Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Posted on 2014-01-312014-01-31 By ཁ་བརྡ་ 3 Comments on ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

ཆབ་ཚང་འཇམ་དཔལ། ༼སྔོན་མའི་འཕྲོས།༽

བདུན། བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གཉེར་ཐབས།

བོད་གདོད་མའི་མི་སེར་ཁྲོད་དུ་བོན་ཟེར་བའི་ཆོས་ལུགས་ཤིག་དར་བ་དང༌། ཆོས་ལུགས་དེ་འབྱུང་བ་ལྔའི་ལྷ་དང༌། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ། ཞང་ལྷ་སོགས་ལྷ་འདྲེའི་རིགས་འདྲ་མིན་ཡོད་པའི་ཆོས་ལུགས་ཤིག་ཡིན། ལྷ་འདྲེ་དེ་ཚོར་དུས་རྒྱུན་དུ་བ་ཕྱུགས་དང༌། ར་ལུག ཤ་བ་སོགས་རྩ་ཆེའི་སྲོག་ཆགས་འདྲ་མིན་བསད་ནས་ཁྲག་དྲོད་མ་ཡལ་བས་དམར་མཆོད་བྱེད་དགོས་སྟབས། སྐབས་དེའི་བོད་མི་ཚོས་བོད་ཀྱི་རི་ལུང་གང་ས་ནས་རི་སྐྱེས་སྲོག་ཆགས་འདྲ་མིན་གསོད་བཟུང་བྱས་ཏེ་ལྷ་འདྲེ་དེ་ཚོའི་གདོང་རིས་ཁྲག་དམར་གྱིས་བྱུགས་བཞིན་ཡོད་སྟབས། བྱ་སྤྱོད་དེས་བོད་ཀྱི་སྲོག་ཆགས་ཀྱི་གྲངས་འབོར་ལ་གནོད་པ་ཤུགས་ཆེན་ཐེབས།

ཕྱིས་གཤེན་སྟོན་གྱིས་ལྷ་འདྲེ་ཚོར་རི་དྭགས་དང་གཅན་གཟན་གྱི་སྲོག་ཚབ་ཏུ་ཟན་གྱིས་སྲོག་ཆགས་ཀྱི་བཟོ་དབྱིབས་བྱས་པར་ཚོན་དམར་གྱིས་ཁ་བསྒྱུར་ཏེ་སྤྲད་པ་དང༌། རྩྭ་རྩི་ཤིང་ཡོངས་རྫོགས་ལ་སྲོག་ཡོད་སྟབས་གང་བྱུང་དུ་གཅོད་འབྲེག་འབལ་གསུམ་བྱེད་མི་རུང་བའི་བསམ་བློའི་སློབ་གསོ་ཤུགས་ཆེན་བྱས་སྟབས། ཁོང་གི་རྗེས་འཛིན་པ་ཚོས་མཚོན་སྐབས་དེའི་བོད་མི་ཕལ་མོ་ཆེས་ལུགས་སྲོལ་དེ་རྒྱུན་འཛིན་བྱས་སྟབས། རིམ་པས་བོད་ཀྱི་ལྷ་འདྲེ་དེ་ཚོ་ཤ་ཟ་ཁྲག་འཐུང་ནས་དཀར་ཟས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཐུབ་པ་བྱུང༌སྟབས། བྱེད་ཐབས་འདིས་བོད་དང་བོད་ཀྱི་ཁྱིམ་མཚེས་མི་རིགས་ཁྱོན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཐད་རླབས་ཆེན་གྱི་ནུས་པ་ཐོན་ཡོད།
ཕྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཀྱང་ཁྲིམས་ཆེན་བདུན་གྱི་ནང་སྲོག་མི་གཅོད་པའི་ཁྲིམས་སྲོལ་བཅས་པ་དང༌། རི་སྐྱེས་སྲོག་ཆགས་ཡོངས་རྫོགས་རྒྱལ་པོའི་དཀོར་ནོར་དུ་གཏན་འབེབས་བྱས་སྟབས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐད་སྔར་ལས་ལྷག་པའི་ནུས་པ་ཆེན་པོ་ཐོན་ཡོད།

རིམ་པས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་བོད་བརྒྱུད་ནང་བསྟན་རྗེས་འཛིན་པ་ཚོས་སྲོག་གཅོད་སྤངས་པ་ནི་ཆོས་ཀྱི་རྩ་བ་ཡིན་པའི་བསམ་བློའི་སློབ་གསོ་ཤུགས་ཆེན་བྱས་པ་དང༌། དུས་རབས་བརྒྱད་པའི་ནང་བོད་དུ་འདུལ་བའི་བསྟན་པ་ཤུགས་ཆེན་དར་འགོ་ཚུགས་པ་དང་ཆགས་ཅིག་རབ་བྱུང་གི་སྡེ་མང་དུ་སོང་སྟབས། སེམས་ཅན་འབུ་སྲིན་ཚུན་ཆད་ཀྱི་སྲོག་གཅོད་པར་ཤིན་ཏུ་འཛེམས་པའི་མིའི་གྲངས་འབོར་མང་དུ་ཕྱིན།
ཕྱོགས་གཞན་ཞིག་ནས་བཤད་ན་སྔར་བོད་ཀྱི་བཙན་པོ་ཚོའི་སྐབས་སྟག་ལྤགས་ཀྱི་རྒྱབ་བརྙེས་དང༌། གདན། སྒ་གདན། གཞུ་ཤུབ་དང༌། མདུང་ཤུབས་སོགས་བཟོ་སྲོལ་བྱུང༌། རིམ་པས་བྱེད་ཐབས་དེ་དག་གི་ཤུགས་རྐྱེན་འོག་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་སྟག་གཟིག་སྲམ་གསུམ་གྱི་པགས་པ་རྒྱན་ཆའི་ཚུལ་དུ་གོས་ཀྱི་མཐའ་དང་གོང་བར་སྦྱོར་བ་དང༌། ཞྭ་མོ་དང༌། སྟོད་གོས་སོགས་བཟོ་བའི་ལུགས་སྲོལ་དུས་ད་ལྟའི་བར་རྒྱ་ཁྱབ་ཏུ་དར་འདུག

གཉའ་ཁྲིའི་རྒྱལ་རྒྱུད་ཀྱི་སྲིད་དབང་ཡོངས་སུ་ནུས་མེད་དུ་སོང་ཤུལ་གྱི་མི་ལོ་བཞི་བརྒྱ་ལྷག་གི་རིང་བོད་མི་ཚོས་གང་འདོད་ལྟར་བོད་ཀྱི་རི་ལུང་གང་སར་རྔོན་རྒྱག་གི་ལས་ཤུགས་ཆེན་སྤེལ་འགོ་བརྩམས་སྟབས། སྲོག་ཆགས་ཀྱི་གྲངས་འབོར་དང་འཚོ་གནས་ཐད་འགྱུར་ལྡོག་ཆེན་པོ་བྱུང༌། མ་ཟད་སྡོད་གནས་གསར་སྐྲུན་སོགས་ཀྱི་ཆེད་དུ་ནགས་ཚལ་དང་ལྕང་མ་གཅོད་འབྲེག་གི་ལས་ཤུགས་ཆེས་བྱས་སྟབས། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ལ་ལོ་རེར་ལྕང་མ་འབུམ་ཕྲག་གཉིས་རེ་འཛུགས་རྒྱུ་དང༌། ལྕང་གཅོད་བྱེད་སྐབས་རྩ་བ་ནས་བཀོག་མི་ཆོག་པའི་ཡུལ་ཁྲིམས་བཟོས།
རྒྱལ་རྩེའི་ཆོས་རྒྱལ་རབ་བརྟན་འཕགས་ཀྱིས་ཀྱང་དུས་དང་ས་གནས་ངེས་ཅན་དུ་རི་རྒྱ་དང༌། ཀླུང་རྒྱ། ལམ་རྒྱ་སོགས་བསྡམས་ནས་སྐྱེ་དངོས་དང་སྲོག་ཆགས་བདག་བཟུང་བྱེད་པའི་སྲོལ་བཟང་བཏོད་པ་དང༌། མཚོ་དང༌། མཚེའུ། རི་བྲག ནགས་ཚལ་སོགས་བོད་ཀྱི་ཡུལ་ལྷ་གཞི་བདག་ཚོའི་གནས་རིར་ངོས་འཛིན་གྱིས་ས་རྐོ་རྡོ་སློག་མི་བྱེད་པའི་ལུགས་སྲོལ་བཟང་པོ་དག་རྒྱུན་འཁྱོངས་གཟབ་ནན་གྱིས་བྱེད་དུ་བཅུག

གཙང་པ་སྡེ་སྲིད་བསྟན་སྐྱོང་དབང་པོའི་ཞལ་ལྕེ་བཅུ་དྲུག་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཞལ་ལྕེ་བཅུ་གཉིས་སོགས་སུའང་སེམས་ཅན་གང་བྱུང་དུ་གསོད་འཛིན་བྱ་མི་ཆོག་པའི་ཡུལ་ཁྲིམས་གཏན་འབེབས་དང༌། དགའ་ལྡན་ཕོ་བྲང་གི་རི་ཀླུང་རྩ་ཚིག་ལོ་རེ་བཞིན་བོད་ཀྱི་མཐའ་དབུས་གང་སར་སྒྲོག་བཞིན་ཡོད།
མ་ཟད་ཁོར་ཡུག་ལ་སྨན་པའི་སྒྲུང་དང༌། ལེགས་བཤད། བསླབ་བྱ། གནས་བསྟོད། གཏམ་ཚོགས། རྣམ་ཐར། པར་རིས། སྲོག་བླུ་དང༌། ཚེ་ཐར། <<གཏམ་པད་མའི་ཚལ་གྱི་ཟློས་གར།>><<བྱ་སྤྲེལ་གཏམ་རྒྱུད།>><<གཡག་ལུག་ར་ཕག་གི་གཏམ་རྒྱུད།>><<ཆར་ཤུལ་གྱི་ནགས་ཚལ་>>སོགས་མང་དུ་བྱུང་སྟབས། དེ་དག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་ཆེན་པོ་ཐོན་ཡོད།
དེར་བརྟེན་བོད་མི་མི་རེ་ངོ་རེས་སྔར་སྲོལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་ཁག་ཤེས་རྟོགས་དང༌། དེ་དག་དང་འབྲེལ་བའི་ཡུལ་གྱི་གོམས་པའི་གཤིས་ལུགས་དག་མ་ཉམས་པའི་ཐོག་སོ་སོས་རང་རང་གི་ཉིན་རེའི་འཚོ་བའི་ཁྲོད་སྲོལ་བཟང་དེ་དག་ལག་ལེན་ལ་བསྟར་གང་ཐུབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།

ཕྱི་ལོ་༡༩༦༡ ལོར་གསར་དུ་བཙུགས་པའི་རང་བྱུང་ཁོར་ཡུག་ཐེབས་རྩ་ཚོགས་པ་ WWF དང༌། ཕྱི་ལོ་༡༩༧༡ ལོར་གསར་དུ་བཙུགས་པའི་ས་མཐོའི་ཞིབ་འཇུག་ཁང་ THE MOUNTAIN INSTITUTE ། ཕྱི་ལོ་༡༩༩༡ ལོ་ནས་བཟུང་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོབ་ཁུལ་ལ་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ཐད་ནས་རོགས་འདེགས་བྱས་དང་བྱེད་འཆར་ཡོད་པའི་མི་རབས་གསར་པའི་ཐེབས་རྩ་ཚོགས་པ THEFUTURE GENERATIONS ། ཀུན་ཕན་ཐེབས་རྩ་ཚོགས་པ་ TRACE FOUNDATION ། འཛམ་གླིང་གོང་འཕེལ་དོ་ཁུར་ཚོགས་པ WORLD CONCERN། ཟམ་པ་དགེ་རྩ་ཚོགས་པ THE BRIDGE FUND། རྒྱལ་སྤྱིའི་རི་ཁུལ་ཞིབ་འཇུག་ལྟེ་གནསICIMOD། རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ WILDLIFECONSERVATIONSOCIETY ། རྒྱལ་སྤྱིའི་ཁྲུང་ཁྲུང་ཐེབས་རྩ་ཚོགས་པ INTERNATIONAL CRANE FOUNDATION སོགས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་བོད་ཀྱི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་གལ་ཆེའི་ནུས་པ་བཏོན་དང་འདོན་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཆེད་དུ་ཕྱག་ལས་གནང་བཞིན་པའི་གཞིས་བཞུགས་བོད་མི་ཚོས་ཀྱང་རང་དོན་རང་གཅེས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་དང༌།
ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ཐད་ཆེད་དུ་ལས་དོན་གཉེར་བཞིན་པའི་རྒྱ་ནག་ནང་ཁུལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་རུབ་ཐོག་མིའི་རིགས་ཀྱི་ཁོར་ཡུག་བསྒྲགས་གཏམ་དང༌། དུས་རབས་ཉེར་གཅིག་པའི་གྲོས་རིམ། གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས། འཛམ་གླིང་སྐྱེ་དངོས་འདྲ་མིན་རྣམ་གྲངས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཇུས། ཐན་སྐྱོན་དང་ཐང་རྒོད་འགོག་བཅོས་བྱེད་པའི་སྤྱི་ཆིངས། ནགས་ཚལ་སྐོར་གྱི་རྩ་དོན་གསལ་བསྒྲགས། རྒྱལ་སྤྱིའི་ཚ་ཁུལ་ཤིང་ཆའི་གྲོས་མཐུན། འཇིག་ཉེའི་རི་སྐྱེས་སྲོག་ཆགས་དང་རྒྱལ་སྤྱིའི་སྤྱི་ཆིངས། རྒྱ་གཞུང་གིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས། ས་ཞིང་དོ་དམ་བཅའ་ཁྲིམས། ནགས་ཚལ་སྐོར་གྱི་བཅའ་ཁྲིམས། རྩྭ་ཐང་བཅའ་ཁྲིམས། ཉ་ལས་བཅའ་ཁྲིམས། ཆུའི་བཅའ་ཁྲིམས། ས་ཆུ་སྲུང་འཛིན་གྱི་བཅའ་ཁྲིམས། གཏེར་རྫས་ཐོན་ཁུངས་ཀྱི་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སོགས་ལག་བསྟར་བྱས་དང་བྱེད་བཞིན་པ་བྱེད་འགྱུར་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཅའ་ཁྲིམས་དང་སྲོལ་ཡིག་ཡོངས་རྫོགས་བོད་ཡིག་སྟེང་བསྒྱུར་ཞུས་ཐོག བོད་ཀྱི་ས་གནས་སོ་སོར་ངོ་སྐྱོད་ཀྱིས་ས་གནས་སོ་སོའི་བོད་མི་ཚོར་ས་གནས་རང་བཞིན་དང་འཚམ་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་སྐོར་གྱི་གལ་ཆེའི་རང་བཞིན་ཁག་ཞིབ་ཚགས་ཀྱིས་ངོ་སྤྲོད་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཀྱི་རྨང་གཞིའི་རང་བཞིན་ཁག་རྙེད་དུ་འཇུག་དགོས།

མ་ཟད་ལྷ་ས་དང༌། མཚོ་སྔོན། ཁམས་ཁུལ་གྱི་བོད་སྐད་སྡེ་ཚན་སོ་སོས་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་རྐྱང་པ་ངོ་སྤྲོད་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྒྱ་ནག་ནང་ས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ཁ་གསལ་གོ་བདེས་ངོ་སྤྲོད་དང༌། ཁོར་ཡུག་ཐོག་ཆེད་ལས་ཉམས་ཞིབ་པའི་རིགས་གདན་ཞུས་ཀྱིས་ཉིན་རེའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ཐད་དབྱེ་ཞིབ་དང་འབྲེལ་བའི་གཏམ་གླེང་གོ་སྒྲིག་ཞུ་དགོས།
ལྷག་པར་དུ་རྒྱ་གཞུང་ཐད་ཀར་འཛུལ་ཞུགས་བྱས་པའི་སྐྱེ་དངོས་འདྲ་མིན་རྣམ་གྲངས་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དང༌། ཆུ་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་རྒྱལ་སྤྱིའི་བརླན་སའི་སྤྱི་ཆིངས། སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་རྒྱལ་སྤྱིའི་སྤྱི་ཆིངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་ཐང་འགོག་བཅོས་ཀྱི་སྤྱི་ཆིངས། འཛམ་གླིང་རིག་གནས་དང་རང་བྱུང་གནའ་ཤུལ་སྲུང་སྐྱོབ་ཀྱི་སྤྱི་ཆིངས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་བཅས་ཀྱི་ནང་དོན་ཁག་སྙིང་བསྡུས་ཀྱིས་བསླབ་གཞི་བཟོས་ཏེ་བོད་ཀྱི་སློབ་གྲྭ་ཁག་ཏུ་ཡོད་པའི་མི་རབས་གསར་པའི་བོད་རིགས་གཞོན་སྐྱེས་ཚོར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སློབ་གསོའི་ནུས་པ་གཏིང་ཟབ་ས་དང་ཕུགས་རྒྱང་རིང་ས་ནས་རྙེད་དུ་འཇུག་དགོས།

བོད་མི་མི་རེ་ངོ་རེས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ལུགས་ཁག་སྤྱི་དང༌། ལྷག་དོན་རྒྱ་ནག་གཞུང་གིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཅའ་ཁྲིམས་ཁག་གི་ནང་གསལ་མི་རེ་ངོ་རེར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐད་འགན་ལེན་ཅི་ཡོད་དག་ཡོངས་སུ་རྩོད་ལེན་གྱིས་ཁོར་ཡུག་སྲུང་སྐྱོབ་ཐད་རང་ནུས་གང་ཡོད་འདོན་དགོས་པ་དང༌། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་འདི་བོད་མི་གཅིག་པུའི་ཁེ་ཕན་ཞིག་རྩ་བ་ནས་མིན་སྟབས། རྒྱ་ནག་གཞུང་གིས་ཀྱང་བོད་རིགས་ཚོར་བོད་ཀྱི་ས་གནས་སོ་སོའི་གནས་བབས་དང་འཚམས་པའི་ཁོར་ཡུག་སྲུང་སྐྱོབ་ཐད་མཉམ་ལས་ཀྱི་གོ་སྐབས་དམིགས་བསལ་གྱིས་བསྐྲུན་ཐུབ་ཐབས་གནང་དགོས།
མ་ཟད་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱ་རྒྱུ་དང༌། དུས་ཆེན་ཁག་གི་རྒྱབ་ལྗོངས་ལོ་རྒྱུས་ཀྱི་གནས་བབས་ཁྱོན་ཡོངས་ལ་དབྱེ་ཞིབ་ཀྱིས་དུས་ཆེན་དེ་དག་སྲུང་བརྩི་བྱ་དགོས་པའི་དགོས་པ་དང་དམིགས་ཡུལ་སོགས་ངོས་འཛིན་ཡང་དག་པ་ཐུབ་པའི་ཐོག དུས་ཆེན་སོ་སོའི་ཐུན་མིན་གྱི་སྐབས་བབས་ལས་དོན་ཁག་ཐབས་དང་རྣམ་པ་མི་འདྲ་བའི་བྱེད་ཕྱོགས་འདྲ་མིན་བརྒྱུད་ནས་ལག་བསྟར་བྱ་དགོས།

དེ་ཡང་དུས་ཆེན་ཁག་སྐབས་ཐོག་སོ་སོར་སྲུང་བརྩི་བྱ་རྒྱུ་ཙམ་མིན་པར་དགོན་སྡེ་ཁག་དང༌། བླ་བྲང་ཁག ཡུལ་མི་འབྱོར་ལྡན་པ་ཚོས་ཕན་ཚུན་གཞོགས་འདེགས་ཀྱིས་བོད་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་གསོག་ཉར་ཁང་ཞིག་གསར་འཛུགས་ཀྱིས་བོད་ཁྱོན་ཡོངས་ཀྱི་འཁོར་ཡུག་སྲུང་སྐྱོབ་ཐད་མཐུན་འགྱུར་དུས་བསྟུན་སྤྲོད་ཐུབ་པ་བྱེད་དགོས་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཞིབ་བཤེར་ཚོགས་ཆུང་དང༌། དུས་ངེས་མེད་ནང་ས་གནས་སོ་སོར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུ་བསྐོང༌། ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ཀྱི་སྦྱོང་བརྡར་འཛིན་གྲྭ་འདྲ་མིན། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཆེད་མཁས་མི་སྣ་གདན་འདྲེན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཏམ་བཤད་གོ་སྒྲིག ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ཀྱི་པར་རིས་དང་གློག་བརྙན་འགྲེམས་སྟོན་སོགས་བྱ་ཐབས་འདྲ་མིན་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ཁུངས་འཕེར་གྱི་ཤེས་བྱ་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱ་དགོས་པ་དང༌། བྱང་ཐང་གིས་གཙོས་པའི་གནད་འགག་ཆེ་སའི་རི་ལུང་གང་སར་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ཀྱི་རྨང་གཞིའི་ཤེས་བྱ་དང༌། ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་ཉེན་ཚབས་རང་བཞིན་གསལ་བའི་ངོ་སྤྲོད་རྡོ་རིང་སོགས་འཛུགས་དགོས།

དུས་རྒྱུན་དུ་བོད་ཀྱི་ཁོར་ཡུག་སྤྱི་དང༌། ལྷག་དོན་ཉིང་ཁྲི་དང༌། རྔ་བ། ཀན་ལྷོ། མཚོ་བྱང༌། མཚོ་ཤར། མཚོ་ལྷོ། རྨ་ལྷོ། ཁམས། ཆབ་མདོ་ཁུལ་དུ་ཡོད་པའི་ཤིང་ནགས་གཅོད་འབྲེག་དང༌། མཚོ་ནུབ་ཁུལ་གྱི་ཚ་འདམ་གཤོངས་ས་དང༌། ནག་ཆུ། མདོ་དབུས་མཐོ་སྒང་གི་གཏེར་ཁུངས་ཆེ་ཤོས་མལ་དྲོ་གོང་དཀར་རྫོང་རྒྱ་མ་ཞང༌། མགོ་ལོག ཆབ་མདོ། བྱང་ཐང༌། དཀར་མཛེས། ལྷོ་ཁ་སོགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་རིགས་མཚམས་འཇོག བོད་ལྗོངས་ཀྱི་བྱང་ཕྱོགས་རྩྭ་ཐང་དང༌། མགོ་ལོག་ཁུལ་གྱི་རྩྭ་ཐང༌། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་རྒྱུད་ཀྱི་རྩྭ་ཐང༌། རྨ་ལྷོའི་རྩྭ་ཐང༌། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྩྭ་ཐང་ཉམས་རྒུད་སོགས་ཀྱི་རིགས་ཚན་རིག་དང་མཐུན་པའི་བྱེད་ཐབས་བརྒྱུད་ནས་དུས་ཐོག་མྱུར་སྐྱོབ་དང༌། རྩྭ་ཁའི་ས་བཅུད་ཀྱི་ནུས་པ་གཟབ་ནན་གྱིས་སྲུང་འཛིན་ཡོང་ཐབས་སོགས་ཀྱི་ཆེད་ས་གནས་ས་ཐོག་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ལུགས་ཁག་གི་ནང་ཉམས་དང་མཐུན་པའི་བྱེད་ཐབས་བརྒྱུད་ནས་རྒྱ་ནག་གཞུང་གིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཀྱི་བཅའ་ཁྲིམས་ཁག་གི་ནང་ཉམས་དང་དེ་དག་ལག་བསྟར་གྱི་བརྒྱུད་རིམ་གཉིས་ཕྱོགས་ཡོངས་ནས་དོ་མཉམ་ཡོང་ཐབས་ལ་འབད་དགོས།

མ་ཟད་བོད་མི་ཚང་མས་བོད་ཀྱི་ཁོར་ཡུག་གི་ཐོན་ཁུངས་དང་མཛེས་ཉམས་སོགས་ལ་ཐད་ཀར་གནོད་པའི་རྩྭ་ཁ་ཞིང་བསྒྱུར་དང༌། ཞིང་ས་གསར་སྤེལ། རི་ཕྲན་དང་བྲག་རྫོང་འགས་གཏོར། རི་ལུང་དང་སྤང་ཐང་སྔོག་སློག འབུར་འཇོམས་གཤོངས་བསྐང༌། ས་རོ་ཕོན་ཆེ་ཁྱོན་ཡངས་པའི་རྩྭ་ཐང་གང་སར་སྤོ་སྐྱེལ། རི་སྐྱེས་སྲོག་ཆགས་གསོད་བཟུང༌། འཐུང་ཆུ་བག་མེད་འཛད་སྤྱོད། ཉ་རིགས་དང༌། ནོར་ལུག་གི་ཤ། སྟག་རུས། དོམ་སུག གླ་རྩི། དོམ་མཁྲིས། སྤུ། གཙོད་ཀྱི་ཁུ་ལུ། བསེ་རུའི་རྭ་ཅོ། གླང་ཆེན་མཆེ་བ། ཤ་བའི་ཁྲག་རྭ། དབྱར་རྩྭ་དགུན་འབུ། གཡར་གྲོ། གླང་ཆེན་ཆིག་ཐུབ། སྲན་དཀར་སོགས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གང་སར་ཚོང་བསྒྱུར་སོགས་ཀྱི་ལས་གྲྭ་གང་ལའང་མཉམ་ཞུགས་མི་བྱ་བའི་དམ་བཅའ་འཇོག་དགོས་པར་མ་ཟད། བོད་དང་། བོད་རིགས། མི་རིགས་གཞན་སུས་ཀྱང་ལས་དོན་དེ་དང་དེའི་རིགས་གཉེར་བཞིན་པ་མཐོང་ཚེ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།

བོད་མི་མི་རེ་ངོ་རེས་སོ་སོའི་ས་གནས་ས་ཐོག་གི་ཉེ་འགྱངས་གང་སར་ཡོད་པའི་ས་རྒོད་དང་བྱེ་ཐང་གི་ས་གཤིས་ཁྱོན་ཡོངས་ལ་དབྱེ་ཞིབ་ཀྱིས་ས་རྒོད་དང་བྱེ་ཐང་གི་རིགས་སྔོ་ས་ཅན་དུ་བསྒྱུར་དགོས་པར་མ་ཟད། རྩྭ་རྩི་ཤིང་དང་མེ་ཏོག་སྡོང་པོའི་ཡལ་ག་སོགས་ཀྱི་རིགས་ཁེ་ཕན་ཆུང་ཆུང་དང་ཉམས་མ་བཞག་པའི་གནས་ཚུལ་འོག་ནས་གཅོད་འབྲེག་འབལ་གསུམ་བྱེད་སྟངས་དང༌། ཤིང་འབྲས་ཀྱི་པགས་པ། ཤོག་ལྷེ་འདྲ་མིན། འགྱིག་ཤོག ཤེལ་དམ། ཁ་ལུད། སྣབས་ལུད། གོས་ཧྲལ་ཧྲུལ་རིགས་ཐུན་མོང་གི་ལོངས་སྤྱོད་བྱའི་ཆུ་དང་། རྩྭ་ཐང་དང་། རང་རང་དང་ཉེ་འགྱངས་ཀྱི་ཁོར་ཡུག་སོགས་སུ་འདོར་བ་དང༌།
སྐྲ་དང༌། གོས་རྙིང་ཧྲལ་ཧྲུལ། དར་ལྕོག་རིགས་ལྗོན་ཤིང་གི་ཡལ་གར་འདོགས་པ་དང༌། གང་སར་ཐང་སྐྱག་བྱེད་པའི་གོམས་གཤིས་ངན་པའི་རིགས་ལ་ཤིན་ཏུ་ནས་འཛེམས་ཟོན་གྱིས་ཁོར་ཡུག་གི་ཉམས་ཉེས་འགོག་སྲུང་བྱ་དགོས་པ་བཅས་ཡིན།

གསལ་བཤད།
ཕྲན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྩོམ་ཡིག་ཐུང་ངུ་འདི་ལྟ་བུ་ཞིག་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་མཁྱེན་རྟོགས་ཡོང་ཆེད་དུ་ཡིན། འོན་ཀྱང་གུས་པས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གལ་ཆེའི་རང་བཞིན་ཁག་ལ་ཞིབ་ཚགས་པོས་ཉམས་ཞིབ་བྱེད་རྒྱུ་མ་བྱུང་སྟབས། རྩོམ་ཡིག་འདིར་ཕྱོགས་གང་ཐད་ནས་སྐྱོན་གྱི་རིགས་མང་ཙམ་ཡོད་ལས་ཆེ་སྟབས། རྣམ་པ་ཚོས་བླང་དོར་དབྱེ་འབྱེད་ཡོད་པར་ཞུ་རྒྱུ་ཡིན།
རྫོགས་སོ།།

རྩོམ་རིག

Post navigation

Previous Post: པཎ་ཆེན་རིན་པོ་ཆེ་མཆོག་རྗེས་སུ་དྲན་པ།
Next Post: སྤྲང་པོར་སྦྱིན་གཏོང་བའི་ཀུན་སློང་ངོ་མ་སྐོར་མདོར་ཙམ་གླེང་བ།

Comments (3) on “ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།”

  1. ངག་དབང་རབ་རྒྱས། says:
    2014-02-02 at 1:04 am

    དྲྭ་གྲོགས་ལགས་ཁོར་ཡུག་གི་ཤེས་བྱ་དར་སྤེལ་གནང་བར་ཐུགས་རྗེ་ཡག་པོ་འདུག་མུ་མཐུད་གནང་རོགས་གནང།

  2. jigme norbu says:
    2014-02-03 at 6:15 am

    ཆབ་ཚང་འཇམ་དཔལ་ལགས་ང་ལ་དྲི་བ་ཁག་གཅིག་ཡོད་པ་གཤམ་གྱི་དྲ་སྦྱང་བརྒྱུད་བརྡ་ལན་ཡོད་པ་ཞུ།
    edd@tibet.net

  3. གནས་ངེས་མེད། says:
    2014-02-03 at 7:04 am

    གྲོགས་ལགས། ཁོར་ཡུག་གི་ཤེས་བྱ་དར་སྤེལ་གནང་བར་ཐུགས་རྗེ་ཡག་པོ་འདུག་མུ་མཐུད་གནང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme