Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁུངས་ལྡན་གསར་འགྱུར།

Posted on 2012-01-26 By ཁ་བརྡ་ 1 Comment on ཁུངས་ལྡན་གསར་འགྱུར།

ཚངས་དབྱངས་རྒྱ་མཚོས་ཕྱི་ལོ་༢༠༡༢ཟླ་༡ཚེས་༢༦ཉིན་བསྡུ་རུབ་བྱས། འབྲེལ་གཏུག་ཁ་པར་ཨང་གྲངས། 9882603991
བོད་ནང་གི་འབོད་ཚིག <<ཞི་བདེའི་དེད་དཔོན་བོད་ལ་ཕེབས་པར་རང་དབང་དགོས།>>
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༨ ནས་ཚེས་ ༢༥ བར་དུ་མདོ་སྨད་མགོ་ལོག་པདྨ་རྫོང་དུ་ཞི་རྒོལ་བྱུང་བའི་གནས་ཚུལ་རགས་རིམ།
ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པ་དུས་ཚོད་ ༡༡ ། ༣༠ ཙམ་ནས་ཨ་སྐྱོང་ཇོ་ནང་དགོན་པའི་གྲྭ་ཉི་ཤུས་རྫོང་ཐོག་ཏུ་ཞི་རྒོལ་བྱས་ཡོད་ལ། སྐབས་དེར་ཁོང་ཚོའི་ལག་ཏུ་གོང་ས་མཆོག་གི་སྐུ་པར་དང་ནང་པའི་ཆོས་དར། དེ་བཞིན་དུ་འཕྲེད་དར་ཆེན་པོ་གསུམ་བཅས་བཟུང་ཡོད་པ་ལས་འཕྲེད་དར་གཅིག་གི་སྟེང་དུ་“ང་ཚོར་རང་དབང་དགོས”་ཞེས་དང་། ཡང་གཅིག་གི་སྟེང་དུ་“ཞི་བདེའི་དེད་དཔོན་བོད་ལ་ཕེབས་པར་རང་དབང་དགོས།”ཞེས་དང་། ཡང་གཅིག་གི་སྟེང་དུ་“པཎ་ཆེན་རིན་པོ་ཆེའི་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས།” ཞེས་བཀོད་ཡོད་འདུག་ལ། ཁོང་ཚོས་རྫོང་གི་སྲང་སྨད་ནས་ཞི་རྒོལ་མགོ་བཙུགས་ཏེ་རྫོང་སྲིད་གཞུང་གི་སྒོར་ཐོན་དུས། དེར་ཡང་པདྨ་རྫོང་ལྕགས་རི་ཡུལ་ཚོ་འབྲུས་སྒང་དགོན་པའི་གྲྭ་བ་དྲུག་གིས་དེར་སྐད་འབོད་བྱེད་བཞིན་ཡོད་པ་དང་ཁེལ། དེར་ཡོད་པའི་གྲྭ་བ་དྲུག་གི་ལག་ཏུ་གོང་ས་མཆོག་གི་སྐུ་པར་བཟུང་ཡོད་ལ། ཁོང་ཚོས་མི་རེའི་མགོར་བོད་རང་བཙན་ཞེས་པའི་ཡི་གེ་བྲིས་ཡོད་པའི་རས་བཅིངས་ཡོད་འདུག ཁོང་ཚོས་མཉམ་དུ་སྐད་འབོད་བྱས་ཏེ་སྲང་བར་དུ་སྐོར་བ་གསུམ་བྱས་རྗེས། སྲང་དཀྱིལ་དུ་ཨར་འདམ་ལས་བཟོས་པའི་མེ་ཏོག་པདྨ་འདབ་བརྒྱད་ཆེན་པོ་ཞིག་ཡོད་པ་དེའི་སྟེང་དུ་སྐུ་པར་དང་ཆོས་དར། འཕྲེད་དར་བཅས་ཕྱར་ཏེ་ལས་འགུལ་མཚམས་འཇོག་བྱས་འདུག ཉིན་དེར་དམག་དང་ཉེན་རྟོགས་པས་འདྲ་པར་རེ་བླངས་པ་ཙམ་ལས་འཛིན་བཟུང་བྱས་མི་འདུག
ཕྱི་ཚེས་ ༡༩ ཉིན་རྫོང་གི་ལས་བྱེད་པ་ཨ་སྐྱོང་ཇོ་ནང་དགོན་དུ་ཡོང་ནས་ཁ་སང་སྐད་འབོད་བྱེད་མཁན་གྱི་གྲྭ་བ་དག་རྩིས་སྤྲོད་དང་མགོ་བཏགས་བྱས་ན་གུ་ཡངས་གཏོང་ཚུལ་དང་། དེ་མིན་ན་དགོན་པའི་ཆོས་སྒོ་བརྒྱབ་རྒྱུ་ཡིན་པ་མ་ཟད་གྲྭ་བ་ཚང་མ་འཛིན་བཟུང་བྱེད་རྒྱུ་ཡིན་ཚུལ་སོགས་ཀྱི་འཇིགས་སྐུལ་བྱས་མོད། དགོན་པས་གྲྭ་བ་དག་རྩིས་སྤྲོད་མ་བྱས་པར་མ་ཟད། གྲྭ་བ་དག་གིས་ཀྱང་མགོ་བཏགས་བྱས་མི་འདུག
ཕྱི་ཚེས་ ༢༠ ཉིན་ཨ་སྐྱོང་ཇོ་ནང་དགོན་ཐོག་ཏུ་རྫོང་ཉེན་རྟོགས་པ་དང་། དམག་མི་ཕོན་ཆེན་འབྱོར་ཏེ་དགོན་ཐོག་ཏུ་ཡོད་པའི་གྲྭ་བ་དག་འཛིན་བཟུང་དང་ཆོས་སྒོ་རྒྱབ་འཆར་བྱས་སྐབས། ཨ་སྐྱོང་སྡེ་བའི་སྡེ་མི་བདུན་བརྒྱ་ལྷག་དགོན་པར་འཛོམས་ཏེ་དགོན་པར་སྐོར་བ་བྱས་པའི་ཁུལ་གྱིས་དགོན་པར་ཡོད་པའི་གྲྭ་བ་དག་འཛིན་བཟུང་བྱེད་མ་བཅུག་པར་མ་ཟད། ཉེན་རྟོགས་པ་དང་དམག་མིས་དགོན་པའི་ཆོས་སྒོ་ཡང་རྒྱབ་མ་ཐུབ་པར་ཕྱིར་ལོག་བྱས་འདུག
ཕྱི་ཚེས་ ༢༡ ཉིན་འབྲུས་སྒང་དགོན་དང་ཨ་སྐྱོང་ཇོ་ནང་དགོན་གཉིས་སུ་རྫོང་སྲིད་གཞུང་གི་ལས་ཁུངས་བཙུགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པ་གཏོང་འགོ་བརྩམས་ཡོད་མོད། འོན་ཀྱང་ཨ་སྐྱོང་ཇོ་ནང་དགོན་པའི་ནང་དུ་ད་སྐབས་གྲྭ་བ་གཅིག་ཀྱང་མེད་པས་ཁོ་ཚོས་སློབ་གསོ་གཏོང་ས་གཅིག་ཀྱང་རག་མི་འདུག་མོད། འོན་ཀྱང་ཨ་སྐྱོང་ཇོ་ནང་དགོན་པའི་ནང་དུ་ད་སྐབས་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ཚེས་ ༢༤ ཉིན་ཞི་རྒོལ་བྱེད་མཁན་གྱི་གྲྭ་བ་དག་ད་སྐབས་རིའི་སྒང་དུ་བྲོས་བྱོལ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་ ༢༤ པདྨ་རྫོང་དབང་རུས་ཡུལ་ཚོའི་མི་སྐྱ་དྲུག་གིས་པདྨ་རྫོང་ཐོག་ཏུ་གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་རྫོང་ཉེན་རྟོགས་པ་དང་། དམག་མི་ཕོན་ཆེན་འབྱོར་ནས་ཁོང་ཚོ་འཛིན་བཟུང་བྱས་པར་མ་ཟད། སྐབས་དེར་ཁོང་ཚོ་གཅར་རྡུང་ཚད་ལས་བརྒལ་བ་བཏང་བར་བརྟེན། དེའི་ཉེ་འཁོར་དུ་ཡོད་པའི་བོད་པ་དག་གིས་མ་བཟོད་པར་མཉམ་དུ་བརྒྱུགས་ནས་ཁོ་ཚོ་ཉེན་རྟོགས་པའི་ལག་ནས་འཕྲོག་ཐབས་བྱས་མོད། ཉེན་རྟོགས་པ་དང་དམག་མི་མང་པར་བརྟེན་འཕྲོག་ཐུབ་མི་འདུག་ལ། སྐབས་དེར་དམག་མིས་མང་ཚོགས་ལ་ཚོད་མེད་དུ་རྡུང་རྡེག་བྱས་པས་མི་མང་པོར་རྨས་སྐྱོན་ཕོག་ཡོད་པར་མ་ཟད། ཡང་བསྐྱར་མི་དྲུག་འཛིན་བཟུས་བྱས་འདུག་མོད། དེ་དག་ཕྱི་ཚེས་ ༢༥ ཉིན་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཚེས་ ༢༥ ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོ་རུ་ཞི་རྒོལ་བྱས་ཡོད་པ་དང་། དེ་བཞིན་དུ་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་ནས་ཞི་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་ཁ་གསལ་ཤེས་རྟོགས་མ་བྱུང་།
གོང་འཁོད་གསར་འགྱུར་ཁག་བོད་ནས་ཁ་པར་བརྒྱུད་འབྱོར་པའི་གནས་ཚུལ་ཁུངས་ལྡན་ཡིན།

གསར་འགྱུར།

Post navigation

Previous Post: རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།
Next Post: མདོ་སྨད་འཛམ་ཐང་དུ་ཞི་རྒོལ་བ་དམར་གསོད་བཏང་བ།

Comments (1) on “ཁུངས་ལྡན་གསར་འགྱུར།”

  1. སྣུ་ལེན་མེད་པའི་མགྲོན་པོ། says:
    2012-01-27 at 4:38 am

    བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme