Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་སྲུང་སྐྱོབ་མཁན་ཀརྨ་བསམ་འགྲུབ།

Posted on 2010-06-072010-06-07 By དབང་ཕྱུག་ 17 Comments on ཁོར་ཡུག་སྲུང་སྐྱོབ་མཁན་ཀརྨ་བསམ་འགྲུབ།

མི་རྐང་གླིང་བུ།

ཀརྨ་བསམ་འགྲུབ། ཕྱི་ལོ་༡༩༩༤ཙམ་དུ་སྒ་སྐྱེ་རྒུ་མདོ་རུ་ལོ་རེ་བཞིན་དུ་ཚོགས་སྲོལ་ཡོད་པའི་ཡུལ་ཤུལ་རྟ་རྒྱུགས་འགྲན་ཚོགས་ཀྱི་ལྟད་པོ་བལྟ་བ་དང་མཉམ་དུ་གཟི་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཉོ་ཚོང་གི་ཆེད་དུ་ཡུལ་ཤུལ་དུ་ཐོག་མར་འབྱོར་བ་རེད། དེ་ནས་བཟུང་ལོ་རེ་བཞིན་དབྱར་དུས་སུ་ཡུལ་ཤུལ་རྩྭ་ཐང་དུ་ཚོང་སོགས་ཅི་ཞིག་གི་ཆེད་དུ་ཡང་ཡང་སླེབས། མཐར་རྒྱ་རི་འཇམ་སེང་སྤྲུལ་སྐུའི་སྲས་མོ་སྒྲོལ་དཀར་མཚོ་དང་གཉེན་བསྒྲིགས་ནས་ཡུན་རིང་ཙམ་བསྡད།
karma
༼ཀརྨ་བསམ་འགྲུབ་དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོ་གཉིས། ༡༩༩༨ལོ།༠༧། ༢༨ཉིན། སྐྱེ་དགུ་མདོ་ནས།༽
འཇིག་རྟེན་གྱི་སྤྱི་གཙུག་ཏུ་གྲགས་པའི་མཐོ་སྒང་གི་ཞིང་ཁམས་འདིས་ཁོ་ཡི་ཡིད་དབང་ཡོངས་སུ་འཕྲོག དེ་ནས་ཕྱི་ལོ་༢༠༠༠ལོར་དང་བླངས་ཀྱིས་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་སྒ་སྐྱེ་དགུ་མདོ་རུ་བཙུགས།
སྤྱིར་ན་ཆུ་བོ་རྨ་རྫ་འབྲི་གསུམ་གྱི་མགོ་ཁུངས་འདི་ནི་གསེར་ལ་སོགས་པ་རིན་པོ་ཆེས་ས་འོག་ཡོངས་སུ་གཏམས་པ། གཙོས་དང་རྐྱང་འབྲོང་ལ་སོགས་པའི་ས་ཁ་ཡོངས་སུ་ཁྱབ་པའི་གདོད་མའི་འཇིག་རྟེན་ཉམས་དགའ་བ་ཞིག་ཡིན་པས་འདི་ནི་སྲུང་སྐྱོབ་འོས་པ་དང་དེ་ཡང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། འོན་ཀྱང་ལྷ་དར་ས་འདྲེ་རྒོད་ཟེར་བ་ལྟར་གནས་འདི་དག་ཏུ་ས་ལ་རིགས་དང་རྒྱ་རིགས་སོགས་ཀྱི་རྔོན་པ་དང་ཇག་པས་ས་འོག་གི་གཏེར་ཁ་དང་། ས་ཁའི་རི་དྭགས་མ་ལུས་པ་རྩ་མེད་གཏོང་བཞིན་པ་རེད། དེ་ཙམ་མ་ཟད་ཉེ་འཁོར་གྱི་འབྲོག་པའི་ནང་དུ་ཇག་པ་ཤོར་ནས་ཁྱིམ་སྤུགས་ནས་འོ་ཞོ་དང་ཆུར་མར་སོགས་གང་བྱུང་ཟ་ཁུར་བྱེད་པ་དང་། སྒོ་ནས་གཡག་ལུག་གསོན་པོ་ནས་གྲི་སྟར་གྱིས་ཤ་བཀོག་པ་སོགས་བྱས་ནས་མི་ལ་བརྙས་བཅོས་ཚོད་མེད་བྱས་པ་གྲགས། ཡུལ་མི་རྣམས་ཀྱིས་གདོང་ལེན་ནན་པོ་བྱས་ནས་༡༩༩༦ལོར་ཨ་ཆེན་གངས་རྒྱབ་ཏུ་འབྲི་སྟོད་རྫོང་གི་རྫོང་དཔོན་གཞོན་པ། ཁོར་ཡུག་སྲུང་སྐྱོབ་མཁན། བོད་རིགས་དཔའ་བོ་རྗེས་བཟང་བསོད་ནམས་དར་རྒྱས་རྔོན་ཇག་དང་གདོང་གཏུག་དམར་འཛིང་བྱས་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་ཤོར་ནས་ལོ་ཤས་ལས་སོང་མེད་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན་པས་ལས་སླ་བོར་ལག་པ་འཆང་ཕོད་མཁན་མེད་པ་ཡིན། སྐབས་རེ་ཡུལ་ཤུལ་ཁུལ་གྱི་དྲག་དམག་དྲངས་ནས་གདོང་ལེན་བྱེད་དགོས་བྱུང་བ་དང་། ད་དུང་ཡང་ཇག་རྐུན་དམིགས་མེད་དུ་གཏོང་ཐུབ་མེད་པ་རེད།
འོན་ཀྱང་ཀརྨ་བསམ་འགྲུབ་ནས་རྙོག་འཛིང་དེ་དག་ལ་ཇི་མི་སྙམ་པར་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་དངོས་སུ་སྒ་སྐྱེ་མདོ་རུ་བཙུགས་པ་ནས་བཟུང་ཨ་ཆེན་གངས་རྒྱབ་དང་། རྨ་འབྲི་རྫ་གསུམ་གྱི་ཆུ་མགོའི་སྦུགས། གཞན་ཡང་སོག་པོའི་སྐད་དུ་ཁེ་ཁེ་ཞི་ལི་རུ་འབོད་པའི་བྱང་ཐང་དེ་དག་བསྐོར་བསྐྱོད་དུ་མ་བྱས་ནས་ཁོར་ཡུག་ཉམས་ཞིབ་དང་ལྟ་སྲུང་ཡང་ཡང་བྱས་ཤིང་གསེར་སོགས་གཏེར་ཁ་བསྔོགས་པ་དང་། གཙོས་སོགས་རི་དྭགས་སྲུང་སྐྱོབ་ཀྱི་ཐད་ལ་ནུས་པ་གལ་ཆེན་གཏོན་ཡོད་པ་རེད། དེ་ལྟར་ལོ་ངོ་དུ་མའི་རིང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བསྒྲུབས། དེ་ནས་རིམ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་འདི་ཡུལ་ཤུལ་ཁུལ་ས་གནས་རིམ་པའི་གནས་བབ་ནས་ཞིང་ཆེན་རིམ་པའི་ས་ཚིགས་སུ་འཕུར་ལྡིང་བྱས་ནས་གནས་ཡུལ་ཟི་ལིང་གྲོང་ཁྱེར་དུ་སྤོས། མཚོ་སྔོན་ཞིང་ཆེན་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མིང་ཐོག་ཏུ་ཐོད་བརྒལ་བྱས། ཀརྨ་བསམ་འགྲུབ་ཀྱིས་ཚོགས་པ་དེའི་ཚོགས་གཞོན་གྱི་མགན་བླངས་ནས་ད་བར་དུ་ཆུ་བོ་རྨ་འབྲི་རྫ་གསུམ་གཙོས་པའི་མདོ་དབུས་མཐོ་སྒང་ཆེན་མོའི་སྐྱེས་ཁམས་སྲུང་སྐྱོབ་བྱེད་བཞིན་པ་ཡིན།
གཞན་ཡང་ཁོང་གིས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་དང་ལྷ་སྐུ་བཞུགས་པའི་འབིས་རྣམ་པར་སྣང་འཛད་རིག་དངོས་སྲུང་སྐྱོབ་དང་ཉམས་ཞིབ་སོགས་ཕྱག་ལས་མང་པོ་ཞོར་དུ་གནང་བ་བཅས།
4_51
༼འབིས་ཁོག་ཏུ་ཡོད་པའི་བོད་བཙན་པོའི་དུས་སུ་བརྐོས་པའི་བཟང་སྤྱོད་ཞིབ་འཇུག་བྱེད་བཞིན་པ། ཀརྨ་བསམ་འགྲུབ།༽
ཁོང་ནི་མི་གཤིས་བརླིང་ཤིང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ལ་དགའ་མོས་དང་དོ་སྣང་ཅན། འཇིག་རྟེན་སྤྱི་ཡོངས་ལ་དོ་ཁུར་དང་སེམས་ཤུགས་ཅན། མེས་པོའི་གནའ་རྫས་དང་རིག་དངོས་ལ་དང་བ་ཅན། རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ལ་བསླད་མེད་ཀྱི་བརྩེ་སེམས་ཅན་ཞིག་རེད།
གནས་ཚུལ་འདི་དག་གི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ཀྱིས་ཡུལ་ཤུལ་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་དྲན་ཐོ་རགས་བསྡུས་ཙམ་ཞིག་བྲིས་པ་ཡིན། ཉེ་བའི་ཆར་ཁོང་ཉིད་བཙོན་དུ་ཚུད་པའི་གནས་ཚུལ་ཐོས་པས་སེམས་ཕམ་དང་སྦྲགས་མི་རིང་བར་བཙོན་གྲོལ་ཐོབ་ནས་སྔར་གྱི་ལས་ཀ་བཟང་པོ་དེ་དག་རྒྱུན་མཐུད་པའི་སྨོན་ལམ་ཞུ།

གསར་འགྱུར།

Post navigation

Previous Post: འཐག་པའི་ཚོར་སྣང་།
Next Post: བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་པར་གླེང་བའི་གཏམ། མདའ་ཚན་པ་ལ།

Comments (17) on “ཁོར་ཡུག་སྲུང་སྐྱོབ་མཁན་ཀརྨ་བསམ་འགྲུབ།”

  1. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-06-07 at 11:51 am

    བྱ་གཞག་ཡག་པོ་བསྒྲུབས་གནང་འདུག རྗེས་སུ་ཡི་རངས་ཡོད།
    རེད་ཡ། ཁོང་བཙོན་དུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།

  2. རིག་བཟང་། says:
    2010-06-07 at 12:24 pm

    རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གལ་ཆེན་ཡིན་པ་བཞིན་ཁོང་གིས་དེ་ལྟར་ཕྱག་ལས་གནང་པར་རྗེས་སུ་ཡི་རངས་དང། ཁོང་དམར་པོས་བརྩོན་འཇུག་བྱས་པར་བློ་ཕམ་བྱུང་།

  3. མེ་ཏོག་དཀར་པོ། says:
    2010-06-07 at 12:45 pm

    ད་ང་ཚོས་མཆོད་མེ་ཕུལ་ནས་མེ་དུད་སྤེལ་བ་ལས་སྔོ་ལྗང་རྩི་ཤིང་རིགས་འདེབས་འཛུག་བྱ་རྒྱུ་མིན་ནམ།

  4. མགོན་པོ་ཕྱག་གཉིས་པ། says:
    2010-06-07 at 2:38 pm

    ཀརྨ་བསམ་འགྲུབ་ལགས་ཀྱི་ལོ་རྒྱུས་གཞན་དང་གཞན་ནས་གང་འཚམས་ཤིག་ཀློག་པ་ཡིན། སེམས་ཐག་བཅད་ནས་བོད་ཀྱི་ས་ཕྱོགས་གང་སར་གནས་སྐོར་ལ་ཕྱིན་པའི་ལོ་རྒྱུས། རོགས་པ་ས་སྐྱ་ནས་གྲོངས་སྐབས། རོ་བདག་མེད་དུ་མ་གཡུག་པར་དཀའ་ངལ་དང་ཉེན་ཁ་མང་པོ་ཞིག་བརྒྱུད་ནས་སླར་ལྷ་ས་བར་ཁྱེར་ཡོང་བའི་གནས་ཚུལ། དེ་ནས་ནགས་ཆུ་ས་ཁུལ་དུ་ཚོང་རྒྱག་གི་སོང་བ། རྒད་པོ་ཞིག་གི་ལག་ནས་ར་ཡི་ཁུལ་ལུ་ཡིན་ནམ་ཅིག་ཉོ་སྐབས། རྒད་པོ་དེ་ཁོ་རང་གི་རྒྱ་མ་མ་གཏོགས་ཀརྨ་བསམ་འགྲུབ་ཀྱི་རྒྱ་མར་ཡིད་མ་ཆེས་པར་རྒྱ་མ་ཚད་སྐབས། དངོས་གནས་རྒྱ་མ་བཅུ་གྲངས་ཤིག་ཡོད་དགོས་པ་ལ་རྒྱ་མ་བདུན་བརྒྱད་ཅིག་མ་གཏོགས་ལོངས་མེད་པར། ཀརྨ་བསམ་འགྲུབ་ཀྱིས་ལམ་སང་རྒད་པོ་དེའི་རྒྱ་མར་སྐྱོན་ཡོད་པ་ཤེས་པ་དང་། རང་གི་ཁེ་བཟང་ལ་བསམ་བློ་མ་བཏང་བར་རྒད་པོ་དེའི་གྱོང་ལ་བསམ་བློ་བཏང་ནས་དྲང་མོར་བཤད་པར། རྒད་པོ་དེ་ད་རུང་ཡིད་མ་ཆེས་པར་ངའི་འདི་ལ་སྐྱོན་ཡོད་མི་སྲིད། གཞུང་གི་ཚོང་ཁང་ནང་ནས་ཉོས་པར་བཤད་འདུག་ཀྱང་། ཁོས་གསལ་བཤད་ཀྱིས་རྒད་པོའི་དེ་སྤྱི་རྒྱ་ཡིན་པ་ལས་རྒྱ་མ་མིན་པའི་ཚུལ་གསལ་བོར་བཤད་རྗེས། རྒད་པོ་དེ་སེམས་འགུལ་ཐེབས་ནས་ཀརྨའི་སྐེ་ལ་འཇུས་ཤིང་ངུས་པ། རྗེས་མ་ནས་ཁྱེད་རང་ངའི་བུ་ཡིན་ཟེར་ནས། དངོས་པོ་ཐལ་བ་མང་པོ་ཞིག་ཁོང་ལ་རིན་མེད་དུ་སྤྲད་པའི་གནས་ཚུལ་སོགས་ཀློག་ནས། ང་ཚོའི་སྤྱི་ཚོགས་ནང་འདི་འདྲ་མི་ཡ་རབས་དང་དྲང་མོ་དྲང་བཞག་གིས་ཚོང་རྒྱག་མཁན་ཡོད་པར་སེམས་འགུལ་ཐེབས་ནས་མིང་ཆུ་ཤོར་གྲབས་བྱས་བྱུང་།
    དེར་མ་ཟད་ཁོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར་གཟི་ཡི་གོང་ཚད་མཐོ་རུ་གཏོང་བའི་ཆེད་འགྲོ་སོང་ཆེན་པོ་བཏང་ནས། བོད་ཀྱི་གཟི་ཡི་ཁྲོམ་ར་དབང་སྒྱུར་ཚུལ། ད་རུང་གནའ་དངོས་རྩ་ཆེན་ཁག་བསྡུ་ཉོ་བྱས་ནས་འཛམ་གླིང་ན། བོད་ཀྱི་གནའ་དངོས་མང་ཤོས་གསོག་ཉར་བྱེད་མཁན་གྱི་གྲས་ཆགས་པ་སོགས་མང་ངོ་། དེ་ནས་ཁོར་ཡུག་སྲུང་སྐྱོབས་སྐོར་ཕྱག་ལས་རྒྱ་ཆེན་པོ་གནང་འདུག་པ་ཤས་ཙམ་གོང་དུ་བྲིས་འདུག ཁོང་ཉིད་གང་མགྱོགས་གློད་བཀྲོལ་ཡོང་བའི་སྨོན་ལམ་ཡོད།

  5. ཆོས་འཕེལ་དར་རྒྱས། says:
    2010-06-07 at 3:52 pm

    འོ་ལགས་སོ། དེ་འདྲ་ཡིན་ན་ཡག་པོ་འདུག རྒྱབ་སྐྱོར་ཡོད། ག་རེ་བྱས་ན་ཁོང་ལ་རོགས་པ་བྱེད་ཐུབ། གལ་སྲིད་ཉེས་སྐྱོན་མེད་པར་གཞན་ཕན་གྱི་ཚོང་བྱེད་མཁན་ཞིག་ཡིན་ན་ང་ཚོས་ཁོང་གི་དོན་དུ་ཤུགས་རྒྱག་དགོས། རྒྱ་གཞུང་ནས་ཀྱང་བསམ་བློ་གཏོང་སྲིད། ཡིན་ན་ཡང་ཁོང་ལ་རྒྱ་གཞུང་ནས་ འདི་བྱས་སོང་ཟེར་ནས་ སྐྱོན་ཞིག་ཡོད་པ་ཐག་ཆོད། དེ་ག་རེ་རེད། བདེན་པ་ཡོད་མེད་ང་ཚོས་ཁ་ནས་བཤད་པ་ཙམ་མ་ཡིན་པར་མ་ཁུངས་སྐྱེལ་འེ་ཐུབ། དེ་འདྲ་མིན་ན་ང་ཚོ་ལ་རྒྱལ་ཁ་ཐོབ་དཀའ་། ག་འདྲ་བཤད་ན་ཡང་རྒྱ་ནག་ནི་ད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ནང་ཁྲིམ་གྱིས་དབང་བསྒྱུར་བའི་རྒྱལ་ཁབས་ཞིག་ཏུ་ངོས་ལེན་ཚེ་མི་ནག་པོ་ལ་ཞྭ་ནག་པོ་བཀབས་ན་གཞུང་ངོས་ནས་ཁེལ་བཟང་མེད་པར་མཐོང་། ང་ཚོ་ལ་དགོས་བ་ནི་ཁོང་ལ་རྒྱ་ནག་གིས་བཀོད་པའི་ཁྲིམས་ཀྱི་ནག་ཉེས་དེ་ཚོ་བྱས་མེད་པའི་བདེན་དཔང་རེད།

  6. མགོན་པོ་ཕྱག་གཉིས་པ། says:
    2010-06-07 at 6:20 pm

    ཆོས་འཕེལ་དར་རྒྱས་ལགས།
    ཀརྨ་བསམ་འགྲུབ་སྐོར་ལྟ་ན་འོད་ཟེར་དྲ་ཚིགས་ནང་སོང་དང་། དེ་རུ་རྒྱ་ཡིག་ནང་རྩོམ་ཁ་ཤས་དང་དབྱིན་ཡིག་ནང་ཡང་རྩོམ་གཅིག་འདུག ཉེས་པ་དེ་ཤིན་ཅང་གི་ས་རུ་བང་སོའམ་དུར་ས་དེ་འདྲ་བསྔོག་པའི་ཉེས་མིང་ཞིག་གི་འོག་བཟུང་ཚུལ་ཞིག་འདུག ཡིན་ནའང་། དེ་ནི་ལོ་བཅུ་གཉིས་ཀྱི་སྔོན་གྱི་དོན་དག་ཅིག་དང་ཁ་མཆུ་ཟུག་མ་ཐུབ་པ་ཞིག་ཡིན་ཚུལ་ཡང་འདུག ཟླ་༦ ཚེས་༡ ཉིན་ཁྲིམས་གཅོད་བྱེད་པའི་ཉིན་ཡིན་འདུག་ཀྱང་དེ་ཕྱིར་འགྱངས་བྱས་འདུག
    དེ་མིན་ཁོའི་སྡེ་བ་དང་སྡེ་བ་གཞན་ཞིག་བར་ས་མཚམས་ཀྱི་རྩོད་རྙོག་རིང་པོ་ཞིག་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་རྫོང་གི་དཔོན་པོ་དང་སྤྱི་བདེ་ཅུའུ་དཔོན་མཐོན་པོ་དེ་འདྲར་ཡང་ཕོག་ཐུག་བྱུང་ཞིང་འབྲེལ་ཡོད་པ་འདྲ་ཞིག་འདུག། གྱོད་དོན་དེ་ཞུ་གཏུགས་དང་ལྐོག་རྔན་རིམ་པ་བརྒྱུད་པེ་ཅིང་བར་དུ་ཐུག་བསྡད་པ་འདྲ་ཞིག་རེད། སྡེ་བའི་རྩོད་གཞི་དེ་ཞི་འགྲིག་ཡོང་བར་ཁོང་ནས་འབད་བརྩོན་མང་པོ་བྱས་འདུག་ཀྱང་། རྗེས་སུ་ཁོར་ཡུག་སྲུང་སྐྱོབ་ཆེད་ཤིང་ནགས་འདེབས་འཛུགས་བྱེད་སྐབས་ཀྱང་ས་མཚམས་སྐོར་རྙོག་གཞི་ཞིག་བྱུང་བ་འདྲ། དེ་མིན་ཁོར་ཡུག་སྲུང་སྐྱོབས་དང་འབྲེལ་ནས། རྔོན་རྒྱག་མཁན་གཞུང་གི་ལས་བྱེད་དེ་འདྲའི་བར་ཡང་འགལ་བ་བྱུང་ཡོད་ཚུལ་འདུག ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཡང་འདུག
    ད་གསལ་པོར་མི་ཤེས་གི ཤིན་ཅང་བང་སོ་བསྔོག་པ་ཡིན་ནམ། སྡེ་རྩོད་ལ་བརྟེན་ནས་སྡེ་བ་ཕ་རོལ་བོའི་མཐོ་རིམ་དཔོན་པོ་ཚོས་ཡ་ལ་དཀྲི་ཐབས་བྱས་པ་ཡིན་ནམ། སྲིད་དོན་དང་འབྲེལ་བ་ཡོད་པ་ཡིན་ནམ། རྗེས་སུ་བལྟ་རྒྱུ་དེ་རེད། སུ་བདེན་དང་སུ་མི་བདེན་མང་པོ་བཤད་ན། ཕ་གིའི་སྡེ་བ་ཆུང་ཆུང་གཉིས་ཀྱི་རྩོད་རྙོག་དེ་ང་ཚོའི་ཁ་བརྡ་དྲ་ཁང་ནང་སྐྱར་ལངས་བྱེད་མ་སྲིད་པ་མ་རེད།

  7. མི་རྐང་གླིང་བུ། says:
    2010-06-08 at 2:33 am

    ཀརྨ་བསམ་འགྲུབ་ཀྱིས་ཡུལ་ཤུལ་ས་ཁུལ་དུ་ལག་རྗེས་འགའ་ཞིག་ནི་གོང་དུ་བཤད་པ་ལྟར་རེད། ད་དུང་ཞིབ་ཅིང་ཕྲ་བ་ནི་མི་ཤེས། ཁོ་རང་གནས་སྡོད་བྱེད་ས་ཁྲིན་ཏུར་རེད། གཞན་གནས་ཚུལ་རྣམས་ནི་མགོན་ཕྱག་ལགས་ཀྱིས་བཤད་པ་ལས་ལྷག་པ་ཅང་མེད།

  8. ཤ་རུས་གཅིག་པ་ says:
    2010-06-11 at 4:37 am

    མཁས་དབང་མི་འགྱུར་རྡོ་རྗེའི་ཞལ་གསུངས་དོལ་གྱི་སྒྲུ་ཐབས་འདི་རྒྱུན་དུ་ཁ་འདོན་བྱས་ན་དོལ་གྱི་གོ་འཕངས་ཐོབ་པ་གདོན་མི་གཟའོ།འཇུག་གི་སྔོ་བ་འདི་ཁ་སྐོང་ཅུང་ཟད་བྱ་ན།
    དགེ་བ་ཅི་ཡང་མི་བྱ་ཞིང་།
    །སྡིག་པ་ཕུན་སུམ་ཚོགས་གྱུར་ནས།།
    རང་གི་སེམས་ནི་ཡོངས་སུ་འཁྲུགས
    །འདི་ནི་དོལ་གྱི་བསྟན་པ་ཡིན།།

  9. མི་འགྱུར་རྡོ་རྗེ says:
    2010-06-11 at 4:50 am

    ཤ་རུས་གཅིག་པ་ལགས།

    ཡག་པོ་འདུག་དམ་ཉམས་ཁོ་ཚོས་ལྟ་བ་དེ་ག་རང་རེད་

  10. ཤ་རུས་གཅིག་པ་ says:
    2010-06-11 at 5:11 am

    རྨ་རྫ་འབྲི་གསུམ་གྱི་འཁོར་ཡུག་བསྲུང་སྐྱོབས་ཚོགས་པའི་ཚོགས་གཙོ་ཀརྨ་བསམ་འགྲུབ་ལགས་ད་ལན་ཤིང་ཅང་ས་ཁུལ་ག་ཤད་ནས་མ་ཉེས་ཁ་གཡོག་གི་སྒོ་ནས་འཛིན་གཟུང་བྱས་པའི་སྐོར་གྱི་བསམ་ཚུལ་རྒྱས་གསལ་ཞིག་མགོན་པོ་ཕྱག་གཉིས་པའི་བསྡུ་རུབ་བྱས་འདུག་པའི་འདི་དཔྱད་གཞི་བྱས་ནས་ང་ཚོའི་འབད་རྩོན་ཆེར་སྐྱེད་ཀྱི་གནས་ཚུལ་ངོ་མ་གང་ཡིན་རྩད་བཅོད་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག་དེར་དེའི་བསྐོར་གྱི་བསམ་ཆར་གྱི་རྩོམ་གང་མང་ཡོང་བའི་རེ་བ་ཡོད།

  11. སྤོབས་པ་མཐའ་ཡས། says:
    2010-06-11 at 6:50 am

    ཀརྨ་བསམ་འགྲུབ་ཟེར་བ་འདི་གོ་འཇོ་བ་ཞིག་རེད་ཟེར་བ་ཞིག་ཐོས།

  12. མི་འགྱུར་རྡོ་རྗེ says:
    2010-06-11 at 6:56 am

    རི་ཁེ་ཀརྨ་བསམ་འགྲུབ་མཆོག་ནི་དངོས་གནས་ལྷག་བསམ་ཚད་མེད་ལྡན་པའི་དཔའ་བོ་ཆེན་པོ་ཞིག་ཡིན་པ་རེད།
    ཁོང་གི་གནས་ཚུལ་ཐབས་སྐྱོ་བོ་དེ་གོ་མ་ཐག་ངོས་ཀྱིས་ཁོང་གི་གནས་ཡོད་ཀྱིས་མི་ལ་འབྲེལ་བ་བྱས་ནས་རྒྱུ་མཚན་ཨེ་གོ་ལྟ་བ་ཡིན། དངོས་གནས་བྱས་ན་ཁོང་ལ་དེ་འདྲའི་སྐྱོན་ཆེན་པོ་ཞིག་མི་འདུག་བསམ་པ་འདྲ་བོ་ཞིག་འདུག་དང་གང་ཡིན་མི་ཤེས་པས་སྐྱོན་བརྗོད་ཞིག་གི་འོག་ནས་ད་དུང་ཐར་མི་འདུག་ཟེར་བྱུང་།
    དེ་མིན་གནས་ཚུལ་ཁ་གསར་ཁ་ཤས་ཞིག་གོ་བ་འདུག་ཀྱང་ངས་དྲ་ལམ་ལ་རྒྱུད་དགོས་མིན་ཤེས་མ་སོང་།

  13. རྩམ་དགའ། says:
    2010-06-11 at 8:08 am

    སྙིང་རེ་རྗེ་་་་་མི་མཉམ་ཆུང་ཁོང་ལྟ་བུའི་མི་དཀར་བོ་ཉེས་མེད་ཅན་ལ་རྒྱ་ནག་གི་རྒྱུགས་ཁྱུ་དེ་ཚོས་གང་བྱས་བྱས་ཡིན་ནི་རེད། རྒྱ་ལག་ཏུ་ཤོར་ཚར་དུས་ལམ་སང་གཏོང་གིན་ཨེ་ཡོད་ན་་་་་་ད་ཆི་ཟིག་ཡེད་ཀོ་་་ཨ་ཤུ་རེ་གོ

  14. བསང་ཆུ་འབྲུག་བྷེ། says:
    2010-06-12 at 12:58 am

    ཡག་པོ་འདུག

  15. ཟླ་བ་གཞོན་ནུ། says:
    2010-06-13 at 2:06 am

    གཟི་རྒྱལ་ཀརྨ་བསམ་འགྲུབ་ལགས་ཀྱི་སྐོར་འོད་ཟེར་ལགས་ཀྱི་པོད་ཁུག་ཏུ་སོང་གསལ་བོ་ཞིག་འདུག
    མགོན་ཕྱག་ལགས་ཀྱིས་གོང་དུ་བྲིས་གནང་བ་དེ་ཚང་མ་ཡང་དེའི་ནང་དུ་མཐོང་སོང་།
    ཁོང་མི་བཟང་ཞིག་ཡིན་པ་འདྲ། ད་དུང་ཁོང་གི་ཨ་བུའམ་ཇོ་ཇོ་ཡང་མི་འཇོན་པོ་ཞིག་རེད་འདུག

  16. ཟླ་བ་གཞོན་ནུ། says:
    2010-06-13 at 2:09 am

    http://woeser.middle-way.net
    འོད་ཟེར་ལགས་ཀྱི་པོད་ཁུག་འདི་ཡིན།

  17. དོམ་ཁྲ། says:
    2011-07-03 at 3:20 pm

    སྤོབས་པ་མཐའ་ཡས་ལགས་ཁྱེད་ཀྱི་གསུང་ཡ་དེ་ནོར་མི་འདུག ང་གོ་འཇོ་བ་ཞིག་ཡིན་ངས་ཁོང་ངོ་ཤེས་ཀྱི་ཡོད་ཁོང་དངོས་གནས་གོ་འཇོ་བ་ཞིག་རེད་དེ་སྔོན་ཁ་ཤས་ཀྱིས་ཕྱོགས་གཞན་ནས་ཡིན་ཚུལ་ཤོད་མཁན་འདུག་སྟེ་རྒྱུས་མེད་ཀྱི་སྐད་ཆ་རང་རེད། ཁོང་ཕ་ཡུལ་གོ་འཇོ་རྫོངས་རྩི་རོང་ཤང་གནས་ར་གྲོང་རུས་ཁེ་ཚོང་ཞེས་པའི་མི་ཚངས་བཟང་པོ་ཞིག་གི་བུ་རེད་ལ། ཕྱིས་སུ་རུས་ཁེ་སྐར་མ་བསམ་འགྲུབ་དང་དཔལ་སྒྲུབ་སྟོབས་ལྡན་ཞེས་པའི་ཚོང་པ་བཟང་པོ་གཉིས་རྩི་རོང་ཤང་ལ་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme