུལ་འདྲ་མིན་ནང་ཞུགས་ཏེ། རྒྱལ་ནང་གིས་རོགས་རམ་མ་ཐུབ་ན། ཕྱི་ཕྱོགས་ནས་གཞུང་ཚད་ལྡན་དང་། ཐེབ་རྩ་ཚད་ལྡན་བརྒྱུད་དེ་མ་རྩ་བླངས། ཤེས་ཡོན་མེད་སར་སློབ་གྲྭ་རྒྱག ཆུ་མེད་སར་ཆུ་མཛོད་བཟོས། གློག་མེད་སར་གློག་འཐེན། དབུལ་པོ་མང་སར་ཚོང་ལས་འཛུགས་སྐྲུན་གྱིས་དབུལ་ཕུང་ལས་སྐྱབས། མཐུན་སྒྲིལ་མེད་སར་མཐུན་པོ་བཟོས། དབུ་མ་དང་། རང་བཙན། གཞོན་ནུ། ཟློས་གར་སོགས་ཚོགས་སྡེ་འདྲ་མིན་མཉམ་འབྲེལ་གྱིས་ཕྱོགས་གཅིག་ཏུ་གོམ་པ་མཉམ་སྤོས་ཐུབ་པ་སོགས་ལ་བྱས་རྗེས་ཟེར། དེ་འདྲའི་བྱས་རྗེས་གཟེངས་སུ་ཐོན་པ་ཞིག་ཡོད་ན། ད་གཟོད་གོ་སྐབས་སྤྲད་ན། སྲིད་གཞུང་སྲ་བརྟན་དང་། ཡར་རྒྱས་ཡོང་ངེས་རེད།

ལོ་གཞོན་ཚོས་དྲ་ཐོག་འུར་འདུག་པ་ལས། གནད་ཕུག་པའི་བྱ་བ་དང་། ལྷག་བསམ་གྱིས་ལས་ཀ་བྱེད་བཞིན་པ་མ་མཐོང་ལ། དྲ་ཐོག་ཏུ་འུར་བསམ་ན་གཞུང་འབྲེལ་གྱི་ལས་ཁུངས་ལས་རྩ་དགོངས་ཞུ་དགོས་རེད། བོད་པའི་མི་རིགས་འདི་གསར་ངས་ཆེ་ཞེས་སྔོན་མའི་ལོ་རྒྱུས་ནང་ལ་འདུག དེ་དོན་ཐོག་འཁེལ་བའི་གཏམ་རང་རེད།

དམིགས་བསལ་བྱས་རྗེས་བཞག་བསམ་ན། འཆར་གཞི་ཡོད་པའི་སྒྲིག་འཛུགས་དང་། མཁས་པ་མཉམ་འཛོམས་ཀྱིས་གཏམ་བཤད་དང་། དེབ་འདྲ་མིན་འབྲི་དགོས་རེད། ཆོས་ལུགས་དང་། མི་རིགས་ཀྱི་འཐུས་མི་ཡིན་ན་ཚུགས་ཡོད་དགོས་རེད། དོན་ཆེན་མེད་ན་ཁོག་ལ་ཆགས་སྡང་གི་མེ་འབར་ན་ཡང་ཁ་ནས་ཚིག་རྩུབ་ཀྱི་དུད་པ་མི་ཐོན་པ་ཞིག་དགོས་རེད། ལོ་ཆུང་ཚོ་ལས་རོགས་དང་། དྲུང་འཕར་ལ་བཞག་སྟེ་སྦྱང་བརྡར་སྤྲོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ནང་ཞུགས་བཅུགས་ཏེ། རིམ་གྱིས་ལོ་ན་དང་ཉམས་མྱོང་ཚད་དུ་འཁྱོལ་བ་ན། སྲིད་གཞུང་ལ་ཞུགས་ཐུབ་པ་བཟོ་དགོས་རེད།

ཡོད་ཚད་ནུབ་ཕྱོགས་པའི་བྱེད་སྟངས་ལ་ལད་མོ་མ་བྱེད་མ་གཏོགས། གཞུང་ས་ཚད་ལྡན་དང་། གཞུང་སྲ་བརྟན་མེད་པའི་མི་རིགས་རྩ་སྐྱ་གཏོར་བ་བཞིན་གཏོང་ངེས་རེད། དཔེར་ན་ས་ཆེན་ཐོག་ལ་གནས་བཅས་པའི་གང་ཟག་གིས་ཞབས་བྲོ་རྒྱག་པ་དང་། རྒྱ་མཚོར་ཆེན་མོར་གྲུ་ཆུང་ཐོག་བྲོ་འཁྲབ་པ་གཉིས་ལ་ཉེན་ཁ་ཆེ་ཆུང་དང་སྟབས་བདེ་མིན་ཡོད་མེད་དང་གཅིག་པ་རེད། རང་བཙན་མེད་པའི་མི་རིགས་ཀྱི་དགག་སྒྲུབ་མཐའ་དག་རྒྱ་མཚོའི་གྲུ་ཆུང་སྟེང་གི་ཟློས་གར་རེད། བཟང་ངན་གང་འགྱུར་སུས་ཀྱང་བཤད་མི་ཐུབ།

མི་རིགས་གཞན་པ་ཚོས་བོད་ལ་ཁྲིམས་དགོས་མ་རེད་ཟེར་ཡོང་དུས། བོད་པ་མང་པོ་ཞིག་གིས་ཁྱད་ཆོས་སུ་བལྟས་ཏེ། ངོམས་སོ་བྱེད་ཀྱིན་འདུག་སྟེ། དངོས་གནས་བྱེད་ན་ངོ་ཚ་དགོས་ས་དེ་རེད། འཇིག་རྟེན་ན་ཆེས་རྗེས་ལུས་དེ་དཔལ་འབྱོར་མེད་པ་དེ་མ་རེད། ལུགས་གཉིས་ཀྱི་ཁྲིམས་ཞིག་ན་རྗེས་ལུས་ནང་ནས་ཡང་ལུས་རེད། ཁྱོད་ལ་ཁྲིམས་གཙང་མ་ཡོད་ན། བྱ་བ་ཡོད་ཚད་བདེ་བླག་ངང་ནས་འགྲུབ་ངེས་ལ། ཁྲིམས་མེད་པའི་སྤྱི་ཚོགས་དང་། སྡོམ་པ་མེད་པའི་གྲྭ་བཙུན་ནི་ལུང་པ་དེའི་ཟ་འདྲེ་རེད། །

ད་ལྟ་ལོ་ཆུང་ཚོ་ཤེས་འཇོན་ཡོད་རེད་ལབ་ནས་གོང་ལ་མ་གཏོངས་མ་གཏོགས། གཞུག་ནས་ཉམས་མྱོང་མེད། བྱས་རྗེས་མེད་པ་ཤ་སྟག་བསླེབས་ཏེ་འཐོར་ངེས་རེད། ལོ་ཆུང་ཤེས་འཇོན་ཡོད་ན་དུས་ཚོད་ཡོད་རེད། རྒན་པ་ཚོ་རྫོགས་རིམ་བཞིན་ཡར་གཏོང་ཆོག་རེད། ལོ་གཞོན་ཤ་སྟག་གོང་ལ་བསླེབ་ན། གཟི་བརྗིད་མེད། ཉམས་མྱོང་མེད། ལྷག་བསམ་མེད། ལག་འཁྱེར་ཤོག་ལྷེབ་དེས་ཁེངས་ཏེ་ལྟོ་བ་སྦོས་འདུག་པ་ལས། ཁྱད་ཆོས་སྐར་གང་མེད།

ཆབ་སྲིད་དང་། དཔལ་འབྱོར་ལམ་ལུགས་གོང་སྲིད་འཛིན་ནས་གྲོང་སྟེ་དཔོན་པོ་བར། བོད་རང་གི་ཁྱད་ཆོས་ཡོད་པའི་ལུགས་ཤིག་བཟོ་དགོས་རེད། རྒྱ་དཀར་ནག་དང་ནུབ་ཕྱོགས་པའི་རྗེས་སུ་རྒྱུག་ན་མདོ་མེད་རེད། གང་ལ་ཐུན་མིན་གྱི་ཁྲིམས་ཡོད་ན། དེ་ལ་སྲིད་གཞུང་སྲ་བརྟན་ཡོད། གཞན་དྲིང་མི་འཇོག་པ་ཟེར། གཞན་གྱི་རྗེས་སུ་འབྲང་ཚར་ནས་བཟུང་དེ་ལ་རང་ལུགས་ཤོར་བ་ཞེས་བྱའོ།།

ཕྲུ་གུས་རྒན་པོའི་དབུ་ཁྲིད་སར་ཐུག་སོང་ན། གཞུང་དང་། མི་རིགས་དང་། རིག་གཞུང་རྩ་མེད་འགྲོ་བ་ལ་ཕུ་ཐག་རིང་པོ་མེད་པ་མཚོན་ནུས་པས། ཤེས་ཡོན་ཚད་ལྡན་ཡོད་པའི་གཞོན་སྐྱེས་བདག་པོ་རྒྱག་དགོས་ན་ཡང་། ཐོག་མ་ཉིད་ནས་དེ་ལས་ཡར་འགྲོ་ས་མེད་པའི་གོ་ས་ཞིག་སྤྲད་ན། རང་གཞན་གཉིས་ཀར་གནོད་པ་ལས་ཕན་ཐོགས་ཡོད་པར་མ་མཐོང་ལ། ཆོས་བརྒྱུད་དང་། ཆོལ་ཁའི་འཐུས་མི་ཚོས་རང་གིས་འཐུས་ཚབ་བྱ་དགོས་ས་ཚོའི་ས་ཕྱོགས་ཙམ་ཡང་མི་ཤེས་ཤིང་། རང་ཉིད་སུ་ཡིན་དང་། བྱ་བ་གང་གཉེར་དགོས་མི་ཤེས་མཁན་མང་པོ་ཞིག་ཡོད་ས་རེད་སྙམ་པའང་བྱུང་།

བསམ་ཚུལ།

Post navigation

Previous Post: འབུམ་རམས་པའི་སློབ་མ་ཚེ་དབང་རིག་འཛིན་ལགས་ཀྱིས་ ༢༠༢༡ སྲིད་སྐྱོང་འོས་ཤོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་གྱི་ཡིན་ཟེར།
Next Post: ངས་སྲིད་སྐྱོང་གི་འོས་མི་འདི་ལྟར་འཚོལ་གྱིན་ཡོད།

Comment (1) on “ཁྱད་ཆོས་ལྔ་ལྡན་གྱི་སྲིད་སྐྱོང་དང་། འཐུས་མི།”

  1. གཡུ་འབྲུག says:
    2020-09-12 at 12:18 am

    དེང་སང་བོད་ཀྱི་ལོ་གཞོན་ཚོས་འདེམས་བཞིན་པའི་སྲིད་སྐྱོང་དང་འཐུས་མི། ལང་ཚོ་མ་རྫོགས་པ་ཕྲུ་གུ་མར་འབྱར་ལྟ་བུའི་སྲིད་འཐུས། ཉམས་མྱོང་མེད་པ་ནེ་ཙོ་ལྟ་བུའི་སྲིད་འཐུས། བོད་པ་གང་ལ་ཡོད་མེད་མི་ཤེས་པ་ལོང་བ་ལྟ་བུའི་སྲིད་འཐུས། བོད་སྐད་ཁ་ལ་མེད་པ་ལྐུགས་པ་ལྟ་བུའི་སྲིད་འཐུས། ཁ་བཤད་ལས་ལྷག་བསམ་མེད་པ་སྒྲ་སྒམ་ལྟ་བུའི་སྲིད་འཐུས། སྤྱི་ཚོགས་མང་སར་སྐད་ཅོར་ཆེ་བའི་ར་རྒན་ལྟ་བུའི་སྲིད་འཐུས་སོགས་མང་ངོ་། །ཧཧཧཧཧཧ

    གཞན་ཞིག་ནི་རང་དབང་གིས་རྩོམ་འབྲི་བ་དང་། རང་དབང་གིས་གཏམ་བཤད། རང་དབང་བྱ་བ་གཉེར་དགོས་ན། སྲིད་གཞུང་དང་། མི་ཆེ་ཆུང་དང་། ཕྱི་ནང་། ཆོས་སྲིད་གང་གི་ཕྱོགས་སུ་མ་ལྷུང་བ་ཞིག་གི་ཐོག་ནས་བརྩོན་དགོས་རེད། གཞུང་གི་བྱ་བ་ཡང་བློས་མི་ཐོངས། དྲ་ཐོག་ལ་འདྲ་མིན་བཤད་དགོས་ན། ཡོང་ཐབས་མེད་པ་རེད། གཞུང་གི་ལས་དཀའ་དང་རང་དབང་གི་ལམ་ནས་འབྲི་བཤད་བྱ་གསུམ་གང་རུང་གཡུག་རྒྱུ་རེད།

    མི་རིགས་གཞན་པའི་ནང་ཡག་པོ་ལྟོས་དང་། རྒྱལ་སྤྱིའི་ཐོག་གཡོ་འགུལ་བྱེད་བཞིན་པའི་ན་གཞོན་ཆབ་སྲིད་པ། ཚོང་པ། རྩལ་ཅན་མང་པོ་རེད། ཡིན་ན་ཡང་དེ་ཚོ་གཞུང་གི་ལས་བྱེད་མ་རེད། རྒྱལ་ཁབ་དང་། མི་རིགས་ལ་མཚོན་ན་དེ་ཚོ་གལ་ཆེན་པོ་རེད་དེ། ཟུར་དུ་ཉར་དགོས་པ་ལས། གཞུང་གི་དབང་འཛིན་གྲལ་རིམ་དུ་གཏོང་རུང་བ་ཞིག་གཏན་ནས་མ་རེད། དེ་ནི་ན་གཞོན་ཚོ་ལ་ང་རྒྱལ་དང་། སྤོབས་པ། ཤེས་ཡོན་འབའ་ཞིག་ལས། གསོ་སྐྱོང་གི་ཉམས་མྱོང་ཚད་ལྡན་མེད་པས་རེད།

    སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ལ་ཁྲིད་ཡུལ་དང་། ཁྲིད་སྟངས་མང་པོ་རེད། སྟབས་ལེགས་ལྟས་དབང་གིས་གྱུར་སོང་བ། བྱིས་པ་ཞིག་གིས་སྐད་ཆ་གཅིག་བཤད་པ་དང་། འཛམ་གླིང་མི་ཡོད་དོ་ཅོག་སེམས་འགུལ་འཐེབ་པ་དང་། བྱིས་པས་བཅའ་དངོས་གསར་པ་བཟོས་པ། བྱིས་པས་ཞི་བདེའི་གཟེངས་རྟགས་ཐོབ་པ། བྱིས་པས་ཁུ་ཚུར་གྱིས་དར་མའི་མགོ་བོ་སྐྱོམ་པ་སོགས་མང་པོ་རེད།

    དེ་ཚོ་ཡང་སྤྱི་ཚོགས་སྣེ་ཁྲིད་པ། གཡོ་འགུལ་བ་ཟེར་བ་རེད། ཉི་མ་གཅིག་ལ་ཁྲིད་ན་སྤྱི་ཚོགས་སྣེ་ཁྲིད་པ་ཟེར་བ་རེད། ཡིན་ན་ཡང་སྲིད་གཞུང་གི་སྣེ་ཁྲིད་སྟངས་དེ་འདྲའི་བྱིས་པ་ཚོས་མི་འཇོན། མི་ནུས། ཕྲུ་གུ་རྩེད་རར་གཡེངས་སྲིད་ལ། མངར་མོ་ལ་མགོ་འཁོར་སྲིད། ད་དུང་དགོས་སར་ཐུག་དུས་སྐད་གང་བཤད་དགོས་དབྱེ་འབྱེད་མི་ཤེས།

    སྲིད་གཞུང་གི་སྣེ་ཁྲིད་པ་ལ་ད་ལྟའི་ཧམ་པ་དང་། སྤོབས་པ། གསར་གཏོད་ཀྱིས་མི་ཡོང་། འདས་པའི་ལོ་རྒྱུས་ཤེས་དགོས། ད་ལྟའི་གནས་བབ་ལྟ་ཤེས་དགོས། མ་འོངས་པའི་འབྱུང་འགྱུར་ལ་དཔོག་ཤེས་དགོས། ལུང་པ་དེ་དང་། མི་རིགས་དེའི་བདེ་སྡུག་ཡག་པོ་ཤེས་དགོས། ཆོས་འབྱོར་སྲིད་གསུམ་གྱི་དགོས་དོན་དང་། བྱེད་ལས་མ་ལུས་དབྱེ་འབྱེད་གསལ་པོ་ཡོད་དགོས། དེ་ཕྱིར་བཅའ་དངོས་གསར་གཏོད་པས་སྲིད་གཞུང་གི་སྣེ་ཁྲིད་མི་ནུས། ཨང་རྩིས་མཁས་པ་ཙམ་གྱིས་རྒྱལ་ཁབ་ཀྱི་གཞུང་འཛིན་མི་ནུས།

    སྤྱི་ཚོགས་སྣེ་ཁྲིད་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དང་། ཡེ་ཤུ་མ་ཤི་ཀ་ལྟ་བུའི་སྲིད་གཞུང་མི་ཟིན་ཁོ་ཐག་ཡིན། རྒྱལ་ཁབ་ཀྱི་གཞུང་འཛིན་པ་ལ་མོ་ཧད་མད་ལྟ་བུ་ཞིག་དགོས་རེད། ཀླུ་སྒྲུབ་དང་། དབྱིག་གཉེན། ཆོས་གྲགས་དང་། ཨ་ཡིན་སི་ཊེན། ནིའུ་ཋོན་སོགས་ཀྱིས་གཞུང་འཛིན་མི་ནུས། གཞུང་འཛིན་པ་ལ་ཧིཊ་ལར་དང་། མོའུ་ཙེ་ཏུང་། མ་ཧད་མ་གྷན་དྷི། མན་ཌེ་ལ་སོགས་ལྟ་བུ་ཞིག་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme