Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Posted on 2013-10-052013-10-05 By ཁ་བརྡ་ No Comments on ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

ཆབ་ཚང་འཇམ་དཔལ། ༼སྔོན་མའི་འཕྲོས།༽

གསུམ། བཟོ་ལས་རྣམ་གྲངས་ཀྱི་ལས་གྲྭ་གསར་སྤེལ།

དུས་རབས་བར་མའི་རྗེས་སྟོད་དང༌། ལྷག་དོན་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་ཨ་རི་དང༌། ཡོ་རོབ། ཉི་ཧོང་སོགས་ཀྱིས་མཚོན་འཛམ་གླིང་གི་ས་ཕྱོགས་གང་སར་བཟོ་ལས་གསར་བརྗེ་ཤུགས་ཆེས་བྱུང་བར་མ་ཟད། གཞུང་དང༌། ཁྱིམ་ཚང༌། མི་སྒེར་སོ་སོས་བཟོ་ལས་རྣམ་གྲངས་ཀྱི་བྱེད་ཐབས་འདྲ་མིན་བརྒྱུད་རྒྱལ་མཚམས་མེད་པའི་ས་གནས་གང་སར་ཚོང་བསྒྱུར་གྱི་འབྲེལ་ལམ་བཙུགས་ཏེ་རང་ཉིད་དང༌། རང་གི་ཁྱིམ་ཚང༌། རང་གི་རྒྱལ་ཁབ་བཅས་ཀྱི་ཆེད་དུ་ཧམ་སེམས་ཆེན་པོས་ཁེ་ལས་གཉེར་ཐབས་བྱས་པར་མ་ཟད། བཟོ་ལས་རྣམ་གྲངས་ཀྱི་རྒྱུ་ཆ་འཚོལ་ཞིབ་ཆེད་དུ་མིག་སྔའི་ཁོར་ཡུག་ཉམས་ཆག་གི་མཇུག་འབྲས་ལ་སྣང་མེད་ཀྱིས་རང་རང་གི་ཁོར་ཡུག་གི་རི་ལུང་གང་སར་ས་རྐོ་རྡོ་སློག་ཤུགས་ཆེས་བྱས་ཏེ་ས་འོག་གི་སྣུམ་དང༌། རྡོ་སོལ། གསེར་དངུལ་ཟངས་ལྕགས། ས་ངོས་ཀྱི་ནགས་ཚལ་དང་སྐྱེ་དངོས་གཅོད་འབྲེག རི་སྐྱེས་སྲོག་ཆགས་གསོད་བཟུང་སོགས་བྱས་པར་མ་ཟད། རྒྱལ་ཁབ་སོ་སོའི་སྲིད་གཞུང་དག་གིས་ཀྱང་རྒྱལ་ཁབ་དང་མི་རིགས་སྤྱིའི་ཁེ་ཕན་མང་པོ་ཞིག་གཞུང་དང་མི་སྒེར་གྱིས་གཉེར་བའི་ཚོང་ལས་སྡེ་ཁག་གི་ཁེ་ཕན་དང་བསྟུན་ནས་ཐག་གཅོད་བྱེད་པའི་གནས་བབས་ཤིག་ཏུ་ལྷུང་འགོ་བརྩམས།

དེ་བས་ཀྱང་ཛ་དྲག་ཆེ་བ་ཞིག་ལ་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད་པའི་རྒྱལ་ཁབ་ཚོས་རང་རང་གི་དཔལ་འབྱོར་དང་དམག་ཤུགས་ཀྱི་ནུས་པར་བརྟེན་ནས་ཡུལ་ལུང་གཞན་དུ་བཙན་འཛུལ་གྱིས་ཡུལ་ལུང་དེ་དང་དེའི་ས་ཁྱོན་དང་ཐོན་ཁུངས་བཅད་བཟུང་གིས་བཙན་འཕྲོག་དང༌། རང་སར་ཐོན་ཁུངས་ཀྱིས་དབེན་པའི་བཟོ་ལས་ཅན་གྱི་རྒྱལ་ཁབ་རྒྱ་ནག་དང༌། ཉི་ཧོང༌། ལྷོ་ཀོ་རི་ཡས་མཚོན་སྟོབས་ལྡན་ཆེ་བའི་རྒྱལ་ཁབ་མང་པོས་བཟོ་ལས་ཡར་རྒྱས་མ་སོང་བའི་ཐོན་ཁུངས་ཀྱིས་ཕྱུག་པའི་རྒྱལ་ཁབ་འདྲ་མིན་དུ་དཔལ་འབྱོར་གྱི་མ་རྐང་བཙུགས་ཏེ་ཡུལ་དེ་དང་དེའི་ས་གནས་འདྲ་མིན་གང་ས་ནས་གཏེར་དངོས་སྔོག་འདོན་གྱིས་རང་ཁོངས་ཀྱི་བཟོ་ལས་འཕེལ་རྒྱས་གཏང་རྒྱུའི་རྒྱུ་ཆར་གཏོང་བཞིན་ཡོད་སྟབས། རྒྱལ་ཁབ་གཞན་དང་གཞན་གྱི་མི་སེར་ཚོའི་འཚོ་གནས་དང་ཁོར་ཡུག་སོགས་ཀྱི་ཐད་ཉམས་ཆག་ཤུགས་ཆེན་འབྱུང་བཞིན་ཡོད།

ལྷག་དོན་ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་གི་ཆེས་ཐོག་མའི་ཨེ་ཊམ་འགད་རྫས་དེ་ཉི་ཧོང་གི་ཧི་རོ་ཤི་མ་དང་ན་གྷ་ས་ཀི་གྲོང་ཁྱེར་གཉིས་སུ་གཡུགས་ཏེ་མི་གྲངས་ ༢༡༤༠༠༠ ལྷག་རྐྱེན་ལམ་དུ་བཏང་སྟབས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཐུབ་ཙམ་བྱུང་ཡང༌། ཉིན་དེ་ནས་སའི་གོ་ལའི་མཐའ་དབུས་གང་སར་མེ་ཤུགས་འཕུར་མདེལ་དང༌། འདྲུད་འཐེན་མེ་སྒྱོགས་སོགས་ཀྱི་བཟོ་ལས་ཤུགས་ཆེན་དར་འགོ་ཚུགས་པར་མ་ཟད། འཛམ་གླིང་གི་ས་ཕྱོགས་གང་སར་འཕྲུལ་སྒྱོགས་ལ་བརྟེན་ནས་ཕན་ཚུན་དྲག་ནོན་དང་འཁོན་ལན་སློག་རེས་ཀྱི་དམག་འཁྲུག་གྲངས་མེད་འབྱུང་འགོ་ཚུགས་པ་དང༌། རྒྱལ་ཁབ་མང་པོས་རང་རང་གི་དགྲ་ཟླའི་རྒྱལ་ཁབ་དང་མི་རིགས་འདྲ་མིན་མེ་སྒྱོགས་ཀྱི་དམིགས་འབེན་དུ་བཟུང་སྟེ་རྡུལ་ཕྲན་བཟོ་སྐྲུན་གྱི་ནུས་པ་ཚད་མཐོན་པོས་གོང་མཐོར་བཏང་དང་གཏོང་བཞིན་ཡོད།

མ་ཟད་ཨི་རན་དང༌། བྱང་ཀོ་རི་ཡ། རྒྱ་ནག ཨེ་རཀ་སོགས་ཀྱིས་མཚོན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལྟེ་གནས་དང༌། གསོག་འཇོག་ལྟེ་གནས། ཚོད་ལྟ་དང་ཞིབ་འཇུག་གི་ལྟེ་གནས་ཁང་ཁག་མཚོ་དང་རྒྱ་མཚོ་རྒྱུགས་ཆུ་སོགས་ཀྱི་ཉེ་འགྱངས་གང་སར་བཙུགས་པ་དང༌། རྡུལ་ཕྲན་བཟོ་ལས་ཀྱི་རྫས་སྙིགས་མང་པོ་རི་ལུང་དང་རྩྭ་ཐང་གང་སར་གསོག་འཇོག་དང་རྒྱུགས་ཆུ་འདྲ་མིན་གྱི་ནང་དུ་སྣང་མེད་ལྟ་བུས་བཏབ་སྟབས། མི་དང་སྲོག་ཆགས་སྐྱེ་དངོས་སོགས་ཀྱི་སྐྱེ་འཕེལ་ལ་གནོད་པ་ཤུགས་ཆེན་ཐེབས་སྟབས། རྒྱལ་ཁབ་མང་པོས་རྡུལ་ཕྲན་མཚོན་ཆ་བཟོ་ལས་ཀྱི་སྡེ་ཚན་ཁག་འགོག་ངོ་རྒོལ་གྱིས་ཕྱི་ལོ་ ༡༩༩༤ ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ལ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་འཛམ་གླིང་རང་བཞིན་གྱི་ཚོགས་ཆེན་ཆེ་ཤོས་དེ་འཚོགས་པ་དང༌། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཚོད་འཛིན་བྱེད་པའི་ཆིངས་ཡིག་ལ་ངར་ཤུགས་ཀྱིས་མིང་རྟགས་བཀོད་པ་སོགས་ལས་འགུལ་འདྲ་མིན་ཞིག་སྤེལ་ཡང་མིག་མཐོང་ལག་ཟིན་ལྟ་བུའི་ནུས་པ་ཆེར་ཐོན་མེད་སྟབས། དེ་ནི་ཕྱི་ཚུལ་ཙམ་ཞིག་ཏུ་གྱུར་སོང་བ་རེད།

བཟོ་ལས་ཅན་དུ་སྐྱོད་བཞིན་པའི་ཨེ་ཤུ་ཡ་དེ་ཡོ་རོབ་སོགས་གླིང་ཆེན་གཞན་དག་དང་མི་འདྲ་བར་མཁའ་རླུང་བཙོག་སྐྱོན་ཤུགས་ཆེན་ཆགས་བཞིན་པར་མ་ཟད། འཛམ་གླིང་གི་མཁའ་རླུང་སྡུག་ཤོས་ཡིན་པའི་གྲོང་ཁྱེར་བདུན་ཡོད་པའི་གྲས་སུ་པེ་ཅིང་དང༌། ཀ་ལི་ཀ་ཏ། ཇ་ཀར་ཏ། ནིའུ་ལྡི་ལི་བཅས་ཀྱང་ཚུད་ཡོད། ལྷག་དོན་རྒྱ་ནག་གི་ཀོང་ཞི་རང་སྐྱོང་ལྗོངས་དང༌། ཧྲན་ཏུང་མངའ་སྡེ་གཉིས་ནི་འཛམ་གླིང་སྟེང་བཟོ་ལས་ལ་བརྟེན་ནས་མཁའ་རླུང་བཙོག་པ་བཟོ་མཁན་ཨང་དང་པོའི་གྲས་ཡིན།

ཉེ་ཆར་འཛམ་གླིང་གི་བཟོ་ལས་སྡེ་ཁག་མང་པོས་བཅོས་མའི་རྫས་འགྱུར་བདུན་ཁྲི་ལྷག་བཟོ་འགྲེམས་བྱས་པར་མ་ཟད། ཉིན་རེར་དུག་རིགས་བརྒྱ་ནས་ཆིག་སྟོང་བར་གསར་བཟོ་བྱེད་ཀྱིན་ཡོད་སྟབས། མི་གྲངས་ཁྲི་ཚོ་མང་པོའི་ཚེ་སྲོག་འཕྲོག་བཞིན་པ་དང༌། མི་གྲངས་སྟོང་ཕྲག་མང་པོ་ནད་ཡམས་འདྲ་མིན་གྱི་གནོད་འཚེའི་འོག་ཏུ་ལྷུང་བཞིན་ཡོད། དེ་བས་ཀྱང་ཨེ་ཤུ་ཡ་དེ་རྫས་དུད་ངན་པ་ཕྱིར་འདོན་བྱེད་པའི་ཚད་ཡོ་རོབ་དང་ཨ་རི་གཉིས་བསྡོམས་པའི་མཐོ་ཚད་ལས་བརྒལ་རྒྱུའི་ཉེན་ཁར་ཐུག་པ་དང༌། ཤུགས་རྐྱེན་དེ་དག་གིས་འཛམ་གླིང་གི་ས་གནས་འདྲ་མིན་གང་སར་ལོ་རེར་མི་གྲངས་འབུམ་ཕྲག་ལྷག་རེ་འཆི་བཞིན་པར་མ་ཟད། གྲོང་ཁྱེར་རེ་རེའི་ནང་ནས་མི་གྲངས་ཆིག་ཁྲི་ནས་ཆིག་འབུམ་བར་ལ་ན་ཚ་འདྲ་མིན་ཕོག་བཞིན་ཡོད།

བཟོ་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་ཕྱིན་པའི་དབྱིན་ཇི་དང༌། ཁེ་ན་ཌ། ཧྥ་རན་སི། འཇར་མན། ཨེ་ཊ་ལི། ཉི་ཧོང༌། ར་ཤུ་ཡ། ཨ་རི། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱ་གར་དང༌། རྒྱ་ནག པ་ཀི་སི་ཐན། ཨི་རན། ཧིན་དུ་ནེ་ཤུ་ཡ། ཨི་ཇེབ། མ་ལ་ཤེ་ཡ། ནེ་ཇི་རི་ཡ། ཏུར་ཀི། བྷང་ལ་དེ་ཤུ་དང༌། རང་བྱུང་ནུས་པ་བེད་སྤྱོད་ཆེ་ཤོས་བྱེད་མཁན་ཨ་རབ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང༌། ཨ་རི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། དབྱིན་ཡུལ། ར་ཤུ་ཡ། རྒྱ་ནག ཉི་ཧོང་བཅས་ཀྱིས་ད་ནས་བཟུང་སོལ་རླུང་གི་སྤུས་ཚད་ཇེ་ཡག་ཏུ་བཏང་ནས་གནམ་ལ་མ་མངགས་ཚེ་ནམ་ཞིག་ད་ལྟ་ལས་ཀྱང་བར་སྣང་གི་རླུང་དཀྱིལ་ཆེན་མོ་ཇེ་མཐུག་ནས་ཇེ་མཐུག་དང་སྦག་བཙོག་ཅན་དུ་གྱུར་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་ཡིན་ལ། རྐྱེན་དེས་ས་གནས་ས་ཐོག་གི་གནམ་གཤིས་ལ་འགྱུར་ལྡོག་གིས་ས་ཡོམ་དང༌། མཚོ་སྐྱོམས། ཆུ་ལོག ཐན་པའི་འཇིགས་པ་སོགས་རང་བྱུང་འབྱུང་བའི་གནོད་འཚེ་སྔར་ལས་ལྡབ་བརྒྱ་འགྱུར་གྱིས་མང་དུ་འགྲོ་རྒྱུ་ཡིན་ངེས་རེད་སྙམ།

རྒྱ་ནག་གཞུང་གིས་བོད་ཀྱི་མདོ་དབུས་ཁམས་གསུམ་དང་ལྷག་པར་དུ་ཐོན་ཁུངས་བཟང་བའི་ཁམས་དང་ཨ་མདོའི་ས་ཁུལ་གང་སར་རྒྱ་མི་ས་ཡ་བཅུར་ཉེ་བ་གནས་སྤོས་བྱས་པ་དང༌། ཨ་རི་དང༌། ཇར་མན། སུད་སི་གཙོས་པས་རྒྱལ་ཁབ་འདྲ་མིན་དང༌། ཐའེ་ཝན་གོ་མིན་ཏང་སོགས་ཀྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཁག་གླ་དངུལ་སྤྲོད་ལེན་གྱིས་བོད་ནང་ཕུང་གསོག་བྱེད་དུ་བཅུག་པ། བོད་ཀྱི་ཉིང་ཁྲི་དང༌། རྔ་པ། ཀན་ལྷོ། ཁམས་ཁུལ་གྱི་ནགས་ཚལ་གཅོད་འབྲེག་དང༌། མཚོ་ནུབ་ཁུལ་གྱི་ཚ་འདམ་གཤོངས་དང༌། ནག་ཆུ། མགོ་ལོག ཆབ་མདོ། བྱང་ཐང༌། དཀར་མཛེས། ལྷོ་ཁ་ཁུལ་གྱིས་མཚོན་གཏེར་ཁའི་རྣམ་གྲངས་འབོར་མང་ཤོས་ཀྱི་ས་ཁུལ་ཁག་ནས་གཏེར་དངོས་སྔོག་འདོན་ཤུགས་ཆེན་བྱེད་མུས་སུ་ཡོད།
རིང་ཚད་སྤྱི་ལེ་ ༢༤༠༠ ཡོད་པའི་ཁྲོན་བོད་གཞུང་ལམ་དང༌། རིང་ཚད་སྤྱི་ལེ་ ༢༡༠༠ ཡོད་པའི་མཚོ་བོད་གཞུང་ལམ། ལྷོ་ཕྱོགས་གཞུང་ལམ། ཤིན་བོད་གཞུང་ལམ། རིང་ཚད་སྤྱི་ལེ་ ༡༢༡ ཡོད་པའི་ལན་ཀྲུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ། རིང་ཚད་སྤྱི་ལེ་ ༨༤༥ ཡོད་པའི་ཟི་ལིང་ནས་གོར་མོ་བར་གྱི་ལྕགས་ལམ། རིང་ཚད་སྤྱི་ལེ་ ༡༡༡༨ ཡོད་པའི་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ། ཟམ་ཆེན་འདྲ་མིན་གྱི་བཟོ་ལས་རིགས་ཁོར་ཡུག་སྲུང་སྐྱོབ་ལ་སྣང་ཆུང་གིས་བོད་ཀྱི་རྩྭ་ཐང་དང༌། ཞིང་ས། ཤིང་ནགས། གངས་གསེབ་སོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཚོད་འཛིན་ངེས་ཅན་ཐེབས་ཐུབ་པའི་གལ་ཆེའི་ས་གནས་གང་སར་སྟབས་གང་བདེས་བཟོ་འཐེན་བྱས་ཡོད།

ཕྱི་ལོ་ ༢༠༠༠ ལོ་ནས་དབུལ་སྐྱོབ་ཕྱུག་འགྱུར་ཞེས་པའི་མིང་འོག་ནས་འབྲོག་པ་རྣམས་གྲོང་གསེབ་ཀྱི་རྣམ་པར་གནས་སྤོས་བྱེད་དུ་བཅུག་པ་དང༌། ཕྱི་ལོ་ ༡༩༩༢ ལོར་རྒྱ་གཞུང་གིས་མཚོ་སྔོན་ཐུན་ཏེ་རྫོང་ངམ་ཀླུ་ཚང་དུ་རྩྭ་ས་ཨེ་ཀར་ ༧༠༠༠ ལྷག་ས་ཞིང་བཟོས་རྗེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་ནང་ས་ནས་རྒྱ་མི་ཁྱིམ་ཚང་ང་བརྒྱད་གནས་སྤོས་བྱས་པས་མཚོན་བོད་ཀྱི་རྩྭ་ཐང་མང་པོར་ས་ཞིང་དང་སྡོད་གནས་ལམ་ཆེན་སོགས་འཛུགས་སྐྲུན་བྱེད་ཀྱིན་ཡོད།

མདོ་སྨད་ཀྱི་ས་གནས་འགར་ཀེ་ལོ་མི་ཊར་ ༣༠༠༠ ལྷག་གི་སར་སྙོབ་པའི་ DF 4 རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གྱི་ས་ཚུགས་དང༌། རྡུལ་ཕྲན་བཟོ་སྐྲུན་གྱི་ལྟེ་གནས་འདྲ་མིན་བཙུགས་པར་མ་ཟད། རྔ་པ་དང༌། ཐེ་བོ། མཛོད་དགེ་སོགས་ཐེ་བའི་བོད་ཀྱི་ས་གནས་གང་སར་རྡུལ་ཕྲན་འཕུར་མདེལ་གསོག་ཉར་ཁང་དང༌། རྡུལ་ཕྲན་བརྟག་ཞིབ་ཁང༌། རྡུལ་ཕྲན་བཟོ་སྐྲུན་ལྟེ་གནས་ཁང་འདྲ་མིན་བཙུགས་པ། ནུབ་གློག་ཤར་གཏོང༌། ནུབ་རླངས་ཤར་འདྲེན། ཧ་ཡང་དང༌། ཞ་ཉེ། གློག་འདོན་བཟོ་གྲྭ་སོགས་ཀྱི་ལས་གྲྭ་རྒྱ་ཇེ་ཆེ། རྫས་སྦྱོར་སྤྱོད་ཐལ་ཤུགས་ཆེན་བྱས་པ། དུག་ཤེད་ཆེ་བའི་རྩྭ་ཡན་ཁྱབ་གདལ་དུ་སོང་བ་སོགས་ཀྱིས་སྒོ་ཕྱུགས་ས་ཡ་བདུན་ཅུ་ཙམ་དང་འབྲོག་ཁྱིམ་ས་ཡ་གཅིག་ཙམ་གྱི་འཚོ་བའི་གཞི་རྟེན་དང་ཐད་ཀར་འབྲེལ་བའི་རྩྭ་ཐང་གི་གཞི་ཁྱོན་ཕལ་མོ་ཆེ་རྩ་བརླག་ཏུ་བཏང་སྟབས། བྱེ་ཐང་གི་རྒྱ་ཁྱོན་ཇེ་ཆེ་དང༌། ཆར་ཆུ་དུས་ཐོག་ཏུ་མི་ཐོན་པ། ས་འོག་གི་ཆུའི་ཐོན་ཁུངས་སོགས་རྫོགས་ཉེར་མ་ཟད། སྤང་ལྗོངས་དང༌། ནགས་ཚལ། ལྗོན་ཤིང༌། རི་སྐྱེས་སྲོག་ཆགས། རྩྭ་རྩི་ཤིང༌། མེ་ཏོག བྱ་དང་བྱེའུ་སྣ་ཚོགས་སྐྱེ་མཚར་འབྱུང་ས་དང༌། མཁའ་དབུགས་གཙང་མ་རྔུབ་རྒྱུ་ཡོད་པའི་ཁོར་ཡུག་གི་རྒྱ་ཁྱོན་ཕལ་མོ་ཆེར་འཐོར་ཞིག་དང༌། ཕྱོགས་ཡོངས་ནས་ཉམས་རྒུད་དང༌། གཏོར་བརླག་བཅས་ཀྱི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

རྒྱ་ནག་གཞུང་གིས་བཟོ་གྲྭའི་རྫས་རོ་དང༌། བཙོག་ཆུ། ཞིང་སའི་རྫས་ལུད། གྲུ་གཟིངས་ལས་ཐོན་པའི་སྙིགས་རོ་ཁག་ལུགས་མཐུན་གྱིས་གཙང་བཟོ་མ་བྱས་པས་རྒྱ་མི་ས་ཡ་བརྒྱ་དང་ལྔ་བཅུ་ལྷག་གིས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་རྨ་ཆུ་དང༌། རྒྱ་ནག་གི་གྲོང་ཁྱེར་བརྒྱ་དང་རེ་བརྒྱད་ལྷག་དང་ཐད་ཀར་འབྲེལ་བའི་བོད་ཀྱི་འབྲི་ཆུ་སོགས་ཀེན་སེར་གྱི་ན་ཚ་ཡོད་པའི་རྫས་དུག་གིས་ཁེངས།
བྱེད་སྟངས་དེ་དག་གིས་རྐྱེན་པས་གནམ་གཤིས་ཀྱི་ཚ་དྲོད་ཇེ་ཆེར་འཕེལ་སྟབས། རྨ་སྟོད་རྫོང་ཁོངས་ཀྱི་མཚེའུ་ལྔ་བཅུ་ལྷག་ཤུལ་མེད་དུ་གྱུར་པར་མ་ཟད། མཚོ་སྔོན་པོ་དང་གནམ་མཚོ་གཉིས་གཙོས་པའི་མཚོ་དང་མཚེའུའི་རིགས་ཀྱི་མཐོ་ཚད་ཇེ་དམའ་དང༌། ཨེ་ཤུ་ཡའི་ཆུ་ཆེན་ཁག་བཅུའི་འབྱུང་ཁུངས་ཡིན་པའི་རྨ་ཆུས་གཙོས་བོད་ཀྱི་རྒྱུགས་ཆུ་ཁག་གི་བཞུར་རྒྱུན་ཡང་ཡང་ཆད་ཀྱི་ཡོད་ཐོག ཉེ་བའི་ལོ་ངོ་སུམ་ཅུའི་ནང་རི་བོ་ཧེ་མ་ལ་ཡ་དང༌། གཉན་ཆེན་ཐང་ལྷ། ལྡང་ལ། གངས་ཏི་སེ། བྱང་ཐང་གི་མཐོ་སྒང༌། ཏང་ལེན་རི་བོའི་རི་རྒྱུད་ཁུལ་གྱི་འཁྱགས་ཀླུང་སོགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༤༢༠་༧༨ ལྷག་མེད་པར་གྱུར།
མ་ཟད་ལོ་ངོ་འགའི་གོང་ནས་བཟུང་གངས་དང་ཁ་བའི་བཞུ་ཚད་དེ་སྔར་ལས་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་སོང་སྟབས། ལོ་རེར་གངས་རིའི་བརྒྱ་ཆའི་མདུན་ཙམ་བཞུ་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུའི་རིང་བོད་ཀྱི་གངས་རི་ཡོངས་རྫོགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁར་ཐུག་ངེས་རེད།

རྒྱ་གཞུང་གིས་ད་ནས་བཟུང་བཟོ་ལས་སྡེ་ཁག་གི་རྒྱུ་ཆ་འབའ་ཞིག་ལ་དམིགས་ཏེ་བོད་ནང་རྒྱའི་མི་སེར་གནས་སྤོས་དང༌། ཐོན་ཁུངས་ཚོད་མེད་སྔོག་འདོན། ཤིང་ནགས་གཅོད་འབྲེག རྡུལ་ཕྲན་བཟོ་སྐྲུན། རྡུལ་སྙིགས་གསོག་འཇོག རི་སྐྱེས་སྲོག་ཆགས་རྔོན་རྒྱག་གི་ལས་གྲྭ་སྤེལ་མུས་རིགས་ལུགས་མཐུན་གྱིས་མཚམས་འཇོག་མ་བྱས་ཚེ་རྒྱ་ནག་ཐེ་བའི་ཨེ་ཤུ་ཡའི་རྒྱལ་ཁབ་ཕལ་མོ་ཆེའི་ཁོར་ཡུག་ལ་ཚད་རྒལ་ལྟ་བུའི་འགྱུར་ལྡོག་འགྲོ་རྒྱུ་དང༌། རྐྱེན་ངན་དེས་འཛམ་གླིང་སྤྱིའི་ཁོར་ཡུག་ལ་བརྗོད་པར་དཀའ་བའི་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་པ་སྨོས་ཀྱང་ཅི་དགོས་སྙམ།

མུ་འགོད།

རྩོམ་རིག

Post navigation

Previous Post: ཝ་ཤིང་ཊོན་ཌི་སི་རུ་རང་ལུས་མེར་སྲེག་བཏང་འདུག་ཟེར།
Next Post: ༧གོང་ས་མཆོག་ལ་ཕེབས་སྒུག་གི་གཏམ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme