Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོ་ཚེ་ཚུལ་ཁྲིམས་རྡ་ས་ལ་སླེབས་འདུག

Posted on 2009-04-09 By No Comments on ཁོ་ཚེ་ཚུལ་ཁྲིམས་རྡ་ས་ལ་སླེབས་འདུག

སྤྱི་ཟླ་བཞི་བའི་ཚེས་བཞི་སྟེ་གཟའ་ཉི་མའི་ཉིན་གྱི་སྔ་དྲོར་ང་རང་མལ་དུ་ཉལ་མ་ལངས་ཀྱི་ངང་སྡོད་པའི་སྐབས་ཤིག་ལ། གྲོགས་པོ་ཞིག་གིས་ཁ་པར་ནང་ཁོ་ཚེ་ཚུལ་ཁྲིམས་སླེབས་འདུག་པ་མ་ཟད། ད་ལྟ་ཐེག་ཆེན་གཙུག་ལག་ཁང་དུ་འགྲོ་ཡི་འདུག་ཅེས་བཤད་བྱུང༌། ང་ཧང་སངས་པའི་ངང་མྱུར་དུ་གདོང་དང་སོ་བཀྲུས་ནས་སྦག་སྦག་ལ་ཞོན་ཏེ་བལྟ་རུ་སོང༌། གཙུག་ལག་ཁང་གི་ར་སྐོར་ན་མཐོང་རྒྱུ་མི་འདུག ཉིན་དེར་ྋགོང་ས་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་འཚོགས་ཀྱིན་འདུག་ལ། གཙུག་ལག་ཁང་དུ་མི་ཚོགས་ཀྱིས་འཚང་ཁ་བྱེད་ཀྱིན་འདུག དེའི་བར་ནས་ང་ཕོ་བྲང་སྒོ་དྲུང་དུ་བཅར་ཏེ་ཅུང་སྒུག་པ་ན། གོས་ཆེན་གྱི་སོག་ལྭ་ཞིག་གྱོན་ཞིང་པཎ་ཞྭ་སྣེ་རིང་ཞིག་གོན་ནས་ཅི་འདྲའི་བླ་ཆེན་ཞིག་མིན་ནམ་སྙམ་པའི་སོག་པོ་ཞིག་སྐུ་སྲུང་འགས་སྐོར་ནས་ཡོང་གི་འདུག ངས་ཞིབ་བལྟ་ཞིག་བྱས་པས་རྦད་དེ་བློ་ཡུལ་ལས་འདས་པའི་རྒྱལ་འཚོང་བ་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་རེད་འདུག ང་མདུན་ཕྱོགས་སུ་བཅར་བ་ན་སྐུ་སྲུང་རྣམས་ཀྱིས་ཁོ་དང་ཁོའི་ཆུང་མ་ཡིན་ནམ་སོག་མོ་ཞིག་དང་སོག་རྒན་ཞིག་བཅས་གཙུག་ལག་ཁང་གི་ཕྱི་ལོགས་ལ་ཕུད་ཀྱིན་འདུག ཅུང་ཙམ་མིན་ན་བོད་གཞུང་བདེ་སྲུང་དང་བཅས་པས་མ་ཤེས་པར་མཇལ་ཁར་བཅར་འདུག་ལ། མཇལ་ཁར་བང་བསྒྲིགས་པའི་སྐབས་སུ་ཧ་གོ་ནས་ཕྱིར་ཕུད་བཏང་འདུག ཁག་ག་ལ་ཡོད་དེ། ཁོས་སོག་པོ་ལ་བརྫུས་ཤིང་མིང་ཡང་རྦད་དེ་བརྗེས་པོ་བརྒྱབ་ནས་སླེབས་འདུག དེའི་རྗེས་སུ་ཞིབ་འཇུག་གནང་གསལ་ལ་ཁོའི་རྗེས་ཀྱི་སོག་རྒན་དེ་ན་ནིང་ཨོ་ལིམ་ཕིག་གི་དཔལ་འབར་འཁྱེར་མཁན་གྱི་དམག་མི་ཞིག་ཡིན་པ་ངོས་ཟིན་འདུག་པ་མ་ཟད། སོག་མོ་དེ་ཡང་དོལ་རྒྱལ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ར་འཕྲོད་འདུག དེ་ནས་ཁལ་ཁ་རིན་པོ་ཆེར་མཇལ་བར་སོང་འདུག་མོད། རིན་པོ་ཆེའི་རྣམ་མཁྱེན་གྱིས་རྟོགས་པ་ཡིན་ནམ། གང་ལྟར་ཁྱོད་ཚོ་དོལ་རྒྱལ་བསྟེན་མཁན་དེ་འདྲ་མིན་པ་ཞེས་བཀའ་འདྲི་གནང་འདུག ཡར་མཆོད་རྟེན་ཞིག་ཕུལ་འདུག་པ་ཁོ་ཚོ་སོང་མ་ཐག་མཆོད་རྟེན་དེ་ག་རང་ནས་འདུག་པ་གསལ་བོ་ཡིན། དེ་ནས་ཁོ་ཚོར་ཕྱོགས་མང་བོ་ནས་དོགས་ཞིབ་བྱེད་ཀྱིན་པ་ཚོར་ནས་གློ་བུར་དུ་སྒེར་གྱི་རླངས་འཁོར་ཞིག་གླས་ནས་ཚེས་བཞིའི་དགོང་དྲོ་རང་ལ་ལྡི་ལིར་བྲོས་འདུག རྗེས་སུ་ཁོ་རྡ་སར་ཡོང་དོན་སྐོར་ལ་རྩད་ཞིབ་བྱེད་སྐབས། ཁོ་ཐོག་མར་ཡོང་དུས་ནས་མིང་ལ་འཇམ་དཔལ་དགྱེས་པའི་བློ་གྲོས་དང་སོག་པོའི་མཁན་པོ་ཞིག་ཡིན་པའི་སྒྲུང་ཞིག་བཟོས་འདུག་ལ། གསང་བ་དེ་རྐུབ་མི་བརྡོལ་བ་ག་ལ་སྲིད་དེ། རྡ་སར་སླེབས་པའི་སྔ་དྲོ་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བས་ཁོ་ལ་བྱ་སྤྱོད་གང་ཡང་སྤེལ་བའི་གོ་སྐབས་མ་རེག་པ་རེད། དེའི་སྟབས་ཀྱིས་ང་ཚོས་མཐའ་གཅིག་ཏུ་འདི་རེད་ཅེས་བརྗོད་མི་ཐུབ་ནའང༌། ཁོ་རང་རྒྱལ་འཚོང་བ་ཞིག་དང་ཡང་ན་གངས་ཅན་བླ་བའི་ཨབ་ཕྲུག་ཅིག་ཡིན་པ་ལ་དོགས་པ་སྤུ་རྩེ་ཙམ་ཡང་མེད་པ་ཡིན་ནོ།།ཁོའི་ཞིབ་ཕྲའི་ལོ་རྒྱུས་གླེང་མི་དགོས་པར་ཚང་མས་ཤེས་ངེས་ཡིན་ལ། གལ་སྲིད་འདི་ནས་བརྗོད་དགོས་ཚེ་རྟ་དྲེལ་གྱི་ཁལ་ལས་འགོངས་པར་འགྱུར་བས་ངལ་བ་མི་བསྟེན་པར་བྱའོ།། ལྡི་ལི་ནས་རྡོ་རྗེ་གདན་སོགས་མཇལ་སྐོར་དུ་སོང་འདུག་ལ། ད་ལྟའང་རྒྱ་གར་ནང་ལོགས་ན་འཁོར་གྱིན་ཡོད། མི་ཚང་མས་ཁོ་ལས་དོན་ཞིག་གི་ཆེད་དུ་ཡོང་བ་ཞིག་ཡིན་པ་ཚོད་དཔག་བྱེད་ཀྱིན་འདུག་པ་ལས། འདི་རེད་ཅེས་གསལ་ཁ་གང་ཡང་ཐོན་མི་འདུག

ལྷ་ཆབ་སྦྱིན་པའི་དྲ་ངོས་སུ་ཡོད་པ་ཞིག་གྲོགས་པོ་ཞིག་གིས་ང་ལ་བསྐུར་འདུག་པ་དམར་བཤུས་བྱས་ནས་འདིར་བཤམས་པ་ཡིན།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: ཁོ་ཚེ་ཚུལ་ཁྲིམས་རྡ་ས་ལ་སླེབས་འདུག
Next Post: ཁོ་ཚེ་ཚུལ་ཁྲིམས་རྡ་ས་ལ་སླེབས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme