Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁུ་བྱུག་རྟོག་བརྗོད་ཀྱི་སྔོན་གླེང༌།

Posted on 2010-01-072010-01-07 By བེ་རི་འཇིགས་མེད 3 Comments on ཁུ་བྱུག་རྟོག་བརྗོད་ཀྱི་སྔོན་གླེང༌།

<>། ཞེས་བྱ་བའི་གསུང་རྩོམ་འདི་ཉིད་མཁས་པའི་དབང་པོ་དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ཀྱིས་ལྗགས་རྩོམ་ཇི་ལྟར་མཛད་པ་དང་། རྒྱ་གར་དུ་ཇི་ལྟར་གདན་འདྲེན་ཞུས་པའི་རྒྱུད་རིམ་རགས་ཙམ་ཞུ་ན། དེ་ཡང་ལྗགས་རྩོམ་འདི་བཞིན་དགེ་བའི་བཤེས་གཉེན་དམ་པ་གང་གིས་རྒྱ་ནག་ཁྲོན་ཏུའུ་གྲོང་ཁྱེར་ནས་མོ་ཊ་ཉིན་གཅིག་གིས་ཆོད་པའི་ས་གནས་དར་ཙོང་བཙོན་ཁང་ཟེར་བ། བཙོན་པ་སྟོང་ཕྲག་གཉིས་ལྷག་དང་བཙོན་སྲུང་ལས་བྱེད་ཁོ་ན་སྟོང་ཕྲག་གཅིག་བརྒལ་བ་ཡོད་པའི་བཙོན་ར་དེའི་ནང་དུ་མི་ལོ་ཧྲིལ་པོ་བཞི་མ་ཟིན་ཙམ་བཞུགས་རིང་། ཉེས་རྡུང་དང་དོ་སྒྲགས་གཞན་ལས་རྩུབ་པའི་འོག །བཙོན་ཁང་ནང་ལྐོག་ཏུ་བྲིས་པའི་ལྗགས་རྩོམ་གྱི་ཆ་ཤས་ལེ་ཚན་ཞིག་རེད། བཙོན་ཁང་ནང་དོ་སྒྲགས་ཤིན་ཏུ་ཆེ་ཁར་སྣག་ཤོག་སྨྱུ་གུའི་ཆ་རྐྱེན་ཡང་ཤིན་ཏུ་ཁག་པོ་ཡིན་པ་བཤད་མ་དགོས་པ་རེད། སྟབས་ལེགས་པ་ཞིག་ལ་བཙོན་རོགས་རྒྱ་རིགས་ཁག་གཅིག་དགེ་རྒན་དམ་པའི་མཛད་སྤྱོད་ལ་དད་པ་སྐྱེས་ནས་གསང་བ་དེ་ཙམ་མི་དགོས་པར་ཆགས་པ་དང་། བཙོན་སྲུང་དང་བཙོན་གྲོགས་ཐ་མག་འཐེན་མཁན་ཁག་གཅིག་གི་ཐ་མལ་པགས་པ་བསྒྲུགས་ནས་བསགས་པ་དང་། བཙོན་རོགས་རྒྱ་མི་འགའ་ཞིག་གི་རྒྱུད་ནས་སྐམ་སྨྱུག་ནང་རྙིང་བཅད་གཏུབ་ཀྱིས་ལྐོག་ཉར་བྱས་ནས་ལྐོག་འབྲི་གནང་ཟིན་རིགས་ཧ་ཅང་དམ་པའི་ཤོག་དྲིལ་གནང་ནས་སྦས་ལྐུངས་གནང་པ་ཁག་གཅིག་བཙོན་དུ་གཏུགས་མཇལ་བཅར་མཁན་སློབ་མ་ཚོར་ཕྱག་བཏང་བའི་ཟོལ་གྱིས་ལག་ཏུ་སྤྲོད་པ་དང་། འགའ་ཞིག་ནི་རྒྱ་གཞུང་གིས་བཙོན་སྲུང་ལྐོག་ནས་གསང་སྤྱོད་ལྕགས་ཀྲིས་རྐུབ་ཏུ་སླན་པ་སོགས་ལ་བརྟེན་ནས་བསགས་པ་ཞིག་ཡིན་འདུག །ལྗགས་རྩོམ་ཕྱག་བྲིས་གནང་སྟངས་ཀྱང་། དུར་པགས་ཐོག་ཚིགས་བཅད་གོང་འོག་ཁ་གཏོར་ཡ་གཏོར་བྱས་ནས་རྒྱུས་མེད་ཀྱིས་བཀླགས་ན་གོ་དོན་དང་གོང་འོག་ལྷུར་སྒྲིག་མི་ཤེས་པ་བྱས་ནས་བྲིས་འདུག །བཙོན་གྲོལ་བྱུང་རྗེས་རང་གི་འཁྲུངས་ཡུལ་དར་དགོན་བྱང་ངོས་ཆོས་ས་གྲོང་དུ་ཕེབས་རྗེས་ཚིགས་བཅད་གོང་འོག་ལྷུར་སྒྲིག་དང་ཤོག་དྲིལ་སྔ་ཕྱིར་གུང་སྒྲིག་ནས་དད་ལྡན་སློབ་མ་ཁག་གཅིག་གིས་མ་དཔེ་ལས་བུ་བཤུས་ནས། མ་དཔེ་ཤོག་སྒྲིལ་མང་ཆེ་བ་མེ་བསྲེགས་བཏང་གནང་མཛད་འདུག །སྐབས་དེར་སློབ་མ་ཚོས་ཤོག་དྲིལ་ཁག་གཅིག་མེ་བསྲེགས་བཏང་མ་བཅུག་པར་རང་འཇགས་བཞག་པའི་ནང་ནས་དུར་པགས་ཐོག་བྲིས་པའི་ལྗགས་རྩོམ་ཁག་གཅིག་ནི་༸གོང་ས་མཆོག་གི་ཕྱག་ཏུ་སོན་པར་ཧ་ཅང་ཐུགས་མཉེས་པོ་གནང་འདུག །དཔེ་བཤུས་བྱས་ཟིན་པའི་གསུང་རྩོམ་རྣམས་རྒྱ་གཞུང་གིས་བསྔོགས་གཤེར་འཕྲོག་ཁྱེར་མི་ཡོང་ཆེད། གཟིམ་ཆུང་དུ་ཉར་མ་ཕོད་པར་འབྲོག་སར་འབྲོག་ཁྱི་འདོགས་སའི་འགྲམ་དུ་ས་དོང་བྲུས་ཤིང་གསུང་རྩོམ་རྣམས་འབོག་སྒྲིལ་བྱས་པའི་ཕྱིར་ཆུ་ཤོག་གིས་གཡོགས་ཏེ་སྒམ་ནང་བླུགས་ཏེ་ས་སྦས་བཏང་ནས་བཞག་འདུག །སྐུ་ཉིད་དགོངས་པ་ཞི་བར་གཤེགས་རྗེས་སློབ་མ་ཚོས་གསང་བ་དམ་སྒྲགས་ཀྱི་སྒོ་ནས་སློབ་མ་བསྟན་འཛིན་བདེ་ལྡན་ལགས་ཀྱིས་ལག་སོན་བྱུང་བའི་མ་དཔེ་ཡོངས་རྫོགས་གདན་དྲངས་ནས་ལྷ་སར་བཏང་འདུག །དེ་ནས་ཀྱང་གསུང་རྩོམ་མ་ཕྱི་བོར་བརླག་འཕྲོག་གསུམ་གྱི་ཉེན་ཁ་ཆེ་སྟབས་དད་ལྡན་འབྲེལ་ཡོད་ཀྱི་ཁྱིམ་དུ་མངོན་ཆུང་གིས་སྡོད་ཅིང་། ཕྱིར་བསྐྱོད་ལག་ཁྱེར་མེད་སྟབས་དིང་རི་བ་ཞིག་ལ་རྒྱ་སྒོར་༡༦༠༠༠་སྤྲོད་ནས་བལ་ཡུལ་དུ་འབྱོར་ཐུབ་ཙམ་བྱུང་། རྒྱ་བལ་གྱི་སྣེ་ལེན་ཁང་གི་རྒྱུད་ནས་རྡ་ས་འབྱོར་རྗེ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུའི་སྐལ་བཟང་ཐོབ་པར་མ་ཟད།ཐུགས་དགྱེས་པ་ཆེན་པོས་ལམ་སྟོན་དང་མ་དཔེ་ཁག་གཅིག་དཔེ་གཟིགས་དགོས་པའི་བཀའ་སློབ་ཀྱང་གནང་། རྒྱ་གར་དུ་གདན་འདྲེན་ཞུས་ཟིན་པའི་གསུང་རྩོམ་སྔ་ཕྱི་ཁག་དཔེ་སྐྲུན་ཆེད། པར་རྩ་སྒྲིག་འཇུག་ཏུ་སེར་བྱེས་ནས་གང་ཉིད་ཀྱི་སློབ་མ་རིན་ཆེན་ཚེ་རིང་རྡ་སར་ཆེད་བཅའ་གྱིས་གློག་ཀླད་དུ་སྒྲིག་འཇུག་ཞུ་བཞིན་པའི་ཁྲོད་ནས། ལྷ་བྱའི་རྟོགས་བརྗོད་འདི་ཉིད་གསུང་རྩོམ་ཀྱི་ཆ་ཤས་ཤིག་ཡིན། གསུང་རྩོམ་འདི་ནི་རྫ་དཔལ་སྤྲུལ་རིན་པོ་ཆེའི་གཏམ་པདྨ་ཚལ་གྱི་ཟློས་གར་དང་འདྲ་བར། བསྡུས་བརྗོད་ཀྱི་རང་བཞིན་ལྡན་པའི་ཆེད་རྩོམ་འགྲན་ཟླ་མེད་པ་ཞིག་ཀྱང་ཡིན། གསུང་རྩོམ་འདིའི་བརྗོད་གཞིའི་ཐད། དཔེ་ཅན་བསྡུས་པའི་དཔེ་ཡི་འདབ་ཆགས་གཙོ་བོ་ལྷ་བྱ་སྤུན་གཉིས་ལས་སྤྱན་ཡངས་ནི་༸གོང་ས་མཆོག་དང་འོད་ལྡན་ནི་༸སྐུ་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཡིན། རྩེ་གསུམ་ལྡན་པའི་ས་འཛིན་ནི་བོད་ཡུལ་ལུང་པ་ཡིན། ཁྲ་གླག་འུག་པ་གསུམ་ནི། མའོ་ཙེ་ཏུང་དང་། ཀྲུའུ་ཨེ་ལེ། ཀྲུའུ་ཏེ་གསུམ་ཡིན། ལུང་ཆེན་ནག་པོ་ནི་རྒྱ་ཡུལ་དང་། རྫོང་དམར་ནི་གནམ་སྡེ་སྒོ་མོ་ཆེ་ཡིན། བརྗོད་གཞི་ཧྲུལ་པོ་བསྡུས་ནས་བཤད་ན། གངས་ཅན་མགོན་པོ་རྒྱལ་བ་པཎ་ཆེན་གཉིས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང། བོད་རང་གིས་འཚོ་བཞིན་པ་ནས་རྒྱ་དམར་གྱིས་བོད་ལ་ཐོག་མར་བཙན་འཇུག་ཇི་ལྟར་བྱས་པའི་བར་དུ་བོད་མི་རིགས་ལ་མི་བསད་ཁྲག་སྦྱོར་དང་མེ་བསྲེགས་རྒྱུ་འཕྲོག་གི་གནོན་བཙིར་ཇི་ཙམ་བྱས་པ། མཐའ་མར་བོད་སྣོད་བཅུད་ཆ་ལག་དང་ཆོས་རིག་གོམས་སྲོལ་དང་བཅས་པ་གཏོར་བརླགས་ཇི་ལྟར་བཏང་པ་དང་། ༸གོང་ས་ཕྱག་ན་པདྨོ་མི་ཡུལ་ལུང་པར་སྐྱབས་བཅོལ་ཕེབས་དགོས་བྱུང་ཚུལ། པཎ་ཆེན་ཐམས་ཅད་པ་བཙོན་འཇུག་མནར་གཅོད་དང་བཅས་བསྡུས་ནས། བརྗོད་དོན་དངོས་བྱུང་གི་ཡ་ང་བའི་ཉེ་རབས་ཀྱི་ལོ་རྒྱུས་རྣམས་ཆད་ལྷག་ནོར་གསུམ་ཀྱིས་མ་སླད་པར་བརྗོད་བྱེད་ཚིག་སྦྱོར་སྡེབ་ལེགས་ཤིང་འབྲེལ་ཆགས་པའི་ལམ་ནས་བསྟན་འདུག །དམ་པ་གང་གི་ལྗགས་རྩོམ་འདིའི་ནང་ཡིག་ནོར་དང་དོན་ནོར་འདྲ་ཤོར་ཡོད་ན་སྒྲིག་པ་པོ་དང་ཞུ་དག་པས་ནོར་བ་ལས་མཛད་པ་པོ་ནོར་བ་ཞིག་མིན་པའང་གོ་སྐབས་འདི་བརྒྱུད་ནས་གསལ་བཤད་ཞུ་རྒྱུ་ཡིན།

གསར་འགྱུར།

Post navigation

Previous Post: གསང་བའི་ཡིག་སྐུར་རྣམ་གཞག་གནད་བསྡུས།
Next Post: དྲན་པའི་བསིལ་ལྗོངས།

Comments (3) on “ཁུ་བྱུག་རྟོག་བརྗོད་ཀྱི་སྔོན་གླེང༌།”

  1. berijigme says:
    2010-01-07 at 6:03 am

    དཔེ་ཅན་བསྡུས་ནས་ཁུ་བྱུག་གི་རྟོགས་པ་བརྗོད་པའི་གཏམ་པདྨ་དཀར་པོའི་སྡོང་པོ་ཡལ་འདབ་སོ་དྲུག་པ།

  2. berijigme says:
    2010-01-07 at 6:21 am

    ནོར་བཅོས། ཁུ་བྱུག་གི་རྟོག་བརྗོད། ཁུ་བྱུག་གི་(རྟོགས་)བརྗོད་ཅེས་བཅོས་རོགས།

  3. ཀུན་དགའ་བཀྲིས། says:
    2010-01-07 at 10:33 am

    བེ་རི་ལགས། ཁྱེད་བོད་མི་རིགས་ནང་ཁུལ་དཀྲུག་ཤིང་བརྒྱབ། ཁམས་པ་ཚང་མ་ཨ་མདོ་བ་ཚོར་དགྲ་ལྟར་འདུ་ཤེས་བཟོ་བའི་མགོ་ཁྲིད། ད་འདིར་ཡོང་ནས་སྤྱང་ཀིས་བོང་ལྤགས་མགྱོན་དགོས་དོན་ཅི།

    ཅིའི་ཕྱིར་ངེད་ཚོ་བོད་པའི་ཆིག་སྒྲིལ་ལ་དུག་སྦྱར་བཞིན་ཡོད། ཁྱོད་སྤྱི་འཐུས་ནང་ང་ཚོའི་རྒྱལ་བ་རིན་པོ་ཆེའི་དབུ་ལ་རྒྱོབ་པའི་བྱ་བ་དེ་ངེད་ཚོས་བརྗེད་པ་རེད་སྙམ་མམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme