Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེར་རྐྱང་གི་བོད།

Posted on 2012-10-062012-10-06 By ཁ་བརྡ་ 7 Comments on ཁེར་རྐྱང་གི་བོད།

ནམ་མཁའ།

སྤྱིར་འཛམ་གླིང་འདིར་མི་རིགས་འདྲ་མིན་གྱིས་བདེ་སྡུག་བཤད་སའི་མཉམ་འབྲེལ་རྒྱལ་ཚོགས་ཞེས་མིང་ཆེན་པོ་ཞིག་ཡོད། ཡིན་ཡང་དེང་སང་འདི་ནི་དཔལ་འབྱོར་སྟོབས་ཆེན་གྱི་ཕྱོགས་སུ་འཁོར་ནས་སྐད་ཆ་བཤད་པ་ཞིག་ལས། དྲང་བདེན་དང་ཞི་བདེ་ཡི་ལམ་དེར་བསྐྱོད་ནས་ལག་ལེན་འཁེལ་བའི་གཏམ་ཞིག་ནམ་ཡང་བཤད་མི་ཐུབ་པ་ཅི་ཡིན་ནམ། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་ལ་ཡང་བོད་མི་རིགས་ཀྱི་དཀའ་སྡུག་ཁྱིམ་མཚེས་རྒྱལ་ཁབ་དང་ཨ་རི་སོགས་སུ་རེ་བ་ཆེན་པོ་ཞིག་བྱས་ཀྱང་གནད་ལ་འཁེལ་བའི་རོགས་པ་ཞིག་བྱས་མེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་པོས་མ་གྲོས་གཅིག་མཐུན་གྱིས་བོད་རྒྱལ་ཁབ་ཆེན་མོ་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་བ་དང་། མ་ཟད་སོ་སོའི་རྒྱལ་ཁབ་ནང་གི་གྲོས་ཆོད་ཡང་དེ་ལྟར་བཞག་ཡོད། སྐབས་དེར་འཛམ་གླིང་གི་མི་གྲངས་མང་ཤོས་ཅན་གྱི་རྒྱལ་ཁབ་ཞིག་གིས་ས་ཁྱོན་ཆེ་ཡང་མི་གྲངས་ཉུང་བའི་མི་རིགས་ཉམ་ཆུང་ཞིག་ལ་བཙན་འཛུལ་བྱས་དུས། འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱང་རིང་ཞིག་ནས་ལྟད་མོ་བལྟས་ནས་བསྡད་པ་རེད། བོད་རང་ཁོ་ནས་རྒྱ་ནག་གི་གདོང་ལེན་བྱེད་མི་ཐུབ་ཀྱང་བྱེད་དགོས་བྱུང་ཡོད། དེ་ཡང་སྙིང་སྟོབས་ཁོ་ན་ལ་རྟེན་འཐབ་འཛིངས་བྱེད་རྒྱུ་ལས་མཚོན་ཆ་ཡང་འཐབ་འཛིང་བ་ཚོར་འདང་ངེས་ཞིག་མེད། འོན་ཀྱང་འཐབ་འཛིང་དང་མཉམ་དུ་བྲོས་བྱོལ་བྱེད་ཞོར་ཧི་མ་ལ་ཡའི་རི་བོའི་རྒྱབ་ཏུ་༧གོང་ས༧་མཆོག་གདན་འདྲེན་ཞུ་ཐུབ་ཙམ་བྱུང་ཡོད། ཁྱིམ་མཚེས་རྒྱལ་ཁབ་དག་གཙོ་བྱས་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོས་ལྟད་མོ་དང་མཉམ་དུ་གསར་འགྱུར་ཕྲན་བུ་ཙམ་ལས་ཅི་ཡང་བཤད་མེད། བོད་ནང་དུ་ལུས་བའི་བོད་མི་ཚོ་རྒྱ་ནག་གིས་དམར་གསོད་དང་བཙོན་འཇུག་བཙན་དབང་གིས་བོད་མི་ནང་ཁུལ་འཐབ་རྩོད་བྱེད་དུ་བཅུགས་པ་སོགས་འཛམ་གླིང་གི་མིག་བཙུམ་ཁོ་ནས་ལམ་དུ་བསྐྱལ་ཡོད། རང་དབང་བྲལ་ཏེ་དྲག་དམག་གི་འཇིག་རྟེན་ཏུ་གྱུར་ནས་ལོ་རབས་ལྔ་བཅུ་ཕྱིན་པའི་དེ་རིང་གི་ཉིན་མོ་སྟེ།ད་རུང་བོད་མི་རིགས་ཀྱིས་ཞི་བའི་འཐབ་རྩོད་ཀྱི་མི་རབས་གཉིས་པ་སླེབས་ན་ཡང་། རྒྱལ་སྤྱིའི་སྟེང་བོད་མི་རིགས་ལ་ཕན་པའི་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཀྱིས་བྱས་མེད།
དེས་རྐྱེན་དེ་རིང་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་རྒྱུན་མ་ཆད་པར་མི་གྲངས་ལྔ་བཅུ་ལྷག་བརྒལ་ན་ཡང་འཛམ་གླིང་གི་གསར་འགྱུར་ཙམ་གྱི་གྲལ་དུ་སླེབས་ཐུབ་ཀྱི་མེད། རང་ལུས་མེ་བསྲེགས་ཀྱི་གསར་འགྱུར་ཡང་བོད་རང་ཁོ་ནས་བརྒྱུད་བསྒྲགས་བྱེད་པ་ཙམ་ལས་འཛམ་གླིང་གིས་རྒྱ་ནག་གི་ངོ་སྲུང་གི་ཆེད་དུ་ཁོང་ཚོའི་གསར་ལམ་ཁག་ཏུ་ཡང་བརྗོད་ཐུབ་ཀྱི་མེད། ང་ཚོ་བོད་མི་རིགས་ཉམ་ཆུང་ཚོའི་ཚེ་སྲོག་ཡང་སྟོབས་ཆེན་རྒྱལ་ཁབ་ཀྱི་མི་རིགས་ཀྱི་ཚེ་སྲོག་དང་གཅིག་པ་ཡིན་ཆོག་མོད། འོན་ཀྱང་སྣང་མེད་དུ་འཇོག་སྟངས་འདི་དང་། འདས་བའི་ལོ་རབས་ལྔ་བཅུའི་ནང་གི་དམག་འཁྲུགས་ཀྱི་སྐབས་གང་ལ་ལྟས་ཀྱང་བོད་ནི་ནམ་ཡིན་ཡང་ཁེར་རྐྱང་རང་རེད་འདོད། དེང་སང་དང་སྔོན་མ་གཉིས་བསྡུར་ན་དེང་ལྷག་པར་དུ་ཁེར་རྐྱང་དུ་འཇོག་པ་ལ་ཐེ་ཚོམ་ག་ལ་མཆིས། སྔོན་མ་དམར་ཕྱོགས་ཀྱི་ཆབ་སྲིད་ལྟ་གྲུབ་ཀྱི་ལྡོག་ཕྱོགས་ཁོ་མ་གཏོགས་ལངས་མི་དགོས་ཀྱང་ཁེར་རྐྱང་དུ་འཇོག་ཐུབ་ཚེ། དེ་རིང་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀའི་ལྡོག་ཕྱོགས་སུ་ལངས་དགོས་སྟབས་ཁེར་རྐྱང་དུ་འཇོག་རྐྱང་རེད། དེ་མིན་འཛམ་གླིང་གི་གསར་འགྱུར་གྲལ་དུ་སླེབས་ན་མ་འགྲིག་ཞིག་ག་མཆིས། རང་ལུས་མེ་བསྲེགས་ཀྱི་གསར་འགྱུར་བོད་རང་ཁོ་ནའི་གསར་འགྱུར་དུ་གྱུར་ཡོད་པ་ང་ཚོ་ཆ་ཚང་གིས་ཤེས་ཡོད་སྲིད། གང་ལྟར་བོད་ཕྱི་ནང་གི་བོད་མི་སུ་ཡིན་ཡང་འཛམ་གླིང་གིས་རོགས་སྐྱོར་བྱེད་པའི་རེ་བ་མེད་པ་ཐུགས་སུ་བཟུང་ནས་ཚང་མས་ཆིག་སྒྲིལ་གྱིས་འཐབ་རྩོད་བྱེད་རྒྱུ་གལ་ཆེན་རེད་སྙམ་པའི་རེ་བ་དང་འབོད་སྐུལ་བྱེད་ཀྱི་ཡོད། ལུང་པ་འདིའི་མཚན་མོ་དཀར་བོ་ལ་དགེ་གྲོགས་འགའ་དང་མཉམ་དུ་ཆང་ཁང་ཞིག་ནས་བོད་དོན་སྐོར་གླེང་ཞོར་བྲིས་བས་ཁོང་ཚོས་ཅི་ཞིག་གླེང་བ་འདིར་བྲིས་མེད།
༦/༡༠/༢༠༡༢ལ་ཡོ་རུབ་ནས་བྲིས།

སྣ་ཚོགས།

Post navigation

Previous Post: དཔའ་བོ་སངས་རྒྱས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ།
Next Post: ཡིད་ཀྱི་འཆར་སྣང་།

Comments (7) on “ཁེར་རྐྱང་གི་བོད།”

  1. གནམ says:
    2012-10-07 at 1:18 am

    ཨོ་་་་། གྲོགས་པོས་ཆང་འཐུང་ཞོར་བོད་དོན་གླེང་བ་དེ་བློ་ཕམ་ཡོད་པར་སྟོན་པའི་བྱ་སྤྱོད་རེད། སྐྱོ་དུས་ཆང་དང་དུ་བ་གཉིས་དགོས་ནི་ཟིག་ཡིན་ཡ། ཨོ་རེད། ཨ་རི། ཡོ་རོབ། དེ་མིན་ནུས་ལྡན་རྒྱལ་ཁབ་སུ་ཡིན་ན་ཡང་བོད་དོན་ལ་མཐའ་གཅིག་དུ་རྒྱབ་སྐྱོར་བྱེད་མི་ཐུབ་པ་འམ་མི་སྤོབས་པ་ནི་བོད་པ་རང་གིས་བཟོས་བའི་ཆང་རེད། སྐྱུར་མོ་ཡོད་ན་འཐུང་དགོས་བ་རེད། ངས་འདི་ནས་དཔེ་ཆུང་གོ་སླ་མོ་ཞིག་འདྲེན་དགོས། ཉོན་ཨ། བཟའ་མི་གཉིས་ཀྱིས་གྱོད་འཛིང་བྱེད་བཞིན་མཉམ་དུ་འདུག་གི་ཡིན་ཟེར་ན་དེ་ལ་རྒྱ་སྤྱིའི་སྟེང་ན་ཁྲིམས་ལུགས་དཔང་དུ་བཞག་ནས་འདུག་སྟངས་དང་འགྲོ་སྟངས་འདི་དང་འདི་རེད་ཟེར་ནིའི་ཁྲིམས་ཡིག་ཁ་གཡར་ཆོག་པ་ཞིག་མེད་པ་རེད། རྒྱུ་མཚན་གཉིས་པ་བཟའ་མཐོར་གྱི་སྐོར་རེད། དེ་ལ་ཁྲིམས་དང་ལུགས་འདེད་རྒྱུ་ཡོད་པ་ཡིན་ན་ཡང་ཁྲིམས་ལུགས་དེ་ཚོ་ངེད་བོད་པ་ཚང་ལ་དགོས་བ་མེད་ཟེར་ན། ད་ཁོང་ཚོས་ག་རེ་བྱེད་དགོས་པ་རེད། ཨ་ག་རེ་བྱེད་དགོས་བ་རེད་ཤོད་དང་།

  2. lhamotsering says:
    2012-10-07 at 3:15 am

    ད་བཙན་བྱོལ་གཞུང་གིས་ཀྱང་སྐད་ཆ་དྲང་མོ་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཅེས་བོད་ཕྱི་ནང་གཉིས་སུ་བཤད་ན་ལེགས།ནམ་ཡང་རྒྱབ་སྐྱོར་ཡོད་མདོག་བཤད་ནས་ཕན་ཐོག་མི་འདུག
    རང་ལུས་མེ་བསྲེགས་ཀྱི་གནས་ཚུལ་དག་ངོ་མ་བོད་ནང་ཁུལ་གྱི་གསར་འགྱུར་ཁོ་ན་གྱུར་ཡོད་པ་བདེན་པ་རེད།འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་འདིའི་སྐོར་གླེང་གི་མེད།རང་ལུས་མེ་བསྲེགས་མཚམས་འཇོག་གི་བྱེད་ཐབས་ཞིག་སྤེལ་ན་ལེགས། ༧གོང་ས༧མཆོག་ལ་ཞུ་དགོས་ཡ་འདིའི་སྐོར་མི་ཞུ་བར་ཞུ་མི་དགོས་བ་དབྱེན་དཀྲུགས་ཀྱི་སྐད་ཆ་བསྲེས་ནས་ཞུས་ཏེ་མི་མང་པོ་བློ་ཕམ་དུ་འཇུག་གི་ཡོད།ད་དངོས་གནས་མེ་བསྲེགས་མཚམས་འཇོག་སྐོར་ཞུ་རོགས་ཞེས་ནམ་རྒྱུན་༧གོང་ས༧མཆོག་གི་སྙན་ལམ་དུ་འདྲ་མིན་བཅོ་བརྒྱད་ཞུ་མཁན་ཚོར་འབོད་སྐུལ་ཞུས་པ་ཡིན།

  3. ཨོ་རྡོ། says:
    2012-10-07 at 7:59 am

    ཨ་ཁ། ད་ལྟ་སི་རི་ཡའི་སྲིད་འཛིན་གྱིས་རང་གི་མི་མང་ཐོག་སྡུག་རྩུབ་ཆེན་པོ་ལག་བསྟར་བྱེད་བཞིན་པ་ལ་ རྒྱལ་ཁབ་མང་པོ་ཞིག་གིས་འཛམ་གླིང་རྒྱལ་སྤྱིའི་རྒྱབ་སྐྱོར་འོག་དམག་དྲངས་ནས་དཀའ་ངལ་སེལ་ཐབས་བྱེད་རྩིས་ཡོད་ཀྱང་། རྒྱལ་སྤྱིའི་བདེ་འཇགས་ལྷན་ཁང་གི་ཚོགས་མི་གཅིག་གིས་རྒྱབ་སྐྱོར་མེད་པ་ཙམ་ལས་རྒྱལ་ཁབ་གཞན་རྣམས་ལ་བྱེད་ཐབས་མེད་པ་ལྷག་གི་ཡོད་པ་རེད། བོད་ལྟ་བུ་ཞིག་གི་དཀའ་ངལ་རྒྱལ་སྤྱི་ལ་ཞུ་གཏུགས་བྱས་ན་དེའི་ཁ་གཏད་དུ་ལྷན་ཁང་དེའི་ཚོགས་མི་རྒྱ་ནག་དེས་རྒྱབ་སྐྱོར་སྤྲོད་ཀྱི་རེད་དམ། གལ་ཏེ་དེས་རྒྱབ་སྐྱོར་སྤྲོད་ཀྱི་མེད་ན། རྒྱལ་སྤྱིས་བོད་ལ་རོགས་རམ་བྱེད་ཐུབ་བམ།
    བཙན་བྱོལ་བོད་མིའི་ཆབ་སྲིད་པ་ཚོས་ད་ལྟའང་རྒྱལ་སྤྱིའི་འགྲོ་སྟངས་ཤེས་ཀྱི་མེད་པ་ནི་ཡ་མཚན་ཆེན་པོ་རེད། ལོ་ལྔ་བཅུ་སོང་བའི་རྗེས་ལའང་རྒྱལ་སྤྱིའི་སྐད་ཆ་བཤད་ནས་མི་མང་མགོ་སྐོར་གཏོང་སྡོད་པ་ནི་ཧ་ཅང་གི་བློ་ཕམ་རེད། གལ་ཏེ་རྒྱལ་སྤྱིས་བོད་དོན་ལ་ཕན་ཐོགས་ཡོད་ན་༸གོང་ས་མཆོག་གིས་ཏན་ཏན་རྒྱལ་སྤྱི་ལ་འབྲེལ་བ་གནང་གི་རེད། མདོར་དོན་དུ། ང་ཚོ་བོད་པ་ཚོས་རྒྱལ་སྤྱི་མེད་པ་མ་ཆགས་ཀྱི་བར་དུ་རྒྱལ་སྤྱི་ལ་རེ་བ་བྱེད་པ་ནི་རེ་བ་སྟོང་ཟད་རེད། དེ་བས་ང་ཚོས་རྡོག་རྩ་ཆིག་སྒྲིལ་དང་། འཆམ་མཐུན་གནང་ནས་མི་རིགས་འདི་མ་བརླག་པ་བྱེད་རྒྱུ་ལས་ལྷག་མེད། གལ་ཏེ་ངའི་སྐད་ཆ་འདི་གསལ་པོ་མ་བྱུང་ན་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང། དེའི་ཚོགས་མི་ལྔའི་དམིགས་གསལ་དབང་ཆ་སྐོར་མཁྱེན་ཐབས་གནང་ན་རྒྱལ་སྤྱི་ཞེས་པ་དེ་ག་འདྲ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ། བཀྲིས་བདེ་ལེགས།

  4. གཡུ་བྲག་པ says:
    2012-10-07 at 8:12 am

    ཨ་ཁུ་ཨོ་རྡོས་གསུངས་པ་ལ་མངོན་པར་བསྟོད་དོ།། ད་ང་ཚོས་ག་རེ་བྱེད་དགོས་རེད་དམ།???

  5. lhamotsering says:
    2012-10-07 at 9:25 am

    ཨོ་རྡོ་ལགས།རྒྱལ་སྤྱིས་རྩ་བ་ནས་རྒྱལ་ཁབ་ཆ་ཚང་ལ་རོགས་པ་མ་བྱས་བ་ཞིག་རེད་དམ།དཔེར་ན་ལེ་བྷེ་ཡ་དང་ཨེ་རག་ལྟ་བུ་དཔལ་འབྱོར་ཐོན་ཁུངས་ཡོད་ཚད་ལ་རོགས་པ་བྱས་ཏེ་དམག་འཁྲུགས་རྒྱབ་ཡོད་པ་ཁྱེད་ཀྱིས་མཐོང་ཡོད།དཔལ་འབྱོར་གྱི་ཐོན་ཁུངས་མེད་ས་ཡོངས་ལ་རོགས་རམ་བྱེད་ཀྱི་མི་འདུག་པ་མ་ཟད།ཐ་ན་གནས་ཚུལ་ཁག་ཀྱང་གསར་ལམ་ཁག་ཏུ་ཡང་བརྗོད་ཀྱི་མི་འདུག་ཅེས་གོང་གི་རྩོམ་དེས་བརྗོད་བྱ་གཙོ་བོ་དེ་རེད་སྙམ།ད་འོ་ན་རྒྱལ་སྤྱིས་རོགས་པ་མི་བྱེད་ང་ཚོ་བོད་གཅིག་པས་ནུས་པ་ཞིག་ཐོན་རྒྱུ་ཨེ་རེད།མི་ལྔ་བཅུའི་ཚེ་སྲོག་གསོན་བསྲེགས་བྱས་ཀྱང་གསར་ལམ་ཁག་ཏུ་ཡང་མི་ཐོན་ན་དེ་ཐོན་པའི་ནུས་པ་ཞིག་ཁྱེད་ལ་གསུང་རྒྱུ་འདྲ་ཡོད་ན་གསུང་དང་ཚང་མས་ཐབས་ལམ་དེའི་ཕྱོགས་སུ་བསམ་གཞིགས་བྱེད་སྲིད།

  6. ཨོ་རྡོ། says:
    2012-10-07 at 1:34 pm

    ལྷ་མོ་ཚེ་རིང་ལགས། རྒྱལ་སྤྱིས་རྒྱལ་ཁབ་ཆ་ཚང་ལ་རོགས་པ་མ་བྱས་པ་མ་རེད། དཔེར་ན། ལི་བི་ཡ་ལྟ་བུ་ལ་རོགས་པ་བྱས་ཡོད། འོན་ཀྱང་ཨི་རག་ལ་རོགས་པ་བྱས་མེད། སྐབས་དེར་ཨ་རི་དང་ཨིན་ཇིས་ཨི་རག་ལ་འཛམ་གླིང་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་པའི་སྒང་ནས་དམག་བརྒྱབས་པ་ཞིག་རེད། ཡང་ལི་བི་ཡའི་ནང་དམག་རྒྱག་རྒྱུར་འཛམ་གླིང་རྒྱལ་སྤྱིའི་ཚོགས་མི་ཨུ་རུ་སུ་དང།་རྒྱ་ནག་གཉིས་ཀྱིས་རྒྱབ་སྐྱོར་མ་ཐོབ་པར་དཀའ་ངལ་ཆེན་པོ་བྱུང་ཡོད། རྗེས་སུ་ལུང་པ་དེའི་དབུ་ཁྲིད་ག་རྡ་ཕི་གཞུང་གིས་མི་མང་གི་ཐོག་ཏུ་གནམ་ཐོག་ནས་རྒོལ་བརྡུང་མི་ཡོང་བར་འགོག་ཐབས་བྱ་རྒྱུར་རྒྱལ་ཁབ་དེ་གཉིས་ཀྱིས་ངོས་ལེན་ཐོབ་ཙམ་བྱུང་བ་རེད། ཡིན་ནའང་ཨ་རི་དང་ན་ཊོ་མཉམ་སྦྲེལ་ནས་གྲོས་ཆོད་ཀྱི་ཚད་ལས་བརྒལ་ཏེ་གཞུང་ཡང་མགོ་རྟིང་སློག་པ་རེད། ད་ཆ་ཨ་རི་དང་ན་ཊོ་དམག་མིས་སི་རི་ཡ་སྐོར་བརྗོད་སྐབས་བསྐྱར་ནས་གཞུང་དེ་གཉིས་ཀྱིས་རྒྱབ་སྐྱོར་ཁས་ལེན་བྱེད་ཀྱི་མེད་པ་རེད། གང་ལྟར་འཛམ་གླིང་རྒྱལ་སྤྱིས་ངོས་ལེན་བྱེད་པར་ཚོགས་མི་དེ་དག་གཅིག་གིས་ངོས་ལེན་མ་བྱེད་ཚེ་སྐད་ཆ་རྫོགས་པ་རེད། དེ་ལྟ་བུའི་དམིགས་བསལ་དབང་ཆ་ཡོད་པའི་ཚོགས་མི་ལྔ་ནས་གཅིག་རྒྱ་ནག་ཡིན་པས། གནས་སྟངས་དེའ་སྒང་ནས་བོད་པས་འཛམ་གླིང་རྒྱལ་སྤྱིར་རེ་བ་རྒྱག་རྒྱུ་ཞིག་ལྷག་ཡོད་མ་རེད།
    བློ་ཕམ་ཞིག་ལ་ང་ཚོའི་གཞོན་ནུ་ཚོགས་པའི་ནང་མཁས་དབང་མང་པོ་ཡོད་ཀྱང་ད་དུང་རྒྱལ་སྤྱི་ལ་རེ་བ་རྒྱག་གིན་སྡོད་པ་ནི་དངོས་གནས་ཡ་མཚན་རེད། ཁ་སྔོན་ཁོང་རྣམ་པས་རྒྱལ་སྤྱིའི་མདུན་ཟས་བཅད་ངོ་རྒོལ་བྱས་ཏེ་དུས་ཡུན་གང་མཚམས་རྗེས་རྒྱལ་སྤྱིའི་སྐུ་ཚབ་ཕེབས་ཏེ་སེམས་གསོ་གནང་ནས་ཁས་ལེན་ཁ་ཤས་གནང་བ་དང། དེ་ལ་བརྟེན་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱུང་བ་རེད། སྐབས་དེར་རྒྱལ་སྤྱིའི་སྐུ་ཚབ་ཕེབས་པ་དང། ཁས་ལེན་འགའ་ཤས་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་ཞིག་རྩ་བ་ནས་གོ་ཐོས་མ་བྱུང་། ངས་དེ་ནི་རྒྱ་ནག་གི་སྲིད་བྱུས་ཤིག་རེད་བསམ་གྱི་ཡོད། རྒྱུ་མཚན་ནི། ཟས་བཅད་ངོ་རྒོལ་རྒྱུན་རིང་གནས་ན་གསལ་སྒྲགས་དང། ཁོ་ཚོར་རྣ་མཆོག་ཚ་པོ་ཡོང་གི་ཡོད་སྟབས། རྒྱ་ནག་རང་གིས་ལམ་སྟོན་འོག་སྐུ་ཚབ་ཐུག་འཕྲད་དུ་བཏང་བ་རེད་བསམ་གྱི་ཡོད། དེ་མིན་རྒྱ་ནག་གཞུང་གི་ཁ་ཙུམ་ནས་རྩ་བ་ནས་སྡོད་ཀྱི་མ་རེད། ཐུགས་སེམས་བཞེས་དང་། རྒྱལ་སྤྱིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད་མེད་ལྟ་བར་སྐུ་ཚབ་གཏོང་གི་ཡིན་ཟེར་ན་རྒྱ་ནག་གིས་ཁས་ལེན་གྱི་རེད་དམ། དེ་ནི་ཤིན་ཏུ་ཁག་པོ་རེད། ད་དུང་ང་ཚོའི་གཞོན་ནུ་ཚོས་བྱས་རྗེས་ཆེན་པོ་འཇོག་པ་ཡིན་བསམ་སྡོད་ཡོད། དངོས་གནས་ཐུགས་སྣང་ཟབ་པོ་གནང་རོགས། བཀྲིས་བདེ་ལེགས།

  7. lhamotsering says:
    2012-10-07 at 1:49 pm

    ཨོ་རྡོ་ལགས། ངས་བཤད་ཡ་གཙོ་བོ་གོང་གི་རྩོམ་དེའི་བརྗོད་བྱ་གཞི་བྱས་ཏེ་བཤད་ཀི་ཡོད།སྐུ་ཉིད་ཀྱིས་ཀྱང་དེའི་ཐོག་ནས་གླེང་གི་འདུག་མོད།ཡིན་ཡང་གསུང་སྟངས་མི་འདྲ་བ་སྒོ་ནས་བསམ་ཚུལ་མ་འདྲ་བ་སླེབས་སོང་བས་དེར་ལན་ཐུང་ངུ་འབུལ་ངེས་ཡིན།ངེད་གཉིས་ཀྱི་བསམ་ཚུལ་མཐུན་པ་ཞིག་རེད་མོད།འོན་ཀྱང་མེ་བསྲེགས་ལས་འགུལ་གྱི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་སླེབས་མ་ཐུབ་དུས་ད་རུང་ཡང་མུ་མཐུད་ནས་འབར་འཇུག་རྒྱུ་ཡིན་ནམ་ཟེར་བ་འདི་ཡིན།ནུས་པ་གཅིག་ཀྱང་མ་ཐོན་པར་རང་སྲོག་མང་པོ་ཤོར་ན་ང་ཚོ་མི་རིགས་ཀྱི་གྱོང་རྒུད་རེད་མ་གཏོགས་སུ་གཅིག་གིས་ཀྱང་གྱོང་རྒུད་ཕྱིན་མེད།ལྷག་པར་དུ་ཡང་རང་སྲོག་གཏོང་མཁན་ཁོ་ཚོ་དང་ནང་མིའི་གྱོང་རྒུད་རེད།དེ་ཡིན་དུས་འདིའི་རིགས་མཚམས་འཇོག་བྱེད་ཐབས་ཞིག་གསུང་ཡ་ཡོད་ན་བསམ་པ་འདི་ཡིན།གོང་གི་རྩོམ་དེའི་བརྗོད་བྱ་ཡང་དེ་རེད་འདོད་སོང་བས་རྒྱབ་སྐྱོར་ལྟ་བུ་ཞིག་ཡིན།ཐུགས་རྗེ་ཆེ་ཡང་བསྐྱར་མཇལ་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme