Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེར་རྐྱང་དང་འབྲེལ་ལམ །

Posted on 2016-01-142016-01-14 By ཁ་བརྡ 11 Comments on ཁེར་རྐྱང་དང་འབྲེལ་ལམ །

unnamed-5—–ཆབ་ཆ་ལྗང་ལོས་བསྒྱུར།
 
(ཇེ་ཀེར་ཤི་ནྰ་མོར་ཌེ J. Krishnamurti ཡི་<<ཐོག་མ་དང་མཐའ་མའི་རང་དབང་།>> << The First and Last Freedom>> ཞེས་པའི་དབྱིན་ཡིག་བརྩམས་ཆོས་ལས།)

མི་ཚེ་ནི་འཚོ་བའི་ཉམས་མྱོང་ཞིག་རེད ། ཉམས་མྱོང་ནི་འབྲེལ་ལམ་ལས་བྱུང་པ་དང་། མི་ཚེའི་ཉམས་མྱོང་ནི་འཚོ་བའི་འབྲེལ་ལམ་ལ་མ་བརྟེན་པར་ཁེར་རྐྱང་ངང་འཚོ་བར་གནས་མི་ཐུབ ། དེའི་ཕྱིར་མི་ཚེའི་འཚོ་བ་ནི་འབྲེལ་ལམ་ཞིག་དང་འབྲེལ་ལམ་ནི་འཚོ་བའི་ཉམས་མྱོང་གི་བྱ་སྤྱོད་ཞིག་སྟེ ། མི་ཚེའི་འཚོ་བའི་འབྲེལ་ལམ་གྱི་ནུས་ཤུགས་རྟོགས་པ་ལ་ཅི་ཞིག་བྱེད། འཚོ་བའི་འབྲེལ་ལམ་ནི་མི་མང་ཁོ་ནར་མཛའ་འབྲེལ་གྲོས་བསྟུན་ལས་བྱུང་བ་ཞིག་མ་ཡིན་པར་ཉེ་ཚུལ་གྱི་བྱ་དངོས་དག་ལས་ཀྱང་བྱུང་ངོ་། མི་ཚེའི་འཚོ་བ་ནི་འབྲེལ་ལམ་ཞིག་དང་དེ་ནི་མི་མང་དང་བྱ་དངོས ། བསམ་བློ་དག་ལས་བྱུང་བ་ཞིག་རེད ། ང་ཚོའི་མི་ཚེ་ཡོངས་སུ་རྫོགས་པའི་འབྲེལ་ལམ་གྱི་ནུས་པ་རྟོགས་པ་ལ་དགོས་མཁོ་དང་མཐུན་པར་བྱེད་དགོས ། ང་ཚོའི་དཀའ་ངལ་ནི་འབྲེལ་ལམ་གྱི་ནུས་སྟོབས་མ་ཡིན་པ་དང་འབྲེལ་ལམ་གྱི་ནུས་སྟོབས་ནི་རང་དབང་གི་འབྲེལ་ལམ་ཞིག་དེ་བས་ཀྱང་མ་ཡིན་ནོ ། ཡིན་ནའང་། འབྲེལ་ལམ་རྟོགས་པ་ལ་རང་བཞིན་གྱིས་ཕན་ཚུན་བར་གསལ་འདེབས་བྱེད་པ་དང་། ལེགས་ཆ་བཅོས་སྒྲིག་བྱེད་པ ། ཡང་ན་འཇམ་མཉེན་སོགས་ཀྱི་ནུས་པ་མྱུར་བར་བཏོན་དགོས།

འབྲེལ་ལམ་ནི་ངེས་པར་དུ་མེ་ལོང་ནང་དུ་རང་ཉིད་ཀྱི་གཟུགས་བརྙན་མཐོང་བ་བཞིན་ཕྱི་གསལ་ནང་གསལ་ལྟ་བུ་ཞིག་དགོས་ལ། དེའི་ཕྱིར་། འཚོ་གནས་ནི་འབྲེལ་ལམ་ལ་བརྟེན་ནས་བྱུང་བ་དང་། འབྲེལ་ལམ་ལ་མ་བརྟེན་པས་འཚོ་གནས་མེད་ལ་ཁྱེད་ཡང་མེད་། རྒྱུ་མཚན་ཁྱེད་རང་འཚོ་བར་གནས་བ་ལ་འབྲེལ་ལམ་ལ་བརྟེན་དགོས་བ་དང་འབྲེལ་ལམ་ལ་མ་བརྟེན་པར་འཚོ་བར་གནས་མི་ཐུབ་པའོ ། དེ་ནི་རྒྱུ་མཚན་ཡང་དག་ཞིག་མ་ཡིན་པར་ཁྱོད་ཀྱི་བསམ་པར་ཁྱོད་ནི་འཚོ་གནས་ནང་དུ་སླེབས་ཡོད་པར་འདོད ། མ་ཟད་ཁྱོད་རང་ཉིད་འབྲེལ་ཡོད་ཞིག་ཏུ་འདོད་པ་དང་དོན་ངོ་མར་དེ་ནི་ཕན་ཚུན་བར་གྱི་འབྲེལ་ལམ་འཐབ་རྩོད་ཀྱི་རྒྱུ་རྣམས་རྟོགས་པའི་གནས་ལུགས་མ་འདང་བ་དང་ཉུང་དྲགས་པའི་ཕྱིར་རོ །

ད་ལྟ་འབྲེལ་ལམ་གྱི་གནས་ལུགས་རྟོགས་མེད་པ་དང་རྒྱུ་མཚན་ང་ཚོའི་འབྲེལ་ལམ་ནི་རྣམ་པར་སྒྱུར་བ་དང་ལས་དོན་གང་ཞིག་ལེགས་པར་སོན་པའི་གྲུབ་འབྲས་ཁོ་ན་ཆེད་དུ་ལོངས་སུ་སྤྱོད་བཞིན་ཡོད ། ཡིན་ནའང་། འབྲེལ་ལམ་ནི་རང་ཉིད་རང་གི་རྟོགས་པ་དང་ཡང་ན་རང་ཉིད་མངོན་གྱུར་བྱེད་པའི་ཆེད་དུ་ཡིན ། དེར་ཕྱིར ། ངས་ངེས་པར་དུ་འབྲེལ་ལམ་རྟོགས་དགོས་པ་དང་འབྲེལ་ལམ་མེད་པར་རང་གི་རང་ཉིད་རྟོོགས་མི་ཐུབ་པ་དང་རང་ཉིད་མངོན་གྱུར་ཡང་བྱེད་མི་ཐུབ ། འབྲེལ་ལམ་ནི་མེ་ལོང་ལྟ་བུ་ཞིག་དང་རང་གི་རང་ཉིད་མེ་ལོང་ནང་དུ་མཐོང་ཐུབ་པ་དང་དེ་བཞིན་རང་གི་གཟུགས་བརྙན་ཡོངས་སུ་ཚུར་འཕྲོས་ངེས་ཡིན ། འོན་ཀྱང་། ང་ཚོས་མང་ཤོས་ཀྱི་འབྲེལ་ལམ་ནི་མེ་ལོང་དུ་མཐོང་ཐུབ ། གལ་སྲིད་ང་ཚོས་འཚོ་བའི་གནས་ལུགས་དང་གཞན་བར་ཀྱི་འབྲེལ་ལམ་རྟོགས་པ་ལ་ང་ཚོའི་ཁེར་རྐྱང་གི་འཚོ་བའི་བརྒྱུད་རིམ་རྟོགས་དགོས །

དོན་དངོས་མར་ང་ཚོས་གཞན་བར་དུ་སེམས་འཁུར་ཀྱི་བློ་གཡེང་མི་བྱེད་དང་ཡང་ན་ང་ཚོ་རླབས་ཆེ་བའི་གཏམ་ཞིག་དོན་དངོས་སུ་མི་སྨྲ་བའི་ཕྱིར ། ང་ཚོ་མི་ཆེ་གེ་མོ་འབའ་ཞིག་དང་མཉམ་དུ་འབྲེལ་ལམ་དུས་ཡུན་རིང་པོར་ཡོད་པ་དེ་ང་ཚོས་མགུ་ནས་ཡིད་ཚིམ་པ་དང་དེ་བཞིན་དུས་ཡུན་རིང་པོར་ཞིག་ཏུ་ང་ཚོ་ལ་སྐྱབས་གནས་ལྟ་བུ་རེ་བ་སྐོང་བཞིན་ཡོད་པར་སེམས ། ཡིན་ནའང་། ཡུད་ཙམ་ཀྱི་དེའི་གནས་སྐབས་སུ་དཀྲོག་རྐྱེན་གྱི་བར་ཆད་ཞིག་འབྲེལ་ལམ་ནང་དུ་ཡོད་པ་དང་དེ་ནི་མི་བདེ་བ་དང་མི་བཟོད་པའི་ངང་དུ་རང་ཉིད་ནས་མངོན་ཏུ་གྱུར་པ་དང་དེའི་ཕྱིར་ང་ཚོས་འབྲེལ་ལམ་དེ་འདོར་བར་བྱེད ། ཚིག་གཞན་ཞིག་གི་ནང་དུ་འབྲེལ་ལམ་ནི་ང་ཚོས་དུས་ཡུན་རིང་པོ་ཚིམ་པར་བྱེད་པ་དང་གཅིག་བྱས་ནི་དེ་ནི་སྒྲ་རྩུབ་པོ་ཞིག་ཡིན་སྲིད ། ཡིན་ནའང་། གལ་སྲིད་ཁྱེད་དོན་དངོས་ཀྱི་རང་ཉིད་ཀྱི་འཚོ་བ་ལ་ཧ་ཅང་ཉེ་འཁྲིས་སུ་བཅར་ནས་རྩད་ཞིབ་དང་བརྟག་དཔྱད་ཡང་དག་བྱེད་ན་མ་འོངས་བར་ཁྱེད་ཀྱི་དངོས་ཡོད་ཀྱི་འཚོ་བའི་སྙིང་པོ་དེ་དངོས་བདེན་འཚོལ་ཞིབ་བྱེད་ཐུབ་པ་དང་འཚོ་བའི་ནང་མ་རིག་པ་དང་མ་ཤེས་གཞི་རྩའི་བྱ་བཞག་རྣམས་གཡོལ་ནས་ཟློག་པར་བྱེད ། རྒྱུ་མཚན་མ་རིག་པ་དང་མ་ཤེས་པའི་གཞི་རྩ་འབྲེལ་ལམ་དེ་དག་ལས་ཡང་དག་པའི་འབྲེལ་ལམ་ཞིག་ནམ་ཡང་མངོན་གྱུར་བྱེད་མི་ཐུབ །

གལ་སྲིད་ང་ཚོས་རང་ཉིད་ཀྱི་འཚོ་བའི་འབྲེལ་ལམ་ལ་འཚོལ་ཞིབ་དང་དཔྱད་ཞིབ་ཀྱི་དོ་སྣང་བྱེད་ན། དེ་ནས་ང་ཚོས་མཐོང་བཞིན་པའི་བརྒྱུད་རིམ་དེ་ནི་ཁང་བར་ཁ་གཏད་དུ་འགྲེང་བའི་འགོག་རྒོལ་གྱི་གྱང་ལྟ་བུ་སྟེ། ང་ཚོས་ཇི་ལྟར་དེའི་སྟེང་ལ་དཔྱད་པ་དང་ཞིབ་འཇུག་བྱེད་ན་ཡང་ང་ཚོ་ནམ་ཡང་གྱང་དེའི་ཕ་རོལ་དུ་བརྒལ་མི་ཐུབ། དེ་ནི་སེམས་ཁམས་རིག་པ་དང་། དངོས་གཙོ་སྨྲ་བ། དཔལ་འབྱོར་རིག་པ་སོགས་ཀྱི་གྱང་ཞིག་གམ། ཡང་ན་དེ་ནི་རྒྱལ་ཁབ་གཅིག་གི་གྱང་ཞིག་ཀྱང་ཡིན་ངེས། དེའི་ཕྱིར་། ང་ཚོ་དུས་ཡུན་རིང་པོ་ཞིག་ཏུ་གཞན་བར་འབྲེལ་ལམ་ཅི་ཡང་མེད་པར་ཁེར་རྐྱང་གི་འཚོ་བའི་ངང་གྱང་ངོས་ཤིག་གི་ཕ་རོལ་ན་འཚོ་བཞིན་ཡོད །
སྐབས་རེར་ང་ཚོ་ཆེས་ཉེ་བར་འཚོ་བའི་རྐྱེན་ནི་ང་ཚོའི་བསམ་བློར་ཧ་ཅང་གི་གཏན་འཇགས་ཤིག་དང་ཡིད་ཚིམ་པ་ཞིག་ལྟར་བཞིན་ཡོད། འཛམ་གླིང་འདི་ཧ་ཅང་གི་ཁ་ཐོར་འགས་ཐོར་ཞིག་ཡིན་པར་མ་ཟད་དེ་ལ་སྡུག་བསྔལ་གྱི་མྱ་ངན་དང་། ན་ཟུག། དམག་འཁྲུག གཏོར་བཤིག ཉམ་ཐག་སོགས་ཀྱིས་ཁེངས་བར་བྱེད་པ་དང་དེའི་ཕྱིར་ང་ཚོ་དེ་དག་ལས་ཐར་བར་འབད་བརྩོན་བྱེད་པ་དང་ཡང་ན་ང་ཚོའི་རངཉིད་ཀྱི་སེམས་ཁམས་རིག་པའི་འཚོ་བའི་ནང་རོལ་གྱི་གྱང་ངོས་ཉེན་སྲུང་ལས་འཚོ་བར་བྱེད ། དོན་དངོས་མར་ང་ཚོ་མང་ཆེ་བའི་འཚོ་བའི་འབྲེལ་ལམ་ནི་ཁེར་རྐྱང་གི་འཚོ་བའི་བརྒྱུད་རིམ་ཞིག་དང་། ཡང་ན་མངོན་གསལ་ཆེན་པོ་དེ་ལྟ་བའི་འབྲེལ་ལམ་ནི་སྤྱི་ཚོགས་ཤིག་གི་འཛུགས་སྐྲུན་གོང་འཕེལ་གཏོང་བའི་རྩིག་པ་ལྟ་བུ་དང་དེ་ནི་ཁེར་རྐྱང་གི་འཚོ་བའི་བརྒྱུད་རིམ་ཞིག་ཀྱང་ཡིན ། དེ་ནི་སྔ་ཕྱི་བར་གསུམ་དུ་ཇི་མ་ཇི་བཞིན་འཛམ་གླིང་ལས་གང་ཞིག་བྱུང་བཞིན་ཡོད །
ཁྱོད་ཤུལ་དུ་གནས་ནས་རང་ཉིད་ཀྱི་ཁེར་རྐྱང་གི་འཚོ་བའི་ནང་དུ་གནས་པར་མ་ཟད་རང་ཉིད་ཀྱི་ལག་པ་གྱང་ངོས་ལ་འཐེན་བཞིན་མི་རིགས་རིང་ལུགས་དང་མཆེད་གྲོགས་སྤུན་ཟླ་ཞེས་འབོད་སྐད་སྒྲོག་བཞིན་ཡོད ། ཡིན་ནའང་། ད་དུང་ཁྱོད་རང་ཉིད་ཚོད་འཛིན་ཞིག་ལ་འཐམ་ཞིང་འཁྱུད་པ་དང་བསམ་བློར་འཛམ་གླིང་ཞི་བདེའི་ལམ་ནས་མཐུན་སྒྲིལ་བཟོ་འདོད་པ་དེ་མངོན་གྱུར་ཡོང་མི་སྲིད་པ་ཞིག་རེད། དུས་ཡུན་རིང་པོ་ཁྱེད་ལ་དཔལ་འབྱོར་དང་ཆོས་ལུགས ། སྤྱི་ཚོགས་གསར་པ་སོགས་ཡོད་པ་དང་དེ་དག་ལས་འཛམ་བུ་གླིང་འདིར་ཞི་བདེ་ཞིག་བསྐྲུན་མི་ཐུབ་པ་དོན་དངོས་ཀྱི་ར་འཕྲོད་གསལ་བོ་བྱེད་ངེས །

ཁེར་རྐྱང་གི་འཚོ་བའི་བརྒྱུད་རིམ་ནི་སྟོབས་ཤུགས་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཞིག་དང་། ཡང་ན་འཚོལ་བཞིན་པའི་ནུས་པ་དེ་ནི་སྒེར་ཞིག་དང་། རིགས་རྒྱུད ། ཚོགས་པ་ལ་སོགས་ངེས་པར་དུ་ཁེར་རྐྱང་དུ་གནས་དགོས ། རྒྱུ་མཚན་འཚོལ་བཞིན་པའི་དགོས་འདུན་དེ་དག་ནི་སྟོབས་ཤུགས་དང་གོ་གནས་ཁོ་ན་ཆེད་དུའོ ། ཚང་མས་རྗེས་སུ་འབྲངས་ནས་ཅི་ཞིག་མཁོ་བ་མ་ཡིན་ནམ ། འོན་ཀྱང་། ཁོང་ལ་མཁོ་བ་ནི་སྟོབས་ཤུགས་ཀྱི་གོ་གནས་ཤིག་ཡིན ། དཔེར་ན་སྟོབས་ཤུགས་ཀྱི་གོ་གནས་དེ་ནི་རང་ཁྱིམ་དང་། གཞུང་ལས་ཁང་སོགས་ཁོང་གིས་དབང་སྒྱུར་བྱེད་ཐུབ་པ་ལྟ་བུའོ །
དེ་དག་རེ་རེ་ནས་སྟོབས་ཤུགས་ཀྱི་ནུས་པ་འཚོལ་བཞིན་པ་དང་ཡང་ན་འཚོལ་བཞིན་པའི་སྟོབས་ཤུགས་དེ་ནི་ཁོང་གི་སྤྱི་ཚོགས་གསར་བ་ཞིག་འཛུགས་སྐྲུན་དང་རྩ་འཛུགས་ཀྱི་རྨང་གཞིའི་སྟོབས་ཤུགས་རེད ། དམག་དོན་དང་། བཟོ་ལས ། དཔལ་འབྱོར་སོགས་ཀྱི་རྨང་གཞི་དེ་དག་ནི་ཡང་བསྐྱར་མངོན་གྱུར་བྱེད་ནས་དངོས་སུ་ར་འཕྲོད་བྱེད་ཐུབ ། འོན་ཀྱང་དེ་དག་ནི་འདོད་པའི་དགོས་འདུན་གྱི་ནུས་སྟོབས་མ་ཡིན་པར་དེ་ནི་ཤིན་ཏུ་ཁེར་རྐྱང་རང་བཞིན་ཞིག་མ་ཡིན་ནམ ། ངས་བསམ་པར་དེ་ནི་ཧ་ཅང་གི་གལ་ཆེན་རང་བཞིན་གྱི་གནས་ལུགས་རྟོགས་དགོས་པ་ཞིག་རེད ། རྒྱུ་མཚན་མི་སུ་ཞིག་ཡིན་རུང་དོན་དངོས་སུ་མཁོ་བ་ནི་འཛམ་གླིང་ཞི་བདེ་ཡིན །
གལ་སྲིད་འཛམ་གླིང་འདི་ནང་དུ་དམག་འཁྲུག་མེད་པ་དང་། འཇིགས་རུང་གི་གཏོར་སྐྱོན ། དངངས་སྐྲག་གི་རྐྱེན་ངན ། ཉམ་ཐག་གི་སྡུག་བསྔལ་སོགས་མི་ཡོང་བ་ནི་གཞལ་དུ་མེད་པའི་གནས་ལུགས་རྟོགས་དགོས་བའི་གཞི་རྩའི་དྲི་བ་དེ་ཡིན ། དེའི་ཕྱིར་མི་སུ་ཞིག་ཡིན་རུང་སྟོབས་ཤུགས་ཀྱི་ཚོར་བ་མེད་པར་ཕན་ཚུན་བར་མཛའ་བརྩེ་དང་བརྩེ་གདུང་ལྡན་དགོས་པ་དང་། ཡང་ན་ལྷག་བསམ་དང་སྙིང་རྗེ་ལྡན་དགོས་པ་རེད ། དེར་བརྟེན་དེ་ལྟ་བུ་མི་ལ་རྒྱལ་ཁབ་དང་རྒྱལ་དར་གང་ཞིག་ཡིན་པ་ཕན་ཚུན་བར་མཐའ་མཚམས་ཀྱི་བཀག་རྒྱ་མེད་པར་ཚང་མ་གཅིག་གྱུར་དུ་འདོད །

ཁེར་རྐྱང་གི་འཚོ་བའི་ནང་དུ་དེ་ལྟ་བུའི་རྒྱལ་ཁབ་དང་། མི་དམངས ། སྒེར་ཞེས་མེད་པར་ཁེར་རྐྱང་དུ་འཚོ་ཐུབ ། རྒྱུ་མཚན་ད་དུང་ཁྱོད་ཀྱི་ལམ་ཁ་མི་འདྲ་བའི་མང་པོ་ཞིག་ནས་སྟོབས་ཤུགས་ཀྱི་ནུས་པ་འཚོལ་བཞིན་ཡོད་པ་དང་ཁེར་རྐྱང་གི་རིགས་རྒྱུད་ཀྱང་སྤེལ་གྱིན་ཡོད ། དེ་ལྟ་བུ་ཁོང་ནི་ཁེར་རྐྱང་གི་འཚོ་བའི་ཁྲོད་དུ་གསར་གཏོད་པ་ཞིག་དང་། ཡང་ན་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་མི་མཐུན་པའི་གཞན་དག་བར་དུ་གྱང་གི་རྩིག་པ་བཞིན་ཏུ་ཁ་གཏད་ཕྱོགས་སུ་ལངས་མཁན་ཞིག་ཀྱང་ཡིན ། འོན་ཀྱང་བྱ་དངོས་གང་ཞིག་རྟག་ཏུ་རྒྱུན་ཆད་མེད་པར་ཁ་གཏད་ཕྱོགས་སུ་ལངས་ནས་ཁྱོད་ཀྱི་གྱང་གི་རྩིག་ངོས་ལ་རྡུང་རྡེག་བྱེད་ན་ཁྱོད་ཀྱི་གྱང་གི་རྩིག་པ་ལྟ་བའི་ལྷག་བསམ་དེ་ཅི་ཞིག་ཡིན་རུང་ཁ་གཏད་དུ་ལངས་སྲིད་དམ །
ནམ་ཞིག་ཁྱེད་ཀྱི་དངོས་པོ་གང་ཞིག་ལ་གདོང་ལེན་བྱེད་པ་དང་ཡང་ན་ཧ་ཅང་གི་རྒོལ་འཛིངས་འགོག་རྒོད་ཀྱི་བརྡ་མཚོན་སྟོན་ན་དེ་ནི་ཁྱེད་དང་གཞན་བར་འཐབ་རྩོད་ནང་དུ་ལྷུང་བ་དང་ཀུན་ནས་མཚུངས ། དེའི་ཕྱིར ། མི་རིགས་རིང་ལུགས་ནི་ཁེར་རྐྱང་གི་བརྒྱུད་རིམ་ཞིག་དང་སྟོབས་ཤུགས་འཚོལ་བའི་གྲུབ་འབྲས་ཤིག་མ་ཡིན་པར་འཛམ་གླིང་ཞི་བདེ་རུ་སྐྱེལ་བ་དེ་བས་ཀྱང་མ་ཡིན་ནོ ། གལ་སྲིད་མི་རིགས་རིང་ལུགས་པ་མི་སུ་ཞིག་གི་མཆེད་གྲོགས་སྤུན་ཟླ་ཞེས་བའི་གྲོས་མོལ་གནང་བ་ནི་རྫུན་གཏམ་ཁོ་ནའོ ། རྒྱུ་མཚན་ནི་ཁོང་འགལ་ཟླའི་གནས་སྟངས་ཤིག་ཏུ་འཚོ་བའི་ཕྱིར ། འཛམ་གླིང་འདི་ནང་དུ་མི་སུ་ཞིག་ཆགས་པའི་དགོས་འདུན་གྱི་དབང་གི་སྟོབས་ཤུགས་དང་། གོ་གནས ། དབང་ཆ་སོགས་མི་མཁོ་བར་མངོན་གསལ་ཆེན་པོས་འཚོ་གནས་བྱེད་ཐུབ །

འཛམ་གླིང་འདིའི་ནང་གི་མི་ཞིག་ལ་དབང་ཆ་དང་། གོ་གནས། ནུས་མཐུ་ལ་སོགས་པའི་འདོད་འདུན་ཅི་ཡང་མེད་པར་འཚོ་གནས་ཐུབ་བམ། རང་ཉིད་ཅི་ཞིག་ཆེས་རླབས་ཆེན་ཡིན་པར་ངོས་འཛིན་མི་བྱེད་པའི་སྐབས་ཀྱི་མི་དེ་ནི་དེ་ལྟར་འཚོ་གནས་ཐུབ་པ་མངོན་གསལ་དོད་པོ་རེད། འདི་ལྟ་བུའི་ཅི་ཞིག་རླབས་ཆེན་གྱི་ངོས་འཛིན་བྱེད་པ་དེ་ནི་ཚོགས་པ་དང་། རྒྱལ་ཁབ། རིགས་རྒྱུད། ཆོས་ལུགས། མདོར་ན་དཀོན་མཆོག་ལ་སོགས་པ་ཡོད་ཚད་ཀྱིས་འཚོལ་བཞིན་པའི་ནུས་པ་དེ་ཡིན། རྒྱུ་མཚན་ནི་ཁྱོད་རང་ཉིད་ལ་དོན་སྙིང་ཅི་ཡང་མེད་པ་དང་། བློ་རིག་རྟུལ་བ། ཆེས་ཐེབས་ཆག་ཅིག་ཡིན་པར་སེམས་ཤིང་། རང་ཉིད་ཅི་ཞིག་རླབས་ཆེན་ཡིན་པར་ངོས་འཛིན་བྱེད་རྒྱུར་དགའ་བའི་ཕྱིར་རོ། དེ་ལྟ་བུའི་རང་ཉིད་ཅི་ཞིག་རླབས་ཆེན་ཡིན་པར་ངོས་འཛིན་བྱེད་པའི་འདོད་པ་དེ་སྟོབས་ཤུགས་ཆེད་ཀྱི་ནུས་པ་དེའོ།

འབྲེལ་ལམ་ནི་རང་ཉིད་ཤེས་མདོག་ཁ་པོ་དང་སྤྱང་གྲུང་འཛོམས་པོར་མི་བྱེད་པར་རང་ཉིད་ཐེར་འདོན་དང་གསལ་སྟོན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་བརྒྱུད་རིམ་དེ་དག་གི་ཐབས་ལམ་ནི་བསམ་བློ་དང་སྙིང་སྟོབས་ཁོ་ན་ལས་ཕྱི་ཚུལ་དུ་གསར་སྐྲུན་དང་རྩ་འཛུགས་བྱེད་པ་དེ་ནི་གོ་དོན་ཆུང་ཆུང་ལྡན་པའི་ལམ་ལུགས་ཤིག་དང་སྦྱོར་ཐབས་ཀྱི་མན་ངག་ཞིག་རེད ། ཅི་ཞིག་གལ་ཆེན་ཡིན་པ་དེ་རང་ཉིད་ཀྱི་འཚོ་བའི་འབྲེལ་ལམ་ལ་བརྟེན་ནས་ཕན་ཚུན་བར་གནས་ལུགས་རྟོགས་དགོས་པ་ཡིན ། དེའི་ཕྱིར ། ཕན་ཚུན་བར་འབྲེལ་ལམ་ཆགས་པ་ལ་ཁེར་རྐྱང་གི་འཚོ་བའི་བརྒྱུད་རིམ་ཁོ་ན་མ་ཡིན་པར་རང་ཉིད་ཀྱི་འགྲོ་འོང་འགུལ་སྐྱོད་ཀྱི་འཚོོ་བ་ལ་བརྟེན་ནས་ཡང་དག་པར་སེམས་པའི་ཀུན་སློང་དང་། བསམ་བློ ། རྗེས་སྙེག་མཐའ་སྐྱེལ་པ་སོགས་བྱེད་ནས་ཐར་བའི་བཅིངས་འགྲོལ་རྣམ་པར་སྒྱུར་བའི་འགྱུར་ལྡོག་ཞིག་ཐོག་མར་འགོ་འཛུགས་ནས་ཕན་ཚུན་བར་འབྲེལ་ལམ་ཡང་དག་པ་ཞིག་མངོན་གྱུར་བྱེད་དགོས །

འགྱུར་རྩོམ།

Post navigation

Previous Post: བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༩ པ་སྤེལ་བ།
Next Post: ཉིས་སྟོང་བཅོ་ལྔ་ལོའི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་བལྟས་པ།

Comments (11) on “ཁེར་རྐྱང་དང་འབྲེལ་ལམ །”

  1. གཅན བཟོད་རྒྱམ། says:
    2016-01-14 at 4:36 pm

    ལོ་ཙཱ་བར་བཀའ་དྲིན་ཆེ་ཞུ།
    ཡག་པོ་བསྒྱུར་གནང་འདུག

  2. མགར་མི་ནག says:
    2016-01-14 at 5:07 pm

    བཀྲ་ཤིས་བདེ་ལེགས།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-15 at 12:52 am

    བོད་འགྱུར་ག་ཚོད་མང་ན་ཡང་། དེ་ཚོད་ཀྱིས་བོད་དང་བོད་མིར་ཕན་ཐོགས་ཆེ་བས་་་་་་

  4. གནམ says:
    2016-01-15 at 3:08 am

    ༼ཁེར་རྐྱང་ངང་འཚོ་(བ(ར)་གནས་མི་ཐུབ།༽ བསྒྱུར་འདིའི་ལུགས་སུ་རེད། ཚིག་འདིའི་དོན་ཅི་རེད།

  5. གནམ says:
    2016-01-15 at 3:25 am

    དོན་ཞིག་ཡོད་ལ་མེད་ལ་ངང་། མར་དག་ཙམ་ཞིག་བཀླགས་པ་ན། འདི་འདྲ་ཞིག་ལ་ཐུག་སོང་། ༼དེ(ར)་ཕྱིར །༽ དོན་མི་གོ་ནི་འདི་འདྲ་ལ། འགྲེལ་ཆེན། འགྲེལ་ཆུང་། འགྲེལ་མདོ། གང་འདྲ་ཞིག་ཡོད་ན་གསུངས་རོགས་གནོང་།

  6. གཅན བཟོད་རྒྱམ། says:
    2016-01-15 at 5:09 am

    གནམ་ལགས། (ཁེར་རྐྱང་ངང་འཚོ་བ་ར་)ཟེར་བ་དེ་འཚོ་བར་”ཞེས་པར་བ་དང་རའི་བར་དུ་ཚགས་གཅིག་གཏགས་ནོར་བྱུང་བ་རེད། དེ་ར་ཕྱིར་ཟེར་བ་དེ་དེའི་ཕྱིར་ཟེར་བ་ལོས་ཤེས་མོད། མཁྱེན་བཞིན་མིའི་དཀའ་སྤྱད་ཀྱི་གྲུབ་འབྲས་ལས་ཡིག་འབྲུ་གཅིག་གཉིས་རེ་གསལ་བ་ནི་དགོས་པ་ཆེར་མེད་པ་ཞིག་མ་རེད་དམ།

    ལོ་ཆུང་ལོ་ཙཱ་བ་འདིའི་རིགས་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤར་རྒྱུའི་ཚབ་ཏུ་འགྲེལ་ཆེན་འགྲེལ་ཆུང་སོགས་ཚིག་ཉོག་མང་པོ་བྲིས་པ་དུས་གྲོན་པ་མ་རེད་དམ། ཕན་ལས་གནོད་ཀྱང་མི་ཆེའམ།

    སྐབས་འདིར་ཏག་ཏག་བོད་ཀྱི་སྙན་ངག་པ་འདས་པོ་ཨ་ཁུ་ཡི་དམ་ཚེ་རིང་གི་སློབ་ཆུང་སློབ་མ་ཞིག་གིས་སྙན་ངག་ཅིག་བྲིས་ཏེ་ཁོང་ལ་སྤྱན་འབུལ་ཞུས་པའི་བཤད་ཚུལ་དེ་དྲན་བྱུང་།

  7. རང་བཙན་བུ། says:
    2016-01-15 at 6:29 am

    སློབ་དཔོན་ཀིར་ཤི་ན་མུར་ཏིའི་དགོངས་ཚུལ་མང་པོ་ཞིག་འཇའ་འོད་ཀྱི་གུར་ཁང་འདྲ་པོ་ཞིག་ཡོད་པ་རེད། བྱ་དགོས་མང་པོའི་གནས་ལུགས་དེ་ཕལ་ཆེར་དེ་འདྲ་ཞིག་ཡིན་པ་འདྲ། ང་རང་ཁོང་གི་སྐད་ཆར་དགའ་པོ་ཡོད།ཆབ་ཆ་ལྗང་ལོས་འདི་བསྒྱུར་པར་བསྔགས་བརྗོད་ཡོད། ཡིན་ནའང་འགྱུར་བདེ་པོ་ཞིག་རེད་མི་འདུག་སྙམ། འདི་བསམ་ཚུལ་ཡིན། ཞུ་མི་ཆོག་ན་དགོངས་སེལ་ཞུ། ཆོག་ན་ཕན་འདྲ་ཐོགས་སྲིད།

  8. རང་བཙན་བུ། says:
    2016-01-15 at 6:30 am

    སློབ་དཔོན་ཀིར་ཤི་ན་མུར་ཏིའི་དགོངས་ཚུལ་མང་པོ་ཞིག་འཇའ་འོད་ཀྱི་གུར་ཁང་འདྲ་པོ་ཞིག་ཡོད་པ་རེད། བྱ་དངོས་མང་པོའི་གནས་ལུགས་དེ་ཕལ་ཆེར་དེ་འདྲ་ཞིག་ཡིན་པ་འདྲ། ང་རང་ཁོང་གི་སྐད་ཆར་དགའ་པོ་ཡོད།ཆབ་ཆ་ལྗང་ལོས་འདི་བསྒྱུར་པར་བསྔགས་བརྗོད་ཡོད། ཡིན་ནའང་འགྱུར་བདེ་པོ་ཞིག་རེད་མི་འདུག་སྙམ། འདི་བསམ་ཚུལ་ཡིན། ཞུ་མི་ཆོག་ན་དགོངས་སེལ་ཞུ། ཆོག་ན་ཕན་འདྲ་ཐོགས་སྲིད།

  9. གནམ says:
    2016-01-15 at 8:56 am

    ལོ་ཙྪ་བ་ཞིག་བྱེད་ན། གསེར་ཁུར་ནས་རྒྱ་གར་ལ་འགྲོ་པའི་དཀའ་སྤྱད་གནང་མི་ཐུབ་ན་ཡང་། དོན་ཞིག་སྟོན་རྒྱུའི་ཆེད་དུ་ཅིག་བྲིས་ཡོད་ན། ཚིག་ཕྲད་ཀྱི་དབྱེ་ནུས་ནི་ངེས་བར་དུ་ཤེས་དགོས་སོ། ཡི་གེ་དང་མིང་མ་དག་ན་ཡང་། ང་ལ་དེ་འདྲའི་ཉོབ་སྣང་ཞིག་མེད་རུང་། ཕྲད་ནོར་ཤོར་ན། དེ་ནས། རྗོད་བྱའི་དོན་གྱིས་གོ་ནོར་རམ་གོ་དོན་མི་སྟེར་བས། ཁ་རྡུང་དེ་སོ་སོས་ཉོས་བ་རེད། སེམས་ཤུགས་ཆག་སླ་བོ་ཞིག་ཡིན་རྒྱུ་མ་རེད་བསམ། ང་ལ་ཕན་ལས་གནོད་གཏོང་བའི་ཡིད་ཁ་ཞིག་གཏན་ནས་མེད།

  10. ཚ་ཕྲུག་རྒྱལ། says:
    2016-01-15 at 2:30 pm

    གནམ་ལགས་སུ་ཞུ་རྒྱུ། ༼གསེར་ཁུར་ནས་རྒྱ་གར་ལ་འགྲོ་༼པའི་༽དཀའ་སྤྱད་གནང་མི་ཐུབ་ན་༼ཡང༽་། དོན་ཞིག་སྟོན་རྒྱུའི་ཆེད་དུ་ཅིག་བྲིས་ཡོད་ན། ཚིག་ཕྲད་ཀྱི་དབྱེ་ནུས་ནི་ངེས༼་བར་༽དུ་ཤེས་དགོས་སོ། ཡི་གེ་དང་མིང་མ་དག་ན་ཡང་། ང་ལ་དེ་འདྲའི་ཉོབ་སྣང་ཞིག་མེད་རུང་། ཕྲད་ནོར་ཤོར་ན། ༼དེ་ནས།༽ རྗོད་བྱའི་དོན་གྱིས་གོ་ནོར་རམ་གོ་དོན་མི་སྟེར་བས།༽ ཞེས་པའི་གོང་གསལ་གྱི་གུབ་རྟགས་ནང་གི་ཕྲད་དེ་ཚོར་གསལ་བཤད་གནང་རོགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-16 at 2:10 am

    ་་་་་་་་་ སློབ་དཔོན་ཀིར་ཤི་ན་མུར་ཏིའི་དགོངས་ཚུལ་མང་པོ་ཞིག་འཇའ་འོད་ཀྱི་གུར་ཁང་འདྲ་པོ་ཞིག་ཡོད་པ་རེད། ་་་་་་་་
    འདི་བདེན་པ་དྲ་བོའི་བསམ་བློ་ཅིག་ང་ལ་ཡང་བྱུང་བགྱིད་འདུག གང་ཡིན་ནམ། མི་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme