Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Posted on 2013-09-222013-09-28 By ཁ་བརྡ་ 7 Comments on ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

ཆབ་ཚང་འཇམ་དཔལ།

གཅིག རང་བྱུང་འབྱུང་བའི་གནོད་འཚེ།

ཕྱི་ལོ་ ༡༩༧༠ ལོར་བྷང་ལ་དེ་ཤུའི་ནང་བྱུང་བའི་དྲག་ཆར་རླུང་འཚུབ་ཁྲོད་མི་གྲངས་ལྔ་འབུམ་ལྷག་དང༌། ཕྱི་ལོ་ ༡༩༩༡ ལོར་སླར་ཡང་ཡུལ་དེའི་དྲག་ཆར་རླུང་འཚུབ་ཁྲོད་མི་གྲངས་ ༡༥༠༠༠༠ དང༌། ཕྱི་ལོ་ ༢༠༠༧ ཟླ་ ༡༡ ཚེས་ ༡༦ ནས་ཉིན་ཤས་རིང་ཡུལ་དེའི་ལྷོ་ཕྱོགས་ས་ཁུལ་ནང་སླར་ཡང་དྲག་ཆར་རླུང་འཚུབ་ཤུགས་ཆེའི་ཁྲོད་མི་གྲངས་ ༡༠༠༠༠ ལྷག་གི་ཚེ་སྲོག་ཤོར།
ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་མངའ་སྡེ་ཐང་ཧྲིན་ནང་ས་ཡོམ་བྱུང་སྟེ་མི་གྲངས་ ༢༤༢༠༠༠ ལྷག་གི་ཚེ་སྲོག་ཤོར། ལོ་དེ་ནས་བཟུང་རྒྱ་ནག་བྱང་ཕྱོགས་ཀྱི་རྫོང་ཁག་མང་པོར་ཐན་པའི་འཇིགས་པ་འབྱུང་འགོ་ཚུགས། ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་འབྲི་ཆུ་རྒྱུགས་ཡུལ་གྱི་རྒྱ་ནག་ནང་སའི་ས་ཆ་ཁྱོན་ཡོངས་སུ་ཆུ་ལོག་དང་ཆུ་སྐྱོན་གྱི་འཇིགས་པ་ཤུགས་ཆེ་བྱུང༌།
ཕྱི་ལོ་ ༡༩༩༡ ལོའི་དབྱར་ཁར་རྨ་ཆུའི་སྨད་རྒྱུད་དུ་གནས་པའི་རྒྱ་ནག་གི་ཞིང་ཆེན་ཧོ་ནན་དང༌། ཨན་ཧོས། ཅང་སུའུ་བཅས་ལ་ཆུ་ལོག་གི་གནོད་འཚེས་མི་གྲངས་ ༣༠༤༤ ལྷག་གི་ཚེ་སྲོག་བཅད། མི་གྲངས་ ༡༠༠༠༠༠༠༠ ལྷག་གི་སྡོད་ཁྱིམ་མེད་པར་བཟོས། དཔལ་འབྱོར་གྱི་གྱོང་གུད་ཨ་སྒོར་དུང་ཕྱིར་ ༡༥༠ ལས་བརྒལ།

ཕྱི་ལོ་ ༡༩༩༤ ལོར་ཨ་རིའི་ས་ཁུལ་ལོའོ་སི་ཨན་ཇི་ལེར་ས་ཡོམ་བྱུང་སྟེ་མི་གྲངས་ ༤༣ ལྷག་གི་ཚེ་སྲོག་ཤོར། ཨ་སྒོར་དུང་ཕྱིར་ ༣༠ ལྷག་གི་གྱོང་གུད་ཐེབས།
ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ལྷོ་ཕྱོགས་ཡུ་ནན་ཞིང་ཆེན་ནང་ས་ཡོམ་ཚད་རིམ་ ༧ ཅན་ཞིག་བྱུང་སྟེ་མི་གྲངས་ ༣༠༠༠ ལྷག་གི་ཚེ་སྲོག་ཤོར།
ཕྱི་ལོ་ ༡༩༩༤ ལོར་སན་ཕ་རན་སི་སུ་ཀོར་ཨ་རིའི་ས་ཁམས་རིག་པའི་མཉམ་འབྲེལ་ཚོགས་འདུ་ཞིག་གི་ཐོག་བྷོལ་ཌར་གྲོང་ཁྱེར་དུ་ཡོད་པའི་ཀོ་ལོ་རེ་ཌོ་མཐོ་རིམ་སློབ་གྲྭའི་ས་ཁམས་རིག་པའི་གྲགས་ཅན་སློབ་དཔོན་ཞིག་གིས་འཕྲུལ་སྐར་གྱི་ཟིན་ཐོ་ལྟར་རྒྱ་གར་བྱང་ཁུལ་གྱི་དབུས་ཧི་མ་ལ་ཡའི་རི་རྒྱུད་དུ་ཚད་རིམ་ ༨ ནས་ ༩ བར་གྱི་ཤུགས་ཚད་ལྡན་པའི་ས་ཡོམ་ཞིག་དུས་ངེས་མེད་ནང་འབྱུང་ངེས་དང༌། དེའི་རྐྱེན་པས་ས་ཁུལ་དེ་དག་ཏུ་གནས་པའི་མི་འབོར་ས་ཡ་ ༢༠༠ ལྷག་རྩ་མེད་དུ་འགྲོ་ཉེན་ཆེ་བའི་བརྡ་ལན་སྤྲད།

ཕྱི་ལོ་ ༡༩༩༥ ལོར་སྐྱེ་དགུ་མདོ་ས་ཁུལ་གྱི་འབྲི་སྟོང་དང་རྫ་སྟོད་རྫོང་གཉིས་སུ་ལོ་བཞི་བཅུའི་ནང་བྱུང་མྱོང་མེད་པའི་གངས་སྐྱོན་ཤུགས་ཆེ་བྱུང་སྟེ་འབྲོག་ཁྱིམ་ ༡༡༠༠༠ ལྷག་གངས་འོག་ཏུ་ལྷུང་བ་དང༌། མི་གྲངས་ ༡༥༡༠༠ ལྷག་གི་རྐང་ལག་དང་ཁ་རྣ་གངས་ཕྱིད་དང༌། ཕྱུགས་ཟོག་ ༢༧༨༠༠༠ ལྷག་ཤི་སྐྱོན་བྱུང༌།
ཕྱི་ལོ་ ༡༩༩༨ ལོར་སླར་ཡང་ནག་ཆུ་ས་ཁུལ་དུ་ཁ་བ་འབབ་ཐེངས་སུམ་ཅུ་ལྷག་དང༌། དེ་ཡང་ཉིན་བརྒྱ་ལྷག་ལ་རྒྱུན་མཐུད་སྟབས། མི་གྲངས་ ༥༠༠༠ ལྷག་གངས་འོག་ཏུ་ལྷུང་བ་དང༌། ཕྱུགས་ཟོག་ ༡༠༠༠༠༠ ལྷག་ཤི་སྐྱོན་བྱུང༌།

ཕྱི་ལོ་ ༡༩༩༨ ལོར་མངའ་རིས་རྩ་མདའ་རྫོང་དུ་ཁ་བ་འབབ་ཐེངས་ཉེར་བདུན་དང༌། ཆ་སྙོམས་གངས་གསོག་ཚད་སན་ཌི་མིས་ཊར་བཞི་བཅུ་ལྷག་ཟིན་སྟབས། རྫོང་ཡོངས་ཀྱི་ཕྱུགས་ཟོག་ཤི་ཚད་བརྒྱ་ཆའི་ ༧༣ ཡན་དང༌། གྲོང་ཁྱེར་བཞིའི་ཕྱུགས་ཟོག་ཤི་ཚད་བརྒྱ་ཆའི་ ༩༠ ཡན་ཟིན། ཕྱུགས་ཟོག་ཤི་ཚད་བརྒྱ་ཆའི་ ༨༠ ཡན་ཟིན་པའི་གྲོང་བརྡལ་གཉིས་དང༌། བརྒྱ་ཆའི་ ༥༠ ཡན་ཟིན་པའི་གྲོང་བརྡལ་བརྒྱད། དུད་ཚང་བརྒྱ་དང་རེ་དྲུག་གི་ཕྱུགས་ཟོག་ཡོངས་རྫོགས་ཤི་སྐྱོན་བྱུང༌།
ཕྱི་ལོ་ ༢༠༠༠ ལོར་པེ་ཅིང་དུ་རླུང་དམར་གྱི་གནོད་འཚེ་ཐེངས་བཅུ་གཉིས་ཙམ་བྱུང༌།

ཕྱི་ལོ་ ༢༠༠༥ ལོར་ཨེ་ཤུ་ཡའི་སུ་ན་མིའི་གནོད་འཚེའི་ཁྲོད་ཨིན་ཌོ་ནེ་ཤུ་ཡ་གཙོས་ཤྲི་ལིངྒ་དང་རྒྱ་གར་སོགས་ཨེ་ཤུ་ཡའི་རྒྱལ་ཁབ་ཁག་བཅུ་གཅིག་ལྷག་གི་མི་གྲངས་ཉིས་འབུམ་བདུན་ཁྲི་སུམ་སྟོང་བཞི་བརྒྱ་སོ་ལྔ་ལྷག་གི་ཚེ་སྲོག་ཤོར།
དེ་མཚུངས་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཧྲེས་ཐིག་གྲོང་ཁྱེར་ལ་མཚོ་རླུང་གི་འཇིགས་པས་མི་གྲངས་གོ་བརྒྱད་ཀྱི་ཚེ་སྲོག་ཤོར་བ་དང༌། ལྔ་བརྒྱ་ལྷག་ལ་རྨས་སྐྱོན། རྫོང་བཅུ་གཉིས་ནང་གནོད་སྐྱོན་ཕོག རྒྱ་སྒོར་དུང་ཕྱིར་གཉིས་ལྷག་གི་གྱོང་གུད་ཐེབས།
ཕྱི་ལོ་ ༢༠༠༦ ལོར་ཨིན་ཌོ་ནེ་ཤུ་ཡའི་གླིང་ཕྲན་ཇའ་བཱ་ནང་ས་ཡོམ་གྱིས་མི་གྲངས་ལྔ་སྟོང་ལྔ་བརྒྱ་ལྷག་གི་ཚེ་སྲོག་ཤོར།

ཕྱི་ལོ་ ༢༠༠༧ ལོར་ལྷོ་ཤར་ཨེ་ཤུ་ཡའི་བྷང་ལ་དེ་ཤུ་དང༌། བལ་ཡུལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་ནང་ཆུ་ལོག་བྱུང་སྟེ་མི་གྲངས་ཆིག་སྟོང་དགུ་བརྒྱ་ལྷག་གི་ཚེ་སྲོག་ཤོར། ཁག་སོ་སོའི་ཡུལ་མི་ས་ཡ་གཅིག་ལྷག་མུ་ཤིར་འགྲོ་རྒྱུའི་ཉེན་ཁ་དང༌། ས་ཡ་ཉེར་བརྒྱད་ལྷག་སྐྱོབ་གསོ་མ་ཐོབ་པའི་དཀའ་ངལ་འོག་ལྷུང༌།
ཕྱི་ལོ་ ༢༠༠༨ ཟླ་བ ༥ ཚེས་ ༡༢ ཉིན་སི་ཁྲོན་མངའ་སྡེའི་ནང་ས་ཡོམ་ཚད་རིམ་ ༧་༨ ཅན་ཞིག་བྱུང་སྟེ་མི་གྲངས་ ༦༩༡༧༦ ལྷག་གི་ཚེ་སྲོག་ཤོར། མི་གྲངས་ ༡༧༥༥༧༨༩ ལ་རྨས་སྐྱོན་དང༌། མི་གྲངས་ ༡༧༤༡༥ གར་སོང་ཆ་མེད་དུ་གྱུར། ཨ་སྒོར་ཐེར་འབུམ་ ༢༠ ལྷག་གི་གྱོང་གུད་ཐེབས།

ཕྱི་ལོ་ ༢༠༠༨ ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོག་པ་རྫོང་དུ་ས་ཡོམ་ཚད་རིམ་ ༦་༨ ཅན་ཞིག་བྱུང་སྟེ་ཁང་ཁྱིམ་ ༢༢༣ རྩ་མེད་དུ་བཏང༌། ལོ་དེའི་ཟླ་ ༥ ཚེས་ ༤ ཉིན་འབར་མར་རང་བྱུང་རླུང་འཚུབ་བྱུང་སྟེ་མི་གྲངས་ ༡༠༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང༌། མི་གྲངས་ ༢༠༠༠༠ ལྷག་བོར་བརླག མི་གྲངས་ ༡༥༠༠༠༠༠ ལྷག་ལ་འཚོ་གོས་མ་རྙེད་པའི་དཀའ་ངལ་བྱུང༌།
ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་དེ་སྔ་བྱུང་མྱོང་མེད་པའི་གངས་སྐྱོན་གྱིས་མི་གྲངས་བརྒྱ་ཕྲག་མང་པོ་ཤི་རྨས་དང༌། རྒྱ་ནག་རྒྱལ་ཡོངས་ནང་ཞིང་ལས་ཐོན་སྐྱེད་ཐད་གནོད་པ་ཤུགས་ཆེས་ཐེབས་སྟབས། མི་གྲངས་ས་ཡ་ ༨༠ ཙམ་འཚོ་ཐབས་བྲལ་བའི་དཀའ་ངལ་དང༌། ཨ་སྒོར་ཐེར་འབུམ་ ༡ ལྷག་གི་གྱོང་གུད་བྱུང་བས་མཚོན་སའི་གོ་ལའི་མཐའ་དབུས་གང་སར་དུས་རྒྱུན་དུ་མཚོ་རླབས་དང༌། ས་རུད། གངས་རུད། མེ་རུ་འབར་གས། སྐར་རྡོ་ས་ཐོག་ཏུ་ལྷུང་བ། སད་སེར། འབུ་ཚག དྲག་ཆར་རླུང་འཚུབ། ཆུ་ལོག ཐན་སྐྱོན། བྱེ་རླུང༌། རླུང་ནག་སོགས་ཀྱི་འཇིགས་པས་གནོད་པ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་པ་མ་ཟད། ལོ་རེའི་ནང་སའི་གོ་ལའི་ས་ཁུལ་ཁྱོན་ཡོངས་སུ་ཆ་སྙོམས་ས་ཡོམ་ཆེ་ཆུང་མི་འདྲ་བ་ས་ཡ་གསུམ་ཙམ་ཡོང་གི་ཡོད།

ལྷག་དོན་ཉེ་བའི་ཆར་ཞི་བདེ་རྒྱ་མཚོའི་ལྷོ་བྱང་ས་ཁུལ་དུ་ཤུགས་ཚད་ཆེ་བའི་ས་ཡོམ་བསྟུན་མར་རྒྱབ་པ་དང༌། ཝ་ནུ་ཡ་ཐུ་གླིང་ཕྲན་གྱི་ནུབ་བྱང་ཁུལ་དུ་བསྟུན་མར་མཚོ་སྐྱོམས་དང་ས་ཡོམ་གྱི་འཇིགས་པ་ཤུགས་ཆེས་བྱུང་སྟབས། ཞི་བདེ་རྒྱ་མཚོའི་ཟིན་ཐོ་ལྟེ་གནས་ཀྱིས་ཞི་བདེ་རྒྱ་མཚོའི་ལྷོ་ཤར་མཚོ་གླིང་གི་ས་ཁུལ་ཨོ་སུ་ཊོ་ལི་ཡ་དང༌། ནེའུ་ཛེ་ལན་ཌི། ཨིན་དི་ནེ་ཤུ་ཡས་མཚོན་མཚོ་གླིང་ས་ཁུལ་དུ་གནས་པའི་རྒྱལ་ཁབ་མང་པོར་ཁོར་ཡུག་འགྱུར་ལྡོག་ཐད་གཟབ་ནན་གྱིས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་གཏང་དགོས་བྱུང༌།
ས་ཡོམ་དེ་དག་གིས་གནོད་འཚེ་ཐེབས་ཡུལ་མང་ཆེ་བ་སའི་གོ་ལའི་ཐིག་དམར་ཉེ་འཁྲིས་ཀྱི་ཨེ་ཤུ་ཡའི་གླིང་ཕྲན་དང༌། ཨོ་སུ་ཊུ་རེ་ལི་ཡ། ཨ་ཕི་རི་ཀ ནེའུ་ཡོཀ ལོན་ཊོན། ཉི་ཧོང༌། ཧོ་ལན་ཌི་རྒྱལ་ཁབ་ཀྱིས་གཙོས་མི་འབོར་ས་ཡ་ ༦༣༤ ལྷག་འཚོ་སྡོད་བྱེད་སའི་མཚོ་དང་རྒྱ་མཚོའི་ཉེ་འཁྲིས་ཀྱི་ས་ཁུལ་ཁག་ཆགས་ཡོད།

གོང་གསལ་གྱི་རང་བྱུང་འབྱུང་བའི་གནོད་འཚེ་ཕལ་མོ་ཆེ་དང༌། ལྷག་དོན་བྷང་ལ་དེ་ཤུའི་དྲག་ཆར་རླུང་འཚུབ་སྔ་ཕྱི་དང༌། ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་མངའ་སྡེ་ཐང་ཧྲིན་གྱི་ས་ཡོམ། རྒྱ་ནག་བྱང་ཕྱོགས་ཀྱི་རྫོང་ཁག་མང་པོར་བྱུང་བའི་ཐན་པའི་འཇིགས་པ། ཕྱི་ལོ་ ༡༩༨༩ ལོར་འབྲི་ཆུ་བཞུར་ཡུལ་གྱི་རྒྱ་ནག་ནང་སའི་ས་ཁུལ་ཁྱོན་ཡོངས་སུ་ཆུ་ལོག་དང་ཆུ་སྐྱོན་གྱི་འཇིགས་པ། ཕྱི་ལོ་ ༡༩༩༡ ལོའི་དབྱར་ཁར་རྨ་ཆུའི་སྨད་རྒྱུད་དུ་གནས་པའི་རྒྱ་ནག་གི་ཞིང་ཆེན་ཧོ་ནན་དང༌། ཨན་ཧོས། ཅང་སུའུ་བཅས་སུ་བྱུང་བའི་ཆུ་ལོག་གི་གནོད་འཚེ། ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ལྷོ་ཕྱོགས་ཡུ་ནན་ཞིང་ཆེན་ནང་བྱུང་བའི་ས་ཡོམ། ཕྱི་ལོ་ ༢༠༠༥ ལོར་ཨིན་ཌོ་ནེ་ཤུ་ཡས་གཙོས་ཤྲི་ལིངྒ་དང་རྒྱ་གར་སོགས་ཨེ་ཤུ་ཡའི་རྒྱལ་ཁབ་ཁག་བཅུ་གཅིག་ནང་བྱུང་བའི་སུ་ན་མིའི་གནོད་འཚེ། ཕྱི་ལོ་ ༢༠༠༦ ལོར་ཨིན་ཌོ་ནེ་ཤུ་ཡའི་གླིང་ཕྲན་ཇའ་བཱ་ནང་བྱུང་བའི་ས་ཡོམ། ཕྱི་ལོ་ ༢༠༠༧ ལོར་ལྷོ་ཤར་ཨེ་ཤུ་ཡའི་བྷང་ལ་དེ་ཤུ་དང༌། བལ་ཡུལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་ནང་བྱུང་བའི་ཆུ་ལོག བྷེང་ལ་དེ་ཤུ། རྒྱ་གར་བྷི་ཧར་མངའ་སྡེ། ཨབ་གྷ་ནེ་སི་ཐན། ཞིན་ཅང༌། པ་ཀི་སི་ཐན། ཨིན་ཊོ་ནེ་ཤུ་ཡ། སི་ཁྲོན་སོགས་ཀྱིས་མཚོན་ཨེ་ཤུ་ཡའི་མངའ་ཁུལ་དུ་བྱུང་བའི་རང་བྱུང་འབྱུང་བའི་གནོད་འཚེ་ཕལ་མོ་ཆེ་རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁེ་ལས་ཚོགས་པ་འདྲ་མིན་གྱིས་བོད་ཀྱི་རྩྭ་ཐང་དང༌། ནགས་ཚལ་སོགས་ཀྱི་རང་བྱུང་འགོག་སྲུང་གི་ནུས་པ་ཉམས་རྒུད་དུ་བཏང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་བདེ་བླག་ངང་ཚོད་དཔག་བྱེད་ཐུབ།

རྒྱ་གཞུང་གིས་མིག་སྔའི་ཁེ་ཕན་ལས་ཕུགས་རྒྱང་གི་ཁེ་ཕན་གཙོར་བཟུང་གིས་ད་ལྟའི་བོད་ཀྱི་ཁོར་ཡུག་གི་ཤུལ་ལྷག་ཉུང་ཟད་ལུས་པ་སྤྱི་དང༌། ལྷག་དོན་ཉིང་ཁྲི་དང༌། རྔ་པ། ཀན་ལྷོ། མཚོ་བྱང༌། མཚོ་ཤར། མཚོ་ལྷོ། རྨ་ལྷོ། ཁམས། ཆབ་མདོ་ས་ཁུལ་སོགས་སུ་ཡོད་པའི་ཤིང་ནགས་གཅོད་འབྲེག་དང༌། མཚོ་ནུབ་ཁུལ་གྱི་ཚ་འདམ་གཤོངས་ས། ནག་ཆུ། མདོ་དབུས་མཐོ་སྒང་གི་གཏེར་ཁུངས་ཆེ་ཤོས་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཞང༌། མགོ་ལོག ཆབ་མདོ། བྱང་ཐང༌། དཀར་མཛེས། ལྷོ་ཁ་སོགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་རིགས་མཚམས་འཇོག་དང༌། བོད་ལྗོངས་བྱང་ཕྱོགས་ཀྱི་རྩྭ་ཐང་དང༌། མགོ་ལོག་ཁུལ་གྱི་རྩྭ་ཐང༌། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་རྒྱུད་ཀྱི་རྩྭ་ཐང༌། རྨ་ལྷོའི་རྩྭ་ཐང༌། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྩྭ་ཐང་ཁག་ཉམས་རྒུད་དུ་འགྲོ་བཞིན་པ་སོ་སོར་ཚན་རིག་དང་མཐུན་པའི་བྱེད་ཐབས་བརྒྱུད་ནས་སྐབས་འཕྲལ་མྱུར་སྐྱོབ་དང༌། རྩྭ་ཁའི་ས་བཅུད་ཀྱི་ནུས་པ་གཟབ་ནན་གྱིས་སྲུང་འཛིན་མ་བྱས་ཚེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཁྱོན་ཡོངས་ནས་ཉམ་ཉེས་ཆེན་པོ་འབྱུང་ངེས་རེད།

ཉེར་ལེན་དེས་རྒྱ་གར་དང༌། རྒྱ་ནག ཐའི་ལན། འབར་མ། ཀམ་པོ་ཛ། བངྒ་ལ། པ་ཀི་སི་ཐན་སོགས་ཀྱི་རང་བྱུང་ཁོར་ཡུག་གི་ཞི་བདེ་བརྟན་ལྷིང་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་འབྱུང་ངེས་དང༌། རྐྱེན་དེས་ཡུལ་དེ་དག་ཏུ་གནས་པའི་མི་དང་སྲོག་ཆགས་སྐྱེ་དངོས་རིགས་དུས་ཐོག་སྐྱེ་འཕེལ་གྱི་ནུས་པ་ཉམས་ཞན་དུ་འགྲོ་རྒྱུ་མ་ཟད། མི་གྲངས་ས་ཡ་མང་པོར་བཀྲེས་སྐོམ་དང་ཤི་རྨས་ཀྱི་འཇིགས་པ་གཅིག་རྗེས་གཉིས་མཐུད་དུ་འབྱུང་ངེས་ཡིན།

མུ་འགོད་བྱ་རྒྱུ་ཡིན་པས། དོན་གཉེར་ཅན་ཚོས་ཐུགས་སྣང་གནང་རོགས་ཞུ།

རྩོམ་རིག

Post navigation

Previous Post: ཕྱི་གླིང་བ་བོད་ཡིག་སྦྱོང་མཁན་དང་བོད་ཆས་གྱོན་མཁན།
Next Post: ཨ་འདུས་དགོན་ཚུགས་ནས་ལོ་ངོ་ ༦༢༠ ལོན་པའི་ཆོས་སྟོན།

Comments (7) on “ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།”

  1. བོད་ཕྲུག says:
    2013-09-22 at 4:47 am

    ལགས་སོ། །ཡག་པོ་ཞེ་དྲག་འདུག ད་དུང་དུས་ཚིགས་དེ་ཚོ་གོ་རིམ་བཞིན་མ་འཁྲུགས་པ་ཡོད་ན་དེ་ལས་ཡག་པ།

  2. དགེ་འདུན་རྒྱ་མཚོ། says:
    2013-09-22 at 9:54 am

    སྐྱེ་རྒུ་མདོ་ས་ཡོམ་བྲིས་མེད་པ་འདྲ།
    དེ་ག་རེ་ཡིན་ནམ།

  3. དྲན་དཀར་དཔལ་ཡོན་ says:
    2013-09-22 at 10:26 am

    རྩོམ་ཤིན་ཏུ་ཡག་ག། དེ་ག་རེ་ཡིན་ན།

  4. རྫ་ཚེ་རིང་བཀྲ་ཤིས། says:
    2013-09-23 at 9:03 am

    རྩོམ་ཡིག་ཡག་གི
    གྲོགས་པོར་འཚམས་འདྲི་ཞུ།
    དུང་ཕྱུར་ལ་དུང་ཕྱིར་བྲིས་པ་དང་། ཨེ་ཤ་ཡ་ལ་ཨེ་ཤུ་ཡ་བྲིས་པ་སོགས་གི་གུ་དང་ཞབས་ཀྱུ་ནོར་བ་མང་ཙམ་འདུག
    དེ་ཁ་སྐད་ཀྱི་ཤན་ཡིན་ས་རེད། དེ་བཞིན་རྒྱལ་ཁབ་སོགས་ཀྱི་མིང་ཡོངས་གྲགས་ཀྱི་འབྲི་སྟངས་ལ་ལྟོས་མེད་བྱས་འདུག དེ་རིགས་རྗེས་ནས་ཡིད་གཟབ་ཡོད་པ་མཁྱེན།
    བོད་ཡིག་གི་འབྱུང་འགྱུར་ལ་བསམ་པ་དཀར་བའི་བློས་ནང་མོལ་གྱི་ཚུལ་དུ་བྲིས།

  5. ཆབ་ཚང་འཇམ་དཔལ། says:
    2013-09-23 at 10:14 am

    མཆན་འགོད་མཁན་གྱི་དྲྭ་གྲོགས་རྣམ་པ་ཚོས་བསམ་ཚུལ་བཤད་པར་གུས་ཞབས་ཡོད།

  6. ཆབ་ཚང་འཇམ་དཔལ། says:
    2013-09-23 at 10:26 am

    དྲྭ་གྲོགས་ཤིག་གིས་དུང་ཕྱུར་ལ་དུང་ཕྱིར་བྲིས་པ་ཁ་སྐད་ཀྱི་དབང་གིས་རེད་ཟེར། དེ་འདྲ་མ་རེད། རྩོམ་ཡིག་དེ་དག་བཅོས་བྱ་རྒྱུ་མ་བྱུང་སྟབས། ཡིག་ནོར་ཤོར་བ་ཙམ་རེད། ད་དུང་ཡིག་ནོར་འགའ་རེ་ཤོར་འདུག་པས། རྗེས་སོར་ཁོམ་པ་བྱུང་ན་དག་བཅོས་བྱ་ཆོག ཨེ་ཤ་ཡ་ལ་ཨེ་ཤུ་ཡ་བྲིས་པ་ནོར་བ་རེད། དེའི་རྒྱུ་མཚན་ཅི་རེད། རྒྱལ་ཁབ་འདྲ་མིན་གྱི་མིང་བོད་ཡིག་ཐོག་འབྲི་སྟངས་ཐད་གཅིག་གྱུར་བྱུང་བསྡད་པ་དེ་ཙམ་མེད་ན་ཡང་། དེའི་ཐོག་བསམ་བློ་རེ་གཏང་ཐུབ་ན་ལེགས་ཆ་ཆེ།

  7. ཆབ་ཚང་འཇམ་དཔལ། says:
    2013-09-27 at 9:37 pm

    སྐྱེ་རྒུ་མདོའི་ས་ཡོམ་གྱི་གནས་སྟངས་སྐོར་བྲིས་མེད་པ་དེ་རྒྱུ་མཚན་ཞིག་གིས་མ་བྲིས་པ་མ་རེད། ཆད་སོང་བ་རེད། རྗེས་སོར་ཁ་སྐོང་བྱ་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme