Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུ་མིན་པའི་ཐག་གཅོད་གནང་བ།

Posted on 2014-10-312014-10-31 By ཁ་བརྡ་ 12 Comments on ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུ་མིན་པའི་ཐག་གཅོད་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 

ཊོ་རོན་ཊོའི་ལྷན་ཚོགས་ཀྱིས་ཁུལ་དེར་རྒྱ་ནག་གི་ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུ་མིན་པའི་མང་མོས་ཐག་གཅོད་གནང་བ།

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༦ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་རྟེན་གཞི་བྱས་པའི་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཁུང་ཙི་(Confucius Institute) བསྟི་གནས་ཁང་འཛུགས་རྒྱུའི་ཐད་འོས་བསྡུ་གནང་སྐབས། ཁུལ་དེར་རྒྱ་ནག་གི་ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུ་མིན་པའི་མང་མོས་ཀྱིས་ཐག་གཅོད་གནང་འདུག

ཏོ་རོན་ཏོ

དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། Toronto District School Board ཞེས་པའི་ཊོ་རོན་ཊོ་གྲོང་ཁྱེར་གྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་ཚོགས་མི་ ༢༢ ཡོད་ཁོངས་ནས་གཉིས་མ་གཏོགས། གཞན་ཚང་མས་ཊོ་རོན་ཊོའི་ནང་རྒྱ་ནག་གི་ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུར་དགག་བྱ་གནང་ཡོད་འདུག
དེའི་སྐོར་འདི་ལོར་ཊོ་རོན་ཊོའི་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་ནང་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་འཛུགས་མིན་ཐད་གླེང་སློང་ཐོག་མ་བྱུང་བའི་སྐབས་ནས་གནད་དོན་དེར་དགག་བྱ་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བྱུང་ཡོད་འདུག

རེས་གཟའ་ལྷག་པ་ཉིན་ཊོ་རོན་ཊོར་འགན་འཛིན་ལྷན་ཚོགས་ཚོགས་པའི་སྐབས་སུའང་ཚོགས་ཁང་གི་ཕྱི་རོལ་དུ་རྒྱ་ནག་གི་ཁུང་ཙི་བསྟི་གནས་ཁང་ལ་དགག་བྱ་བྱེད་མཁན་བོད་མིས་གཙོས་ལས་འགུལ་བ་ཁག་གཅིག་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག

གསར་འགྱུར།

Post navigation

Previous Post: མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།
Next Post: གསེར་མདོག་གི་ཕ་རྒན་གླེང་བ།

Comments (12) on “ཁུང་ཙི་བསྟི་གནས་ཁང་འཛུགས་རྒྱུ་མིན་པའི་ཐག་གཅོད་གནང་བ།”

  1. རྒྱང་མིག says:
    2014-11-01 at 1:48 am

    རྒྱ་གཞུང་གི་ཆབ་སྲིད་དང་ཁེ་ཕན་ལ་གཙོ་བོར་དམིགས་པའི་ཁུང་ཙིའི་བསྟི་གནས་འགོག་རྒོལ་གྱི་ཐག་གཅོད་དེར་དགའ་བསུ་ཡོད། ས་ཁུལ་གཞན་དག་ཏུ་ཡང་མང་མོས་ཐག་གཅོད་དེ་འདྲ་མང་ཙམ་འབྱུང་བར་སྨོན།

  2. ཀརྨ་བློ་གསལ་ says:
    2014-11-01 at 2:02 am

    བོད་ཀྱི་ཡིག་རྙིང་ཁག་ཏུ༼ཀོང་ཙེ་འཕྲུལ་གྱི་རྒྱལ་པོ༽ཞེས་མིང་དངོས་སུ་ཡོག་རེད། ག་རེ་ཁུང་ཙི། ཁྱོད་རང་ཚོ་ད་ཁུང་ཙི་རེད་ཡ། ས་ཁུང་ནང་གི་ཙི་ཙི།

  3. ཁྲི་རལ་པ་ཅན་ says:
    2014-11-01 at 2:14 am

    རྒྱ་མིས་ཁུང་ཙིའི་རིག་གཞུང་ཕྱི་རྒྱལ་དུ་སྤེལ་བར་བོད་མིས་ག་རེ་བྱས་ནས་ངོ་རྒོལ་བྱེད་དགོས་རེད།བོད་པ་ཚོས་ག་ས་གང་དུ་ཇུས་གཏོགས་མེད་སར་ཇུས་གཏོགས་རྐྱང་བྱས་སྡོད་དང་།ནམ་ཞིག་ཚང་མས་རིག་ཐབས་མེད་པའི་དགྲ་ཆགས་ཀི་རེད་ད།

  4. བདེན་པའི་ཕོ་ཉ་ says:
    2014-11-01 at 2:53 am

    བོད་པས་བོདཀྱི་ཆོད་དང་རིགས་གཞུང་ཕྱི་རྒྱལ་ཁག་དུ་དར་སྤེལ་གཏོང་ཆོག་པ་ལ་རྒྱ་མིས་ཁོང་ཚོའི་རིགས་གཞུང་དར་སྤེལ་གཏང་མི་ཆོག་པ་གང་ཡིན་ནམ་དེས་བོད་པར་གང་ཕན་གི་འདུག་གམ་བོད་པ་ཚང་ལ་གཞན་ཕན་གི་བསམ་བློ་ཙ་བ་ནས་མི་འདུག་

  5. ཀརྡོ་གཉེར་ཕྱག་པ་ says:
    2014-11-01 at 3:10 am

    རྒྱ་གཞུང་གི་ཆབ་སྲིད་དང་ཁེ་ཕན་ལ་གཙོ་བོར་དམིགས་པའི་ཁུང་ཙིའི་བསྟི་གནས་འགོག་རྒོལ་གྱི་ཐག་གཅོད་དེར་དགའ་བསུ་ཡོད།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-11-01 at 3:23 am

    སློབ་གཉེར་ཁང་དེ་དག་གི་སློབ་ཕྲུག་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན། ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་སྟབས། ཉེ་ལམ་ཨ་རི་དང་ཁེ་ན་ཌའི་ནང་གི་སློབ་གྲྭ་མང་པོ་ཞིག་གིས་ཁུང་ཙི་སློབ་གཉེར་ཁང་དང་མཉམ་ལས་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

  7. གསེར་ས་ལེ་སྦྲམ། says:
    2014-11-01 at 3:34 am

    རྒྱ་ནག་གི་གནའ་བོའི་ཁུང་ཙིའི་རིག་གནས་ཟེར་བ་འདི་མི་རིགས་གཞན་དང་རྒྱལ་ཁབ་གཞན་དུ་དར་ཁྱབ་གཏོང་ཐུབ་ན་དགོས་མཚན་ཆེ། ཁུང་ཙིའི་རིག་གནས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་མི་དུང་ཕྱུར་མང་པོའི་བསམ་བློ་ལ་དབང་བསྒྱུར་བྱས་ཤིང་། སྤྱི་ཚོགས་ཧྲིལ་པོ་ལེགས་ལམ་དང་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་ལ་ཁྲིད་གནང་མཛད་ཡོད། དུས་རབས་ཉི་ཤུ་བའི་ནང་མོ་ཙེ་ཏུང་གིས་སྣེ་ཁྲིད་པའི་དམར་ཕྱོགས་ཚོགས་པ་གསར་འཛུགས་བྱས་པ་ནས་བཟུང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་གནའ་བོའི་རིག་གནས་འདི་ལ་གཏོར་བཅོམ་མང་དུ་བྱས་ཤིང་གོད་ཆགས་ཚབས་ཆེན་ཕོག་ཡོད། དེང་གི་དུས་སུ་གནའ་བོའི་རིག་གནས་འདི་འགྱེལ་ས་ནས་སླར་སློང་ཐབས་བྱེད་མཁན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་གསར་དུ་འཁྲུངས་ཤིང་། ཉམས་པ་སོར་ཆུད་དང་མ་ཉམས་རྒྱུན་འཛིན་བྱེད་པའི་ལས་འགུལ་གྱི་ཚ་རླབས་ཤིག་ཀྱང་འཕྱུར་བཞིན་ཡོད། ང་ཚོས་ངེས་པར་དུ་གནའ་བོའི་ཁུང་ཙིའི་རིག་གནས་འདི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་ཤེས་རིག་གཏིང་ཟབ་མོ་ཞིག་ཡིན་པ་ཁས་ལེན་བྱེད་འོས་ཤིང་། གུས་བརྩི་་ཡང་བྱེད་རིགས་སོ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-11-01 at 3:49 am

    ཁུང་ཙེ་ལས། ཀོང་ཙེ་དག་པ་རེད་ཟེར།

  9. གསེར་ས་ལེ་སྦྲམ། says:
    2014-11-01 at 5:33 am

    བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་འབྱུང་བའི་༼ཀོང་ཙེ༽ཞེས་པའི་མིང་བརྡ་འདི་༼ཁུང་ཙི༽ཡི་མིང་ཡིན་མིན་ཁ་ཚོན་གཅོད་དཀའ། མང་པོ་ཞིག་གིས་རྒྱ་སྐད་ཀྱི་(ཁུང་ཙི་)ཞེས་པ་བོད་སྐད་ཀྱི་སྒྲ་གདངས་འགྱུར་ནས་(ཀོང་ཙེ)ཞེས་བཏགས་པར་འདོད་ཀྱི་ཡོད་ལ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ་ཡང་ཁུང་ཙིའི་མིང་ཡིན་པར་འདོད་ཀྱི་ཡོད་ཚོད། ཡིན་ཡང་། འདི་ནི་གཅིག་ཏུ་རྒྱུ་མཚན་ཡང་དག་ཅིག་ཏུ་ཁོ་བོས་མ་མཐོང་ཞིང་། (ཀོང་ཙེ་) ཞེས་པའི་བརྡ་ཆད་འདི་རྒྱ་བོད་ཞང་གསུམ་གང་གི་ཐ་སྙད་ཅིག་ཡིན་མིན་ད་དུང་ཡང་དོགས་པའི་གནས་ཡིན།
    (ཀོང་ཙེ)ཞེས་པ་བོད་ཀྱི་དེབ་ཐེར་རྙིང་གྲས་རྣམས་སུ་རྒྱ་ནག་གི་རྒྱལ་པོ་མང་པོ་ལ་(ཀོང་ཙེ་འཕྲུལ་ཆུང་།དང་། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་) ཞེས་ཀོང་ཙེ་མང་དུ་སྤྱད་ཡོད། བཟོ་པོ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་ཞིག་ཀྱང་བྱོན་མྱོང་བའི་སྐད་ཆ་ཡོད། དེའི་ཕྱིར་ཁོ་བོས་(ཀོང་ཙེ)ཞེས་པ་དང་། (ཁུང་ཙི)ཞེས་པའི་མིང་འདི་གཉིས་གང་ཟག་གཅིག་གི་མིང་ཡིན་པར་འདོད་པ་ནི་འཐད་པར་མི་སེམས།
    རྒྱལ་རབས་དེབ་ཐེར་རྣམས་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་སྟོང་ཁུན་གྱི་རྒྱལ་པོ་ཀོང་རྩེ་འཕྲུལ་རྒྱལ་པོ་ལ་བཀའ་འཕྲིན་བསྐུར་པའི་གནས་ཚུལ་དང་། བློན་པོ་མགར་གྱིས་རྒྱ་ནག་རྒྱལ་པོ་ཀོང་ཙེ་འཕྲུལ་ཆུང་གི་ཆིབས་རྟ་མོག་གྲོ་མགོ་དམར་དེ་ལ། དར་ཟབ་པདྨ་རིས་ཀྱི་གནས་དང་སེང་ལྡེང་གི་སྒ་བསྡད། གསེར་སྲབ་གཡུ་མཐུར་བཏགས་ནས་ཞོན་ཚུལ་སོགས་ཀྱང་འབྱུང་བས་(ཀོང་ཙེ)ཞེས་པ་རྒྱ་ནག་གི་ཡུལ་ཁམས་ཀྱི་བརྡ་རྙིང་ཡིན་ནམ། ཡང་ན་གང་ཟག་བྱེ་བྲག་པ་ཞིག་གི་མིང་གང་ཡིན་སོགས་ལ་དཔྱད་གཞི་ཆེ།
    འདི་དང་འབྲེལ་བའི་དོགས་གནས་གཞན་འགའ་ཞིག་ཀྱང་མཆིས་མོད་གནས་སྐབས་དེ་ཙམ་བྱ།

  10. གནམ says:
    2014-11-01 at 10:18 am

    དགྱ་ནག་ཡུལ་ནས།
    དུས་རབས་འདི་དང་ཕན་ལ་ཕན་པའི་ལྟ།།
    འབྱོར་རྒྱལ་ཡུལ་ལ་ལེན་རྒྱུ་སྣ་གཅིག་མེད།

    ******** ********
    དགྱ་ནག་ཡུལ་ནས།
    བརྫུན་གཤེས་ཁྲག་འཛིན་ཆབ་དཔལ་ཆོས་རིགས་ཀྱི།
    དགྱ་ཡིག་དགྱ་ལྟ་ཕྱོགས་དུས་ནང་ཡང་མ་དར་ཤོག།

  11. གཡུ་བྲག་པ says:
    2014-11-02 at 2:46 am

    རྒྱ་ནག་གིས་ཁུང་ཙི་སྤེལ་སྐབས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་མི་ཆོག་པའི་གན་རྒྱ་འཇོག་དགོས་རབས་སྔོན་ཞིག་ནས་གོ་སོང་། བོད་པ་ཚོས་ཁུང་ཙི་སྤེལ་བ་ལ་ངོ་རྒོལ་བྱས་པ་མ་ཡིན་པར་རྒྱ་ནག་གིས་ཁུང་ཙི་ལག་ཆར་བེད་སྤྱད་ནས་ནུབ་ཕྱོགས་སུ་དམར་པོའི་ལྟ་བ་དང་ལངས་ཕྱོགས་ཁྱབ་སྤེལ་གཏོང་གི་ཡོད་པ་ལ་ངོ་རྒོལ་བྱེད་གི་ཡོད་རེད། མདོར་དེད་ན་རྒྱ་ནག་གི་གཡོ་འཁྲབ་བྱས་པའི་ལས་དོན་དེ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་རེད། གལ་ཏེ་རྒྱ་ནག་གི་གཡོ་ཇུས་ཞིག་མིན་ན་ནུབ་ཕྱོགས་ལུང་པ་ནས་ལམ་སེང་མཚམས་འཇོག་གི་རེད་པས། རྒྱ་ནག་གི་གཡོ་ཇུས་ད་ནི་ཁུངས་མི་འཁྱོལ་ནས་འདུག་ག ཁྲི་རལ་ཟེར་བས་མགོ་རུལ་བ་སྣ་ཡིས་མ་ཚོར་ནས་ཅིག་ཡིན་མདོག་དང་ཤེས་མདོག་སྟོན་བཞིན་འདུག་མོད། ཅི་ཡང་མི་ཤེས་ན་ཁ་བཙུམ་ནས་སྡོད་དང་ལྐུག་པ་རེད་ཟེར་མཁན་ཡོད་མ་རེད། མི་འདིའི་རིགས་ཀྱིས་བོད་པ་ནང་ཁུལ་ལ་ཅིག་ཅིག་མུག་མུག་ཟེར་ཡ་མ་གཏོགས་ཟེར་མི་ཤེས་པ་ག་རེ་ཡིན་ནམ།

  12. ལུང་རྟོགས། says:
    2014-11-05 at 9:29 am

    གཡུ་བྲག་པའི་སྐད་ཆ་བདེན་ཀི མགོ་མ་ཚོས་གོང་ནས་ལྕེ་ལ་སྙབ་མཁན་མང་ནི་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme