Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁའི་ལྟ་གྲུབ་དང་ལག་གི་ཆབ་སྲིད།

Posted on 2014-03-302014-03-30 By ཁ་བརྡ་ 3 Comments on ཁའི་ལྟ་གྲུབ་དང་ལག་གི་ཆབ་སྲིད།

རྔ་རྒོད།

ང་ཚོས་ལྟ་གྲུབ་དང་གྲུབ་མཐའ་ཞེས་ཚིག་དང་ཐ་སྙད་མི་འདྲ་བ་འདི་གཉིས་བསྙད་པའི་དབང་གིས་བརྗོད་བྱ་དོན་ལའང་ཁྱད་པར་ཆེན་པོ་ཡོད་པའི་སྣང་ཚུལ་ཞིག་ང་ཚོར་ཡོད་མོད། རིགས་པས་མཐར་དེད་ན་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད། དེའི་ཕྱིར་ལྟ་གྲུབ་འདི་ལ་རིགས་གསུམ་ཡོད། དབང་འཛིན་ཆབ་སྲིད་ཀྱི་ལྟ་གྲུབ་དང་། ཐར་འདོད་ཆོས་ལུགས་ཀྱི་ལྟ་གྲུབ་དང་། དེ་གཉིས་ལ་མེད་དུ་མི་རུང་བའི་དཔལ་འབྱོར་བཙལ་བའི་ལྟ་གྲུབ་གསུམ་མོ། བྱས་ཙང་། ལྟ་གྲུབ་གང་གི་སྐབས་དང་སྦྱར་ན་ཆོག དོན་དངོས་སུ་ལག་བསྟར་གང་གཙོ་བོ་དང་ཕལ་བ་བགྱིས་ཀྱིན་ཡོད་མེད་ཀྱིས་དེ་ལ་ཁྱད་པར་ཅུང་འབྱེད་དགོས་པ་མ་གཏོགས། ཆོས་སྲིད་གཉིས་གཏན་ཏུ་ཁ་བྲལ་བའི་དངོས་ཡོད་ལོ་རྒྱུས་མང་བོ་ཞིག་འཛམ་གླིང་འདིར་བསྟན་རྒྱུ་མེད་ལ་ཡོད་ཀྱང་མི་སྲིད་སྙམ།

འོན་ཀྱང་མི་རིགས་དང་རྒྱལ་ཁབ་ལ་བསྡུར་ནས་བརྟགས་ན། སྔོན་ཐོན་མི་རིགས་དང་དེའི་རྒྱལ་ཁབ་ཚོས། གཙོ་བོར་ཆབ་སྲིད་ཀྱི་སྟོབས་དང་མཉམ་པོར་དཔལ་འབྱོར་དེ་རྩོད་སྒྲུབ་བྱེད་བཞིན་རང་རྒྱལ་གཞན་ཕམ་གྱི་སྐོར་ལ་བསམ་གཞིགས་ནན་པོར་གཏོང་གིན་ཡོད། རྗེས་ལུས་མི་རིགས་དང་དེའི་རྒྱལ་ཁབ་ཚོས། གཙོ་བོར་ཆོས་ལུགས་དང་མཉམ་པོར་དཔལ་འབྱོར་དང་ཡང་ན་གྲུབ་མཐའི་བར་གྱི་རྩོད་སྒྲུབ་བྱེད་བཞིན། རང་གི་རྒྱབ་ལྗོངས་སུ་རང་གི་གཏན་ཚིགས་དང་ལས་དབང་དཀོན་ཅོག་སོགས་བཟུང་སྟེ་མི་མངོན་པའི་ཁམས་དང་དབྱིངས་ཤིག་ན་རྟག་པར་རེ་བ་བྱེད་ཀྱིན་ཡོད་མེད་ཀྱིས་ཁྱད་པར་ཙམ་མོ། གཞན་ཡང་ལྟ་གྲུབ་ལ་འཕྲལ་ཕུགས་རྒྱང་གསུམ་ལ་བརྟགས་ཤིང་དཔྱད་པའི་སྒོ་ནས་ཀུན་ལ་ཕན་པའི་ལྟ་གྲུབ་གཅིག་དང་གནས་སྐབས་ཀྱི་ཁེ་བཟང་ངམ་ཉི་ཚེ་བའི་ལྟ་གྲུབ་ཙམ་གཉིས་མཆིས།

ལྟ་གྲུབ་འདིའི་གོང་འོག་སྔ་ཕྱི་གཉིས་བསྡུར་ན། སྔ་མའི་རིགས་འདི་གནས་ལུགས་དང་མཐུན་པས། དེ་ཅུང་བརྟན་པོ་དང་དགེ་མཚན་ཡོད་པ་ཆོས་ཉིད་རེད། ཕྱི་མ་དེ་ལ་རེ་ཞིག་ཁེ་བཟང་འདྲ་ཡོད་སྲིད་ཀྱང་དེ་ལ་འགྱུར་བ་དང་ཉེན་ཁ་ཧ་ཅང་མང་བས། མགོ་མཇུག་ལོག་པ་ཤིན་ཏུ་མང་ངོ་། འདི་དག་ཇེ་གསལ་ཡོང་བའི་ཆེད་དུ། ཆབ་སྲིད་པ་དང་ཆོས་པ་ལ་མི་བཞི་ཞིག་འདིར་བརྩིས་ན་ཅུང་རྟོགས་སླ་བར་འདོད། དང་བོ། མའོ་ཙེ་ཏུང་དང་བྷོ་ཤི་ལྟ་བུ། གཉིསཔ། མི་ལ་རས་པ་དང་ཁྲི་རལ་བ་ཅན་ལྟ་བུ། གསུམ་པ། སློབ་དཔོན་གྷན་དྷི་མཆོག་དང་བོད་མིའི་བླ་སྲོག་རྗེ་བླ་མ་༧ གོང་ས་མཆོག་ལྟ་བུ། བཞི་བ། དུད་འགྲོའི་རིགས་དང་ཤེས་རྨོངས་ཐམས་ཅད་ལྟ་བུ།

གཞན་ཡང་འདི་ལ་བརྟགས་ཚུལ་བཞན་པའི་སྒོ་ནས་བསྙད་ན་ནི་དེ་ལ་གཏན་ཚིགས་སམ་རིགས་པ་ལ་བརྟེན་ནས་ཆོས་སྲིད་ཀྱི་ལྟ་གྲུབ་དེ་བཞེས་མཁན་སྐོར་ཅིག་དང་། ལོང་ཙམ་དང་དགེ་རྒན་གྱི་བཀའ་ཙམ་ལ་བརྟེན་ནས་ཆོས་སྲིད་ཀྱི་ལྟ་གྲུབ་བཙན་པོ་འཛིན་མཁན་རིགས་ཤིག་དང་། དེ་མིན་རང་གི་ལས་ཀ་དང་ཡོང་སྒོ་ཙམ་གྱི་ཆེད་དུ་ཆབ་སྲིད་ཀྱི་ལྟ་གྲུབ་དེ་མི་འདོར་མཁན་མང་བོ་ཡོད་ལ། གཞན་ཡང་གང་དྲན་དྲན་དང་ཚོར་བ་ཙམ་གྱིས་རྗེས་སུ་བསྙེགས་ཏེ་རི་བོང་ཅལ་འདྲོགས་བྱེད་མཁན་སོགས་ཧ་ཅང་མང་ངོ་།།
སྤྱིར་ན་ཆབ་སྲིད་ཀྱི་ལྟ་གྲུབ་འདི་ལ་གཏིང་རིང་ཐུང་དང་དགེ་སྐྱོན་གཉིས་ཡོད་པར་ལྟར། ཆོས་ལུགས་ཀྱི་ལྟ་གྲུབ་ལ་ཡང་དཔེ་དེ་བཞིན་རེད། འོན་ཀྱང་དེང་སང་ང་ཚོ་མང་བོ་ཞིག་གིས་ནང་བསྟན་འདི་ཚན་རིག་དང་མཐུན་དགོས་ཤིང་། དེ་དང་མཉམ་པོར་དེ་ནི་དུས་རབས་ཉེ་གཅིག་པའི་འགྲོས་དང་བསྟན་དགོས་ཞེས་གང་དྲན་ཞིག་བསྙད་ཀྱིན་ཡོད། འོན་ཀྱང་དེ་ནི་སྐལ་ལྡན་གདུལ་བྱ་གཞན་འདུལ་བའི་ཆེད་དང་། ལས་དང་བོ་བ་ལ། སྤྲོ་སྣང་ཙམ་འདྲེན་པའི་ཆེད་དུ་ཡིན་ན་འོས་མོད། གལ་ཏེ་ཉམས་ལེན་དང་ལག་ལེན་ངོས་ཀྱི་སྐབས་སུ་༧ རྗེ་བླ་མའི་ལམ་རིམ་སོགས་བསྐྱུར་ཏེ་ཚན་རིག་འདི་ལ་ཧང་སངས་པ་ནི། འབྲི་མར་བཙོང་ནས་ཤིང་མར་ཟོས་པ་དང་རྒྱགས་རྟ་བཙོང་སྟེ་བོང་རྒན་ཉོས་པའི་ལོ་རྒྱུས་དང་ཡང་ན་རྒྱ་མཚོ་རྩིབ་ལ་བཞག་ནས་རྐོ་གྱོང་མཆིལ་མས་མཉེད་ཟེར་བའི་དཔེ་ལས་མ་འདས་སྙམ།

འདིར་ཆེད་དུ་ཡ་མཚན་ཞིག་ལ། དེང་སང་མཁས་པ་དང་ལར་ཞེན་ཅན་ཡིན་པར་རློམ་མཁན་གྱི་དགེ་འདུན་པ་སྐོར་ཅིག་གིས་ཁ་ནས་ནང་བསྟན་དག་ཐེར་དང་ལུས་ལ་སྟོན་པའི་མནའ་བཟའ་བསྐོན་ཏེ་ནང་བསྟན་འཛིན་པའི་དགེ་འདུན་པ་ནི་རང་རིགས་ཀྱི་གཉའ་གནོན་དང་བཀག་རྡོ་ཡིན་པའི་ངེས་འབྱུང་རྙེད་པར་བསྙད་ཀྱང་། དོན་ལ་ནི། མུ་མཐུད་དུ་རང་ཉིད་དཀོར་ཟས་ལ་རོལ་བཞིན་པའི་ངང་དུ་གྲྭ་རྒྱུན་བསྡུ་ལེན་དང་ཆོས་ཀྱི་སློབ་གཉེར་ཆེད་དུ་རྒྱུགས་འདུར་བྱེད་པ་འདི་ནི་ངོ་མཚར་བའི་ལྟ་གྲུབ་ཅིག་མ་ཡིན་ནམ།
འོན་ཀྱང་སྤྱི་བཏང་གི་མི་སྐྱ་རང་འཚོ་བ་དང་རོང་འབྲོག་གི་ངལ་རྩོལ་བ་ཡང་ན་གྲྭ་ལོག་ཚོའོ་ཁྲོད་ནས་དགེ་འདུན་པའི་བཤུ་གཞོག་འདིའི་སྐོར་ལ་རྒོལ་བ་ནན་པོར་གང་མང་རེ་བགྱིས་ན་ཕྱོགས་གཉིས་ཀ་ནས་བསམ་གཞིགས་གཏོང་སྲིད་དམ་སྙམ།

གང་ལྟར་མཐའ་བསྡོམས་བྱས་ན། སྤྱིར་འཛམ་གླིང་འདིར། ཆབ་སྲིད་ཀྱི་སྟོབས་དང་མངའ་ཁོངས་བརྩད་ནས་སྐྱ་སེར་བྱེ་བ་མང་བོའི་ཚེ་སྲོག་དེའི་ཆེད་དུ་བཏངས་ཡོད་པས། རྐྱན་བྱས་ཏེ་ཆུང་བས་ཆེན་པོ་ཟོས་པའི་ལོ་རྒྱུས་དང་། ཆེན་པོས་ཆུང་བ་བསད་པའི་རང་བཞིན་གྱིས་ལོ་རྒྱུས་སམ་ཡང་ན་ཤི་བོ་རོ་ལངས་བརྒྱབ་པའི་ལོ་རྒྱུས་སོགས་བྱུང་དང་འབྱུང་ངེས་རེད། དེ་བཞིན་ཆོས་ལུགས་དང་གྲུབ་མཐའ་མཚོན་ན་རེད། དེའི་མངའ་ཁོངས་བརྩད་དེ་འདིའི་ཆེད་དུ་སྐྱ་སེར་ཁྲི་ཕྲག་མང་བོས་ཀྱང་ཚེ་སྲོག་བཏངས་ཏེ་ཆོས་ལུགས་རྙིང་བ་དག་རྩ་མེད་བཟོས་པའི་ངོས་མཐོང་ལོ་རྒྱུས་དང་ཡང་ན་གསར་བ་རྒྱ་བསྐྱེད་གཏོང་བཞིན་པའི་དོན་ངོས་ཀྱི་ལོ་རྒྱུས་སོགས་ནི་གཟུ་བོ་རྣམས་པས་ངེས་པར་དུ་ཁས་ལེན་དགོས་མོད་ཀྱང་། འོན་ཏེ་འཇིག་རྟེན་མི་ཆོས་དང་མ་འབྲེལ་བར་ལོགས་སུ་ཆོས་དང་སྲིད་ཀྱི་གོ་དོན་ནམ་མཚན་ཉིད་ཟེར་བའི་ཚིག་ཧ་ཅང་སྙན་པོ་རེ་ང་ཚོས་བྲིས་ཀྱང་དོན་དུ་ང་ཚོ་དང་ཁ་ཐག་རིང་ཞིང་འབྲེལ་བ་མེད་ན་སྟོང་བསམ་རང་མ་ཡིན་ནམ་ཞེས།

རྔ་རྒོད་ཀྱིས་༢༠༡༤/༣/༣༠ དབྱིན་ཡུལ་ནས།

རྩོམ་རིག

Post navigation

Previous Post: འབའ་བའི་དཔའ་རྒོད།
Next Post: རྗེ་མལ་(Gmail)པང་དུ་ལོངས།

Comments (3) on “ཁའི་ལྟ་གྲུབ་དང་ལག་གི་ཆབ་སྲིད།”

  1. གནམ་བུ says:
    2014-03-30 at 8:41 pm

    ལག་ཐོགས་ཚད་ཀྱིས་ཅིག་འབྲི་བཞིན་པ་འདི་ན་ཚ་གསར་བ་ཞིག་ཡིན་པ་མ་ཟད་ན་ཚ་འདི་ལ་མིང་ཡང་འདོགས་དཀའ་སེ་འདུག་ལོ།

  2. དགའ་སྐུ་ says:
    2014-03-31 at 10:50 pm

    གང་གསུང་འདོད་ཡིན་ན་གོ་རྒྱུ་ཅང་མེད་ཀི་

  3. མགོན་པོ says:
    2014-04-02 at 3:00 pm

    གོ་བ་ཡག་པོ་ཡོད་མེད་པའི་མི་ལ ཅི་ཡང་གོ་དཀའ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme