Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁས་བཤད་པ་ཙམ་གྱིས་ཅི་ཕན།

Posted on 2010-10-192010-10-19 By ཁ་བརྡ་ 3 Comments on ཁས་བཤད་པ་ཙམ་གྱིས་ཅི་ཕན།

སྲིན་འབུ་མེ་འཁྱེར།

ང་ཚོ་ཚང་མས་ཤེས་གསལ་ལྟར་བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་དགོས་དབང་དང་། ལྷག་པར་ང་ཚོའི་རྩོད་གཞི་སྟེ་ཆེས་ཐོག་བའི་རང་སྲིད་རང་སྐྱོང་ངམ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་དེ་ཉིེད་ལ་མངོན་འགྱུར་གྱིས་གྲུབ་འབྲས་ཤིག་འཐོབ་དགོས་པར། ཐོག་མའི་ཆ་རྐྱེན་ཏེ་བོད་པ་རང་ཉིད་ཀྱིས་ནང་ཁུལ་མཐུན་སྒྲིལ་དང་བཀྲ་ཤིས་པ་ཞིག་བྱེད་གལ་ཆེ་པ་མ་ཟད། དེར་མཚུངས་ཀྱིས་གལ་འགངས་ཆེ་པ་གཞན་ཞིག་ནི་ང་ཚོས་ཅིས་ཀྱང་རྒྱ་རིགས་མང་ཚོགས་དང་ཕྱི་གསལ་ནང་གསལ་གྱིས་འབྲེལ་བ་དམ་གཟབ་བྱེད་གང་ཐུབ་དང་རྒྱ་ནག་གཞུང་དམངས་གཉིས་ནས་ང་ཚོའི་རྩོད་དོན་ཐད་ཐེ་ཚོམ་དང་དོགས་པ་མེད་པ་བྱེད་དགོས་པ་དེ་རེད། དེ་ནི་༧་གོང་ས་མཆོག་གིས་ནམ་རྒྱུན་ཏུ་ང་ཚོར་ཕེབས་པའི་བཀའ་སློབ་གལ་ཆེན་ཞིག་ཀྱང་རེད་ལ། བཙན་བྱོལ་བོད་གཞུང་གིས་ནམ་ཀུན་ཁ་ནས་མ་ཎི་བགྲངས་བགྲངས་ཀྱིས་མི་དམངས་ལ་བསྒྲགས་པའི་གཞུང་གི་ཆབ་སྲིད་ཀྱི་ཐབས་ཇུས་དང་ལམ་ཕྱོགས་ཤིག་ཀྱང་ཡིན་ལགས་ན། བཙན་བྱོལ་བོད་གཞུང་གིས་ད་བར་རྒྱ་ནག་གཞུང་ལ་ཐབས་ཤས་གང་བཟང་དང་བསྟུན་གང་ཐུབ་ཀྱིས་སྐུ་འཚབ་བརྒྱུད་འབྲེལ་ལམ་བཙུགས་པ་རེད་མོད། ཡིན་ནའང་རྒྱ་ནག་གཞུང་ནས་ད་བར་ང་ཚོའི་བློ་ཡིད་འཚིམ་པའི་ཡ་ལན་ཞིག་སྤྲད་མེད་པ་ནི་དངོས་གསལ་རེད། རྒྱུ་མཚན་ནི་ཁོང་ཚོས་ད་དུང་ཡང་བཙན་བྱོལ་གཞུང་དམངས་གཉིས་ཀྱི་རྕོད་དོན་ངོ་མ་གང་ཡིན་ལ་དོགས་པ་དང་ཐེ་ཚོམ་བཟའ་བཞིན་པ་དང་ང་ཚོའི་ངོས་ནས་ཀྱང་ད་བར་ཇི་ལྟར་བཤད་ཀྱང་དེའི་ཐད་ཁོང་ཚོའི་བློ་ཡིད་འཚིམ་པའི་པང་རྟགས་དང་ར་སྤྲོད་ཅིག་བྱས་ཐུབ་མེད་པའི་རྐྱེན་རེད་སྙམ།
རེད་ཨཱ། མི་རིགས་ཤིག་གི་འཐབ་རྩོད་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱིས་སེལ་ཐུབ་པ་དེ་འདྲ་ཞིག་ག་ལ་ཡིན་ལ། ཇི་སྐད་དུ་མཁས་དབང་ཟམ་དུང་རི་པོ་ཆེ་ཡིས་གསུངས་པར་བཞིན་གྲོལ་མོལ་ཐེངས་ཁ་ཤས་ཤིག་གིས་སེལ་ཐུབ་པ་ཞིག་དེ་བས་ཀྱང་ག་ལ་ཡིན། ང་ཚོས་མུ་མཐུད་རྒྱ་ནག་གཞུང་དམངས་གཉིས་ལ་ཅི་ ཐུབ་ཀྱིས་འབྲེལ་བ་དམ་གཟབ་བྱེད་དགོས་པ་ནི་༧གོང་ས་མཆོག་གི་བླ་མེད་བཀའ་སློབ་ཀྱི་དོན་སྙིང་བསྒྲུབ་པ་དང་བོད་འདི་ཛ་དྲག་གི་གནས་སྟངས་ལས་མྱུར་སྐྱོབ་ཐུབ་པའི་རེ་བའི་ཆ་ཤས་ཤིག་ཀྱང་་ཡིན་པར་སྙམ། ཡིན་ནའང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་བོད་རྒྱ་འབྲེལ་བཟང་བཙུགས་པ་ནི་༧གོང་ས་མཆོག་དང་སྐུ་འཚབ་ཚོགས་པ་ནས་སྒྲུབ་དགོས་པ་དང་། དེ་གཉིས་ལས་གཞན་སུས་ཀྱང་སྒྲུབ་མི་ཐུབ་པ་དང་སྒྲུབ་པའི་འགན་དབང་མེད་པ་འདྲ་བོར་སྣང་དེ། ཁོང་ཚོས་ཁ་ནས་༧གོང་ས་མཆོག་དང་བོད་ཞེས་འདོན་བསྡད་པ་ལས། ད་བར་གང་ཟག་སྒེར་དང་ཚོགས་པ་སོགས་ཀྱིས་དེའི་ཐད་ལས་འགུལ་སྤེལ་པ་ཧ་ཅང་ཉུང་ཤས་ཡིན་ལ། ཐ་ན་མིག་འདུན་དུ་བོད་རྒྱ་འབྲེལ་བཟང་འཛུགས་པའི་གོ་སྐབས་ཡོད་བཞིན་དུ་དེ་ལ་དོ་ཁུར་གནང་པ་ལྟ་གཞོགས། མིག་ཙམ་ཡང་མི་ལྟ་བའི་གནས་ཚུལ་མང་པོ་ཡོད། དཔེར་ན། ཁ་སང་ང་རང་གྲོགས་པོ་ཁ་ཤས་དང་མཉམ་དུ་མཱེ་སོར(Mysore)་ཁྲོམ་ར་ཐོག་བརྕེགས་ཅན་ཞིག་ཏུ་འཆམ་འཆམ་ཕྱིན་པ་དང་། དེའི་ནང་རྒྱ་རིགས་བུ་མོ་ཞིག་ཀྱང་འདུག་ལ། ཁོ་མོས་ང་ཚོ་མཐོང་པ་དང་འཛིམ་མདོག་གིས་ང་ཚོའི་ཕྱོགས་སུ་ཟུར་མིག་ཕངས་སེར་ཕངས་སེར་གྱིས་བྲོས་གཡིབ་བྱས་པ་དང་། ཧ་ལམ་ཁོ་མོར་མཚོན་ན། ང་ཚོ་ནི་འཇིགས་བཀུལ་པ་དང་ཡང་ན་འཕྲོག་ལྡུང་བྱེད་མཁན་འདྲ་མིན་འགྲོ་སྙམ་པའི་ཚོར་སྣང་བསྟེར། དེ་ནས་ང་རང་ཕར་སོང་སྟེ་རྒྱ་སྐད་ཀྱིས་ཁོ་མོ་ལ་ཅིའི་ཕྱིར་ང་ཚོ་ལ་བྲོས་གཡིབ་བྱེད་ཀྱིས་ཡོད་ཅེས་དྲིས་པར། ཁོ་མོས་ང་ལ་བལྟས་ཙམ་བྱས་ནས་”ངས་ཁྱེད་ཚོའི་སྐད་ནས་བོད་པ་ཡིན་པ་ཤེས་ནས་བྲོས་གཡིབ་བྱས་པ་ཡིན་”ཞེས་འདི་ལྟར་ལན་འདེབས་བྱས། ཡང་ངས་ཁོ་མར་”ང་ཚོ་བོད་པ་ཡིན་ནའང་ཁྱེད་རང་བྲོས་གཡིབ་བྱས་དགོས་དོན་ཅི་ཡོད་”ཅེས་དྲིས་པར། ཁོ་མོས་ལམ་སང”ཁྱེད་ཚོས་ང་རྒྱ་རིགས་ཡིན་པ་ཤེས་ནས་དོན་མེད་ལྡུང་རྡེབ་བྱེད་རྒྱུ་རེད་བསམ་བྱུང་། ང་ཚོ་རྒྱ་ནག་ནས་ཡར་མ་ཡོང་སྔོན་ལ། དགེ་རྒན་དང་ནང་མི་ཚོས་མཱེ་སོར་རུ་བོད་པ་མང་པོ་ཡོང་མཁན་ཡོད་པ་དང་བོད་པའི་གཞིས་ཆགས་མང་པོ་དང་ཐག་ཉེ་ཡིན་པས། ཁོང་ཚོ་མཐོང་དུས་གཟབ་གཟབ་བྱེད་དགོས་པ་དང་གནས་ཚུལ་འདྲ་བྱུང་ན། ལམ་སང་ཉེས་རྟོགས་པ་ལ་ཁ་པར་རྒྱོབས་ཤེས་གསུངས་སོང་”ཞེས་ལེན་འདེབས་བྱས། སྐབས་དེར་ང་ལ་བོད་རིགས་དང་རྒྱ་རིགས་བར་ད་དུང་ཡང་ཆབ་སྲིད་ཀྱི་དབང་གིས་བར་ཐག་རིང་པོ་ཞིག་ཡོད་པའི་ཚོར་བ་བསྟེར་ལ། བོད་པའི་གཞིས་ཆགས་ཆེ་ཤོས་གནས་སྡོད་བྱེད་ས་དང་ཧ་ཅང་ཐག་ཉེ་བའི་རྒྱ་རིགས་འདི་ཚོ་ལ་བོད་པས་འགན་ཁུར་དང་འབྲེལ་ལམ་གང་ཡང་བཙུགས་མེད་པར་ཁོང་ཁྲོ་དང་སྐྱོ་སྣང་ཞིག་ངང་གིས་སྐྱེས། དེ་ནས་ངས་རྒྱ་སྐད་ཐོག་ཁོ་མོ་ལ་བོད་པ་ཚོཁོ་མོས་བཤད་པ་ལྟར་མིན་ཚུལ་དང་བོད་རྒྱ་གཉིས་ཀྱི་བར་འདི་ལྟར་དོགས་པ་མེད་པར་འཆམ་མཐུན་བྱེད་དགོས་པ་དང་། ལྷག་པར་ཏུ་༧གོང་ས་མཆོག་གི་དགོངས་དོན་འོག་བོད་པ་ཚོས་གཙོ་བོ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཁྱབ་ཁོངས་འོག་སྡོད་འདོད་ཡོད་པ་དང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རྩོད་ལེན་བྱེད་པ་ལས་རང་བཙན་གཙང་མ་རྩོད་ཀྱིས་མེད་ཚུལ་དང་། བོད་པ་ཚོས་རྒྱ་རིགས་མི་དམངས་ལ་འཁོན་འཛིན་གང་ཡང་མེད་པ་མ་ཟད་གྲོགས་པོ་བཟང་པོའི་འདུ་ཤེས་འཛིན་གྱིས་ཡོད་ཚུལ་སོགས་རང་ནུས་གང་འཇོན་གྱིས་དོགས་སེལ་བྱས་ཁུལ་བྱས་པ་ཡིན་ལ། ཁོ་མོས་ཧང་སངས་མདོག་གིས་ང་ལ་བལྟས་པ་དང་ཐེ་ཚོམ་གྱི་གླིང་ན་ལྷུང་པ་ཚུད་ཀྱི་ཅུ་ཡང་མ་སྨྲ་པར་ཡུན་ཙམ་བསྡད་རྗེས། གཞི་ནས་བླ་ཕྱིར་འཁོར་པར་ལྟར་”ང་ཚོས་འདི་དག་ཤེས་ཀྱི་མེད་ལ། དེ་རིང་བར་ཁྱད་རང་མ་གཏོགས་བོད་པ་སུས་ཀྱང་དེ་ལྟར་འགྲེལ་བཤད་རྒྱག་མཁན་མ་མཐོང་ལ་མ་ཐོས”ཞེས་བཤད་སོང་། དེ་ནས་ང་ཚོ་མཉམ་དུ་ཚོང་ཁང་དུ་ལྟ་སྐོར་བྱེད་བཞིན་གླེང་མོལ་ཡུན་ཙམ་བྱས་པ་ཡིན། དེ་ནས་ཁོང་གིས་བཤད་པར་ལྟར་ན། རྒྱ་གར་ལྷོ་ཕྱོགས་མྰེ་སོར་(Mysore)ཏུ་ལོ་ལྟར་རྒྱ་ནག་རྐང་ས་ཆེན་པོ་ནས་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཡོང་གི་ཡོད་པ་དང་། དེ་དག་ཀྱང་མཉམ་དུ་སྡོད་ཁང་གཅིག་གི་ནང་དུ་སྡོད་ཀྱིས་ཡོད་ཚུད་འདུག་ལ། དེ་དེང་ཆར་མཱེ་སོར་རུ་རྒྱ་རིགས་སློབ་མ་༢༠༠་མ་ཟིན་ཙམ་ཡོད་ཚུད་འདུག།
ང་ཚོས་བྷེ་ཀོའི་ས་གནས་གཞིས་ཆགས་ཁག་དང་ལྷོག་སྤྱི་ལས་ཁུང་ནས་རྟག་པར་ཁ་ཡིས་བོད་རྒྱ་བགྲོ་མོལ་གལ་ཆེ་ཚུལ་དང་༧གོང་ས་མཆོག་གིས་དགོངས་དོན་དང་བཀའ་སློབ་ཇི་བཞིན་བསྒྲུབ་དགོས་པ་སོགས་ཡིན་མདོག་གིས་བཤད་མ་བསྡད་པར། ཆུང་ས་དང་འཇོན་ས་ནས་བོད་ཀྱི་རྕོད་དོན་ལ་ཞབས་ཞུ་བསྒྲུབ་པར་ནུས་པ་གཏོན་དགོས་པ་དང་། ལྷག་པར་རྒྱ་རིགས་གཞོན་སྐྱེ་དེ་ཚོ་ལ་དོགས་སེལ་དང་མཐུན་སྒྲིལ་གང་ཐུབ་གནང་དགོས་པ་ནི་གལ་གནད་ཆེས་ཆེ་ཡིན་པས། ང་ཚོས་མཱེ་སོར་ས་གནས་ཀྱི་རྒྱ་རིགས་སློབ་མ་དང་འབྲེལ་ལམ་ཞིག་འཛུགས་དགོས་གལ་ཆེ་སྙམ།

སྣ་ཚོགས།

Post navigation

Previous Post: ད་ངས་ཁྱོད་ཚོར་ཉོག་གཡོ་གི་ཡིན།
Next Post: “མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།” རེབ་གོང་གི་སློབ་མ་ཚོའི་སྐད་འབོད།

Comments (3) on “ཁས་བཤད་པ་ཙམ་གྱིས་ཅི་ཕན།”

  1. མེ་ཏོག་དཀར་པོ། says:
    2010-10-20 at 9:23 am

    སྲིན་འབུ་མེ་འཁྱེར་ལགས། ཁྱེད་རང་གིས་རང་ནུས་དཔག་ཚོད་ཀྱིས་རྒྱ་མི་ཞིག་ལ་བཙན་བྱོལ་གཞུང་གི་ལྟ་བ་ལངས་ཕྱོགས་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  2. རེ་བ says:
    2010-10-20 at 1:03 pm

    གྲོགས་པོ་སྲིན་འབུ་མེ་འཁྱེར་ལགས། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ང་ཚོས་དངོས་གནས་གོ་སྐབས་ལ་དམ་འཛིན་བྱེད་དགོས་སྙམ། ཁྱེད་ཀྱིས་ཀྱང་མུ་འཐུད་འབད་བརྩོན་གནང་རོགས་གནང་།

  3. གངས་ལྷ་མེ་ཏོག says:
    2010-10-20 at 1:06 pm

    གྲོགས་པོ་ལགས། རྒྱ་གོག་དེ་ཚོ་ལ་ཡག་བྱེད་རྒྱུ་ཡོད་ན་མ་རེད། ཡག་ཇི་ཙམ་བྱེད་ན་དེ་ཙམ་གྱིས་སྡུག་གི་འགྲོ་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme