Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།

Posted on 2012-12-062012-12-06 By ཁ་བརྡ་ 11 Comments on ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།

 ཡིད་སེམས་སྐྱིད་པོ་ཞིག་དང་མཉམ་དུ་ཁེར་རྐྱང་གི་མལ་ས་ནས་བརྩེ་དུང་གི་སྙན་ངག་རེ་འབྲི་རྒྱུའི་སྟ་གོན་བྱེད་སྐབས། ཁ་པར་གྱི་སིལ་སྒྲ་བསྟུན་མར་གྲགས་སོང་། “ཝེ། བདེ་མོ།”ཉམས་འགྱུར་གྱི་ཚིག་རྐང་ལས་ཧ་ལམ་ལྐོག་གྱུར་གྱི་གསང་བའི་ལས་ཀ་ཞིག་ལ་རེ་བཞིན་པ་ཚོར་ཐུབ། “ཨོད། བདེ་མོ།”ཐུག་འཕྲད་རེར་བཅོས་འཛུམ་ཙམ་ཡང་བསྟན་མ་མྱོང་བའི་རྐང་ལམ་ཁྲོད། སྐུད་ལམ་བརྒྱུད་མྱོང་བ་ཟབ་མོ་ཡོད་པའི་ཚོར་སྣང་ཞིག་སྐྱེས་པ་མ་ཟད། ཁོང་གིས་སྐད་ཆ་ལ་ཇི་ལྟར་འཇབ་རྒོལ་བྱེད་དགོས་པའང་མངོན་སུམ་དུ་ཤེས་མ་སོང་། “ཁྱོས་ཅི་ཞིག་བྱེད་ཀི་ཡོད། ངས་ཁྱེད་ཀྱི་སྙན་ངག་ལ་སྒུག་བཞིན་ཁྱེད་ལ་བསམ་བློ་བརྗེ་རེས་བྱ་འདོད་བྱུང་སོང་། ཁ་པར་བཏང་ན་སུན་སྣང་སྐྱེས་སམ།” ལོས་ཡིན། ཁྱོད་མེད་ན་དེ་རིང་དང་མ་འོངས་པ་མི་མཐོང་བའི་ངེས་པ་མེད་ལ། ཚིག་སྙན་མོ་མེད་ན་དེ་རིང་གི་སྙན་ངག་དང་སང་ཉིན་གྱི་གར་སྟེགས་མི་འཚོལ་བའི་ངེས་པ་དེ་བས་ཀྱང་མེད་མོད། གང་ལྟར་ཁ་ཕྱོགས་ངེས་མེད་ཀྱི་སྐད་ཆ་དེས་རླུང་གིས་སྒུལ་བའི་ལོ་མ་ལྟར་ངའི་སེམས་ཀྱང་ཅུང་གཡོ་སོང་། འོན་ཀྱང་རྟོགས་ཐུབ་པ་ནི་རྒྱབ་ལོགས་སུ་འཁྱག་ཤུར་ཤུར་གྱི་མིག་ཟུང་དེའི་རྣམ་འགྱུར་དང་སྟབས་མི་ལེགས་པའི་བར་ཆད་ཀྱི་ཚིག་རྐང་འགའ་གྲལ་བསྟར་བསྒྲིགས་ཡོད་པ་ཤེས་ཐུབ།

 “དེ་ནས་ཤོད་དང་། བུད་མེད་ཅིག་འདི་ལྟར་སྙན་ངག་ལ་འཇུས་པ་ཧ་ལས་པའི་ཡག་པོ་རེད། ལྷག་པར་དུ་བཙན་བྱོལ་བ་དང་བོད་པའི་བུད་མེད་ནང་དེ་བས་ཧང་སངས་དགོས་པ་རེད་ལ། ཁྱེད་ཀྱི་སྙན་ངག་རེ་རེས་ངའི་སེམས་པ་སྒུལ་སོང་། དེ་བས་ངས་འདིར་ཁྱེད་དང་་་་་་་་་་་་་་་་་་་་་་་་་་་།” ང་ཉལ་མཚམས་བཞག་ནས་ཀྲོང་ངེར་ལངས་ཏེ་ལན་ཅི་ཡང་རྒྱག་རྒྱུ་མེད་པར་རེ་ཞིག་ལྷག་སོང་། ལྷིང་འཇགས་ཀྱི་ཉམས་དང་མགོ་བོ་སྨད་དགོས་པའི་དུས་ཤིག་སླེབས་མེད་པར་རང་ཉིད་སྲོག་ཐར་དུ་གཏོང་འདོད་མིན་རང་ཉིད་ལ་རག་ལས་པས་ན།ཕ་རོལ་བས་ཕལ་ཆེར་ངའི་ཉམས་ཚོར་རྟོགས་པར་ངེས་ལ། གློ་བུར་དུ་འཇབ་རྒོལ་ཇི་ལྟར་བྱས་ཏེ་ཁ་གཏད་བཅག་ན་ད་གཟོད་ཉམས་ཚོད་ལོན་པའི་འདུ་ཤེས་གཅོད་ཐུབ་བམ། “ཨོད་རེད། ང་ནི་གཞི་ནས་ཀ་ཁ་སུམ་ཅུ་ཁུར་ཏེ་སེམས་ཚོར་འབྲི་བཞིན་པའི་ཡུ་མོ་ཁེར་འགྲོ་ཞིག་ཡིན་ལ། དེ་ལྟ་བུས་སྤྱི་ཚོགས་ལ་ཕན་ཐོགས་མི་ཐུབ་པའི་མ་ཚད་རིག་གཞུང་ལའང་རྐང་ཟུག་པའི་བྱས་རྗེས་ཤིག་འཇོག་མི་ཐུབ། ང་དེང་གི་གར་སྟེགས་འདིའི་ཐོག་སེམས་ཁོང་གི་སྐྱོ་སྣང་འགོད་ཐུབ་པའི་བཀའ་དྲིན་ནི་ངའི་དགའ་རོགས་ཀྱིས་བསྩལ་བ་ཡིན་པས། ངས་ཕལ་ཆེར་ཁོང་ལ་ཐུགས་རྗེ་ཆེ་ཞུ་ན་འགྲིག” ཅེས་མིག་ཟུང་གིས་མི་མཐོང་བའི་སྐུད་ལམ་ཁྲོད་ཀྱི་མི་བུ་དེར་གསལ་བཤད་བྱས། ང་རང་སྤྱི་དོན་དུ་འགྲོ་རྒྱུགས་བྱས་མྱོང་མེད་ཀྱང་ཁེར་རྐྱང་དང་སུན་སྣང་གི་བུ་ལོན་དེ་དག་གི་ཆེད་དུ་སྨྱུ་གུ་དང་འགྲོགས་ཏེ་གང་སར་ཕྱིན་མྱོང་བས། སེམས་པའི་འགལ་འདུའི་ཛ་དྲག་གི་གནས་སྐབས་འདིར། ཚོར་བ་དམིགས་བསལ་བ་ཞིག་གིས་སྙིང་གི་འཕར་སྒྲ་དང་སེམས་ཀྱི་རླབས་སྒྲ་འཇགས་མི་ཐུབ་རྐྱེན། རེ་ཞིག་ཁ་བཙུམ་ནས་སྡོད་རྒྱུ་ལས་ཐབས་མེད།

རོལ་དབྱངས་ཀྱི་རང་སེམས་གསོ་འདོད་པའི་མཚན་མོ་འདིར། རི་རབ་འདྲ་བའི་སེམས་ཁོང་གི་ན་ཟུག་དེས་ཡང་བསྐྱར་བསྔོགས་བྱུང་བས། ཁྲེལ་གཞུང་དང་བསམ་གཞིགས་མེད་པའི་མི་དེས་ཡང་བསྐྱར” ཁྱེད་ཀྱི་འདས་ཟིན་པའི་འཚོ་བའི་སྐོར་འགྲེལ་བཤད་རྒྱབ་ན་ཅི་འདྲ་འདུག་་་་་་་་་་་་་” རེད་ཡ། ངའི་ཕམ་ཁའི་སེམས་ཚོར་ནི་སྐད་ཅིག་ཙམ་ལའང་སེམས་ཁོང་དང་བྲལ་མྱོང་མེད་པའི་འཇིགས་སྣང་གི་འཚོ་བའི་ཁྲོད་དུ། བདེ་སྐྱིད་ཀྱི་འཛུམ་མདངས་དེར་རེ་སྒུག་ཡང་ཡང་བྱས་པ་མ་གཏོགས་རྒྱུས་ལོན་དང་བསམ་བློ་བརྗེ་རེས་ཀྱི་ཚིག་རྐང་ཞིག་གིས་རྨ་ཐོག་ལ་གྲི་གཙགས་བྱ་དགོས་བའི་རེ་འདུན་ཡེ་ནས་རྒྱབ་མེད་རྐྱེན། ངས་ཕྱིར”ངས་འདས་ཟིན་པའི་འཚོ་བ་རང་ཉིད་ལའང་མི་དབང་བས་ཁྱེད་ལ་ལན་རྒྱག་དགོས་དོན་མི་འདུག དུས་ལ་མི་མཁོ་བའི་དྲི་བ་མ་འདོན་རོགས།”ཞེས་ཐེ་ཚོམ་མེད་པར་བདེ་སྡུག་མི་རྟོགས་ཤིང་འཚོ་ངོས་མི་ཟིན་པའི་འདྲི་པ་པོ་དེར་དེ་ལྟར་བཤད། གང་ལྟར། ཁ་ཕྱོགས་ངེས་མེད་ཀྱིས་དོན་མེད་མི་ལ་རྩད་གཅོད་བྱེད་པ་ནི་མྱོང་བ་ཟབ་མོ་མེད་ཀྱང་གཞན་ཚོར་ལ་འགན་མ་ཁུར་བའི་རྐྱེན་ཡིན་པར་འདོད་པ་བཞིན། མི་ཞིག་ཁོར་ཡུག་ཅིག་ཏུ་གྲག་འགུལ་ཕྲན་བུ་བྱུང་ཚེ་དེའི་རྒྱབ་ལྗོངས་སུ་ལོ་རྒྱུས་འཇོག་པ་དང་མི་གཞི་ལ་བརྩི་སྲུང་མི་བྱེད་པ་ནི་ང་ཚོའི་སྤྱི་ཚོགས་སུ་ཡོད་པའི་གནད་དོན་ཆེ་ཤོས་ཤིག་ཡིན་པར་འདོད།

སྒྲོ་འདོགས་དང་ཀུ་རེའི་གནས་ཚུལ་གང་ཡིན་ཡང་ཁོང་གིས་དོན་དངོས་ཀྱི་དམར་གསོད་དང་བར་ཐག་ཤིན་ཏུ་ཉེ་བའི་དོ་ནུབ། ང་ལ་སྔོན་བརྡ་ཞིག་ཚོར་བ་ནི་གུར་ཁང་ཞིག་ཏུ་སྐད་གདངས་འཇམ་པོས་ལོ་རྒྱུས་ བསྔོགས་པ་དེ་ཡིན་པས། ང་ཧ་ཅང་འཇིགས་སྐྲག་སྐྱེས་པ་ནི་སྐད་ཆ་རེ་རེ་མིད་པ་བརྒྱུད་དེ་ཕོ་བའི་ནང་མི་འཇུ་པ་དེ་རེད། སྐབས་དེར། ཁྱད་རྟགས་ངོ་མཚར་བ་ཞིག་ཡོད་པ་ནི་ངའི་དྲི་ལན་གང་ལའང་ཁོས་དགག་ལན་མེད་ པར་དེ་ལས་ལྡོག་སྟེ་དགོད་སྒྲ་དང་ཡ་ལན་དེ་ཡིས་རང་གཤིས་རྫུན་མ་ཞིག་གི་ཀུན་སློང་ཡོད་པ་བརྡར་ཤ་གཅོད་ཐུབ་པ་དེ་ཡིན་སོང་། ཤ་གཟན་འགར་དོགས་ཟོན་བྱ་དགོས་ས་མང་པོ་ཞིག་ཡོད་པས། དངོས་ཡོད་འཚོ་བའི་ཉམས་མྱོང་ལས་སུན་སྣང་གི་ཚིག་འདི་ཁ་ཐུག་བརྗོད་དགོས་དོན་མི་འདུག་མོད། ཁོར་ཡུག་ཆུང་ཆུང་འདིར་དཀྲོགས་གཏམ་བཟོ་རྒྱུ་ཧ་ཅང་དགའ་བ་རང་གཤིས་སུ་གྲུང་ཡོད་པས། ངས་ཀྱང་དོགས་ཟོན་མཐོར་འདེགས་མི་གཏོང་ཐབས་མེད་དུ་ཆགས། བརྩེ་དུང་ཞིག་གི་ཆེད་དུ་འཆི་ཁར་ཀྱང་ད་དུང་ལངས་འདོད་ཡོད་པ་བཞིན་ངས་རང་དབང་གི་ཁ་ཕྱོགས་ཤིག་གདམ་ཆོག་ལ། བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་ཀྱང་འཚོལ་ཆོག་པས་ཉམས་ཚོད་ལེན་འདོད་ཀྱི་གང་ཟག་དེར་བསླུ་བྲིད་གཏོང་མི་འདོད། དེ་ནས་བཟུང་ཁ་པར་གྱི་སིལ་སྒྲ་ཡོད་ཚད་རླུང་འཚུབ་ཀྱི་ཁྲོད་དུ་ལྷུང་བ་བཞིན་བག་ལྷོད་ལྷོད་ཀྱི་གོམས་གཤིས་དེ་རྩ་བ་ནས་བསྒྱུར་སོང་།

_________________________________________________________

གར་སྟེགས་འདི་རྡོག་སྒྲས་སྐྱོང་འདོད་ལ
མྱོང་ཚོར་འདི་སྨྱུ་གུས་འཁྲིད་འདོད་པས
བརྩེ་དུང་ལ་བརྩི་འཇོག་མེད་ན་ང་ལ་ཀུ་རེ་མ་བྱེད
གདོང་འབག་རེ་གོན་ཏེ་ལྐོག་གྱུར་གྱི་སྐད་གདངས་ཤིག་ལས
ཡུ་མོའི་ཚོར་བར་ཧབ་ཆ་རྒྱག་དགོས་དོན་མེད་ལ
གུ་ཡངས་གཏོང་དགོས་བསམ་པའི་འདུ་ཤེས་ཀྱང་འཛིན་མི་དགོས
དེ་བས ངས་དུས་རབས་འདིའི་རླབས་རྩེ་ནས
ཞེ་སྐྱོ་བའི་དངན་པ་རེ་འཐེན་མྱོང་ལ
ཚིག་ངར་མའི་དམ་བཅའ་འང་བཞག་མྱོང་བས
ཁྱོད་སྔར་བཞིན  ཁྱེད་ཀྱི་གོམ་སྟབས་ཁྱེར་ཏེ་བསྐྱོད་ཆོག་ལ
ང་ད་དུང་ཡང་སྒྱུ་རྩལ་གྱི་བུ་ཆུང་འཁྲིད་ཏེ་བཞུད་ཆོག
དེ་རིང་དང་མ་འོངས་པ  མི་ཡུལ་ཞིག་གི་གཏམ་རྒྱུད་དུ་ཆགས་པ་ལས
ཁྱེད་དང་ང་ལ་དབང་བའི་གསང་འཕྲིན་དེ་མ་ཡིན
དེ་བས མི་ཚེ་འདིར
ཇི་སྲིད་བར་བདེ་མོ

2012.11.19    གཅན་ཡུ་མོ།

 

སྣ་ཚོགས།

Post navigation

Previous Post: རང་དབང་གི་འབོད་བརྡ། (གླུ་གཞས)
Next Post: ཐ་སྙད་ལ་རྨོངས་པའི་སྲིད་དོན་པ་ཚོ་དང་། གསར་འགྱུར་བཤད་མཁན། གསར་འགོད་པ།

Comments (11) on “ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།”

  1. དབྱངས་ཅན says:
    2012-12-06 at 3:24 am

    གཅན་ཡུ་མོ་ལགས་བྲི་བ་ཤིན་ཏུ་ལེགས་སོ།།

  2. གནམ says:
    2012-12-06 at 3:54 am

    ངོ་ཕོད་མེད་པའི་ཕོ་མཐའ་དེ་ཚོས་དར་སྐུད་ཀྱི་ལམ་ནས།
    སྐབས་རེར་མཁས་རྟགས།
    ལན་རེར་བློང་རྟགས།
    རྫུན་དང་གཡོ་སྒྱུའི་ཁ་དབང་ཐོབ་པའི་དྲིལ་བརྡ་བ་དེ་ཚོས།
    ཆགས་གཏམ་དང་དགོད་གཏམ་གྱི་བར་ནས།
    ལོང་གཏམ་གྱིས་རྣ་བ་སུན་པོ་བཟོས་བ་ཅང་མིན།
    སྒྲ་འཇུག་གི་འཁོར་ཐག་ལ་ཕབ་ནས།
    འདི་དང་གན་ལ་མྱི་ཁ་དང་གྱོད་ཁ་ཕྱེ་བ་དེ་ལས་གཙོག།
    ཉིན་མཚན་མི་འཁྱོལ་བའི་ཨ་ཁུ་དེ་ཚོ་ཡང་།
    ཨ་ཨ་ཨ་་་་་་་་་་།
    ཁེར་རྐྱང་གི་ཡུ་མོ་མ་ཁྱོས་ཅིག་དཀའ་ཡ།

  3. gungri says:
    2012-12-06 at 4:57 am

    ཡུ་མོ་ལ་ཁག་མེད། ཡིན་ནའང་་ང་ཡུ་མོ་ལ་དགའ་བ་དེ་ལྷག་བསམ་ཟོལ་མེད་ཡིན

  4. ཁྲི་གཡུང་དྲུང་། says:
    2012-12-06 at 6:57 am

    ཚིག་སྦྱོར་ཡག་པོ་འདུག ནང་དོན་ཐད་ནས་གླེང་རྒྱུར་མེད།

  5. བོད་ཀྱི་བུ། says:
    2012-12-06 at 7:18 am

    ཨ་ཡོ་་་་་་་་་་་

  6. ང་ says:
    2012-12-06 at 8:49 am

    བརྩེ་བ་ནི་ངེས་དོན་གྱི་ན་ཟུག་ཡིན་ལ། ན་ཟུག་གིས་བརྩེ་བར་བྲོ་བ་འབྱིན། འདི་ནི་འདི་སྟེ་དེ་ཡང་དེ་ཡིན། འདི་ལྟར་ལམ་བུ་ནས་ལམ་བུར་བསྙེགས་ཤིང་། འཕྲང་འགག་ནས་འཕྲང་འགག་བརྒྱུད་དགོས་བྱུང་། འདི་འཚོ་བ་སྟེ་མི་ཞིག་དགོས་ངེས་ཀྱི་གནད་དོན་རྡོག་གཅིག་ཡིན། མི་ཚེའི་རིན་ཐང་ངོ་མ་དེ་ཡང་འདི་ལྟར་འཚོལ་དགོས།

  7. ཤིང་ལོ། says:
    2012-12-06 at 9:06 am

    ཡུ་མོས་བྲིས་པ་མང་ཞིང་། བྲིས་པའང་ཧ་ཅང་བཟང་གི། བཀའ་དྲིན་ཆེ།

  8. དབྱངས་ཅན says:
    2012-12-06 at 4:44 pm

    ཡུ་བོ་རི་ལ་བུད་ཐལ།།
    ཡུ་མོ་ཐངས་ནས་ལྷག་སོང་།།
    གཅན་གཟན་སྟག་གི་ཁ་ནས།།
    གཉོམ་ཆུང་ཡུ་མོ་མཐར་དཀའ།།

  9. འཇིགས་མེད་ཐོས་པ་རང་གྲོལ། says:
    2012-12-06 at 5:17 pm

    ག་རེ། མཚོ་སྔོན་ཕྱོགས་ཀྱི་བུ་མོ་དེ་ཚོས་རྩོམ་ཞིག་བྲིས་ན་ཚང་མ་གཅིག་པ་འདྲ་ཞིག་ཡིན་ནོ་ཅི་རེད། མི་ཚེ་ཡོད་ཚད་རེ་ཆད་དང་ཡི་མུག་གིས་ཁེངས་འདུག

    ནོར་གླིང་ན་མི་རྐྱང་མང་བོ་ཡོད་པས་དེ་འདྲའི་ཨུ་ཐུགས་དགོས་དོན་ད་མི་འདུག་ག

  10. ང་ says:
    2012-12-07 at 9:10 am

    ལོ་རྒྱུས་ཀྱིས་སེམས་ལ་ན་ཟུག་སྐུན་ཞིང་། ན་ཟུག་གིས་ལོ་རྒྱུས་ལ་རེ་བ་སྟེར། ན་ཟུག་བརྗོད་པ་ནི་ལོ་རྒྱུས་ཡིན་ཞིང་། ལོ་རྒྱུས་ནི་ཕལ་ཆེར་འགྱོད་གདུང་ཡིན། ཡུ་མོ་ལ་མཚོན་ནའང་། ཕལ་ཆེར་འགྱོད་གདུང་ཡིན་སྲིད། འགྱོད་པས་བྱིན་པའི་གདུང་བ་མེད་ན། ལོ་རྒྱུས་སྙན་ངག་ཏུ་སྨྲ་དགོས་དོན་མེད། འདི་ལྟར་བསམ་གཞིག་བྱེད་དུས། ངའི་སེམས་ལ་སྐྱོ་གདུང་ཉག་གཅིག་ལས་སྤྲོ་སྣང་ཞིག་ཡོང་མི་སྲིད།

  11. གྲིབ་གཟུགས། says:
    2012-12-07 at 10:39 am

    མཇུག་གི་སྙན་ངག་དེས་ཡིད་ཕྲོགས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme