Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེ་ཎ་ཌའི་ཊོ་རོན་ཊོ་ནས་རྐུན་མ་འགའ་འཛིན་བཟུང་།

Posted on 2012-10-042012-10-04 By ཁ་བརྡ་ 71 Comments on ཁེ་ཎ་ཌའི་ཊོ་རོན་ཊོ་ནས་རྐུན་མ་འགའ་འཛིན་བཟུང་།

ཕྱི་ཚེས་ ༢ ཉིན་ཁེ་ཎ་ཌའི་ཊོ་རོན་ཊོ(Toronto) མངའ་སྡེ་ཉེན་རྟོག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ནང་། ཊོ་རོན་ཊོ་མངའ་སྡེའི་ནང་གནས་སྡོད་རང་ལོ་ ༢༣ ཡིན་པ་འཇིགས་མེད་ལྷུན་འགྲུབ་དང་། རང་ལོ་ ༢༤ ཡིན་པ་བསྟན་འཛིན་རྣམ་གསལ། རང་ལོ་ ༢༨ ཡིན་པ་བསྟན་འཛིན་བདེ་ལེགས། རང་ལོ་ ༢༦ ཡིན་པ་ཚེ་རིང་ཆོས་ལྡན། རང་ལོ་ ༣༣ ཡིན་པ་རཱ་མཱ་སཱ་མེ་བཅས་བྱང་བུ་རྫུན་བཟོ་བྱས་ཏེ་དངུལ་འབོར་ཆེན་རྐུ་འཁྱེར་བྱས་པའི་གནས་སྟངས་འོག་འཇུ་བཟུ་བཀག་ཉར་བྱས་ཡོད་ཚུལ་བཀོད་འདུག

 བོད་ཡིག་ནང་ཀློག་ན་འདིར་གནོན།  དབྱིན་ཡིག་ནང་ཀློག་ན་འདིར་གནོན། 

གསར་འགྱུར།

Post navigation

Previous Post: སྤྱི་ཚོགས་ཁྲོད་ཀྱི་ལས་ཅན་པོ།
Next Post: དྲན་པའི་གདུང་བ་དབྱངས་སུ་གྱེར་བ།

Comments (71) on “ཁེ་ཎ་ཌའི་ཊོ་རོན་ཊོ་ནས་རྐུན་མ་འགའ་འཛིན་བཟུང་།”

  1. མེ་ཏོག་དཀར་པོ། says:
    2012-10-04 at 5:37 am

    ཨ་སྒོར་ ༡༨༠༠༠༠ ལྷག་

  2. ལོག་སྨྲ་ཚར་གཅོད། says:
    2012-10-04 at 6:00 am

    གོང་གསལ་མི་དེ་རྣམས་བོད་མིང་ཅན་གྱི་ཧི་མ་ལའི་མི་རིགས་གཞན་པ་ཆོས་ཀྱི་སློབ་གསོ་གང་ཡང་མ་ཐེབས་པ་ཞིག་ལས་བོད་མི་སྐྱབས་བཅོལ་བ་ཞིག་མིན་པར་ཤོག

  3. གནམ says:
    2012-10-04 at 6:03 am

    ཤི་ན་ཤི་རིན་མེད་པ། གསོན་ན་འཇོན་པ་མེད་པ། ལས་དེ་འདྲ་བྱེད་ན་གཏེ་པོ་ཡིན་དགོས་བ་རེད། དེ་མིན་གོ་ན་སེམས་སྡུག་སྤྱད་རེད།རྒྱུག་ཁྱི་འདི་ཚོས་རྒྱུག་ཁྱི་བྱས་ན་ཁེ་ཆེན་མེད་པ་ཡང་མ་ཤེས་ས་རེད།
    ཕ་མའི་ཁར་མི་ཉན་པར། ངན་པའི་ཁར་ཉན་ན། ད་ཕེ་ཐོབས་ཡ།

  4. ཨོ་རྒྱན་ཉི་མ། says:
    2012-10-04 at 6:15 am

    རྒྱ་གར་རྒན་པོ་ཚོས་བོད་པ་བརླགས་ཚར་སོང་ཟེར་བ་བཞིན། བོད་ཀྱི་གཞོན་སྐྱེས་ཚོས་རྒན་རབས་པས་ཁྲག་དང་། ཆུ་སེར་གྱིས་བསྒྲུབས་པའི་དྲང་བདེན་དང་། ཡ་རབས། སྤྱོད་བཟང་དེ་ཚོ་རྨང་ནས་བཤིགས་འགོ་བརྩམས་པ་རེད། འདིའི་གནས་སྟངས་ཆ་མཚུངས་པ་དགེ་འདུན་པའི་ནང་དུ་ཡང་འབྱུང་བཞིན་པ་ངས་བཤད་བཞིན་པའི་ཕུང་གསུམ་པ་དེ་ཚོ་རེད། འཛིན་བྱང་རྫུན་པ་བཟོ་མཁན་གྱི་གཏེ་བོ་འདི་ཚོ་དང་གཅིག་པ་རེད།

  5. དབང་རྡོར། says:
    2012-10-04 at 6:33 am

    བོད་འབྲི་རུ་ཁུལ་ནས་བོད་མི་ཞིག་མེ་བསྲེག་བཏང་འདུག་ཟེར། གནས་ཚུལ་ཁ་གསལ་ཁོ་ན་གསལ་སྒྲགས་བྱེད་རོགས།

  6. མེ་ཏོག་དཀར་པོ། says:
    2012-10-04 at 6:52 am

    བུ་ཕོ་གསར་འདི་ཚོས་འཇོན་འདུག འདི་རིག་པའི་རྣམ་གྲངས་ནང་གི་གཅིག་རེད ཁྱོད་བཞི་ནས་མགོ་བརྩམས་ཏེ་དེ་འདྲ་གང་མང་འབྱུང་བར་སྨོན། ཁྱོད་བཞི་བོད་པ Tibetan ཡིན་པར་ཤོག

  7. འབའ་བློ says:
    2012-10-04 at 7:30 am

    ངར་གི་ཡ་ཡུམ་མི་ངར་གི་ན། ངོ་མ་ཡིན་རྐུ་ན་གཞུང་ལ་རྐུ་དགོས་ནི་རེད

  8. མངའ་རིས་ཕྲིན་ལས། says:
    2012-10-04 at 7:35 am

    མགྱོགས་པ་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པའི་བློ་སྟོབས་དང་ལྡན་ལ། ཐབས་ཤེས་སྣ་མང་བྱེད་ཐུབ་པ་ནི་བོད་མི་རིགས་རེད། ལྟོས་དང་ཁའི་ཕོར་བ་ཙམ་ཡང་རྒྱ་འོག་ཏུ་ལུས་ནས་མི་ཡུལ་གྱར་བ་ནས་བཟུང་ལོ་ལྔ་བཅུའི་རིང་འདི་ལ་བོད་པ་ཚོས་ས་སྐྱེས་རྡོ་སྐྱེས་མི་རིགས་ལ་གཡོག་བསྐུལ་ནས་སྡད་ཡོད། དངོས་གནས་བྱས་ན་བོད་པ་ཚོ་ཡུལ་མིས་གཡོག་ཡིན་དགོས་པ་རེད། ད་ལྟ་དེ་ལས་ལྡོག་སྟེ་ག་འདྲ་འདུག་བྱ་བ་སྟོབས་ཆེན་མྱུར་དུ་ཕྱུག་པོ་ཆགས་པའི་ལམ་དེ་འདྲ་བོ་ནས་རྒྱུད་པ་རྐྱང་རེད། ཧ་གོ་མ་གོ་རེད་མ་གཏོགས་་་་་་་་་་

  9. མུན་འཇོམས་ says:
    2012-10-04 at 7:41 am

    ཧི་མ་ལ་ཡའི་མི་ཡིན་ནའི་འདྲ། བོད་པ་ཡིན་ནའི་འདྲ། སུ་དང་སུ་ཡིན་ནའི་རྐུ་མ་བརྒྱབས་ཚར་ན་གཅིག་པ་རེད། བོད་པའི་ཞབས་འདྲེན་ཞུ་མཁན་དེ་དག་ཡུལ་དེའི་ཁྲིམས་ཁང་ནས་བོད་པ་རེད་བསམ་ནས་སྙིང་རྗེ་བྱ་རྒྱུ་མེད། ཁྲིམས་ཐོག་ནས་ཁྲིམས་ནན་པོ་གཏོང་དགོས། སྤྲང་པོ་དེ་ཚོའི་རིགས་ཀྱིས་ཕ་མར་སེམས་ཁྲལ་བཟོ་བ། བོད་པའི་རྐང་པ་འཐེན་པ། རྒྱལ་ཁབ་ཀྱི་ཁྲིམས་ལ་མི་བརྩི་བ། བོད་མི་རིགས་ཀྱི་ལ་རྒྱ་མེད་པ། ཕུགས་བསམ་མེད་པ། ཡ་རབས་བཟང་སྤྱོད་མེད་པ། ༧རྒྱལ་བའི་དགོངས་པ་རྡོག་རོལ་གཏོང་མཁན་འདི་དག་ཕོ་རོག་དང་གཅིག་པ་རེད། འདི་ཚོ་མཐོང་བ་རྒྱུ་མཚན་དུ་བྱས་ནས་སྐྱབས་བཅོལ་ཞུས་ཟིན་པ་དང་ཞུ་མཁན་ཚང་མས་ཡ་རབས་བཟང་སྤྱོད་དང་ཚུལ་མཐུན་ཁྲིམས་དང་མཐུན་པའི་བོད་མི་ཞིག་ཆགས་རྒྱུར་འབད་བརྩོན་གནང་དགོས་པ་ཡིན། མིང་བསྟན་འཛིན་ཞུས་ནས་སྤྱི་ཚོགས་དཀྲུགས་མཁན་ཞིག་བྱས་ན་རང་གཞན་གཉིས་ཕུང་རེད།

  10. ཉག་རྡོ་རྗེ་ནོར་བུ། says:
    2012-10-04 at 7:59 am

    ཨོ་རྒྱན་ཉི་མ་རང་གི་ཁ་ནང་ལ་ཐལ་བ་རྒྱོབ་ལོ། རྐུན་མ་འདི་ཚོ་གྲྭ་བ་གཞན་དང་འདྲ་བོ་མ་རེད། རྐུན་མ་འདི་ཚོ་ཁྱོད་དང་འདྲ་བོ་རེད། རྐུན་མ་འདི་ཚོས་བྱང་བུ་རྫུན་བཟོ་བྱས་ནས་བཙོང་བ་དང་་ཁྱོད་ཀྱིས་ཐེ་ཝན་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་དང་གྲུབ་དབང་པད་ནོར་ཁྱོད་གསུམ་གྱི་པར་མཉམ་དུ་སྦྱར་ནས་ཐོབ་ཐང་རྫུན་མའི་ཁུབ་བསྒྲགས་བྱས་ཏེ་དངུལ་བཟོས་པ་དང་གཅིག་པ་རེད། རྐུན་མ་ཁྱོད་ཚོའི་གྲས་དེ་གང་དུ་སོང་ཡང་འདི་འདྲ་རེད།

  11. ཅོ་རི་ཉི་མ། says:
    2012-10-04 at 8:15 am

    ཁོ་ཚོས་ཁ་ན་ཊ་གཞུང་གི་སྒོར་མོ་རྐུས་པ་མ་གཏོགས་བཙན་བྱོལ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་གཞུང་རྒྱུ་ལྐོག་ཟ་བྱས་པ་མ་རེད་བ། བོད་པ་ཚོས་སྡང་དགོས་དོན་ཅང་ཨེ་ཡོད། རྐུ་མ་དང་ཇག་པ་ཟེར་བ་དེ་སྡུག་སྐྱ་ཞིག་ཡིན་ན་བོད་གཞུང་གི་རྒྱུ་ནོར་ལྐོག་ཟ་བྱེད་མཁན་རྣམས་སྡུག་སྐྱ་ཡིན་གྱི་རེད་བ། དེའི་སྐོར་ཁ་གྲགས་མི་ཕོད་པར་བོད་མི་ཉམ་ཆུང་ཚོས་ཅིག་མ་འགྲིག་དུས་ཁ་རྡུང་བཏང་རྐྱང་བྱས་བསྡད་པ་འདི་ནི་སྐྱུག་བྲོ་ཡ་རང་རེད།

  12. ལྷ་སྲས་ཐ་ཆུང་། says:
    2012-10-04 at 8:16 am

    རྐུན་མ་རྒྱག་ན་རྒྱ་མའི་གཞུང་གི་རྒྱུ་ནོར་མི་རྐུ་བར་ཁེ་ན་ཊའི་གཞུང་གི་རྒྱུ་ནོར་བརྐུས་ནས་ངོ་མ་ངོ་ཚ་ཡ་མི་འདུག
    དྲིན་ཅན་ལ་དྲིན་ལོག་རང་རེད། དམྱལ་བར་ལྷུང་རྒྱུ་རང་རེད།

  13. ཨོ་རྒྱན་ཉི་མ། says:
    2012-10-04 at 8:37 am

    ཁོང་གཉིས་ཀྱི་སྐུ་པར་ངའི་མགོ་ལ་བཞག་མི་ཆོག་པ་དང་། ང་དེ་གཉིས་ཀྱི་གཤམ་དུ་བཞག་མི་ཆོག་པ་དང་། ང་དེ་གཉིས་ཀྱི་སློབ་མ་ཡིན་མི་ཆོག་པ་གང་ཡོད། ཕུང་གསུམ་པ་ཆེ་ཆུང་སུ་ཡིན་ཡང་ངས་གོང་དུ་འཇོག་རྒྱུ་མ་རེད། ཁྱོད་རང་ཉིད་ཕུང་གསུམ་པས་གསོས་པའི་གསོས་ཕྲུག་ཅིག་ཡིན་ས་རེད། ཁག་མེད། དེང་སང་སྒོར་མོ་ཟེར་བ་དེ་རྩ་བ་ཆེན་པོ་རེད། ཧཧཧཧཧཧཧཧ

  14. དགེ་བསམ says:
    2012-10-04 at 8:53 am

    ཡང་བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་བཞིན་འདུག
    ང་ཚོ་ཚང་མ་ཡང་འདི་ནང་དུ་ཚུད་སོང་།
    མི་རབས་ནས་མི་རབས་སོང་ན།
    བོད་མི་རིགས་འདི་དྲང་བདེན་ཞིག་ཡོང་དཀའ་རྒྱུ་རེད་ཡ།

  15. གསེར་འབྲུག་སྡེར་ལྔ་ says:
    2012-10-04 at 8:55 am

    ཁེ་ཎ་ཌའི་གཞུང་རྒྱུ་རྐུས་པ་སྟབས་ལེགས། དེ་མིན་བོད་ནང་ལྟ་བུ་ཡིན་ན་རྒྱ་གཞུང་གི་དངུལ་རྐུས་ན་སྲོག་ཁྲིམས་ལ་འགྲོ་ངེས་རེད། མ་གཞི་མི་དགེ་བའི་ལས་ད་རེད་དེ་རྐུ་བཅོམས་ཕྲོགས་གསུམ་ནང་ནས་འཇམ་འཇམ་ངང་ནས་རྐུ་མ་བརྐུས་པ་དེ་ཅུང་དྲག་པའི་གྲས་རེད། བྱས་ཙང་ཁ་ཎ་ཌ་རྒྱལ་ཁབ་དེ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཙང་སྲོག་ཁྲིམས་དང་བརྡུང་བརྡེག་སོགས་གཏོང་མི་སྲིད་པ་རེད། བཙོན་འཇུག་དང་དངུལ་གྱི་ཉེས་ཆད་གཏོང་སྲིད་པ་རེད། དེ་ནི་ཡུལ་ཁྲིམས་དང་ལེན་ཞུ་དགོས་པ་རེད།
    དེས་ན་བོད་པས་རྐུ་མ་ཞིག་བརྐུས་པར་འདྲོགས་འགོ་ལངས་དོན་མེད་པ་རེད། དེ་ལས་ལྷག་པའི་མི་གསོད་ཁྲག་སྦྱོར་དང་གཞུང་རྒྱུ་སྒེར་བདག་བྱེད་མཁན་ཡོད་དང་ཡོང་བཞིན་པ་རེད། བྱས་ཙང་བོད་མི་རིགས་འདི་འཇིག་རྟེན་རང་བཞིན་ལས་འདས་པའི་བྱ་བ་ཡོད་ཚད་ལ་དགེ་སྡིག་བླང་དོར་གྱིས་ཆོས་པ་རྣམ་དག་ཞིག་ཡིན་མདོག་མདོག་གི་གནས་ལ་བསྐྱལ་ཚར་ཙང་། ལྷ་ཆོས་རིང་ལུགས་ལས་འགལ་ནས་འཇིག་རྟེན་རང་བཞིན་ཆོས་ཉིད་ཞིག་བྱུང་ན་བོད་མིའི་གྲལ་ནས་འབུད་གྲབས་བྱེད་པའི་རྣམ་འགྱུར་ཡ་མ་བརླ་དང་འདུ་ཤེས་ཡ་མ་བརླ་འདི་བྱུང་བ་རེད།

  16. ནག་ཐར་སྐྱིད། says:
    2012-10-04 at 8:57 am

    བོད་པ་ཆ་ཚང་རང་ལས་གཞན་གཅེས་ཀྱི་བསམ་བློ་ཁོ་ན་གཙིག་འཛིན་བྱེད་མཁན་རྐྱང་ཡིན་དགོས་དོན་ཡོད་པ་མ་རེད་ལ། གནས་སྟངས་འདི་ཙམ་གྱིས་བོད་པའི་གདོང་ལ་ནག་རྩི་བྱུགས་འགྲོ་བའི་ངེས་བ་ཅི་ལ་ཡོད། རྒྱབ་ཁབ་གང་དང་ས་གནས་གང་རུང་ན་ཇག་རྐུན་གྱི་ལས་འདི་འདྲ་དུས་རྒྱུན་དུ་འབྱུང་བཞིན་པ་རེད། ཧ་ལས་མདོག་ཁ་བོ་མ་བྱེད། ཕྱོགས་གཅིག་ནས་བསམ་ན་བོད་པའི་ཀླད་ཆེན་འགུལ་བསྐྱོད་ཐེབས་ཀྱིན་པའི་རྟགས་རེད། ཧུཧུཧུཧུ

  17. ཕྱག་འཚལ། says:
    2012-10-04 at 9:10 am

    ཁེ་ན་ཏྲ་གནས་སྡོད་བོད་མིས་འགན་འཁུར་ཏེ་གསལ་པོ་བཟོ་དགོས།་་་་་་་་་་་གང་ཡིན་ཟེར་ན་བོད་མིང་ཅན་རྐྱང་རྐྱང་རེད་འདུག་་་་་་་་་་་་་་་་་་་་་་་དོགས་ཟོན་གྱིས།་་་་་་་་་་་་བོད་མི་ཚོ།་་་་་་་་་་་་་་རྒྱལ་བའི་བཀའ་བཅག་་་་་་་་་་་་་་་་་་་

  18. ཉག་རྡོ་རྗེ་ནོར་བུ། says:
    2012-10-04 at 9:21 am

    ཨོ་ཉི་བན་ལོག་བརླ་བཙོང་ཁྱོད་ལ་ཟེར་རྒྱུྲར། ཁོང་གཉིས་ཀྱི་སྐུ་པར་ཁྱོད་ཀྱི་མགོ་ཐོག་ལ་བཞག་པས་མ་འགྲིག་པ་མ་རེད། འཇོག་སྟངས་དང་འཇོག་དགོས་པའི་རྒྱུ་མཚན་འཇོག་པའི་ཀུན་སློང་ལ་ལྟོས་དང་ཟེར་གྱི་ཡོད། ཁྱོད་ཀྱིས་ཁོང་གཉིས་ཀྱིས་སྐུ་པར་བཞག་པ་དེ་ཁྱོད་ཁོང་གཉིས་ཀྱི་ཐུགས་སྲས་བུ་ཆེན་ཡིན་མདོག་དང་། ཁོང་གཉིས་ཀྱི་རྒྱུད་འཛིན་པ་ཡིན་མདོག མདོར་བསྡུ་ན་ཁྱོད་རང་རྩ་ཆེན་པོ་ཞིག་ཡིན་མདོག་བྱས་ནས་ཆོས་རྩ་ཆེན་ཞིག་གནང་གི་ཡོད་མདོག་ཀྱིས་ཁྱབ་བསྒྲགས་བྱ་ཆེན་ཡིན་པས་ཁྱོད་ཀྱིས་བླ་མ་བཙོང་ནས་ཟོས་པ་རེད་ཟེར་གྱི་ཡོད། སྐབས་དེར་ཁྱོད་ཀྱིས་སྒོར་མོ་ག་ཚོད་རག་ཡོད་ན་སྒོར་རྡོག་རེ་རེ་བཞིན་བླ་མའི་སྐུ་ཤ་སྐུ་ཁྲག་ཟ་འཐུང་བྱས་པ་དང་ཁྱད་པར་མེད་པས་ཡི་དྭགས་འཇིགས་སུ་རུང་བ་ཁྱོད་ལ་རྣམ་སྨིན་འཁོར་ངེས་ཡིན། ཕུང་གསུམ་པ་ཆེ་ཆུང་སུ་ཡིན་ཡང་གོང་དུ་འཇོག་རྒྱུ་མིན་ན་ཐོག་མར་ཁྱོད་ཀྱི་སྐྱེ་དམན་བྱི་ཕྲུག་ཡོད་པའི་ཡུགས་ས་མ་དེ་ནས་མགོ་འཛུགས་དགོས་པ་རེད། བག་གསར་རེད་ཟེར་ན་བྱི་ཕྲུག་ཡོད་པ། ཡུགས་ས་མ་རེད་ཟེར་ན་གཉེན་སྟོན་བྱེད་པ་འདི་ཕུང་གསུམ་པ་མིན་ན་ཇི་རེད། ཁྱོ་ག་སྔོན་མའི་ཁུ་བ་མ་སྐམ་གོང་ལ་ཁྱོད་ཀྱིས་ལྡག་རྒྱུ་བྱུང་བ་དེས་འདོད་པ་ཚིམས་སོང་བ་མིན་ནམ། དོར་མ་རྙིང་པ་ཞིག་བཀྲུས་ནས་གྱོན་རྒྱུ་མ་གཏོགས་སྡོམ་པ་ཤོར་ཡང་མོ་གསར་མ་ཞིག་མ་རག་པ་དེ་ཞབས་འདྲེན་ཁྱོད་ཀྱི་ཕ་རྒན་གྱི་མྱི་ཁ་རེད། ཨེ་གོ་ཐལ།

  19. རྩ་འགབ་ཚང་། says:
    2012-10-04 at 9:23 am

    རྐུ་བྱས་པ་ནི་ཚད་ལས་བརྒལ་བའི་འདོད་ཧམ་གྱི་རང་རྟགས་ཕྱིར་མངོན་བསྟན་ཏེ། ཡ་རབས་མི་ཆོས་དང་འགལ་བའི་བྱ་སྤྱོད་ཅིག་རེད། ཁོང་ཚོས་བྱ་སྤྱོད་འདིས། ཡུལ་མི་ཚོས་བོད་རིགས་ལ་ལྟ་སྟངས་ཐད་བག་ཆགས་ངན་བཞག་ཡོད་ངེས་རེད། འོན་ཀྱང་རྐུན་མ་འདི་ཚོས་ཀླད་པ་དང་ལག་རྩལ་ཚད་མཐོ་ཙམ་བཀོལ་འདུག་པས། བེད་སྤྱད་ས་མ་ནོར་ན། བོད་གཞོན་སྐྱེས་ཚོའི་ཀླད་པ་དང་ལག་རྩལ་ཚད་མཐོ་རུ་སོན་ཡོད་པ་བདེན་དཔང་བྱས་པ་ཞིག་མ་རེད་དམ། ཁོ་ཚོས་བརྐུས་བརྒྱབ་པ་ནི་མི་ལེགས་པའི་ཞིག་ཡིན་ནའང་། བོད་ནང་ཁུལ་གྱི་རྟ་རྐུན་ཟོག་རྐུན་ཚོ་ལས་ལྡབ་བརྒྱ་ལོག་གི་ཁྱད་པར་འཕགས་པ་འདུག

  20. རྩ་འགབ་ཚང་། says:
    2012-10-04 at 9:32 am

    དེ་རིང་དུས་བབ་དྲ་ཚིིག་ནས་རྐུན་མ་འདི་ཚོའི་པར་མཐོང་མ་ཐག་ཨ་ཁ་ཁ་བསམ་བྱུང་། འོན་ཀྱང་འགྲེལ་བྱེད་ཀློག་གིན་ཀློག་གིན་ང་ལ་སྤོབས་པ་ཞིག་ཀྱང་སྐྱེས་བྱུང་། ལོག་པར་མ་བཀོལ་ན། བོད་གཞོན་སྐྱེས་ཚོས་ཀླད་པ་དང་ལག་རྩལ་ཚད་མཐོན་པོར་སོན་འདུག་ག་བསམ་པ་དྲན་བྱུང་།

  21. བསམ་གཏན། says:
    2012-10-04 at 9:37 am

    རྐུན་མ་ནང་གི་རྐུན་མ་དེ་ཀིརྟི་སྒྲོལ་དཀར་ལྷ་མོ་རེད།

  22. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 10:07 am

    ་་་་་་་ བོད་པའི་ཞབས་འདྲེན་ཞུ་མཁན་དེ་དག་ཡུལ་དེའི་ཁྲིམས་ཁང་ནས་བོད་པ་རེད་བསམ་ནས་སྙིང་རྗེ་བྱ་རྒྱུ་མེད། ཁྲིམས་ཐོག་ནས་ཁྲིམས་ནན་པོ་གཏོང་དགོས། སྤྲང་པོ་དེ་ཚོའི་རིགས་ཀྱིས་ཕ་མར་སེམས་ཁྲལ་བཟོ་བ། བོད་པའི་རྐང་པ་འཐེན་པ། རྒྱལ་ཁབ་ཀྱི་ཁྲིམས་ལ་མི་བརྩི་བ། བོད་མི་རིགས་ཀྱི་ལ་རྒྱ་མེད་པ། ཕུགས་བསམ་མེད་པ། ཡ་རབས་བཟང་སྤྱོད་མེད་པ། ༧རྒྱལ་བའི་དགོངས་པ་རྡོག་རོལ་གཏོང་མཁན་འདི་དག་ཕོ་རོག་དང་གཅིག་པ་རེད། འདི་ཚོ་མཐོང་བ་རྒྱུ་མཚན་དུ་བྱས་ནས་སྐྱབས་བཅོལ་ཞུས་ཟིན་པ་དང་ཞུ་མཁན་ཚང་མས་ཡ་རབས་བཟང་སྤྱོད་དང་ཚུལ་མཐུན་ཁྲིམས་དང་མཐུན་པའི་བོད་མི་ཞིག་ཆགས་རྒྱུར་འབད་བརྩོན་གནང་དགོས་པ་ཡིན། ་་་་ཟེར།

  23. གཉིས་མེད་སེངྒེ says:
    2012-10-04 at 10:20 am

    རྐུན་མ་ཟིན་དུས་ཁྲིམས་ཀྱིས་ཉེས་ཡངས་མི་གཏོང་ཐག་ཆོད། རྐུན་མར་སྙིང་རྗེ་སྒོམ་མཁན་སུ་ཡོད།

  24. བོད་ལ་ཞེན། says:
    2012-10-04 at 10:32 am

    བོད་པ་འདྲ་པོ་མི་འདུག ཧི་མ་ལ་ཡའི་མི་རིགས་གཞན་པ་འདྲ་པོ་འདུག གལ་སྲིད་བོད་པ་ཡིན་ན་ཞབས་འདྲེན་རེད། རྐུན་མ་བྱེད་ན་ཡང་གཏེ་པོ་རེད་མི་འདུག་གཡོག་པོ་རེད་བཞག ལས་ཀ་གཞན་པ་ལ་གཡོག་པོ་ཡིན་ད་ཡིན།

  25. མེ་ཏོག་དཀར་པོ། says:
    2012-10-04 at 10:39 am

    ཨ་ལེ། བོད་པ་ཡིན་ན་ག་འདྲ་ཡིན་དགོས་རེད། ཧི་མལ་ཡའི་མི་རིགས་གཞན་སུ་འདྲ་པོ་འདུག
    བོད་ལ་ཞེན་གྱིས་སྐད་ཆ་ཁྱད་མཚར་འདྲ་ཞིག་བཤད་གིན་འདུག
    སྐབས་ཧམ་པ་ཚ་དྲག་པས་འབྲུག་པ་ཡང་བོད་པ་རེད་ཟེར་ཁ་གདང་ནས་སྡོད། མཚམས་རེ་བོད་པ་དང་ཧི་མ་ལའི་མི་རིགས་ཁྱད་པར་ཞེ་པུ་གཅིག་ཡོད་མདོག་མདོག
    དངོས་གནས་བྱས་ན་རྐུན་མ་བོད་ཕྲུག་འདི་དག་ལས་སྐད་ཆ་འདི་འདྲ་བཤད་མཁན་ཚོ་སྡུག་ག་འདུག

  26. ཀུན་དགའ་རྒྱལ་པོ། says:
    2012-10-04 at 10:40 am

    ཁོ་རང་ཚོས་དེང་རབས་ཀྱི་རྒྱུན་ཤེས་ལག་རྩལ་བེད་སྤྱོད་བྱས་ནས་འགྲུལ་འཁོར་ལས་ཁང་ཆེན་པོ་ཞིག་ལ་རྐུན་མ་བརྒྱབ་པ་རེད། དེ་ནི་ཧ་ལས་དགོས་པ་དང་ངོ་ཚ་དགོས་པ་ཞིག་ཏུ་མཐོང་མ་སོང་། དེ་མིན་སོ་སོ་གཞུང་ཞབས་ལས་སྣེ་འགན་ཁུར་བ་ཞིག་ཡིན་བཞིན་དུ་རང་གཞུང་གི་རྒྱུ་དངུལ་ལྐོག་ཟ་དང་རྐུན་མ་བརྒྱབ་ན་ཞབས་འདྲེན་ཆེ་ཤོས་དང་མ་རབ་ཚ་ཤོས་དེ་རེད།

  27. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 10:41 am

    ་་་་་་ ཊོ་རོན་ཊོ་མངའ་སྡེའི་མེ་འཁོར་དངུལ་བྱང་བརྒྱུད་འདྲེན་ལས་ཁུངས་(TTC) ཀྱིས་བརྗོད་པ་ལྟར་ན། ཁོ་ཚོས་ད་ལོའི་ལོ་སྟོད་ཙམ་ནས་མེ་འཁོར་བྱང་བུའི་དངུལ་བརྒྱུད་འདྲེན་ནང་མིང་ཁ་གསལ་མེད་པའི་བྱང་བུའི་སྟེང་འཕོ་འགྱུར་འགྲོ་ཡི་ཡོད་པའི་གནས་ཚུལ་རིམ་པར་བྱུང་རྗེས།
    དོགས་གཞི་ཅན་གྱི་བྱང་བུ་དང་། བྱང་བུ་བཙོང་སའི་ས་ཚུགས་ཁག་བཅས་ལ་སོ་ལྟ་དང་། པར་དང་བརྙན་རིས་སོགས་ལེན་པའི་འཕྲུལ་ཆས་བཙུགས་པ། དམིགས་བསལ་ཞིབ་བཤེར་ཚན་ཆུང་ཟུར་འཛུགས་བྱས་པ་སོགས་བྱས་ཡོད་འདུག ་་་་་ཟེར།

  28. ཀླུ་སྨྱོན། says:
    2012-10-04 at 11:10 am

    མི་ཞིག་གིས་རྐུས་བྱས་པ་དེ་ཞབས་འདྲེན་ཅང་མ་རེད། མི་དེས་རྐུས་བྱས་ནས་ཉེས་པ་ཁས་མི་ལེན་ན་ད་གཟོད་ཞབས་འདྲེན་རེད།

  29. ཡང་ཀྱཱ་མ་མགོན says:
    2012-10-04 at 11:21 am

    དེ་གཙོ་བོ་ཕ་མ་རང་གིས་བསླབ་བྱ་གཏང་བ་མ་འགྲིགས་པ་རེད་སྙམ། གང་ཡིན་ཟེར་ན་ཕ་མ་ཚོའི་རྟག་པར་དངུལ་རྐྱང་རྐྱང་ལ་རྔམ་ནས་ལས་ཀ་ཕྱིན། སོ་སོའི་བུ་ལ་བོད་མི་རིགས་གི་ཡ་རབས་གོམ་བཤིས་སོགས་གིས་བསླབ་བྱ་མ་གཏང་བ་རྐྱེན་གྱིས་གནས་ཚུལ་འདི་བྱུང་བ་རེད།

  30. དགེ་བསམ says:
    2012-10-04 at 11:23 am

    བོད་མི་ཞིག་གི་རྐུས་བྱས་དུས་བོད་པ་ཟེར་བ་དེ་
    རང་བཞིན་གྱི་རྗེས་སུ་མཐུད་ཡོད་པ་མ་ཡིན་ནམ།

  31. དཔྱིད་འགོའི་མེ་ཏོག says:
    2012-10-04 at 11:24 am

    གནས་ཚུལ་འདི་དང་པོ་ངས་དུས་བབ་ལས་རིག་པ་ཡིན་ཁོང་ཚོའི་པར་ལ་ལྟ་དུས་བོད་མའི་གདོང་དང་འདྲ་བོ་འདུག་རིམ་བཞིན་གནས་ཚུལ་ཆ་་ཚང་ཀློག་རྗེས་བོད་མིང་བྲིས་འདུག་པ་མཐོང་སོང་པས་སེམས་ལ་རིགས་ཞེན་གྱི་བག་ཆགས་ཀི་སྒུལ་ཤུགས་འཕར་སོང་་འདི་དག་བོད་པ་མིན་པར་ཤོག

  32. མེ་ཏོག་དཀར་པོ། says:
    2012-10-04 at 11:28 am

    མི་དེས་རྐུས་བྱས་ནས་ཉེས་པ་ཁས་མི་ལེན་ན་ཞབས་འདྲེན་ཅང་མ་རེད། ཉེས་པ་ཁས་མི་ལེན་པའི་སྟེང་གཞན་ལ་ཁ་གཡོག་ན་ད་གཟོད་ཞབས་འདྲེན་རེད།
    མུ་མཐུད་ཨ།

  33. མེ་ཏོག་དཀར་པོ། says:
    2012-10-04 at 11:34 am

    སྐབས་རེ་འབྲས་ལྗོངས་པ་བའི་ཆུང་༼bhaichung bhutia༽ བོད་པ་རེད་མདོག་མདོག ཁ་བོད་འདྲ་གི་འདུག མིག་བོད་འདྲ་གི་འདུག སྣ་འདྲ་གི་འདུག་ཟེར།
    ཡང་བོད་པ་ཡིན་ཤག་ཤག་ཅིག་གིས་རྐུས་པ་ན་ཧི་མ་ལ་ཡའི་མི་རིགས་ཅིག་ཅིག་དང་འདྲ་གི་འདུག་མདོག་མདོག

    སྐད་ཆ་འདི་དག་མི་མཚན་ཉིད་པ་ཞིག་གི་སྐད་ཆ་མ་རེད། རྐུས་པ་ལས་འདི་དག་ལ་བློ་ཕམ་ཆེ།

  34. མངའ་རིས་ཕྲིན་ལས། says:
    2012-10-04 at 11:54 am

    བོད་པ་གཙང་མ་གཙང་རྐྱང་རེད། བསྟན་འཛིན་བདེ་ལེགས་དང་ཚེ་རིང་ཆོས་ལྡན་གཉིས་སྤུན་མཆེད་རེད། མོན་གྷོ་གཞིས་གྲོང་བདུན་པ་ནས་རེད་འདུག སྤྱི་ཟུར་ཞིག་གི་ཚ་བོ་རྐྱང་རེད་ཧི་ལ་ཡི་མི་རེད་མ་ལབ་རོགས། རྒྱུན་དུ་ཆོས་ལྡན་དང་བདེ་ལེགས་འབོད་བཞིན་ཡོད།

  35. ཁྲི་རལ་པ། says:
    2012-10-04 at 12:04 pm

    རྐུན་མ་ལ་རྗེས་སུ་ཡི་རངས་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་གང་དུ་ཡོད་ན་དེའི་ཡུལ་ཁྲིམས་དང་འགལ་ཡོད་པ་རེད།ལྷག་པར་བོད་མི་ཚོས་འཛམ་གླིང་གང་སར་རྒྱ་མིའི་ངན་སྤྱོད་མ་ཎི་བཞིན་བགྲེང་བཞིན་དུ།སོ་སོའི་མིས་རྐུན་ཇག་གཉེར་བར་རྒྱབ་སྐྱོར་ཡི་རངས་བྱེད་པ་ནི་མི་གཞན་ཁྲེལ་དགོད་འཆོར་གཞི་རེད།
    ཁ་ན་སྒྲ་རུ་བོད་མི་དེ་ཙམ་ཉུང་ཉུང་ལས་མེད་ནའང་དེའི་ནང་རྐུན་མ་བཞི་འཐོན་པ་ཧ་ལས་དགོས་པ་ཅིག་རེད།དེ་སྔ་ཨ་རིའི་ནང་བོད་མིར་ཐོངས་མཆན་རག་རྒྱུར་དཀའ་ངལ་ཅི་གང་མེད་ནའང་ཕྱིས་བཙན་བྱོལ་བོད་མི་ཚོས་སྤྱོད་ངན་འཁྲབ་རྒྱུ་མང་དྲག་སྟེ།ད་ཆ་གཞུང་ཞབས་ཚོ་ལའང་ཕྱོགས་བསྐྱོད་ཐོངས་མཆན་རག་རྒྱུར་དཀའ་ལས་ཡོད་པ་༧རྒྱལ་བ་རིན་པོ་ཆེས་གསལ་བཤད་ཐེངས་མང་གནང་སོང་ང་།
    ཡོ་རོབ་དང་ཨ་རིའི་ནང་ད་སྔ་བོད་མི་ཚོར་མཐོང་ཚུལ་ལེགས་པོ་ཡོད་ནའང་།སྤྱོད་ངན་འཁྲབ་ཐོ་མང་པོ་འདི་ལྟར་ཇེ་མང་སོང་ན་ཨ་ཧྥི་རི་ཁ་དང་ཨ་རབ་ཀྱི་སྐྱབས་བཅོལ་བ་ཚོ་ལྟར་བོད་མི་སྐྱབས་བཅོལ་བ་སྤྱི་ལ་དཀའ་ངལ་འཕྲད་མི་སྲིད་པ་རེད།དམིགས་བསལ་རྒྱ་ནག་གཞུང་གིས་ནི་བེད་སྤྱོད་གཏོང་ངེས་གཏན་ཡིན་པ་རེད།
    དེ་འདྲ་སོང་རྐུན་མར་རྒྱབ་སྐྱོར་མཁན་གྱི་མི་ཚོས་ཞེན་ཁོག་སྐམ་པོའི་འགན་ཁུར་མེད་པའི་སྐད་ཆ་མ་བཤད་ན་ཡག་པོ་རེད།སྐད་ཆ་འདི་ཚོ་རྒྱལ་ཁབ་མང་པོའི་མི་དང་གསང་ལས་པ་ཚུན་ནས་ཀློག་གི་ཡོད་རེད་ད།

  36. ཨ་ར་དཀར་པོ says:
    2012-10-04 at 12:05 pm

    བརྒྱ་བཤད་སྟོང་ལ་བབས་ཀྱང་། རྐུན་མ་ནི་རྐུན་མ་རང་རེད། ངོ་སོ་བྱེད་དགོས་དོན་ཅང་མེད། ཁྲིམས་ལ་སྦྱོར་དགོས་ངེས་རེད། ཞོར་ལ་བོད་མི་རིགས་འདི་ལའང་ཐག་ཞོར་འབྲང་དྲུང་བྱུང་བ་རེད། བོད་མི་ཆིག་སྟོང་ཁེ་ན་ཊར་བསྐྱོད་མཁན་ཚོ་ལའང་གནོད་གང་འཚམ་བསྐྱལ་ཡོད་སྲིད། ལྟས་ཕྲུག་དེ་ཚོ

  37. ཁྲི་རལ་པ། says:
    2012-10-04 at 12:06 pm

    མི་སྲིད་པ་མ་རེད་ཅེས་པར་བཅོས་རོགས

  38. མེ་ཏོག་དཀར་པོ། says:
    2012-10-04 at 12:17 pm

    ད་རྐུན་རྒན་འདི་ཚོ་བོད་པ་ཡིན་ར་ཕྲོད་དུས་ཁོང་ཚོ་ཁག་ཡོད་མ་རེད། རང་ལོ་ ༣༣ ཡིན་པ་རཱ་མཱ་སཱ་མེས་མགོ་བསྐོར་ནས་དོན་རྐྱེན་དེ་བྱུང་བ་རེད་མ་ལབ་རོགས། སྐུ་མཁྱེན།

  39. མངའ་རིས་ཕྲིན་ལས། says:
    2012-10-04 at 12:30 pm

    ཆོག་ཤེས་མེད་པའི་ཁྱི་རྒན་གཉིས་གཞིས་གྲོང་བདུན་པ་ནས་སྔོན་མ་བུ་མོ་གཉིས་ལ་ཆང་ཚ་བརྫུན་མ་རྒྱབ་ནས་ཧིན་སྒོར་འབུམ་ཉི་ཤུ་རྩ་བཞི་ལེན་ཡོད་སྐད་འདུག་ད་དུང་འདི་འདྲ་རེད་འདི་ཚོ་རྒྱ་དམར་པོས་བྱེད་པ་ནང་བཞིན་སྲོག་ཐོག་གཏོང་དགོས་རེད།

  40. བྱམས་པ་ལྷུན་གྲུབ། says:
    2012-10-04 at 12:50 pm

    ཀླུ་སྨོན་ལགས་མི་ཞིག་གིས་ལས་ངན་བྱས་ཏེ་རྐུ་མ་བྱེད་པ་དེ་བྱ་ངན་མ་ཡིན་ན། རྐུ་ནས་ཉེས་པ་ཁས་མི་ལེན་པ་ཅིའི་ཕྱིར་ཡག་པོ་མིན། གནས་ཚུལ་འདི་ལ་འུད་ཤོད་དང་སྙན་ཚིག་བརྒྱབ་ན་དོན་དང་་མཐུན་དཀའ་སྙམ།

  41. བྱམས་པ་ལྷུན་གྲུབ། says:
    2012-10-04 at 12:57 pm

    བོད་པའི་མིང་བྱང་ཁུར་ནས།།
    གཞན་གྱི་རྒྱུ་ནོར་བརྐུས་པ།།
    ཞབས་འདྲེན་ཞུས་པ་མིན་ན།།
    གཞན་ནོར་བརྐུས་པའི་རྗེས་སུ།།
    ཉེས་ཆད་ཁས་ལེན་མི་བྱེད།།
    ཅིའི་ཕྱིར་ཞབས་འདྲེན་མ་རེད།།

  42. བྱམས་པ་ལྷུན་གྲུབ། says:
    2012-10-04 at 12:59 pm

    འོན་ཀྱང་གོང་གི་མི་དེ་དག་བོད་པའི་གདོང་གཞི་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས། ཁོང་ཚོ་བོད་པ་ཡིན་པར་འདོད་ན་ནི་དེ་ཡང་ངེས་པ་ག་ལ་ཡོད་དེ་བརྟག་དགོས་པ་ཞིག་ཀྱང་ཡིན།

  43. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 1:12 pm

    ་་་་་ བསྟན་འཛིན་བདེ་ལེགས་དང་ཚེ་རིང་ཆོས་ལྡན་གཉིས་སྤུན་མཆེད་རེད། མོན་གྷོ་གཞིས་གྲོང་བདུན་པ་ནས་རེད་འདུག སྤྱི་ཟུར་ཞིག་གི་ཚ་བོ་རྐྱང་རེད་་་་་་་་ ཟེར།
    སྤྱི་ཟུར་སུའི་ཚ་བོ་ཡིན་ནམ། ལགས། ! ? !

  44. ཚེ་རིང་རྡོ་རྗེ says:
    2012-10-04 at 1:23 pm

    ཁྲམ་པ་རྐུན་མའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པ་དང་། བྱ་སྤྱོད་ེའི་རིགས་ལ་རྒྱབ་སྐྱོར་དང་ཡི་རང་བ་ནི་རྐུན་ཇག་གི་ཀུན་སློང་ཡོད་པའི་རྟགས་སུ་མཐོང་། ཁྲིམས་ལྡན་རྒྱལ་ཁབ་ཅིག་ནས་བོད་པ་༼མཆན། ཡིན་མིནད་དུང་ཐག་མི་ཆོད༽འགའ་ཤས་ཀྱིས་ཁྲིམས་འགལ་བྱས་པ་དེ་འཇིགས་སུ་རུང་བ་དང་། དེ་ལས་ཀྱང་འཇིགས་སུ་རུང་བ་ནི་ཁ་བརྡའི་མཆན་པ་ཚོའི་ནང་ན་རྐུན་ཇག་ལ་དཔའ་དར་འཐེན་པ་འདིའོ།། ཁོ་ཚོ་ལ་གོ་སྐབས་དང་འཇོན་ཐང་མ་རག་པ་མ་གཏོགས། ཁྲམ་པ་རྐུན་མ་དེ་ཚོ་དང་གཉིས་མ་མཆིས་པ་མིན་ནམ།

  45. ཁྱུང་དཀར says:
    2012-10-04 at 1:30 pm

    བརྐུ་བྱ་བ་ལ་ཧ་ལས་ཡ་དང་ཧང་སང་ཡ་གང་ཡང་མི་འདུག སྤྱི་ཚོགས་གང་དུ་སོང་ཡང་ཁྲིམས་འགལ་རེད། སོང་ཙང་། མི་འདི་ཚོས་བརྐུས་བྱས་པ་དངོས་བདེན་ཡིན་ན་ཁེ་ན་སྒྲ་གཞུང་ནས་སུ་གང་གི་ངོ་ལ་ལྟ་ཀི་མ་རེད་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ངེས་གཏན་རེད། འདི་ནི་

  46. ཐུ་བ་རྒྱ་མཚོ། says:
    2012-10-04 at 1:44 pm

    འཇིག་རྟེན་ན་ཆེས་མི་དགའ་ས་ཞིག་ཡོད་པ་ནི་རྐུན་མ་ཡིན། རྐུན་མ་ཞིག་ཡིན་ཕྱིན་རང་གི་སྤུན་མཆེད་དང་དགའ་གྲོགས་ཡིན་ཡང་ཚར་གཅོད་བྱེད་རྒྱུར་རྒྱབ་སྐྱོར་ཡོད། འདིའི་རིགས་ལ་ཉེས་ཁྲིམས་ལྗིད་མོ་བཅད་ནས་ས་ཐོག་ནས་གཙང་མ་བཟོ་ཐུབ་ན་ཡག་གི་རེད། བོད་པ་མ་པའི་སྐད་ཆ་གང་ཡང་ལྷག་མེད། གང་ན་སུ་ཡོད་མ་ལུས་ཁྲིམས་ལ་རྒྱག་དགོས་པ་རེད།

  47. ནུབ་ཕྱོགས་གངས་ཕྲུག་ says:
    2012-10-04 at 1:46 pm

    རྐུན་མ་འཛམ་གླིང་གང་སར་ཡོད། ཧ་ལས་རྒྱུ་མེད། རྡ་རམ་ས་ལ་ལས་བྱེད་ནང་རྐུན་མ་མང་པོ་བྱུང་་ཡོད། རྐུ་ལུགས་མི་འདྲ་བ་སྐྱབས་བརྟེན་དང་དངོས་བརྟེན་བརྐུས་ཡོད། བུད་མེད་ཚོགས་པའི་དངུལ་བརྐུས་ཡོད། དེ་མིན་ལྟག་སྒོ་བརྒྱུད་ནས་གཉེན་ཉེ་ཕྱི་རྒྱལ་དུ་བཏང་ཡོད། ཕྱི་རྒྱལ་ལ་འགྲོ་དུས་བོད་གཞུང་གི་དངུལ་གཡར་ནས་ཕྱིར་མ་སྤྲད་མཁན་ཡང་བྱུང་ཡོད། དེ་དག་ཚང་མ་གཅིག་པ་རེད།

  48. མངའ་རིས་ཕྲིན་ལས། says:
    2012-10-04 at 1:57 pm

    བཀའ་རྡོ་ལགས་སྤྱི་ཟུར་ཀུན་དགའ་ཚེ་རིང་གི་ཚ་བོ་རེད། ཧ་ལས་ཡ་ཡོད་མ་རེད་མགྱོགས་པོ་ཕྱུགས་པོ་ཆགས་ཡ་ལ་ཐབས་ཤེས་ཁྲིམས་འགལ་ལས་ས་ཆོད་ཆེ་བ་གང་ན་ཡོད་ཧ་ཧ་ཧ་

  49. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 2:12 pm

    ་་་་སྤྱི་ཟུར་ཀུན་དགའ་ཚེ་རིང་གི་ཚ་བོ་རེད། ་་ ཟེར།

  50. རྩ་འགབ་ཚང་། says:
    2012-10-04 at 2:31 pm

    སྤྱི་ཚོགས་ཤིག་ཡིན་དུས་དེའི་ནང་ལ་ཡག་སྡུག་གཉིས་ཀ་ཡོད་ཡོད་པ་རེད། ད་རེབས་ཀྱི་རྐུན་མ་དེས་ཚོས་བོད་པའི་ཞབས་འདྲེན་ཞེ་དྲག་ཞུབས་སོང་། ཟེར་ན་དེ་ཡང་གནས་ལུགས་དེ་ཙམ་མེད་པ་རེད། བོད་སྤྱི་ཚོགས་འདི་གཙང་མ་གཙང་རྐྱང་ཞིག་ཡིན་པ་སུས་ཀྱང་འདོད་ནི་མ་རེད། གནས་ལུགས་ཤེས་མཁན་ཞིག་ཡིན་ན། སྤྱི་ཚོགས་ཤིག་གི་ནང་འདྲ་མ་འདྲ་ཡོད་པ་སུས་ཧ་མི་གོ ད་དུང་དེ་ལས་སྡུག་པའི་མི་གསོད་དང་། ཇག་པ་ཡོད་ནི་རེད་ཀོ མི་སྐོར་ཞིག་གིས་ཞེན་ཁོག་ཡིན་འདོགས་ཀྱིས། བོད་མི་ལ་སྐྱོན་སླད་མེད་འདོགས་ཀྱི་རྣམ་འགྱུར་སྟོན་གྱི་ཡོད་པ་དེ་ཡང་ངོ་ཚ་དགོས་ནི་རྒྱུ་མ་རེད་པས།

  51. ལུང་རྟོགས། says:
    2012-10-04 at 2:36 pm

    འདིའི་ནང་གི་མཆན་པ་ཁག་ཅིག་ཀྱང་རྐུན་མ་ཡིན་པ་འདྲ། དེ་མིན་རྐུན་མ་ལ་དཔའ་དར་དང་། སྤྱང་ཀི་ལ་རྣ་ཚར་བཏག་མཁན་སུ་ཡོད། གནས་ཚུལ་འདིའི་སྟེང་ནས་བོད་མི་རིགས་ཀྱི་སྤྱོད་པ་ཇེ་སྡུག་ལ་འགྲོ་ཡི་ཡོད་པའི་གསལ་བཤད་ཐེང་གཅིག་བྱས་པ་རེད་ལ། རང་གི་ཡོད་ཚད་དབྱུག་ཀྱང་དང་། གཞན་གྱི་ཡོད་ཚད་ལེན་ཀྱང་བྱས་པའི་ངན་འབྲས་སྨིན་པ་རེད།

  52. མགོན་པོ་ཕྱག་གཉིས་པ། says:
    2012-10-04 at 3:16 pm

    རྐུན་མ་ནི་བོད་ལ་མཚོན་ན་གསར་པ་ཅང་མ་རེད། གནའ་སྔ་མོ་ནས་རྐུན་ཇག་དང་མི་གསོད་ཁྲག་སྦྱོར་བྱེད་མཁན་གང་སར་ཡོད་པ་རེད། ད་ཆ་ཡིན་ནའང་དེ་བཞིན་རེད། རྐུ་བྱེད་པའི་ཐོག་མི་གསོད་ཁྲག་སྦྱོར་གྱི་བྱ་བ་བྱེད་པ་དེ་དལྟ་ཅུང་ཉུང་ང་མིན་འགྲོ་བསམ།
    ད་ལྟ་བོད་ནང་ལ་མཚོན་ན་ད་རུང་ཕྱི་ལོགས་ལས་སྡུག་ག་མེད་འགྲོ་བསམ། རྐུན་མ་ཨ་ཅང་ཅང་། གྲོང་ཁྱེར་ནང་འཕྲོག་བཅོམ་བྱེད་མཁན། ཚོགས་པ་ནག་པོའམ་ཇག་ཚོགས་འདྲ་མིན། དེ་ཚོའི་ནང་ཞུགས་མཁན་གང་སར་ཡོད་པ་གོ་རྒྱུ་འདུག ཟི་ལིང་། ལྷ་ས། ཁྲིན་ཏུའུ་གསུམ་བོད་མི་ཇག་རྐུན་མང་ཤོས་ཡོད་ས་དེ་རེད་ཟེར།
    ད་ལྟ་བོད་མི་རིགས་ཀྱི་སྤྱོད་པ་ཇེ་སྡུག་ལ་འགྲོ་གི་ཡོད་མེད་དེའང་ཉམས་ཞིབ་ཅིག་མ་བྱས་པར་བཤད་ཁག་པོ་རེད་སྙམ། སྔོན་མ་ཡིན་ནའང་བྱང་ཐང་ངམ་ས་སྟོང་དེ་འདྲར་ཇག་ཚོ་བརྒྱ་ཕྲག་དུ་མ་མཉམ་གཅིག་ཏུ་ཡོད་པའི་སྐད་ཆ་འདུག་ག སྡེ་བ་འགའ་རེར་ཕོ་གསར་ཕལ་ཆེ་བ་ཇག་རྐུན་གྱི་ལས་ལ་ཞུགས་བསྡད་ཡོད་པའི་སྐད་ཆ་འདུག་ག སྟོད་མངའ་རིས་ནས་སྨད་མདོ་སྨད་བར་ཇག་རྐུན་མེད་པའི་ས་ཆ་ཕལ་ཆེར་མེད་ཚོད་རེད། རྐུས་ན་རྐུས་པ་རེད་དེ་ད་རུང་རྐུ་འཕྲོག་གི་ཆེད་དུ་མི་བསད་པའི་ལོ་རྒྱུས་ག་ཚོད་མང་པོ་འདུག ད་ལྟ་རྐུ་བྱེད་པའི་ཆེད་མི་སྲོག་འཕྲོག་པ་ནི་ཅུང་ཉུང་ང་རེད། གང་དུའང་ཁྲིམས་དང་ལྟ་སྲུང་བ་ཡོད་པས་ཀྱང་ཡིན་རྒྱུ་རེད།

  53. གསེར་འབྲུག་སྡེར་ལྔ་ says:
    2012-10-04 at 3:48 pm

    རེད་ད། མགོན་པོ་ཕྱག་གཉིས་པ་ལགས།
    གནའ་སྔ་མོ་བོད་ལྷོ་ཁ་ས་ཁུལ་རྒྱུད་དཀར་རོང་དང་གོས་དཀར་ལ་སོགས་ལ་གྲྭ་སའི་གྲྭ་པའི་ཇག་པ་ཟེར་བ་ཧ་ཅང་འཇིགས་སུ་རུང་བ་མང་པོ་ཡོད་རབས་ངས་མངོན་སུམ་དུ་རྒན་རབས་འགའ་ཤས་ཀྱི་ཞལ་དྲོན་མོ་ནས་གོ་མྱོང་། ད་དུང་ཇག་པ་དེ་ཚོ་ཧམ་ཤེད་ཆེན་པོས་ཉི་མ་ཁ་དཀར་ངོ་དཀར་ལ་འབྲོག་སྡེ་ཁག་ལ་བཅོམས་ཕྲོགས་གསོད་གསུམ་བྱེད་ཀྱི་ཡོད་པ་རེད་འདུག། རྒན་རབས་པས་སྡེ་པ་གཞུང་ལ་ཞུ་གཏུགས་བརྒྱབས་ན་ཕམས་གྱོང་མ་གཏོག་མེད་པ་རེད་ཟེར། ཅིའི་ཕྱིར་ལབ་དུས་ཁོ་ཚོ་གྲྭ་ས་ཁག་ལ་ཞུགས་ཇ་བརྒྱབས་ཚར་བ་རེད། བྱས་ཙང་གྲྭ་ས་ཁག་གི་རྒྱབ་རྟགས་ཡོད་པར་བརྟེན་ང་ཚོ་གྱོང་འཁུར་རྒྱུ་མ་གཏོགས་ཅང་ལྷག་མེད་ཟེར།

    འོ་ན་ད་རེས་ཀྱི་རྐུན་མ་ལྔ་པོ་ཁེ་ཎ་ཌའི་མི་སེར་ཡིན་རབས་དུས་བབས་ནང་གསལ་གསལ་ཐིང་ཐིང་བཀོད་འདུག་པས་ང་ཚོས་ཇུས་གཏོག་ཞེ་དྲག་ཡོད་པ་མ་རེད་ལ་ཁེ་ཎ་ཌ་གཞུང་གིས་སོ་སོའི་མི་སེར་ལ་སོ་སོས་ཐག་གཅོད་བྱེད་ཀྱི་རེད་དོ།
    ཁྲིམས་ཀྱི་མདུན་དུ་མི་སེར་གྱི་ཐོབ་ཐང་གཞིར་བཟུང་འགྲོ་གི་རེད་མ་གཏོག་བོད་མིང་འཁྱེར་འདུག་བོད་པ་རེད་སུས་ཀྱང་ལབ་ཀྱི་མ་རེད་དོ།

  54. ཐུ་བ་རྒྱ་མཚོ། says:
    2012-10-04 at 4:02 pm

    རྐུན་མ་ཇག་པའི་ལས་ཀ་ནི་སྔོན་ཆད་ཡིན་ནའང་རེད། ད་ལྟ་ཡིན་ནའང་རེད། མི་རིགས་སུ་ཡིན་རུང་། ཆོས་ལུགས་ཅི་ཡིན་རུང་། རྒྱལ་ཁབ་གང་ཡིན་རུང་། མ་རུང་བ་དང་མི་ལེགས་པ། ངོ་ཚ་མེད་པ་དང་རྒྱུ་འབྲས་མེད་པ་ཞིག་ལ་ངོས་འཛིན་ཞུ་གི་རེད། ཁྲིམས་ལ་རྒྱག་གི་རེད། ཉེས་ཆད་གཅོད་གི་རེད།

    མི་ལ་ལས་ ལོ་རྒྱུས་ཐོག་གི་ཡ་ང་བའི་སྡུག་ལས་ཇི་སྙེད་དག་འདིར་དྲངས་ནས་རྐུན་མ་ལ་རྒྱབ་རོགས་བྱེད་པ་ནི་ཧ་ལས་པ་རེད། ཧང་སངས་ཡག་རེད། མ་ཤེས་པའི་ནག་ཉེས་རྣམས་འདག་རྒྱུ་ཡོད་ན་ཡང་ཤེས་བཞིན་དུ་ཉེས་བཤད་བྱེད་པ་ནི་མ་ཤི་བར་དུ་འདག་རྒྱུ་མེད། བཤད་སྲོལ་ལ་བླུན་པོ་འཆུག་ན་མཐོ་གང་། མཁས་པ་འཆུག་ན་འདོམ་གང་། ཟེར་པ་བཞིན་སྤྱི་ཚོགས་ཐོག་གི་རྒན་རབས་པ་དང་ཤེས་ཡོན་པ་ཚོས་བསླབ་བྱ་མ་ནོར་བར་གྱིས་ཤིག

  55. གསེར་འབྲུག་སྡེར་ལྔ་ says:
    2012-10-04 at 4:09 pm

    ད་དུང་ཁྲི་རལ་ལགས་ལ་ཞུ་རྒྱུར།
    ཨ་རིའི་མཐོང་མཆན་གཞུང་ཞབས་ཚོར་མི་རེགས་པ་དེ་གཞུང་ཞབས་དང་གཞུང་འབྲེལ་གྱི་སྡིང་ཆ་བརྒྱུད་ནས་འགྲོ་མཁན་ཁོ་རང་ཚོས་བཟོས་པ་ཞིག་ལས་བཙན་བྱོལ་བོད་མི་དམངས་དཀྱུས་ཀྱི་མགོར་གཡོག་ན་བདེ་མོ་ཞིག་མ་རེད་ལ་ཁོ་ཚོས་བཟོས་པ་ཅང་ཡིན་ཚོད་མི་འདུག། བྱས་ཙང་དཀའ་རྙོག་འདི་འགོ་བཙུགས་མཁན་ནི་གཞུང་ཞབས་ཚོས་གཞུང་གི་སྡིང་ཆ་འདི་བེད་སྤྱད་ནས་གཞུང་དོན་བསྒྲུབ་རྒྱུ་ཕར་ཟད་རང་རང་སོ་སོའི་འགྲོ་ཁུངས་བཟོས་ནས་ཕྱིར་མ་ལོག་པའི་རིགས་གཅིག་དང་། ཡང་ལྟག་སྒོ་བརྒྱུད་ནས་གཞུང་གི་སྡིང་ཆ་བེད་སྤྱོད་བྱས་ནས་ཕྱིར་མི་ལོག་མཁན་གྱི་གྲངས་འབོར་ཡང་ཉུང་ཉུང་ཅང་རེད་མི་འདུག། རྒྱུ་མཚན་གཞུང་གི་སྡིང་ཆ་དེ་མཐོང་མཆན་མང་ཤོས་རེགས་པའི་ལམ་ཆེན་ཡིན་པས་སོ།
    དེས་ན་དམངས་དཀྱུས་འགྲོ་མཁན་དཀོན་སེའེ་རེད་ལ་ཁྲིམས་མཐུན་གྱི་མཐོང་མཆན་ཐོབ་མཁན་ཉུང་ཉུང་ཡིན་པ་མ་ཟད། བུན་གཡར་གྱིས་འགྲོ་མཁན་ཕལ་ཆེ་བ་ཡིན་ཚོད་འདུག། བྱས་ཙང་དབྱུགས་པ་ལེབ་བརྡུང་བཏང་ན་ཡག་པོ་ཞིག་མ་རེད་འདོད།

  56. ལོ་མ་ལྗང་ཁུ་། says:
    2012-10-04 at 6:25 pm

    དྲང་མོ་བཤད་ན་མགོ་གཞུང་ནས་འོག་སྤྲང་པོའི་བར་རྐུན་མ་མང་པོ་རེད་། ཡིན་ནའང་རྐུ་བའི་ཐབས་ཡོད་ཀྱང་རྐུ་ཚུལ་མ་ཤེས་ན་རང་གི་མགོ་ལ་བྱ་ངན་པ་དེ་འདྲ་ཡོང་གི་རེད་།

  57. ཨ་ནུ་ཐང་བསོད་ནམས says:
    2012-10-04 at 6:37 pm

    བོད་པ་ཚང་མ་སངས་རྒྱས་མ་རེད་ལ་ཡང་དག་པ་ཡང་མ་རེད། མ་ཡིན་པ་ཀུན་གྱིས་ཤེས་གསལ་རེད། བོད་པ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་མི་ལྟར་རྐང་གཉིས་ལག་ལྡན་གྱི་མི་ཡིན་ཕྱིན་བཟང་ངན་ཀུན་ཡོད་པས་ཧ་ལས་དགོས་བའི་གནད་དོན་ཞིག་མ་རེད། ཧ་ལས་མི་དགོས་བའི་གནད་དོན་ཞིག་ལ་ཧ་ལས་བ་ནི་རང་ཉིད་ཀྱི་གདེང་འཇོག་ཆེ་བའི་ཞན་ཆ་རེད་ལ་རྨོངས་ཚང་ཡང་རེད། བོད་པའི་ཁྲོད་ནས་ཡག་སྡུག་གཉིས་ཀ་ཡོད་པ་སྔ་མོ་ནས་རྟོགས་པས་ཕྲན་ལ་མཚོན་ན་རྒྱུན་ལྡན་རེད། ཁོང་ཚོ་ལ་ཁྲིམས་ལུགས་ཀྱིས་ཐག་གཅོད་བྱེད་ངེས་རེད། ཚང་མས་མཁྱེན་གསལ་ལྟར་བོད་པའི་ཁྲོད་ནས་མ་རབས་ག་ཚོད་ཅིག་ཡོད་དམ། ངས་བཤད་མི་དགོས་བ་མི་རེའི་སེམས་ན་དཔེ་བརྗོད་རེ་ཡོད་ངེས་རེད།

  58. རྔ་བ་མཁས་གྲུབ says:
    2012-10-04 at 8:32 pm

    ང་ཁ་ན་ཊའི་གྲོང་ཁྱེར་ཊོ་རན་ཊོ་རང་ནས་ཡིན། གོང་དུ་མཆན་འདེབས་མཁན་རེ་ཟུང་གིས་ཁོང་ཚོ་བོད་པ་ཡིན་མིན་གྱི་དོག་པ་དང་། ལ་ལས་ཁོང་ཚོ་བོད་མིང་ཡོད་པའི་ཧི་མ་ལའི་མི་རིགས་ཡིན་སྲིད་པའི་དོག་པའང་བྱེད་ཀྱིན་འདུག་པས་གསལ་བཤད་ཅིག་བྱེད་བསམ་བྱུང་།

    དོན་དངོས་སུ་ཁོང་ཚོ་བཞི་བོ་བོད་པ་རེད་ལ། ཁ་སེང་དུས་ཚོད་༢༤ རིང་ལ་གཟུགས་མཐོང་བརྙན་འཕྲིན་བརྒྱུུད་ནས་བསྟན་སོང་བ་དང་། གྲོང་ཁྱེར་ནང་གི་རིན་མེད་ཚགས་ཤོག་ཚང་མའི་ནང་དུ་ཁོང་ཚོའི་པར་དང་གནས་ཚུལ་བཀྲམ་འདུག

    མཆན་པ་ལ་ལས་རྐུན་མ་དེ་ཚོས་ཀླད་པ་ཡོད་པའི་ལས་ཀ་བྱས་འདུག་ཅེས་སྟོད་སྔགས་བརྗོད་འདུག་མོད། གཙོ་བོ་དེ་རྒྱ་གར་ཀྱི་མི་དེ་ཡིན་འདུག་པ་དང་། ཁོང་ཚོ་བཞི་བོ་ཁོའི་ལག་གཡོག་རེད་ཟེར་གྱིན་འདུག སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་འོག་ཏུ་བོད་པ་ཚོར་མིང་ཡག་པོ་ཞིག་ཡོད་པ་རེད་དེ། ད་ཐེངས་ཡང་བསྐྱར་མིང་ངན་ཞིག་གྲོང་ཁྱེར་འདིར་ཁྱབ་བསྒྲགས་འགྲོ་སོང་།

    སྤྱིར་བོད་ཟེར་དུས་ཡར་རབས་སྤྱོད་བཟང་ཞིག་ལ་བརྩི་སྲོད་ཡོད་པའི་རྒྱུ་མཚན་གྱིས་འདི་ལྟ་བའི་བོད་མིའི་བྱ་སྤྱོད་མཐོང་ཐོས་བྱུང་དུས་ཡ་མཚན་སྐྱེས་ཏེ་གསར་ལམ་བསྒྲགས་པ་མིན་འགྲོ་བསམ་གི།

  59. སྤོབས་པ་མཐའ་ཡས། says:
    2012-10-04 at 8:57 pm

    རྐུ་བྱེད་ཐུབ་མཁན་རེ་ཡོད་ན་ན་རྒྱ་ནག་ལ་རྐུ་ཐུབ་ན་ཅི་མ་རུང་།

  60. བསྟན་འཛིན། says:
    2012-10-04 at 8:58 pm

    རྔ་བ་མཁས་གྲུབ་ལགས། བོད་མི་བཞི་པོ་དེ་དག་གི་ལོ་རྒྱུས་སྙིང་སྡུས་རེ་དྲ་ཐོག་འདིར་བཀོད་རྒྱུ་རེ་བ་ཡོད། མི་དེའི་རིགས་ཀྱི་བྱེད་བབ་རྣམས་ང་ཚོས་ངེས་པར་དུ་ཤེས་དགོས། ཕྱི་ལ་གསལ་གསལ་ཐིག་ཐིག་ཏུ་གྱུར་ཟིན་ན་ནང་ལ་གསང་བའམ་མི་མངོན་པའི་སྤྱོད་ཚུལ་ཟིན་རྒྱུ་མེད། དེ་གར་ཡོང་གྲགས་སུ་ཡིན་ན་དགག་བྱ་ཡོད་ཀྱི་མ་རེད། བོད་མིའི་སྤྱོད་པ་འདི་བཞིན་ཉུང་ཉུང་མ་རེད་བསམ་གྱིན།

  61. སྤོབས་པ་མཐའ་ཡས། says:
    2012-10-04 at 9:09 pm

    མིང་དང་ལོ་རྒྱས་སོགས་མ་འགོད་རོགས། འདིས་ང་ཚོ་ལ་ཕན་ཐོགས་གང་ཡང་མི་འདུག རྐུན་མས་ལུང་པ་གང་བསྡད་ཡོད་རེད། རྐུན་མ་མེད་ས་ཞིག་གང་ན་ཡོད། ཧ་ལས་རྒྱུ་ག་རེ་འདུག

  62. མེ་ཏོག་ལྷ་མཛེས། says:
    2012-10-04 at 9:11 pm

    རྔ་བ་མཁས་གྲུབ་ཀྱིས་གསུངས་པ་བཞིན་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་བོད་ལ་ལྟ་སྟངས་ཡག་པོ་ཞིག་ཡོད་པ་དེ་ཐང་ལ་གཡུགས་པ་རེད། ཕྱི་ལོགས་ལ་ཡོད་པའི་བོད་པ་ཚོས་འདིའི་ཐད་ཧ་ཅང་གཟབ་དགོས་སྣང།

  63. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 9:15 pm

    ད་མཆན་བུ་ཀློག་ཀློག་ནས་ཐང་ཆད་སོང་བས།

    རྐུན་མ་རྐུ་བ་ར་རྐུ་ཡིན། །
    བོད་པས་རྐུ་ཡ་ས་སྐུ་མིན། །
    བོད་པས་རྐུ་ཡ་ཌོ་ལར་དང་། །
    རྒྱ་མིས་རྐུ་ཡ་ས་སྐུ་རེད། །

    བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

  64. ཕཱུག་རོན། says:
    2012-10-04 at 10:35 pm

    གོ་ཐོས་བྱུང་བ་ལྟར་ན། རྐུན་མ་རྒྱག་མཁན་དེ་ཚོ་བོད་པ་རེད་ཟེར། དེ་ནོར་མི་འདུག དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་མ་རེད། ཁེ་ཎ་ཌའི་ཁྲིམས་ལུཊ་ནང་ཉེས་ཅན་དེ་མི་རིཊ་གང་ཡིན་འཁོད་ཆོག་གི་ཡོད་ས་མ་རེད།

  65. རྩ་འགབ་ཚང་། says:
    2012-10-04 at 10:40 pm

    བོད་འདི་དཔལ་འབྱོར། ཤེས་ཡོན། ལག་རྩལ་སོགས་ཕྱོགས་མང་བོ་ཞིག་ནས་མི་རིགས་གཞན་གྱི་རྗེས་སུ་ལུས་པ། དངོས་གནས་བྱས་ན་ངོ་ཚ་འོས་པ་ཞིག་རེད། བོད་མི་བྱེ་བྲག་པ་རེས་བྱ་སྤྱོད་ངན་པ་ཙམ་གྱིས། བོད་མི་ཡོད་དོ་ཅོག་གིས་ངོ་གནོང་དགོས་པ་ཡོད་མ་རེད་དྲན་གི

  66. ཕཱུག་རོན། says:
    2012-10-04 at 10:43 pm

    ཁེ་ཎ་ཌར་གནས་སྡོད་བོད་མི་ཞིག་གིས་བཤད་ན། ཁེ་ཎ་ཌའི་ནང་ད་དུང་ཡང་ད་ལྟའི་ལས་ཀ་སྡུག་ཅག་བྱེད་མཁན་ཡོད་པ་རེད་ཟེར། བོད་པ་ཚོས་ད་གཟབ་གཟབ་བྱས་ན་མ་གཏོཊ། ཁ་ན་མཛུབ་མོ་རྒྱག་རྒྱུའི་དུས་ལ་ཤར་སྲིད།

  67. གཉན་གཡག་ཕྲུག says:
    2012-10-04 at 11:57 pm

    ༄༅།། ད་ཡིན་ན་ཁེ་ན་ཏྲ་ལ་ལས་འབྲས་འཁོར་བ་རེད། ཡུལ་དེར་བརྟེན་གཞི་བྱས་པའི་འཛམ་གླིང་གསེར་གྱི་བཟོ་གྲྭ་ཟེར་བ་འདིས་རྒྱ་ནག་དང་གན་རྒྱ་བཞག་ནས་བོད་ནང་གི་གསེར་གྱི་གཏེར་ཁའི་ལས་གཞིར་རྒྱ་མི་གུང་ཁྲན་དང་མཉམ་ལས་བྱས་པའི་འབྲས་བུ་རེད ། ཕོ་གསར་ཚོ་ཁྱོད་ཚོས་ད་དུང་རྐུ་ཡས་ཉུང་དྲག་པ་རེད། རང་གི་རྒྱུ་དངོས་རང་གི་བདག་པོ་རྒྱག་དགོས་པ་རེད། བོད་ཀྱི་རྒྱུ་དངོས་ནས་བསགས་པའི་ཁེ་སྒོར་དེ་རྣམས་བོད་མིར་རག་ཐབས་བྱེད་དགོས། ད་དུང་མིའི་རྐུབ་གཡོག་རྒྱུག་མཁན་མ་ཡིན་པར་རང་དབང་གིས་ཀླད་པ་བེད་སྤྱོད་བྱས་ནས་བོད་མི་དམངས་དབུལ་ཕོངས་གི་གནས་ལས་སྐྱོབས་ཐུབ་ན་དོན་གྱི་དཔའ་བོ་རེད། ངས་ཁྱེད་ཚོར་རྐུན་མ་ལགས་ཅེས་བརྗོད་རྒྱུ་ཡིན། ད་དུང་རྒྱ་ནག་ཞིང་པའི་དངུལ་ཁང་ནས་དེ་ལྟར་རྐུ་ཐུབ་ན་ངས་ཁྱེད་ཚོར་རེ་གཟའ་བདུན་གང་ཡང་མ་ཡིན་པའི་ཉིན་མོ་དེར་མོ་གཤམ་གྱི་བུ་མོ་མཛེས་མ་ཞིག་རྩེ་གྲོགས་སུ་འབུལ་ངེས་ཡིན།།

  68. lhamotsering says:
    2012-10-05 at 1:36 am

    སྤྱིར་ཁ་སང་དེ་རིང་བོད་ནང་ནས་བོད་རང་དབང་ཆེད་རང་ལུས་མེ་བསྲེགས་བྱེད་ཀྱི་ཡོད་ལ།བོད་ཕྱི་ནས་འཚར་ལོངས་བྱུང་བའི་མི་སྐོར་ཞིག་གིས་རང་དབང་ཆེད་འཐབ་རྩོད་ལས་རྐུན་ལས་བྱེད་པ་འདི་ཐབས་སྐྱོ་བོ་རེད།ཡིན་ཡང་བོད་ནང་གི་བོད་མི་ཀླད་མེད་ཉུང་ཤས་ཀྱིས་མི་རྐུས་ནས་ཁྱེར་འགྲོ་གི་ཡོད་པ་སོགས་སྤྱིར་སྤྱི་ཚོགས་ཞིག་གི་ནང་ན་མི་འདྲ་མིན་ཡོད་པས་དོན་དག་ཀྱང་འདྲ་མིན་བྱུང་གི་རེད།

  69. བྱམས་པ་ལྷུན་གྲུབ། says:
    2012-10-05 at 3:42 am

    ཁ་བརྡ་ནང་མཆན་འགོད་མཁན་ཚོ་གལ་སྲིད་རྐུན་མ་འཛིན་བཟུང་བྱེད་མཁན་གྱི་སྐོར་སྲུང་བ་ཁག་ཅིག་ཡིན་ན་ཁོང་ཚོས་རྐུན་མའི་བྱ་སྤྱོད་ལ་ལྟ་ཚུལ་ཇི་འདྲ་ཡོད་མེད་དང་། དེ་བཞིན་རྐུན་མ་དེ་དག་ལ་ཆད་པ་ཇི་ལྟར་གཅོད་མིན་གྱི་རྣམ་པ་དེ་གོང་གི་མཆན་རྣམས་ལ་ཞིབ་མོར་གཟིགས་དང་ད་གཟོད་ཤེས་ཐུབ།

  70. བོད་ལ་ཞེན། says:
    2012-10-05 at 11:24 pm

    མཆན་བུའི་ནང་ཁ་ཅིག་གིས་རྐུན་མ་དེ་ཚོ་ཡག་པོ་ཡིན་མདོག་ཤེས་པ་ནི་ངོ་མ་ཧ་ལས་དགོས་ཡ་རེད། འཛམ་གླིང་གང་དུ་ཡང་རྐུན་མ་ཇག་པ་ཡག་པོ་རེད་ཟེར་མཁན་ད་རེས་མཆན་བུ་སྨྱོན་པ་དེ་ཚོ་མ་གཏོགས་ཡོད་མི་སྲིད། རྐུན་མ་དེ་ཚོ་མི་རིགས་སུ་ཡིན་ནའང་ཞབས་འདྲེན་རེད། ཆད་པ་མནན་མོ་གཅོད་དགོས། དེས་ཕྱི་རྒྱལ་ལ་ཡོད་མཁན་བོད་རིགས་ཚང་མའི་གནས་སྟངས་ལ་དཀའ་ལས་བཟོ་སྲིད།

  71. ཀརྨ་སྐལ་བཟང says:
    2012-10-08 at 3:44 pm

    མི་འདི་ཚོས་ལས་ཀ་དེ་རྐུ་མ་ཅིག་པོ་རེད་དཔེ་ན་་་་་བོད་ཀྱིས་ཆོས་རྒྱུད་ཆེན་པོ་བཞི་ནང་བཀའ་རྒྱུད་པའི་མ་དགོན་་དཔལ་རྒྱ་དབང་ཀརྨ་པ་རྣམས་གཉིས་ཀྱིས་གདན་ས་ཆེན་མོ་རུམ་བཏེགས་བཤད་སྒྲུབ་གཉིས་ལ་མི་ངན་ཁ་ཤས་ཀྱིས་སྣེ་ཁྲིད་ནས་་བླ་གྲ་དང་མཁན་པོ་༣༠༠ཙམ་ཕྱིར་བུད་གཏང་ནས་ད་དུང་ཀརྨ་པའི་རང་གིས་བཞག་པའི་དབུ་མཛད་སྐེ་ལ་ཐག་པ་རྟག་ཀརྨ་པ་ཞ་ནག་རང་གིས་བྱ་ཞུ་བ་བླ་རྒན་བན་ཛ་གུ་རུ་དམར་བསད་གཏང་བོད་ནས་གསར་འབྱོར་ཡོང་བའི་གྲ་ཆུང་ལོ་བཅུ་གྲངས་ཙམ་ཡིན་པ་རྣམས་ཀྱང་རྒྱ་མིས་སོ་ཉུག་གིས་མིང་འདོག་ནས་བརྩོན་ལ་ཁྲིད་ཀརྨ་པའི་རིམ་ཐང་བྲལ་བའི་འཆམ་གོས་རྣམས་རྐུ་མ་རྒྱབ་་མ་ཚད་སྡི་ལི་ཀྲིས་ཀྲིས་ཟ་ཁང་གིས་ཀྲིས་ཀྲིས་ཨ་མ་གཙོ་བྱེད་ནས་སྡི་ལི་ཀརྨ་པའི་རྒྱལ་ཡོངས་ནང་པའི་སློབ་གྲ་ཆེན་མོ་ལ་དམག་རྒྱབ་་སློབ་གྲའི་སྒོ་དང་དགེ་ཁུང་ཚང་མ་ཅག་སྲེད་གཏང་བ་རེད་་་གནས་ཚུལ་འདི་རིགས་མི་ཚང་མའི་ཤེས་ཀྱི་རེད་་སྟེ་མ་ཤེས་འདོག་བྱེད་ནས་ལོ་བཅུ་ཕྲག་འགྲོ་ཚར་བ་རེད་། ང་རང་གིས་ལྟས་ན་འདི་རིགས་ནི་དུས་ནམ་ཡང་བརྗོད་ཐབས་མེད་པའི་སེམས་ལ་ན་གཟུགས་ཞིག་རེད་འདུག.ཉི་ཁ་ཤས་སྔོན་ལ་ཀེ་ན་འདྲ་བོད་མི་བཞིའི་རྐུ་མ་རྐུ་འདུག་དེ་ཕལ་ཆེ་དེ་འདྲ་གནས་སྡུག་པོ་བོད་ལ་བྱུང་མ་ཉོང་པ་འདྲ་པོ་གསར་འགྱུར་དང་ཕེ་སུ་བོཀ་ནང་གང་ས་གང་ལ་ཆབ་འདུག་་ངས་དེ་ཡག་པོ་རེད་ཟེར་གི་མེད་དེ་གནས་ཚུལ་ཆེན་པོ་ཡང་མ་རེད་། ང་ཚོས་བོད་རིགས་འདི་ཧ་སང་མི་དགོས་ས་ཧ་སང་ནས་འདུག་པ་དེ་ཧ་ཅང་ཐབ་སྡུག་རེད་།.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme